བཀྲ་ཤིས་དོན་འགྲུབ།
_____བོད་མིའི་གསར་བརྗེའི་ཆེད་
སྔོན་འགྲོ།
ཁྲུང་ཁྲུང་གིས་ལྷོ་ལམ་བཅད་ཤུལ་ན
ཞི་བདེའི་མེ་ཏོག་བསྣམས་པའི་ཕུག་
ཐག་རིང་ཐག་རིང་དུ་བྱེར
ཐན་བྱ་དང་རི་སྤྱང་ཁོ་ན་འདུར་བའི
མཐོ་སྒང་གི་འཇིག་རྟེན་དེར
སྨྱོ་ཧམ་དང་འཇིགས་སྐྲག་ཁོ་ན་ལས
ཅི་ཡང་མེད་ཨང ཅི་ཡང་མེད… …
གླེང་བརྗོད།
ད་ནི་ང་ཚོས་ལོ་རྒྱུས་ཀྱི་བསླབ་
འཐབ་འཛིང་གི་གླུ་དབྱངས་ངག་ལ་དྲ
མདུན་བསྐྱོད་ཀྱི་གོམ་འགྲོས་འདི་
འཐབ་འཛིང་གི་གླུ་དབྱངས།
ཡ་ཐོག་གི་བཙན་པོའི་དུས་རབས་སུ།
ཐུ་བྷོད་ཀྱི་དཔུང་དམག་རུ་བཞི་ཡི
མཐའ་བཞི་ཡི་རྒྱལ་ཁམས་ཆམས་ལ་ཕབ།
དཔའ་མཛངས་ཀྱི་སྤོབས་པ་སྲིད་ན་
གདོང་དམར་བ།
ལོངས་ཤོག
ལོ་རྒྱུས་ཀྱི་བྱུང་བ་མ་བརྗེད་
ལོངས་ཤོག
དཔའ་མ་འཁུམས།
རྒྱ་དམག་གི་ཆོམ་རྐུན་དམར་པོ་ཡི
ཆོས་སྲིད་ཀྱི་ཆིངས་ཡིག་མེ་ལ་བསྲ
ཆོལ་གསུམ་གྱི་མི་རིགས་ཐལ་བར་གཏོ
རང་དབང་གི་མགོ་བོ་ཐུར་དུ་དྲུད།
གདོང་དམར་བ།
ལོངས་ཤོག
ལོ་རྒྱུས་ཀྱི་བྱུང་བ་མ་བརྗེད་
ལོངས་ཤོག
དཔའ་མ་འཁུམས
སྙིང་སྟོབས་ཀྱི་དཔུང་པ་རི་ལ་འགྲ
དྲང་བདེན་གྱི་མགོ་བོ་གཟེང་དུ་
ལ་རྒྱ་ཡི་དབུ་འཕང་དགུང་ལ་འདེགས།
རང་དབང་གི་འབོད་སྒྲས་གནམ་ས་སྒུ
གདོང་དམར་བ།
ལོངས་ཤོག
ལོ་རྒྱུས་ཀྱི་བྱུང་བ་མ་བརྗེད་
ལོངས་ཤོག
དཔའ་མ་འཁུམས།
མཆན།___རྩོམ་ཡིག་འདི། 2008 ལོར་གཞས་ཚིག་གི་ཟོལ་དུ་བྲིས་པ་
ཡ་ཡ། གྲོགས་པོ་ལགས། སེམས་ཕྲལ་མི་དགོས། དེ་རིང་ནས་བཟུང་ངས་གཞས་དབྱངས་ལ་བཀུག་ཆོག ཐུགས་བློ་བདེ་མོ་གྱིས།