རིག་ལྡན་རྒྱ་མཚོས།
2008 ལོའི་ཟླ་ 11 ཚེས་ 27 ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༩ དང་ཕྱེད་ཙམ་ནས་བཟུང་། རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་བྷོམ་བྷེ་རུ་འཇིགས་སྐུལ་རིང་པ་སྐོར་ཞིག་གིས། ས་གནས་འདྲ་མིན་ཁག་བཅུ་ཙམ་ནས་འབར་གས་གཏོར་བ་དང་། མེ་མདའ་བརྒྱབ་པ་སོགས་ཀྱིས་ཁྱོན་མི་གྲགས་༡༢༥ བསད། དེའི་ནང་དུ་ཕྱི་གླིང་པ་ ༦ དང་། རྒྱ་གར་ཉེན་རྟོག་མི་སྣ་༡༤ མི་མང་༡༠༥ རྐྱེན་ལམ་དུ་གྱུར་ཡོད།
འཇིགས་སྐུལ་རིང་ལུགས་པ་ཚོས་དེ་སྔོན་རྒྱ་གར་སྲིད་གཞུང་གིས་འཛིན་བཟུང་བྱས་ཡོད་པའི་ཁ་ཆེའི་འཇིགས་སྐུལ་རིང་ལུགས་པ་དེ་ཚོ་ཀློད་དགོས་པའི་དགོས་འདུན་བཏོན་ཡོད།
འཇིགས་སྐུལ་རིང་ལུགས་པ་དེ་ཚོ་ནི་མཚོ་ཐོག་ནས་སྒེར་གྱི་གྲུ་ཆུང་བརྒྱུད་ནས་རྒྱ་གར་གྱི་དཔལ་འབྱོར་ལྟེ་གནས་ཆེས་ཆེ་ཤོས་སུ་གྱུར་ཡོད་པའི་གྲོང་ཁྱེར་བྷོམ་བྷེ་རུ་ལྐོག་འཛུལ་བྱས་འདུག་པ་དང་། གོང་ཚེས་ཉིན་གཏོར་བཅོམ་དེ་དག་བྱས་རྗེས། གྲོང་ཁྱེར་དེར་སྐད་གྲགས་ཆེས་ཆེ་ཤོས་ཡིན་པའི་ཏྰ་ཇི་མགྲོན་ཁང་དང་། དེ་མིན་གྱི་མགྲོན་ཁང་ཆེན་པོ་གཉིས་བཅས་ཁྱོན་ས་གནས་གསུམ་ནས་བཙན་ས་བཟུང་པ་དང་། ཡུལ་མི་དང་མགྲོན་པོ་མང་པོ་གཏའ་མར་ཉར་ནས་ཕྱིར་རྒྱ་གར་ས་གནས་ཉེན་རྟོག་པ་དང་མེ་མདའ་བརྒྱབ་ནས་ད་བར་དུ་ཁྱོན་ཆུ་ཚོད་༥༠ ལྷག་ལ་འཐབ། ད་བར་དུ་འཇིགས་སྐུལ་བ་བརྒྱད་བསད་ཡོད་པ་དང་། གཅིག་ལ་རྨས་ལྕི་མོ་ཕོག་ནས་གསོན་བཟུང་བྱས་ཡོད། འཐབ་འཁྲུག་ད་དུང་བྱེད་བཞིན་ཡོད་པ་རེད།
ཆེད་ལས་མཁས་པས་གསུངས་པ་ལྟར་ན། འཇིགས་སྐུལ་བ་ཚོ་ཝི་ཏི་ནྰམ་རྒྱལ་ཁབ་བརྒྱུད་ནས་ཡོང་བར་འདོད་པ་དང་། དེ་དག་ལས་རེ་ཟུང་གིས་ཨ་རི་དང་དབྱིན་ཡུལ་གྱི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་བཟུང་ཡོད་པ་རེད། གང་ལྟར། རྒྱ་གར་སྲིད་བློན་གྱིས་་་་འདི་ནི་ཕྱིའི་རྒྱལ་ཁབ་ཅིག་གི་ཆོ་འཕྲུལ་ཡིན་པར་་་བཤད་ཡོད།
ད་ཆ་འཛམ་གླིང་ཁྱོན་ཡོངས་ནས་ཐེངས་འདིའི་རྒྱ་གར་གྱི་འཇིགས་སྐུལ་དོན་རྐྱེན་ཐད་དོ་སྣང་དང་སེམས་ཁུར་བྱེད་བཞིན་ཡོད་པ་དང་། ཚང་མས་འཇིགས་སྐུལ་བ་དེ་ཚོ་སྐབས་ཐོག་དེ་ནས་དམར་གསོད་བྱེད་དགོས་པར་བཤད་ཀྱིན་ཡོད། དོན་དངོས་སུ་ཡང་། འཇིགས་སྐུལ་གྱི་ལས་ཀ་འདིའི་རིགས་བྱེད་མཁན་ཚོ་རྒྱལ་སྤྱིའི་ཁྲིམས་ཐོག་ནས་དམར་གསོད་དང་སྡེབ་གསོད་བྱེད་ཆོག་པ་དང་། དེ་སྔོན་ཨུ་རུ་སུ་དམར་ཕྱོགས་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་གྲོང་བརྡལ་ཞིག་ལ་འཇིགས་སྐུལ་བའི་མིང་གཡོག་ནས་གྲོང་བརྡལ་ཧྲིལ་པོར་འབར་རྗས་གཡུག་ནས་སྡེབ་གསོད་བྱས་པ་རེད།
འཇིགས་སྐུལ་རིང་ལུགས་པས་འཛམ་གླིང་ཁྱོན་ཡོངས་སུ་དཀའ་ངལ་མང་པོ་ཞིག་བཟོས་དང་བཟོ་བཞིན་པའི་དོན་དངོས་འདི་ལ་བརྟེན་ནས། རྒྱལ་སྤྱིའི་ཁྲིམས་ཐོག་ནས་ཐད་ཀར་དམར་གསོད་བྱེད་ཆོག་པ་རེད། དེ་བས་སྲིད་དབང་སྒེར་གཅོད་བྱེད་མཁན་གྱི་རྒྱལ་ཁབ་རེ་ཟུང་གིས་གོ་སྐབས་འདི་བཟུང་ནས། ཁོང་ཚོའི་ནག་ཉེས་ལ་ངོ་རྒོལ་བྱེད་མཁན་གྱི་མི་མང་ལ་དྲག་སྤྱོད་པ་དང་། འཇིགས་སྐུལ་བ་སོགས་ཀྱི་མིང་གཡོག་ནས་གསོད་ཐབས་བྱེད་བཞིན་ཡོད་པ་རེད།
ཉེ་ཆར་ཐེ་ལན་ཌི་ནང་དུ་སྲིད་གཞུང་གི་ལྐོག་ཟ་རུལ་སུང་ལ་ངོ་རྒོལ་དང་། མང་གཙོའི་དགོས་འདུན་བཏོན་མཁན་གྱི་མི་མང་ལ་དེ་ལྟའི་མིང་ཤས་གཡོག་པ་དང་། གཡོ་ཐབས་སྣ་ཚོགས་ཀྱིས་མི་མང་རྣམས་དྲག་ལས་ཀྱི་ལོག་ལམ་དུ་སྐོར་ཐབས་བྱེད་ཀྱིན་པ་རེད།
གང་ལྟར། ཐེངས་འདིའི་རྒྱ་གར་གྱི་འཇིགས་སྐུལ་དོན་རྐྱེན་གྱིས་འཛམ་གླིང་ཧྲིལ་པོར་འཇིགས་སྐུལ་རིང་ལུགས་པར་ལྟ་སྟངས་སྔར་ལས་ཐབས་སྡུག་ཅིག་བཟོས་ཡོད་པ་དང་། ཨ་རི་དང་དབྱིན་ཡུལ་གཙོ་བོར་གྱུར་བའི་ནུབ་ཕྱོགས་རྒྱལ་ཁབ་རྒྱལ་ཁབ་མང་པོས་འདི་དག་རྩ་མེད་དུ་བཟོ་ཕྱིར་དངོས་སུ་དམག་དཔུང་གི་རོགས་རམ་དགོས་ཀྱང་གཏོང་རྒྱུ་ཡིན་ཚུལ་བཤད་ཡོད།
ཁྱོན་མི་གྲངས་ ༡༩༥ བསད་འདུག
ནུབ་ཕྱོགས་པ་འགའ་བསད་ལུགས་འདུག་པས། དེའི་ཕྱོགས་སུ་གསལ་བོ་ཞིག་བཤད་རྒྱུ་ཨེ་ཡོད།
ཕོ་ཤི་རེ་གོ། འཇིགས་སྐུལ་རིང་ལུགས་པ་སྟག་རྒོད་འདྲ་བ་ཁ་ཤས་ཤིག་རེད་འདུག ཕོ་གསར་དར་མ་སྟག་རྒོད་འདྲ་བ་ཞིག་གིས་མེ་མདའ་མི་རིང་མི་ཐུང་ཞིག་ལག་ཏུ་བཟུང་ནས་མགྲོན་ཁང་གི་སྒོ་ཁ་དེར་འགྲེང་ཡོད་པ་ཞིག་གློག་བརྙན་ལས་སྟོན་ཐུབ་ཙམ་བྱས་སོང་། རྒྱལ་ཆེན་སྡེ་བཞིའི་གྲས་ཀྱི་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་ཟེར་བ་དེ་ཚོ་དྲན་ཡོང་བ་ཞིག་རེད་འདུག ཆབ་སྲིད་པ་ཚོས་ཡིན་པ་ལ་མིན་པ་སྐད། མིན་པ་ལ་ཡིན་པ་སྐད་མང་པོ་བཤད་ཀྱིན་འདུག་སྟེ། དྲི་ལན་ནི་ཧ་ཅང་སྟབས་བདེ་རེད། ད་ལོར་ཀ་ཤི་མིར་གྱི་རང་དབང་རྩོད་ལེན་གྱི་ངོ་རྒོལ་བའི་སྟེང་དུ་རྒྱ་གར་གཞུང་དམག་གིས་མེ་མདའ་བརྒྱབ་ནས་མི་མང་པོ་ཞིག་གི་སྲོག་འཕྲོག་སོང་བ་དེའི་ཤ་ལན་ཁྲག་སྐྱིན་ལེན་གྱིན་ཡོད་པ་རེད། ང་ཚོ་བོད་པ་ཚང་ལྟ་བུ་ཡིན་ན་མར་མེ་རླུང་གིས་བསད་ན་འཛུལ་མོལ་མོལ། ལྷ་བཤོས་ཁྱི་ཡིས་ཁྱེར་ན་འཛུལ་མོལ་མོལ་རེད་མ་གཏོགས་སྡེ་ཨི་ཟི་ལམ་པ་ལ་འདི་ཚོའི་ཁྲག་ཐིགས་པ་གཅིག་ཀྱང་རིན་མེད་དུ་སྟེར་གྱི་མ་རེད་གོ། །ད་ག་འདྲ་འདུག སྤུན་ཟླ་ཚོ།
ང་ནི་ ག་དུས་ཡིན་ནའང་ཁ་ཆེིབ་ཚོ་ལཡིད་སྨོན་ཤོར་གི་ཡོད། ང་ཚོ་བོད་ལ་ཡང་འདི་འདྲ་རེ་བྱུང་ཐུབ་ན་ཇེ་འདྲའི་སྐྱིད་པ་ལ།
མི་ཞིག་ཡིན་ཚོད་རེད། ཡིན་ན་ཡང་། མི་སེམས་མི་འདུག མི་སེམས་ཡོད་ན་ཁ་ཆེ་བྱེད་པ་ལས་བོད་པ་བྱས་དེ་རང་ཅག་བསྡད་ན་དགའ་ནི་རེད། བོད་པ་ནི་ད་ལྟའི་འཆར་མི་སེམས་ཡོད་མཁན་དུ་ཤེས་མཁན་འཛམ་གླིང་འདིར་མི་ཉུང་། ཁ་ཆེ་ནི་རང་ལས་གཞན་མི་དགོས་ཟེར་མཁན་གྱི་ཁྱིམ་ཚང་ཆུང་ཆུང་ཞིག་དང་རང་གི་ཁྱིམ་ཚང་མ་གཏོགས་གཞན་གྱི་ཁྱིམ་ཚང་ལ་གཏོར་བཤིག་དང་ཤི་རྨས་ག་ཚོད་ཐེབས་ཀྱང་འཕོང་སེམས་མེད་པ་དེ་འདྲ་ཚོ་ནི། མི་རེད་ཟེར་བ་ལས་དུད་འགྲོ་ལས་ཀྱང་སྡུག་ཟེར་ན་འགྲིག་གི་ཡོད། ཡིན་ཡང་། ཁ་ཆེ་ཆོས་ལུགས་བྱེད་མཁན་མི་ངོ་མ་དེ་དག་ཡང་ཁ་ཤས་ཡོད་ཡོད་པ་རེད། དེ་དག་ནི་དམིགས་གསལ་རེད།
ད་རིག་སོང་ངམ། ཁོང་ཚོ་རེ་རེ་བཞིན་དོན་དག་གང་ཡང་མ་འགྲུབ་པར་རང་གི་སྲོག་ཤོར་གཞན་ཉེས་མེད་མང་བོ་ཞིག་གི་སྲོག་ལང་རྗེས། ད་ནི་ཚ་ཚ་འུར་འུར་གྱི་གསར་འགྱུར་ཞིག་མ་གཏོགས་གང་བྱུང་སོང་། ལས་ངན་དེ་ཚོ།
རང་ཅག་བོད་ལ་མཚོན་ན། དྲག་ལས་འདི་འདྲ་ནི་ལས་རྒྱུ་ཕར་ཞོག བསམ་རྒྱུར་ཡང་དཀའ་བ་ཞིག་ཡིན་ན་འོས།
འདྲེ་ཞིག་ལ་དེ་འདྲའི་བསམ་ཚུལ་ཞིག་འདུག་ན། མི་དང་སྤོབས་པ་སོགས་ལ་དེ་འདྲའི་བསམ་ཚུལ་ཞིག་ཤར་མ་ཐུབ་པ་ནི་དངོས་ནས་དགོད་སྤྲོ་བ་ལ། མི་དང་སྤོབས་པ་གཉིས་ཁྱེད་གཉིས་ཀྱི་འདྲེ་འདི་ལ་སློབ་སྤྱོང་རེ་བྱས་ན་ལེགས་ས་རེད། འདྲེ་རིག་པ་ཅན་པོ་འདི་ལ།
ལྷ་རང་མགོ་ཐོན་ན་འདྲེ་ཤ་བདག་བྱེད་རྒྱུ་བོད་པ་ཚང་ལ་ད་དུང་མི་མཛའ། ལྷ་ཀླུ་གཉན་གསུམ་ཟེར་མིའི་སྐད་ཆ་དེ་མི་རིགས་དང་ཆོས་ལུགས་ཀྱི་བར་དུ་འཁོན་གཞི་སློང་རྐྱེན་མཐར་ཐུག་གི་ནུས་པ་ལྡན་པ་ཞིག་རེད་མོད། སྟབས་ཡག་ནས་ཁོས་བསམ་ཚུལ་སྤེལ་ས་དེ་བོད་མི་ནང་ཁུལ་གྱི་དྲ་དེབ་ཅིག་ཡིན་པས་ཉེས་བཤད་དེས་བོད་མི་ལ་གཏོར་རྒོལ་གྱི་སྣ་འདྲེན་མི་བྱེད་པའི་རེ་བ་ཡོད། ཁ་ཆེ་འཛམ་གླིང་གི་ཆོས་ལུགས་རྒྱ་ཆེ་ཤོས་གཉིས་པ་ཡིན་པ་དང་། དེའི་རྗེས་འབྲེང་བ་ཚོ་མི་ཡིན་མིན་དང་མི་སེམས་ཡོད་མེད་ཀྱི་ཉེས་བཤད་ཐལ་མ་དྲགས་ན་ཡག་པོ་རེད། ང་ཚོས་གནོད་འཚེ་ཕོག་མཁན་ལ་གདུང་སེམས་མཉམ་སྐྱེད་ཡོང་ཚད་ཞུ་འོས་ཤིང་། དྲག་སྤྱོད་པ་ཞེས་བཤད་ན་འོས་པ་ལས་ཆོས་ལུགས་ག་གེ་མོ་ཞིག་ལ་ཁ་བརྡུང་གཏོང་རྒྱུ་འོས་མཚམས་མ་མཐོང་། ངའི་སྲོག་ལ་ཉེན་ཁ་བཟོ་གི་འདུག་ཟེར་ནས་ཞེད་སྣང་ལངས་པ་མ་ཡིན་མོད། རྡ་རམ་ས་ལའི་བདེ་སྲུང་གི་གནས་སྟངས་དེ་དྲན་ཐེངས་རེར་གནས་གནས་ཚུལ་འདི་ཚོའི་སྐོར་ལ་རྣོ་བོ་བཤད་རྒྱུར་ཤ་རྩེ་ཡོང་གི་འདུག གང་བྱུང་མང་བྱུང་བཤད་ན་རྒྱ་ནག་གིས་བཟོ་བཅོས་བརྒྱབ་ནས་བོད་པའི་སྤྱི་ཚོགས་ཀྱི་ཐོག་ལ་བེད་གཏོང་སྲིད་པ་རེད། ངས་ཐེངས་ཤིག་ཕྱི་རྒྱལ་གྱི་གསར་ཤོག་ཅིག་གི་ཐོག་ཏུ་ཆོས་ལུགས་ག་གེ་མོ་ཞིག་ལ་སྐྱོན་བརྗོད་ཟུར་ཙམ་བཤད་ཐལ་སོང་བས་བློ་ཚབས་བྱུང་། ལྷ་ཀླུ་ཟེར་མིས་ད་དུང་ཆོས་ལུགས་པ་དེ་ཚོ་དུད་འགྲོ་ལ་སྦྱར་ནས་བྲིས་འདུག་པ་ཆེས་མི་ལེགས་པ་ཞིག་རེད། སྐད་ཆ་བཤད་སྟངས་དེ་གོ་ལ་ཧྲིལ་བོའི་འཆམ་མཐུན་དང་ཞི་བདེ་ལའང་སེམས་ཁུར་མི་བྱེད་པའི་ཉེས་བཤད་ཅིག་རེད། གནོད་ཚབས་ཅན་གྱི་དྲང་གཏམ་གཅིག་བཤད་པ་ལས་ཕན་ཐོགས་ཡོད་པའི་རྫུན་གཏམ་བརྒྱ་བཟང་ཞེས་པ་དེ་ཁྱེད་ལ་བློ་སྐྱེད་དུ་བྱིན་པ་ཡིན།
ལྷ་ཀླུ་ལ་མི་སེམས་ཡོད་པ་བདེན་ན་མི་རིགས་དང་ཆོས་ལུགས་ཤིག་དམའ་འབེབ་དེ་ཙམ་བྱེད་ཕོད་པ་འོས་སམ།
ངས་སྐད་ཆ་བཤད་ནོར་གཅིག་ལ་ཁྱེད་རང་གི་མཆན་གཉིས་བཏབ་གནང་བ་ངོས་ལེན་བྱས་ཆོག ཚིགས་རེ་ཟུང་འབྲི་ནོར་ཤོར་བ་ཡིན་མིན་དེ་ནི་དྲ་ཚིགས་འདི་ཀློག་མཁན་བོད་མི་གཅིག་པོ་མིན་པར་གཞན་ཞིག་ཡིན་རྒྱུ་ན་དངོས་ནས་ནོར་འཁྲུལ་ཤོར་ཡོད་མེད་ལ་བསམ་ཚུལ་སྤེལ་མཁན་དེ་ལས་ཀྱང་མང་བོ་ཞིག་ཡོད་སྲིད་ངེས། འོན་ཀྱང་། དེ་འདྲ་ནི་མ་རེད། ངེད་ཅག་གི་དྲ་ཚིགས་འདི་ནི་བོད་མི་རྐྱང་རྐྱང་གི་བོད་དོན་གླེང་སའི་སྟེགས་བུ་ཞིག་ཡིན་སྟབས། འདིས་ནང་དུ་རྒྱ་ནག་གི་ཉུལ་མ་བྱེད་མཁན་དང་དྲག་སྤྱོད་པས་ཉུལ་མ་བྱེད་མཁན་སུ་ཞིག་ཡོང་ན། དེ་ནི་བོད་ཡིག་ཤེས་མཁན་གྱི་བོད་མི་ཞིག་ལས་གཞན་ཡིན་མི་སྲིད། ཡིན་ཡང་། ང་རང་གིས་བཤད་ནོར་ཐེབས་མེད། གང་ཡིན་ཟེར་ན་ཁ་ཆེའི་ནང་དུ་ཡང་ཁ་ཆེ་ཆོས་ལུགས་ཏན་ཏན་བྱེད་མཁན་དེ་འདྲ་ཡོད་པ་རེད་ཅེས་བྲིས་ཡོད་པ་ཁྱེད་རང་གི་མ་མཐོང་བ་ཡིན་རྒྱུ་རེད། གང་ལྟར། ངས་གླེང་འདོད་པ་ནི་བོད་མི་སུ་ཞིག་དྲག་སྤྱོད་ཀྱི་ལམ་དུ་སོང་བ་ཡིན་ན། ང་རང་སྒེར་དངོས་ནས་དེ་ལ་མཐའ་གཅིག་དུ་ངོས་ལེན་མེད་ཞེས་པ་དེ་ཡིན། དེ་འདྲའི་ལམ་དུ་སྤྱོད་མཁན་གྱི་བོད་མི་སུ་ལ་ཡང་ང་རང་གི་ངོས་ནས་རྒྱབ་སྐྱོར་བྱེད་ཐུབ་མེད། དེ་ནི་གང་ལ་ཐུག་ཡང་ང་རང་སྒེར་གྱི་བསམ་ཚུལ་དངོས་དེ་ཡིན། དེ་ལྟར་བྱོས། ལྕགས་རྒྱ་འགྲམ་ནག་ཁྱེད་རང་ཡང་ཁོང་ཚོ་ལ་རྗེས་སུ་ཡི་རུང་བྱེད་མཁན་ཞིག་མིན་ངེས་རེད་འདོད་ཡོད། ད་ནི་སུས་ཤེས། ཡིན་ཡང། ཁྱེད་ཀྱིས་བདག་ལ་སེམས་འཁྲལ་གནང་བས་བསླབ་བྱ་ཡིན་སྲིད་པ་རེད། འོན་ཀྱང་། ང་རང་ལ་སྐྲག་སྣང་དང་འཚེར་སྣང་གང་ཡང་མེད། དེ་ནི་ངའི་རང་གཤིས་རེད།
ང་ཚོས་རང་གི་དགྲ་བོ་ལ་འཐབ་ཐུབ་ན་དེས་འགྲིག རྒྱལ་གཞན་པ་ཚོའི་དགྲ་བོ་ལ་ང་ཚོས་འཐབ་ཐུབ་ཀྱི་མ་རེད། དབྱིན་དཔེར། “རང་ཉིད་ཤེལ་ཁང་ནང་དུ་བསྡད་ནས་རྡོ་མ་འཕེན” ཟེར་བ་ཅི་མ་བདེན། གཉན་གསུམ་སྤོབས་པ་དང་མི་ལ་ལྟོས་ནས་དགོད་ཤོར་གྱི་ཡོད་འདུག་ཀྱང་། གཞན་པ་གཉན་གསུམ་ལ་ལྟོས་ནས་དགོད་བྲོ་གི་མི་འདུག་གམ།
བསམ་ཚུལ་འདི་ཙམ་ནི་ང་རང་ལ་མི་སེམས་ཡོད་པས་བདེན་དབུང་མ་ཉན་ན་ཡང་བསྐྱར་གང་ཞིག་ནས་འཕྲད་ཡོད།
བདེན་པས་བསླུ་མི་སྲིད་ཀྱང་། བདེན་པ་བཤད་སྟངས་ཀྱིས་བསླུ་སྲིད། ཞེས་པ་ནི་བདག་གི་ཉམས་མྱོང་དངོས་ཀྱི་སྡོམ་ཞིག་ཅིག་ཡིན། འདིར་བལྟས་ན་ད་དུང་ཡིད་ཆེས་ཟབ་ཏུ་འགྲོ་གིན་འདུག རྣམ་པ་ཚོས་མུ་མཐུད་ནས་གསུང་རོགས།
ཉམས་མྱོང་དངོས་ཀྱི་སྡོམ་ཞིག་ཅིག་ཡིན། ་་་་་ཟེར་བའི་་་ཞིག་་་་དེ་་་ཚིག་་་་ལ་ནོར་བཅོས་གནང་རོགས
དྲག་ལས་དང་དྲག་སྤྱོད་པས་ལྷིང་འཇགས་མེད་པའི་དྲག་རྩུབ་ཀྱི་ཁོར་ཡུག་ཅིག་བསྐྲུན་ངེས་པ་འདས་པའི་བྱུང་རབས་ཀྱི་ཐོག་ནས་ར་འཕྲོད། ད་སྐབས་འཇིག་རྟེན་གྱི་མི་བསམ་ཡོད་ཐམས་ཅད་དྲག་ལས་དང་གཡུལ་འཁྲུག་ལ་ཡིད་སུན་ནས་བྱམས་བརྩེ་དང་ཡིད་ཆེས་ཀྱིས་ཁེངས་པའི་ཞི་བདེའི་འཇིག་རྟེན་ཞིག་བསྐྲུན་པར་འབད་བརྩོན་དང་ཡིད་ཆེས་ཀྱིས་འདུན་པ་གཅིག་ཏུ་བསྒྲིལ་ནས་ཡོད་པའི་སྐབས་འདིར། ང་ཚོ་ཆོས་ལྡན་ཞིང་གི་བུ་རྒྱུད། ༸ཎནསྣྲཀསྐྱབས་མགོན་ཏཱ་ལའི་བླ་མའི་སློབ་བརྒྱུད་དུ་གཏོགས་པ་རྣམས་ཀྱིས་ཉེས་མེད་ཀྱི་ཚེ་སྲོག་དང་། རྩ་ཆེའི་རྒྱུ་ནོར་ལ་གཏོར་རྒོལ་ཚབས་ཆེན་བྱས་དང་བྱེད་བཞིན་པའི་དྲག་སྤྱོད་པའི་ཉེས་བྱས་ལ་ཡིད་སྨོན་ཤོར་དགོས་པ་དང་བསྟོད་བསྔགས་བྱེད་དགོས་པའི་རྒྱུ་མཚན་གཏན་ནས་མ་མཐོང་། ཁྱེད་ཚོ་འགའ་ཞིག་གིས་དྲག་སྤྱོད་པར་བསྟོད་བསྔགས་བྱེད་ལུགས་ལ་བལྟས་ན། འཛམ་བུ་གླིང་བའི་གཟུར་གནས་ཆེ་དགུ་ཡོངས་ཀྱིས་ལྟ་གྲུབ་དང་གཤིས་སྤྱོད་ལ་བསྟོད་བསྔགས་ཤུགས་ཆེན་བྱེད་བཞིན་པའི་ཆོས་ལྡན་ཁ་བ་ཅན་པའི་ཞིང་ས་འདི་ཡང་ཨེ་རག་དང་ཨེ་གཟུ་ར་ལྟ་བུ་འཛམ་གླིང་གིས་ཁ་བརྡུང་གཏོང་སའི་དྲག་སྤྱོད་པའི་ཡུལ་ལུང་ཞིག་ཏུ་བསྒྱུར་འདོད་དམ།
མི་ཁ་ཤས་ཀྱི་དྲག་སྤྱོད་ཀྱི་ལས་བྱེད་འདོད་པ་དེ་ནི་རྨི་ལམ་ནང་གི་དམག་འཁྲུག་རེ་ཡིན་སྲིད་པ་ལས། དེ་དག་གི་ལག་དུ་མེ་མདའ་བཞག་ནས་རྒྱ་མི་ག་ཚོད་གསོད་ཐུབ་ན་གསོད་རོགས་ཟེར་མཁན་ཞིག་བྱུང་རྒྱུ་ཡོད་རྒྱུ་ན། མི་དེ་དག་ཕྱི་ནུར་རྒྱག་མཁན་དང་བོའི་གྲལ་དུ་མེད་ཀྱང་གཉིས་པའི་གྲལ་དུ་སླེབས་ངེས་ཡིན། གང་ཡིན་ཟེར་ན་མི་དེའི་རིགས་ལ་རང་གཅེས་ལས་གཞན་གཅེས་ཟེར་བ་དེ་མེད་སྟབས་རེད། སེམས་འཁྲལ་མ་གནང་བོད་པ་ཚང་གི་གླེན་པ་དེ་དག་ལ་གཉིད་སངས་དུས་ཤིག་ཡོད་ཁོ་ཐག་ཡིན། དེ་ཡིད་ཆེས་བྱས་ན་འགྲིག་གི་རེད། རྒྱུ་མཚན་ནི་ཁོང་ཚོའི་སེམས་གཏིང་དུ་སྐྱེ་བོ་གཞན་དག་དང་མི་འདྲ་བའི་གནས་ཚང་ཐུན་མོང་མ་ཡིན་པ་ཞིག་ཡོད།
བོད། ལྷ་ཀླུ་གཉན་གསུམ་ལགས། ཁྱེད་ཀྱིས་འཛམ་གླིང་གི་མི་ཕལ་ཆེ་བ་དང་འདྲ་བར་རྩ་བའི་ཆ་ནས་འཚེ་མེད་ཞི་བར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ཡག་པོ་རེད། ཡིན་ན་ཡང་།
་་ཁ་ཆེ་ནི་རང་ལས་གཞན་མི་དགོས་ཟེར་མཁན་གྱི་ཁྱིམ་ཚང་ཆུང་ཆུང་ཞིག་དང་རང་གི་ཁྱིམ་ཚང་མ་གཏོགས་གཞན་གྱི་ཁྱིམ་ཚང་ལ་གཏོར་བཤིག་དང་ཤི་རྨས་ག་ཚོད་ཐེབས་ཀྱང་འཕོང་སེམས་མེད་པ་དེ་འདྲ་ཚོ་ནི། མི་རེད་ཟེར་བ་ལས་དུད་འགྲོ་ལས་ཀྱང་སྡུག་ཟེར་ན་འགྲིག་གི་ཡོད།་་ སྐད་ཆ་འདི་འདྲ་བཤད་ན་ཡག་པོར་མཐོང་གི་མི་འདུག་ལ་བདེན་པ་ཡང་མ་རེད།
ཁ་ཆེ་འདི་ཁྱིམ་ཚང་ཞིག་ལ་སྦྱར་ནས་བཤད་ན་ཁྱིམ་ཚང་ཆེན་པོ་ཞིག་ཡིན་རྒྱུ་རེད་མ་གཏོགས་ཆུང་ཆུང་ཞིག་ཅི་ལ་ཡིན། ཁྱེད་རང་གིས་མཛུབ་མོ་མདུན་དུ་བླངས་ནས་གྲངས་ཀ་ཞིག་རྒྱོབས་དང་། ལྷོ་གླིང་ནང་ཁ་ཆེའི་རྒྱལ་ཁབ་ག་ཚོད་འདུག དཀྱིལ་ཤར་དུ་ཁ་ཆེའི་རྒྱལ་ཁབ་ག་ཚོད་འདུག ཤར་གླིང་དུ་ཁ་ཆེའི་རྒྱལ་ཁབ་ག་ཚོད་འདུག རྒྱལ་ཁབ་གཞན་དང་གཞན་གྱི་ནང་ཁ་ཆེའི་མི་སེར་ག་ཚོད་འདུག་གྲངས་ཀ་ཞིག་རྒྱབ་ནས་དེ་ནས་སྡོམ་ཞིག་གནང་རོགས་གནང་།
ཁ་ཆེ་མང་ཆེ་བ་དྲག་སྤྱོད་པ་ཡིན་པ་ལྟ་བུ་དང་ཡག་པོ་ཁ་ཤས་ཤིག་ལས་མེད་པ་ལྟ་བུ་བཤད་ན་འདི་ལུང་ཁུག་གི་མི་ཞིག་གིས་བཤད་རྒྱུའི་སྐད་ཆ་རེད། སྐད་ཆ་འདི་འདྲ་ཤེས་ལྡན་པའི་ཁྲོད་བཤད་རྒྱུའི་སྐད་ཆ་ཞིག་མ་རེད། རྗེས་ཕྱོགས་གཟབ་ན་བཟང་། གཅིག་བྱས་ན་བོད་མི་ཁ་ཆེ་བ་དེ་འདྲ་ཡང་དྲ་གནས་འདིར་ཡོང་གི་ཡོད་རྒྱུ་རེད། དགོངས་དག་ཞུས་ན་བཟང་།
འདྲེ་རིག་ལྡན་དང་གཉན་གསུམ་སོགས་ལ་ཞུ་བ། ཝྭ་རྔ་མ་ཤ་ལེར་བྲོས་པ་ལས། སྟག་འཛུམ་དྲུག་ཉིལ་ལེར་ཤི་ན་དགའ། ཞེས་པ་ཞིག་གོ་མྱོང་ཡོད་རྒྱུ་རེད། རང་དབང་མེད་བཞིན་གསོན་པ་ལས་རང་དབང་གི་ཆེད་དུ་ཤི་ན་དགའ། ཞེས་པ་འདི་ཚོ་རང་རེའི་ཕ་མེས་བླ་བདེ་ཚོ་རླུང་རྟ་དགུང་ལ་བསྟོད་དུས་ཀྱི་སྐད་ཆ་ཞིག་རེད་མ་གཏོགས་ནས་སྐྱེས་སར་རམ་ནག་སྐྱེས་པའི་ཁྱོད་དང་ང་ལྟ་བུ་ལ་ག་ལ་མཛའ། བྷུ་ཤིས་ཕོ་བྲང་དཀར་པོ་ལས་གནམ་དམག་མངག་ནས་འབར་རྫས་གཡུག་ཆོག་ན་ཁོང་ཚོས་ཀྱང་རང་ལུས་ལ་འབར་རྫས་བཏགས་ནས་འཆི་ཅིས་ཕྱིར་མི་ཆོག་པ་རེད། ང་ཚོ་ནི་མར་མེ་རླུང་གིས་བསད་ན་འཛུལ་མོལ་མོལ། ལྷ་བཤོས་ཁྱི་ཡིས་ཁྱེར་ན་འཛུམ་མོལ་རེད། མདོར་ན་བོད་པ་ཚང་གི་གསོན་ཁྲག་རིན་མེད་རེད། ཀི།།། ཀི།།། ཀི།།། སྙིང་ལྷོག་ལྷོག་ཏུ་འཕར་བཞིན་བྲིས་པ་ཡིན།
ཝྭ་རྔ་མ་ཤ་ལེར་བྲོས་པ་ལས། སྟག་འཛུམ་དྲུག་ཉིལ་ལེར་ཤི་ན་དགའ། ཟེར་བ་ཏན་ཏན་གོ་མྱོང་བ་མ་ཟད། གཏམ་དཔེ་དེ་ནི་དུས་རབས་སྔོན་མ་ཞིག་གི་གཏམ་དཔེ་ཡིན་པ་་ཡང་ཤེས་ཡོད། ད་དུང་དུས་སྐབས་དེར་གཏམ་དཔེ་དེ་ཁ་ནས་བཤད་མཁན་དང་ཀི་སྒྲ་དང་མཉམ་དུ་མདུན་ལ་མཆོང་མཁན་གཉིས་ཀ་མི་གཅིག་ཡིན་པ་ཡང་ཤེས་ཡོད།
དེང་སྐབས་ད་ཀུ་སྒྲ་འདོན་དང་མཆོང་མཁན་གཉིས་གང་ཟག་གཅིག་རེད་མི་འདུག སྤོབས་པས་་་་ཀི་སྒྲ་བཏབ་པ་དེ་ཁྱེད་རང་ཉིད་མཆོང་རྒྱུ་ཡིན་ཟེར་བ་ཡིན་ན་་་་ཕལ་ཆེར་འདི་ནས་འདོན་རྒྱུ་མ་རེད། གཞན་ལ་མཆོང་ཟེར་གི་ཡོད་ན་་་གོང་གི་གཏམ་དཔེ་དེའི་གོ་དོན་ལ་ཁྱེད་རང་ངོས་ནས་བསམ་གཞིགས་བྱེད་དགོས་འདུག
འདྲེ་ལྷ་སེམས་ཅན་རིག་ལྡན་ལགས། དེ་ངས་གོང་དུ་གསལ་པོ་བཤད་ཡོད། ཁྱོད་དང་ང་ལྟ་བུ་འདི་མི་སྐྱེས་སར་ཁྱི་སྐྱེས། ནས་སྐྱེས་སར་རམ་བུ་སྐྱེས་ནས་ད་རང་ཉིད་མདུན་ལ་མཆོང་མི་ཐུབ་མཁན་ཞིག་གིས་གཞན་ལ་མཆོང་ལབ་ག་ལ་ཕོད། ང་ཚོའི་ཕ་མེས་བླ་བདེ་ཚོའི་ཀི་སྒྲ་རྫིགས་པོ་དེ་ད་ལྟ་ཤི་ཟིན་པ་རེད། ངའི་ཀི་སྒྲ་འདི་ཕ་མེས་ཚོའི་བླ་འབོད་ཙམ་རེད། དེང་སང་ང་རི་མཐོན་པོ་རྩེ་དང་། བྲག་གཡང་གཟར་པོའི་ཁ། མི་མེད་ལུང་སྟོང་རེར་སླེབས་སྐབས་ཀི་སྒྲ་མཐོན་པོ་རེ་འདེབས་རྒྱུ་དེ་བཟློག་ཐབས་མེད་པའི་གོམས་སྲོལ་འདྲ་ཞིག་ཏུ་གྱུར་འདུག དེ་ག་རེ་ཡིན་ནམ།
དེ་ཕལ་ཆེར་ཁྱེད་རང་འདར་མ་ཡིན་དྲགས་པའི་རྐྱེན་ཡིན་རྒྱུ་རེད། ང་རང་མི་སྐྱེ་ས་ཞིག་ཏུ་མི་ཞིག་ཏུ་སྐྱེས་ནས་མིའི་སྤྱི་ཚོགས་སུ་འཚར་བ་ཡིན་པས། ཕལ་ཆེར་མི་མེད་ལུང་སྟོང་ནས་ཀི་སྒྲ་འདེབ་རྒྱུའི་གོམས་གཤིས་དེ་འདྲ་མེད། ཧ ཧ ཧ ཁྱེད་རང་གི་གཤིས་ཀ་དེ་ངོ་མ་ཁྱད་མཚར་རེད་འདུག
སྡར་མ་་་་ཟེར་ནོར་བཅོས་གནང་རོགས
འདྲེ་རིག་ལྡན་ལགས། རླུང་རྟ་མར་འགྲོའི་དུས་འདིར་མི་སྐྱེས་སར་འདྲེ་སྐྱེས་ཡོང་གིན་འདུག འདྲེ་རྐང་ཏོས་རྐང་ལམ་དེ་ཞིག་བཏོད་ནས་བོད་མི་ཚོ་ག་ཤེད་ཅིག་ཏུ་ཁྲིད་གྲབས་བྱེད་ཀྱིན་འདུག་ཟེར། འདྲེ་རྐང་ཏོའི་རྐང་ལམ་བདེ་མོ་ཡོང་ན་ང་ཡང་དེར་ཀི་སྒྲ་འདོན་པར་འགྲོ་འདོད་འདུག
ཁྱེད་རང་ནི་སྡར་མ་ཞིག་ཀྱང་རེད་མི་འདུག་ལ། ཁྱེད་རང་ནི་གླེན་པ་ཞིག་ཀྱང་རེད་མི་འདུག ངེད་ཅག་བོད་པ་ཚང་ནི་དེང་གི་དུས་རབས་འདིའི་ནང་དུ་མི་རིགས་གཞན་དང་མ་འདྲ་བ་ཞིག་ཆགས་དགོས་ཀྱི་ཡོད་པ་ཡིན་དུས། རང་གི་ཚེ་སྲོག་ཙམ་རྒྱ་ནག་ལ་སྤྲོད་ཐུབ་མིན་དང་རྒྱ་ནག་དང་དམར་འཛིང་བྱེད་ཐུབ་མིན་དེ་ནི་དཔའ་ཡོད་མེད་ཀྱི་སྐད་ཆ་བཤད་པས་དུས་ཤིག་མ་ཡིན། གལ་ཏེ། མི་གཞན་ཞིག་བསད་དེ་རང་ཉིད་ལ་ཅི་ཞིག་ཐོབ་འདོད་ཡོད་པར་འདོད་ཀྱི་ཡོད་ན་ནི། ཉེས་མེད་ཀྱི་བོད་མོ་གསོད་མཁན་རྒྱ་ནག་སྲིད་གཞུང་གི་བྱེད་སྟངས་ལས་མ་འདས་པ་རེད། གོ་སོང་ངམ། སྤོབས་པ་ལགས། ཁྱེད་རང་དངོས་ནས་སྡར་མ་ཞིག་མིན་པར་བདག་གི་ཡིད་ཆེས་བྱེད་ཐུབ་ཀྱི་ཡོད། གཞན་དག་ཚོ་ངས་མི་ཤེས།
ཨ་རོགས་ཚོ། ང་མཆན་འདིའི་ནང་དུ་དེ་རིང་མ་གཏོགས་འཛུལ་ཐུབ་མ་སོང་། མི་ཁ་ཤས་ཀྱིས་དྲག་སྤྱོད་པ་ལ་ཡིད་སྨོན་བྱེད་བཞིན་མཆོངས་གྲབ་རྒྱུག་གྲབ་བྱེད་ཀྱི་འདུག་ག ལྷ་ཀླུ་གཉན་གསུམ་དང་ངེད་གཉིས་ལྟ་བུ་ཤི་རུང་རྒན་མོ་གཉིས་ཀ་མ་གཏོགས་སུ་ལ་གྱོང་རག་འགྲོ་རྒྱུ་མེད་རུང་། སྤོབས་པ་འདི་སྐྱེས་ཐོབ་ཀྱི་ཤེས་རབ་དང་སྦྱང་སྟོབས་ཀྱི་ཡོན་ཏན་གཉིས་ཀ་ཡོད་མཁན་ཞིག་ཡིན་པ་འདྲ་བས་འདི་ད་དུང་ཤི་མི་ཉན་ནི་འདྲ་ཞིག་རེད། འདིས་ཁར་ཉིན་ཟིག་ག་ལྷ་བཟང་དང་རིག་རྡོར་གཉིས་ལ་ལག་པ་འགུལ་ཐུབ་ཀྱི་མི་འདུག་ཟེར་ནས་བཀའ་བཀྱོན་ཚ་ཐག་ཆོད་ཅིག་བཏང་སོང་། དེ་རིང་སྙིང་འཕག་ལྷོག་རྒྱག་བཞིན་ཀི་འདེབས་ལུགས་ལ་བལྟས་ན་ད་རྒྱུག་རན་གི་ཡོད་ནི་འདྲ་ཞིག་རེད། ཨ་ཕ་ལེ་ལེ། དྲིན་ཅན་པོ། ད་དེ་རིང་ཁྱོས་དི་གཅིག་མ་ཡེད། ཀླུ་སྨྱོན་དང་དཀོན་མཆོག་སོགས་མགྱོགས་པོར་ཤོག་མ་གཏོགས། ད་ང་གཅིག་པོས་འདི་འཛིན་མི་ཐུབ་ནི་འདྲ་ཞིག་རེད་ཡ།
སྤོབས་པ་འདི་བཙིར་ན་སྤར་མོ་གང་། བཏང་ན་ལུང་པ་གང་། ཟེར་བའི་དཔེ་ལྟ་བུ་ཞིག་ཡིན་པ་འདྲ་འདུག་པས། ཁ་བརྡ་དྲ་ཐོག་ནས་ལུང་པ་འགེངས་འདོད་ན་འགེངས་ཀི་ཆུག་ཡ། ངས་ར་མཚམས་རེར་གླིང་སྒྲུང་ཉན་ན་འདོད་ཀི
སྟག་འཛུམ་དྲུག་ཤ་ལེར་ཤི་བ་ལས།། ཝ་རྔ་མ་ཤ་ལེར་བྲོས་པ་དགའ།།
མགོ་ཀླད་པ་འཐོམས་སེར་ཤི་སོང་ན།། རང་ས་གཞན་ལ་དབང་ཉེན་འདུག།
མགོ་གྲུང་རིག་རིག་བྱས་བྲོས་པ་ན།། ཉིན་ཞིག་ལ་རང་ས་ལོན་རེ་ཆེ།།
འཆི་འདོད་ཀྱི་ཁ་ཕོ་སྒྲོགས་པ་ཚོ།། ཤི་འགྲོ་གི་བསམ་པ་རྩ་ནས་མེད།།
ཁྱོད་ངེས་ངེས་འཆི་འདོད་ཡོད་པ་ན།། འདིར་ཡོང་ནས་ཁ་ཕོ་སྒྲོགས་དོན་མེད།།
བོད་ལྷ་ཀླུ་གཉན་གསུམ་དང་འདོད་ལྷའི་བུ། འདྲེ་རིག་ལྡན་སོགས་ཀྱིས་སྤོབས་པ་ཅན་སོགས་ཁ་ཤས་ལ་ཁ་བརྡ་སློབ་གསོ་རེ་ཨེ་ཐུབ་ཤུ་རེ་བྱེད་ཀྱི་འདུག་ན་ཡང་། སྤོབས་པ་ཅན་ནི་སྤོབ་ས་པ་ཅན་ཤ་སྟག་རེད་འདུག དྲག་སྤྱོད་བྱེད་མཁན་གྱི་ཕྱོགས་སུ་ཤར་བསྐྱོད་བྱེད་ཀྱི་འདུག དངོས་ནས་སྙིང་རྗེ་བ་ནས་ཡ་ང་བ་རང་རེད་འདུག གང་ཡིན་ཟེར་ན། བོད་ཀྱི་དབུ་ཁྲིད། གངས་ཅན་ཁ་བ་རི་བ་ཚང་གི་ལྷ་སྐལ་རྒྱལ་བ་ཡིད་བཞིན་གྱི་ནོར་བུས་ནང་དགོས་བོད་དོན་དང་སྐྱེ་འགྲོ་སེམས་ཅན་ཡོངས་ལ་ཕན་པའི་ལམ་སྟོན་མི་ལོ་ལྔ་བཅུ་ལྷག་གི་རིང་དུ་རྒྱུ་མཚན་ཚད་མ་དང་བསྒྲགས་ནས་གསུང་དེ་འོང་ན་ཡང་། ད་དུང་མི་ཁ་ཤས་ལ་དེའི་དྲི་མ་ཙམ་ཡང་འགོས་མི་འདུག ད་ནི་བོད་ཀྱི་གཞོན་སྐྱེས་འདི་དག་ལ་གོ་སྐབས་རེག་ན་མི་གསོད་དྲག་སྤྱོད་བྱེད་རྒྱུ་ཡིན་ས་རེད། དཀོན་མཆོག་མཁྱེན། ལས་ངན་འདི་དག་གི་བསམ་བློ་འཁོར་ཕྱོགས་འདི་ཚོ་བསམ་ན་བོད་ཀྱི་དབུ་ཁྲིད་ལ་ངོ་གནོང་དགོས་པ་ཞིག་དང་། མ་འོངས་བོད་པ་ཚང་གི་ཁྱིམ་ཚང་དེ་ཡང་དྲག་སྤྱོད་རི་ཁག་ཞིག་དུ་འགྱུར་མི་འགྲོ་ཨང་སྙམ་ན། རྒད་པོ་ང་མ་ཤི་གོང་དུ་ལྟས་ངན་རིག་རྒྱུ་ཡིན་པ་འདྲ། ཡིད་བཞིན་ནོར་བུས་མཁྱེན་ནོ། ད་དུང་ཡང་ཁྱེད་ཀྱི་སྐྱབས་འོག་གི་ལས་ངན་འདི་དག་ལ་སྙིང་རྗེ་དང་བྱམས་བརྩེ་ལྷག་མ་ཞིག་འཁོ་འདུག
ཨེ། ཤ་ཁྲག་རུས་གསུམ། དེ་འདྲ་མ་ཤོད། རྒྱལ་བ་རིན་པོ་ཆེས་ཛ་སག་གི་གོ་གནས་ཐ་མ་གནང་ས་ཞིག་རག་པ་དེ་ཨ་འབྲུག་མགོན་པོ་བཀྲ་ཤིས་རེད་ད།
འདྲེ་རིག་ལྡན་ལ་ད་ནི་ངས་འདྲེ་རྐང་ཏོ་ཞེས་འབོད་འདོད་འདུག ཅིས་ཕྱིར་ཞེ་ན། ཁོ་རང་རྐང་ལམ་དྲྭ་རྒྱའི་རྩོམ་སྒྲིག་པ་ཡིན་པས་སོ།
ཞི་དྲག་གསང་བའི་འཕྲིན་ལས་ཀྱིས། །
དགྲ་བགེགས་འཇོམ་མཛད་དཔའ་བོ་ཆེ། །
གང་ན་སུ་བཞུགས་ཐམས་ཅད་ལ། །
སྙིང་ནས་གུས་པས་བསྟོད་གླུ་ལེན། །
སྤོབས་པ་འདི་དྲག་སྤྱོད་པ་ཞིག་ཏུ་འགྱུར་མིན་མི་ཤེས་མོད། སྲིད་དབང་སྒེར་སྤྱོད་པ་ཞིག་ཏུ་འགྱུར་རྒྱུའི་ཉེན་ཁ་འདུག གང་ཡིན་ཟེར་ན་་་་ཁོས་་་ངའི་མིང་ལ་རང་འདོད་དུ་བཟོ་བཅོས་བྱས་འདུག
སྤོབས་ཁོ། ཁྱོད་ལ་ངོ་མ་བཤད་རྒྱུ་འདུག ཁྱོད་ཀྱི་སྐད་ཆ་ལ་ངོ་མ་རྒྱུ་རྩལ་འདུག ཧ་ཧ་ཧ། “རྒྱལ་བ་རིན་པོ་ཆེས་ཛ་སག་གི་གོ་གནས་ཐ་མ་གནང་ས་ཞིག་རག་པ་དེ་ཨ་འབྲུག་མགོན་པོ་བཀྲ་ཤིས་རེད་ད།” སྐད་ཆ་འདི་ལ་ངོ་མ་རྒྱུ་རྩལ་འདུག ད་བཤད་དགོས་ན་ང་ཚོས་ཁྱོད་ལ་གླགས་ཁེལ་ས་མ་རེད། རྒྱུག་དགོས་ན་སུ་བཟང་མི་ཤེས། གཅིག་བྱས་ན་ཁྱོད་ཀྱིས་རྐང་པ་གྱོལ་མདོག་བྱས་ནས་རྗེས་སུ་ལུས། ངས་ཀྱང་ལག་ཆ་ཞིག་འཁྱེར་རྒྱུ་བརྗེད་སོང་མདོག་བྱས་ནས་ཕྱིར་ལ་འཐེན། མཐའ་མ་དེ་ལ་བོད་ཤ་ཁྲག་རུས་གསུམ་དང་འདྲེ་རིག་པ་ཅན་སོགས་རྒྱུག་གི་མིན་ཟེར་མཁན་ཚོ་སྔོན་ལ་རྒྱུག་ཚར་རྗེས་འུ་གཉིས་ཀས་ཟ་ཁང་ཁུག་གྱོག་ཞིག་ཏུ་མོག་མོག་ཟ་བཞིན་བསྡད་ཡོད་ན་ཐང་ཡ།
ད་བཟང་གི་བཟང་གི རིག་བཟང་ཆ་བོ། ཤུ་རེ་བྱོས་དང་། བོད་པ་ཚང་གི་གཞོན་སྐྱེས་དེ་དག་ལག་ཆག་འདུག ཡིན་ཡང་། མི་གསོད་ཁྲག་སྤྱོར་བྱེད་རྒྱུ་མ་ཟེར། དེ་མིནབོད་པ་ཚང་གསོན་བསྡད་ན་ཐབས་ཤེས་ལོས་ཡོད། མི་གསོད་ཁྲག་སྤྱོར་བྱེད་དུ་འགྲོ་རྒྱུ་ཟེར་ན་དངོས་ནས་ང་རང་ཐད་པ་མེད་པས་སྟེང་དུ་འཛམ་གླིང་འདིའི་ནང་གི་སྐྱེ་བོ་ཞི་བདེའི་དེད་དཔོན་དེ་དག་གིས་ཀྱང་བོད་པ་ཚང་ལ་སྡུག་དམོད་བྱེད་ངེས་ཡིན་ལ། རང་ཅག་གི་དབུ་ཁྲིད་འདི་ཕྱིའི་གཉིས་ཀྱི་སྐྱབས་གནས་མཆོག་གིས་ཀྱང་བོད་པ་ཚང་གི་འགྲིན་ཚབ་བྱེད་རྒྱུས་ལས་ཀ་ཉིན་མོ་དེ་ནས་བཟུང་མཚམས་འཇོག་ངེས་ཡིན་ཞེས་གསུང་འཕྲིན་གནང་ཚར་ཡོད།
དཀོན་མཆོག་མཁྱེན། བོད་མིང་བ་ཤ་ཁྲག་རུས་གསུམ་འདི་བ་ཚང་གི་སྐད་ཆ་དངོས་ནས་ཚ་བོ་འདུག ད་ནས་ངེད་ཅག་གི་གང་བཤད་ཚང་མ་ཁོས་ཐག་གཅོད་བྱེད་འདོད་ནི་ཆེ་ཡིན། དེ་འདྲ་ཧམ་སེམས་ཅན་ཞིག་ནི་ཡིན་ས་མ་རེད། མིང་ལ་བལྟས་ན། གང་ལྟར་བོད་ཤ་ཁྲག་རུས་གསུམ་གྱི་སྐད་ཆ་འདི་ལ་དངོས་ནས་ལེན་རྒྱུ་དང་ཟ་རྒྱུ་གཉིས་ཡོད་རེད་འདུག དྲ་ཐོག་འདིས་སྤུན་ཟླ་ཚོ། མ་རེད་དམ།
ཨོ་རེད། མ་རེད་ཟེར་མཁན་རེ་ཟུང་ཞིག་ཡོད་ངེས་རེད། གཅིག་གིས་རེད་དང་གཅིག་གིས་མ་རེད་ཟེར་རྒྱུ་ནི་མིའི་འགྲོ་སྟངས་རེད།
སང་ཉིན་ནས་ང་མཚམས་ལ་འདུག་རྒྱུ་ཡིན། འཁོར་བར་ངེས་འབྱུང་སྐྱེ་འོང་གི་འདུག དྲ་གྲོགས་ཚོ་གནས་སྐབས་སུ་བདེ་མོ། ལྷག་མཐོང་ཐོབས་རྗེས་ཕྱིར་ཡོང་རྒྱུ། དེ་དུས་མཇལ།
ཆོས་བརྒྱུད་རིས་མེད་ཀྱི་དགེ་འདུན་པ་དང་བཙུན་མ་ཚོར་ཚན་རིག་ཟབ་སྦྱོང་འཛིན་གྲྭ་གསར་བསྡུའི་གསལ་བསྒྲགས། http://www.tibetan.ltwa.net