—–རྣོ།
སྤྱིར་བཏང་སྐད་ཆ་འདི་ང་རང་སྒེར་ལ་འབྲེལ་བ་ཆེར་མེད་མོད། བོད་པ་ཞིག་ཡིན་པས་འགན་འཁྲི་དེས་འདུག་ཏུ་མི་འཇུག་པས་ཚིག་འབྲུ་ཁ་ཤས་ལུད་འདོད་བྱུང་། ང་རང་༢༠༠༥ ལོར་བོད་ནས་རྒྱ་གར་དུ་ཡོང་བ་དང་ད་ནས་ཉིན་ཤས་རྗེས་བོད་དུ་ཕྱིར་ལོག་བྱེད་ཀྱི་ཡོད། ངས་མི་ལོ་བཅུའི་གོ་རིམ་ནི་འདི་འདྲ་ཞིག་སྟེ། དང་པོར་བོད་ནས་ཡོང་སྐབས་རྒྱལ་བ་རིན་པོ་ཆེ་ཕྱིར་བོད་ལ་མ་ཕེབས་བར་དུ་རང་ཉིད་ཀྱིས་ཅི་འཇོན་དང་ནུས་པ་གང་ཡོད་ཀྱིས་བོད་པ་རང་གི་སྤྱི་ཚོགས་སུ་ཞགས་འདེགས་ཧུར་ཐག་བྱེད་པའི་སེམས་ཤུགས་གནོན་མི་ཐུབ་པ་ཞིག་ཡོད་ལ། དེ་མཚུངས་ཀྱིས་མི་ལོ་བཅུའི་རིང་ལའང་རྡ་སའི་གངས་སྐྱིད་དང་། ནོར་གླིང་། ལྷོ་ཕྱོགས་སོགས་ནས་དགེ་རྒན་དང་། རྩོམ་སྒྲིག་པ། གསར་འགོད་པ། མ་བྱན་སོགས་བྱ་ལས་སྣ་མང་ཞིག་ལ་བརྩོན་པ་ཡིན། གོ་རིམ་དེ་དག་གིས་དོན་རྐྱེན་མང་པོ་ཞིག་གསལ་བོ་ཤེས་བྱུང་སྟེ།
གཅིག རྒྱ་གར་ན་བོད་པ་རང་གི་རིག་གཞུང་ལ་མཁས་པའི་མི་རྫོགས་འགྲོ་བཞིན་འདུག
གཉིས། གཞོན་རབས་པའི་ཁྲོད་ན་བོད་པ་རང་གི་རིག་གཞུང་སྦྱོང་འདོད་ཀྱི་བསམ་བློ་ཟད་བཞིན་འདུག
གསུམ། གོང་ནས་སྡོད་མཁན་ཚང་མས་རང་ཉིད་ཀྱི་བུ་ཕྲུག་ཕྱི་ལོགས་སུ་བཏང་ཚར་ཡོད་པ་དེས་དམངས་ཡོངས་རེ་དོགས་ཀྱི་སྡོད་དུ་འཇུག་གི་མི་འདུག
བཞི། ཕྱོགས་ཞེན་དཔུང་སྒྲིག་གིས་འཐེན་ཁྱེར་གྱིས་སྤྱིའི་ནུས་པ་རྩབ་ཧྲལ་དུ་གཏོང་གི་འདུག
ལྔ། དཔོན་དང་དམངས་ཀྱི་བར་ན་ངེས་པར་དུ་གུས་ཡུལ་དང་གུས་མཁན་ཡིན་དགོས་པའི་གཏན་སྲོལ་ཞིག་གིས་ཁ་ཁོག་དྲང་ཞིང་སྤྱི་སེམས་ཆེ་བའི་མི་དག་མཐའ་ལ་འདེད་ཀྱིན་འདུག
དྲུག རྒྱ་གར་གྱི་བོད་པ་བཙན་བྱོལ་བའི་མི་འབོར་དང་སྤུས་ཚད་གཉིས་ཆ་ནས་སྙིགས་མར་ཐུག་གིན་འདུག
བདུན། སློབ་གསོའི་ལམ་ལུགས་ནི་དངོས་གནས་འཇིགས་སུ་རུང་བ་ཞིག་སྟེ། རང་ཉིད་མི་ཞིག་དང་ལྷག་པར་བོད་པ་ཞིག་ཡིན་བསམ་པའི་འདུ་ཤེས་རྨ་ནས་བཅོམ་གྱིན་འདུག
བརྒྱད། བོད་མིའི་སྒྲིག་འཛུགས་ལ་མ་འོངས་པའི་གྲ་སྒྲིག་དང་འཆར་གཞི་འདི་ཡིན་མེད་པ་དང་། དམིགས་ཡུལ་ཁ་གསལ་མེད་པ་སོགས་འཐོར་ཞིག་འགྲོ་བྱེད་ཀྱི་རྒྱུ་རྐྱེན་སྣ་མང་གིས་འཚངས་ཁ་བརྒྱབ་འདུག འདི་ལྟར་བཤད་ན་བཙན་བྱོལ་བོད་པ་མང་པོ་ཞིག་གིས་ང་ལ་རྡུང་གཏོང་ངེས་ཡིན་པ་ངས་ཤེས་ཡོད། ཁྱོད་ཚོར་ཁག་མི་འདུག ང་ཡང་ང་ལ་ཡིད་ཆད་ཀྱི་འདུག
ངས་ཀྱང་ང་ལ་ཁྱོད་བོད་ནས་ཡོང་སྐབས་ཀྱི་ངར་ཤུགས་ག་བར་བྲོས་སོང་ཞེས་རང་གིས་རང་ལ་སྡིག་དམོད་དང་ཁེར་ལབ་བརྒྱབ་པ་གྲངས་ཀྱིས་མི་ཆོད་པའི་ཚོད་ཡིན། དེ་ལྟ་ནའང་ཅི་ཙམ་ལྷག་བསམ་དང་སེམས་ཤུགས་ཆེན་པོས་སྤྱི་དོན་ལ་འབད་ནའང་། བཙན་བྱོལ་བའི་གོང་ནས་སྡོད་མཁན་ཚོར་མཁོ་བ་ནི་ལས་ཀའི་གྲུབ་འབྲས་མ་ཡིན་པར་ཁོ་ཚོ་སྒེར་ལ་ཁེ་ཕན་ཡོད་མེད་ཀྱིས་ཐག་གཅོད་ཅིག་ལས་ཟུར་ཐབས་མི་འདུག དེས་སྟབས་ངས་བཙན་བྱོལ་ནས་སྤྱི་དོན་སྒྲུབ་འདོད་ཀྱི་སེམས་པ་ཐགས་སོང་ནའང་། ད་དུང་སེམས་ཤུགས་རྣོ་ལྟར་སྲ་བའི་མི་ཁ་ཤས་ལྷག་ཡོད་ངེས་ལ། ཡོད་པ་དག་གི་བསམ་དོན་འགྲུབ་པར་སྨོན།
བསམ་ཚུལ་ཡག་པོ་བྲིས་གདའ།་དབྱེ་ཞིབ་མང་ཙམ་གནང་གདའ།
ཞིབ་འཇུག་ཡག་པོ་གནང་འདུག་ཐུགས་
རྗེ་ཆེ་བཀྲིན་ཆེ་།
དངོས་ཡོད་གནས་ཚུལ་བཤད་འདུག་།
ཕོ་ཁྱོ་ག་རེད་།
དངོས་ཡོད་གནས་ཚུལ་གྱི་སྐད་ཆ་བཤད་འདུག་པ་མ་ཟད་བཙན་བྱོལ་ནང་གི་ཆབ་སྲིད་པ་ཚོ་ཁོང་ཁྲོ་ཟ་བྱེད་ཅིག་བྲིས་འདུག
ཁག་མི་འདུག བོད་ནང་དུ་སོང་ན་ཡང་འདི་གའི་ཆབ་སྲིད་པའི་སྐད་ཆ་ལྟ་བུ་མང་པོ་ཞིག་རྒྱ་དཔོན་ཆ་གའི་ངག་ནས་ཐོན་གྱི་འདུག དེ་བས་ཁྱོད་ཀྱི་བསམ་ཚུལ་དེ་ཡག་གི སྤྱིར་ཀི་ས་འདི་ནས་རང་དབང་ལུང་པ་གཅིག་པུ་བཤད་ཞོར། རང་ཉིད་ཀྱི་ཁེ་ཕན་མི་རིགས་གནད་དོན་ཁ་ལ་ཁྱེར་ནས་ཁ་གསོ་ཐུབ་བྱེད་པ་ཙམ་རེད་འདུག་
ཆོད་སེམས་བརྟན་པོ་མེད་ན་ཁག་ཡོད་མ་རེད། སྤྱི་ཚོགས་ལ་དཀའ་ངལ་འཕྲད་དུས་གདོང་ལེན་མ་ཐུབ་ན། ཕྱིར་རྒྱ་མིའི་སྤ་སེ་ཞུས་ནས་འགྲོ་དགོས་ཐུག་གི་རེད། རང་ཉིད་འགྲོ་འདོད་དུས་ཁག་དཀྲི་ས་བཙལ་གྱི་རེད། མདོ་དོན་བཤད་ན། མར་ཕྱིན་ན་སྐད་ཆ་ཉག་ཉོག་བཤད་ནས་བོད་གཞིས་བྱེས་བར་གྱི་རེ་བ་དང་མཐུན་སྒྲིལ་ལ་གནོད་པའི་ལས་ཀ་མ་བྱེད་རོགས་གནང་། ཚེ་འདི་ཕྱི་གཉིས་ལ་གནོད་པ་རེད་དོ།
སྤྱི་ཁོག་རྡོག་རྡོག་དེ་གསུངས་འདུག ད་ཕར་སོང་ནས་བོད་ཀྱི་མ་འོངས་པ་ནི་མི་བུ་རེ་རེ་ཡི་རྟོགས་སད་ལ་ཐུག་ཡོད་པ་ལས་རེ་བ་རྒྱག་ས་ཞིག་ལྷག་མེད་པར་ངོ་འཕྲོད་ཡོང་ཐབས་ཐད་ཀྱི་ཞོར་ལས་མ་དོར་རོགས།
སངས་རྒྱས་གསུང་རང་རེད་གདའ། བརྒྱ་ཆ་བརྒྱ་བདེན་པ་རེད། དངོས་ཡོད་གང་དང་གང་ཡིན་ཁ་གསལ་བྲིས་འདུག་པས་ལྷ་ཀླུ་སུ་ལ་ཕོག་ན་སྡུག་གྱོང་རེད། ཡིན་ནའང་རང་མིང་སྦས་ནས་མུན་ནག་ལྐོག་མདའ་འཕེན་པ་དེ་ཡག་པོ་མི་འདུག་པས་མིང་དང་སྐྱེས་ཡུལ་པར་བཅས་རྩོམ་མཉམ་དུ་འཇོག་ན་དགག་བཞག་དང་བསམ་ཚུལ་བགྲོ་གླེང་ལ་ཕན་ཀི་ཡོད་མ་གཏོགས་གཞན་ཡིག་རྙོག་ཅིག་ལ་འཇོག་གི་རེད་དོ།།
ཕལ་ཆེར་བདེན་པ་འདྲ་བཤད་འདུག།
ངོས་ནས་བསམ་ན་ལྔ་བ་དང་བརྒྱད་པ་ལ་རྒྱ་ཆ་བརྒྱ་མཐོང་སོང་། ཉེ་ཆར་ཀླུ་མཁར་བྱམས་ལ་མཚོན་ན་ཤེས་ཐུབ། མདོར་ན་དད་པ་ལོག་སྤྱོད། དབང་ཆ་ལོག་སྤྱོད། ཆོས་ལུགས་ལོག་སྤྱོད་གསུམ་དུ་འདུས་འདུག ཁ་རྒྱལ་བ་ཟེར་ནས་ཁོག་སོ་སོའི་དཔལ་འབྱོར་དང་ཁེ་ཕན་སྒྲུབ་པ། དབང་ཆ་བེད་སྤྱོད་ནས་དྲང་བདེན་ཅན་གྱི་ཚེ་སྲོག་འཕྲོག་པ། ཆོས་ལུགས་རིས་མེད་དང་ཐུན་སྒྲིལ་ཟེར་ནས་དགེ་ལུགས་དང་ཀཾ་ཚང་ཕྱི་ནང་དུམ་བུར་གཏོར་ནས་ཁ་བཤད་ལག་ཏུ་ལེན་མི་ནུས་པ་དག་ཚོར་སོང་།
རེ་བ་མེད་པ་དགྲ་བོས་བཟོས་མ་རེད། རང་མིས་བཟོས་རེད། ཨ་རི་ཅོལ་ཆུང་ཚོར་ལྟོས་དང་འཇིགས་ཡེར་བ་རེད།
བཙན་བྱོལ་སྒྲིགས་འཛུགས་དང་དཔོན་པོ་ཚོའི་བྲང་ལ་སོར་མོ་འགའ་བྲད་འདུག
ན་ཚ་ཨོ་ཙམ་བཏང་ཡོད་བསམ་བསམ་འདུག
འཇིག་རྟེན་དང་སྤྱི་ཚོགས་བྲོ་བ་ཡིས་བརྟས་མ་ཐུབ་པའི་རྣོ་མིང་ཅན་ལགས། འགྱེ་ཁའི་ཁ་ཆེམས་ཀྱི་ཡིག་རྡོག་འདིར་ན་ཟུག་ཅིག་གིས་ཐུམ་བརྒྱབ་པ་མ་གཏོགས། དོན་དམ་དུ་རིན་པོ་ཆེ་ཞིག་ང་ཚོར་བཞག་པའི་ཁུལ་ཡིན་པ་འདྲ་སྟེ། དགོངས་དག རྦད་དེ་ནོར་འདུག སྤྱི་ཚོགས་ཀྱི་དར་རྒུད་ནི་སྤྱི་ཚོགས་དེའི་མི་ཡིས་བྱས་པར་བསམས་ནས། མི་ནི་ནམ་ཡང་རང་གི་འཇིག་རྟེན་དེའི་ཆགས་འཇིག་གི་བྱེད་པོ་ཡིན་ཟེར་བའི་རྨང་གཞིའི་སློབ་གསོར་གཞིག་དུས། རང་གི་སྤྱི་ཚོགས་ཀྱི་ཅི་ལའང་རང་ཉིད་དགའ་དང་སྐྲག་མི་དགོས་པ་ཞིག་ཨང་། ད་དུང་། སུ་སུ་ཚང་གི་འཚོ་གཞེས་ལ་ཐང་ཆད་ན། དེ་དེ་ཚང་གི་མི་ཞིག་ཡིན་མ་འདོད་ཅེས་པའི་ངོས་ནས། ཁྱེད་ཀྱིས་རྦད་དེ་ནོར་འདུག
ལྔ་དགུ་ལོའི་མན་ཙམ་གྱི་བཙན་བྱོལ་བོད་ནི། ཕལ་བའི་མི་སུས་མཐོང་ནའང་ཆེས་ཚབས་ཆེན་ཞིག་ཡིན་རྐྱེན། སྐབས་དེའི་རང་རེའི་ལ་ལར་རང་ཉིད་བོད་མི་ཞིག་ཡིན་པར་བློ་འགྱོད་གཏིང་ནས་སྐྱེས་པ་མ་ཟད། མི་རིགས་དང་རྒྱལ་ཁོངས་གཞན་སྒྱུར་ལ་བྲེལ་བའི་ཡོ་ལང་ཡང་འཁྲིགས་པ་རེད། འོན་ཏེ། འུ་ཚོའི་འཇིག་རྟེན་ལ། རང་ཉིད་དང་སྐྱིད་སྡུག་མཉམ་མྱོང་གི་ཚེ་གྲོགས་ཤིག་ཅི་ལ་མེད་དེ། འ་ཅག་རྡོ་ལག་བརྒྱུད་ལྟར་ཤི་གསོན་མཉམ་གནས་ཀྱི་མི་ལོ་ལྔ་བཅུ་ལྷག་གི་དེ་རིང་། བཙན་བྱོལ་བོད་ཟེར་བ་འདི་འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་ཡིན་པའི་ངོས་ནས། ཁྱེད་ཀྱིས་རྦད་དེ་ནོར་འདུག
ཐུན་མོང་སྣང་ཚོད་ལྟར་ན།
ཨེ་གླིང་གི་རྒྱ་གར་གཙོ་བའི་ཨ་གླིང་དང་ཡ་གླིང་གང་ཞིག་ན་གཞིས་ཆགས་པའི་བོད་མི་ཞིག་ཡིན་ཕྱིན་ཆད། ཁྱེད་རང་བཙན་བྱོལ་བོད་ཅེས་པའི་སྡེ་ཁོངས་ན་གཏན་དུ་ཡོད་ཡོད་དེ། དཔེར་ན། ཁྱེད་བོད་མི་ཞིག་ཡིན་ན། ཁྱེད་རང་གང་ལ་ཕྱིན་དང་ཅི་ཞིག་བཟོས་ཀྱང་། ཁྱེད་ཀྱིས་ཁྱེད་རང་བོད་མི་མིན་པ་བྱེད་མི་ཐུབ་པ་བཞིན་རེད། དེས་ན། ད་ལྟ་བཙན་བྱོལ་བོད་ཅེས་པའི་གྲུབ་ཆའི་གཞིས་ཆགས་གང་ལ་བསམ་རུང་། མངོན་གསལ་དོད་པོའི་རྒུད་ཕྱོགས་ཀྱི་ལྟས་ཤིག་མཐོང་རྒྱུ་མེད་པ་མ་ཟད། ཡོད་ཚད་བརྩམས་དང་རྩོམ་གྱིན་པའི་དུས་ཚོད་ཅིག་ལ་སེམས་ཆོག་པ་འདིའི་ངོས་ནས། ཁྱེད་ཀྱིས་རྦད་དེ་ནོར་འདུག ནོར་འདུག་ཡ་ནོར་འདུག ཧ་ཧ།
གྲོགས་པོ་གཙོ་བོ་སེམས་ཤི་མི་ཉན་ཡ་་་་་་
སྐུ་ཞབས་རྣོ་ལགས། བསམ་ཚུལ་བྲིས་པར་དགའ་བོ་བྱུང་ལ་བདེན་པའི་ཆ་ཡང་མང་པོ་ཞིག་འདུག ཡིན་ནའང་། སྤྱི་ཚོགས་གང་དུ་སོང་ནའང་སྐྱོན་མེད་ས་ཞིག་ཁག་པོ་རེད། ཁྱེད་རང་བཙན་བྱོལ་སྒྲིག་འཛུགས་ལ་ཡིད་ཆད་ནས་རྒྱ་ནག་དཔོན་རིགས་འོག་མགོ་འདོགས་པ་དེ་རེད། དེ་ལས་ཀྱང་ཐབས་སྐྱོ་བ་རེད། བོད་མི་རིགས་བསམ་གྱིན་ཡོད་ཚེ་སེམས་ངལ་དེ་ལས་ཆེ་བ་ཡོང་ངེས་རེད། རྒྱ་གུང་ཁྲན་གྱི་བྱེད་ལུགས་བྱེད་སྟངས་ལ་ཡག་ཅིག་ཡོད་པ་མ་རེད། ཡིན་ནའང་། རང་གི་ལྟོ་རྒྱབ་ཙམ་གྱི་ཆེད་ཡིན་ན་འགྲིག་འགྲོ་གིན་རེད། ལྷག་པར་རྒྱ་ནག་ལ་སྤྲོད་རྒྱུའི་ལས་བསྡོམས་ཤིག་ཀྱང་ད་ལྟ་ནས་གྲ་སྒྲིག་བྱས་འདུག
ཁྱེད་རང་བཙན་བྱོལ་ནང་བསྐོར་བ་རྒྱག་སྟངས་ལ་བལྟས་ཚེ་ཁུངས་འཁྱོལ་མཁན་གྱི་མི་ཞིག་མིན་པ་གསལ་འདུག བཙན་བྱོལ་སྒྲིག་འཛུགས་ལ་སྙིང་ན་མཁན་ཚོས་ཁྱེད་ཀྱི་སྐད་ཆ་འདིར་རྒྱབ་སྐྱོར་བྱེད་ངེས་ཡིན་ཀྱང་བཙན་བྱོལ་ལ་སྐྱིད་སྡུག་མཉམ་མྱོང་བྱེད་པའི་བློ་སྟོབས་དང་སེམས་ཤུགས་མེད་པ་ནི་ཁྱེད་རང་གི་ཞན་ཆ་ཡིན་པ་མ་བརྗེད་རོགས། བོད་ནས་འཚོ་གོས་ལམ་ལྷོང་ཡོང་བའི་སྨོན་ལམ་ཞུ།
མི་ལོ་བཅུ་ཙམ་ཞིག་གིས་བཙན་བྱོལ་སྤྱི་ཚོགས་ལ་ཕུགས་བསམ་མེད་ཟེར་ན་ཧམ་གཏམ་རེད། ༧གོང་ས་མཆོག་གིས་མི་ལོ་ལྔ་བཅུའི་རིང་མེད་པ་ནས་ཡོད་པ། ཡོད་པ་ནས་ཡར་རྒྱས་ཀྱི་ཕྱོགས་སུ་ཁྲིད་པའི་བཙན་བྱོལ་བོད་མིའི་གནས་སྟངས་ཆགས་ཐག་གཅོད་རེད།
ཁྱོད་རང་ལ་སེམས་ཤུགས་རྣལ་མ་ཡོད་ན་རང་མིང་སྤྱད་མི་ཐུབ་པ་ཅིས་ལན་སོང་། རེད། རེད། བོད་དུ་སོང་རོགས། ལྷག་པར་དུ། བོད་ཀྱི་རྒྱལ་ས་ལྷ་ས་ནས་རང་ལུས་མེར་བསྲེགས་སུ་སྒྲོན་རོགས། དེ་དུས་བོད་ཀྱི་རྒྱལ་ས་ནས་མེར་བསྲེགས་ཤིག་གནང་ཐུབ་ན་ད་གཟོད་གཞན་གྱིས་གོ་ཐུབ་པའི་རེ་བ་འདུག འདི། སྐྱེལ་མའི་སྨོན་འདུན་ཡིན་གདའ། ཨ་རོགས།
འདིར་གོ་ནོར་མང་པོ་ཞིག་ཐེབས་ཀྱིན་འདུག་པས་གསལ་བཤད་ཅིག་བྱ་ཆོག་པ་བྱོས། རྩོམ་འདི་ཡི་གེར་ཕབ་པ་པོ་ང་ཡིན་པ་ལས་ངས་རྩོམ་པ་དང་བཤད་པ་མིན། དེ་ནི་ཁ་སང་ངས་གྲོགས་མཆོག་ཁོང་གང་ལྡི་ལི་བར་དུ་སྐྱེལ་མ་བྱེད་དུས་ངེད་གཉིས་མ་ཅིག་ཊི་ལའི་ཨ་མ་འཚིག་ཇ་ཁང་དུ་མཇུག་མཐའི་ཁ་བརྡ་གློད་སྐབས་ཀྱི་སྐད་ཆ་དག་ཡིན། ཡིན་ནའང་ཁོང་བོད་དུ་འགྲོ་བ་ལྟོ་རྒྱབ་ཀྱི་ཆེད་དུ་ཡིན་ན། ཁོང་ཨ་རི་དང་། ཁེ་ན་ཌ། ཡོ་རོབ་སོགས་རྒྱབ་ཁབ་ཁ་ཤས་ལ་འགྲོ་མྱོང་བས་དེ་གར་བསྡད་ན་མི་ཆོག་པ་ཅི་ཡོད། ལྷག་པར་དུ་ཁོང་ལྟ་བུ་རྒྱ་བོད་དབྱིན་གསུམ་ལ་བྱང་ཆུབ་པ་ཞིག་གང་ལ་སོང་ན་ལྟོ་རྒྱབ་ནི་ནམ་དུའང་འདང་རྒྱག་མི་དགོས་པའི་བྱ་ལས་ཤིག་མ་རེད་པས། ད་ནི་ཁྱོད་ཚོས་ཅི་བཤད་ཀྱང་ཁོ་ནི་འགྲོ་ཚར་སོང་བས་ཁྱོད་ཚོའི་དགའ་སྡུག་དག་ལ་ལན་འདེབས་མཁན་ཡོད་པ་མ་རེད་ཟེར་ཡ་ཡིན། གཞན་ང་རྣོ་མིང་བ་ཁོའི་སྐད་ཆའི་ཁྲོད་ན་སེམས་ཤུགས་རྣོ་ལྟར་སྲ་བའི་མི་ཁ་ཤས་ཤིག་ལྷག་ཡོད་སྲིད་པའི་ཁྲོད་ཀྱི་གཅིག་ཡིན་ངེས། མདོར་བསྡུས་ནས་བཤད་ན་ངས་ནི་ཐོག་མའི་དམ་བཅའ་རྡོག་པོས་གནོན་ཅིང་མཐའ་ལ་མ་སྐྱེལ་བར་དུ་ལྷོད་མི་སྲིད་ཅེས་པ་དེའོ། །
འོ་ན་ཁྱོད་ཀྱིས་ཁོའི་སྐད་ཆ་དག་ཇི་ལྟར་ཡི་གེར་ཕབ་པ་དང་དམིགས་ཡུལ་ཅི་ཡིན་ཞེ་ན། གཅིག གྲོགས་པོ་གང་གི་རེ་འདུན་བསྒྲུབས་པ་ཡིན། གཉིས། ང་རང་ཡང་ཁོང་ལྟ་བུ་བོད་དུ་ཕྱི་ལོག་བྱས་པར་འཕངས་སེམས་རབ་ཏུ། ཤིན་ཏུ། ཧ་ཅང་ཆེ་བས་ཡིན། གསུམ། རང་ངོ་བདེན་པ་མི་མཐོང་ཞིང་། མཐོང་བར་མི་འདོད་པ་དག་གི་ཆེད་དུ་ཡིན། ད་དེ་ཙམ་བྱས་ན་མ་རེད་པས།
འདིར་གོ་ནོར་མང་པོ་ཞིག་ཐེབས་ཀྱིན་འདུག་པས་གསལ་བཤད་ཅིག་བྱ་ཆོག་པ་བྱོས། རྩོམ་འདི་ཡི་གེར་ཕབ་པ་པོ་ང་ཡིན་པ་ལས་ངས་རྩོམ་པ་དང་བཤད་པ་མིན། དེ་ནི་ཁ་སང་ངས་གྲོགས་མཆོག་ཁོང་གང་ལྡི་ལི་བར་དུ་སྐྱེལ་མ་བྱེད་དུས་ངེད་གཉིས་མ་ཅིག་ཊི་ལའི་ཨ་མ་འཚིག་ཇ་ཁང་དུ་མཇུག་མཐའི་ཁ་བརྡ་གློད་སྐབས་ཀྱི་སྐད་ཆ་དག་ཡིན། ཡིན་ནའང་ཁོང་བོད་དུ་འགྲོ་བ་ལྟོ་རྒྱབ་ཀྱི་ཆེད་དུ་ཡིན་ན། ཁོང་ཨ་རི་དང་། ཁེ་ན་ཌ། ཡོ་རོབ་སོགས་རྒྱབ་ཁབ་ཁ་ཤས་ལ་འགྲོ་མྱོང་བས་དེ་གར་བསྡད་ན་མི་ཆོག་པ་ཅི་ཡོད། ལྷག་པར་དུ་ཁོང་ལྟ་བུ་རྒྱ་བོད་དབྱིན་གསུམ་ལ་བྱང་ཆུབ་པ་ཞིག་གང་ལ་སོང་ན་ལྟོ་རྒྱབ་ནི་ནམ་དུའང་འདང་རྒྱག་མི་དགོས་པའི་བྱ་ལས་ཤིག་མ་རེད་པས། ད་ནི་ཁྱོད་ཚོས་ཅི་བཤད་ཀྱང་ཁོ་ནི་འགྲོ་ཚར་སོང་བས་ཁྱོད་ཚོའི་དགའ་ཁྲོའི་ངོ་རིས་དག་ལ་ལན་འདེབས་མཁན་ཡོད་པ་མ་རེད་ཟེར་ཡ་ཡིན། གཞན་ང་རྣོ་མིང་བ་ཁོའི་སྐད་ཆའི་ཁྲོད་ན་སེམས་ཤུགས་རྣོ་ལྟར་སྲ་བའི་མི་ཁ་ཤས་ཤིག་ལྷག་ཡོད་སྲིད་པའི་ཁྲོད་ཀྱི་གཅིག་ཡིན་ངེས། མདོར་བསྡུས་ནས་བཤད་ན་ངས་ནི་ཐོག་མའི་དམ་བཅའ་རྡོག་པོས་གནོན་ཅིང་མཐའ་ལ་མ་སྐྱེལ་བར་དུ་ལྷོད་མི་སྲིད་པའི་མི་ཞིག་ཡིན་ཞེས་པ་དེའོ། །
འོ་ན་ཁྱོད་ཀྱིས་ཁོའི་སྐད་ཆ་དག་ཇི་ལྟར་ཡི་གེར་ཕབ་པ་དང་དམིགས་ཡུལ་ཅི་ཡིན་ཞེ་ན། གཅིག གྲོགས་པོ་གང་གི་རེ་འདུན་བསྒྲུབས་པ་ཡིན། གཉིས། ང་རང་ཡང་ཁོང་ལྟ་བུ་བོད་དུ་ཕྱི་ལོག་བྱས་པར་འཕངས་སེམས་རབ་ཏུ། ཤིན་ཏུ། ཧ་ཅང་ཆེ་བས་ཡིན། གསུམ། རང་ངོ་བདེན་པ་མི་མཐོང་ཞིང་། མཐོང་བར་མི་འདོད་པ་དག་གི་ཆེད་དུ་ཡིན། ད་དེ་ཙམ་བྱས་ན་མ་རེད་པས།
ཨ་ཡ། ཁྱོས་ཡི་གེར་ཕབ་ཉེས་བྱས་འདུག ད་མ་སེམས་ཀྱིས་ཁྱེད་ལ་དྲི་བ་བཏང་ནས་དཀའ་ས་རེད། ཀུ་རེ་ཡིན།
རྣ་ལགས། ངོ་མ་ཡག་པོ་གསུང་འདུག རང་རེའི་བློ་སེང་སོགས་དཔོན་པོ་བོད་ཡིག་མི་ཤེས་མཁན་ཚོས་ཁྱེད་ཀྱི་རྩོམ་ཡིག་འདིའི་ནང་དོན་གང་ནས་གོ་ར། རྩོམ་ཡིག་མགོ་མཇུག་ལྷོག་ནས་ལྟ་ས་རེད། ཨོ་ལེ་ད་དེ་ལྟར་རེད། ༧གོང་ས་མཆོག་གི་གསེར་གྱི་འཐུ་བའི་ནང་ནར་སོན་པའི་དཔོན་རིགས་ཚོས་ཕྱི་ཕྱོགས་ཀྱི་བོད་མི་རྣམས་སྤོ་ཐོ་ཝབ་ལ་རིས་བ་བཞིན་ཚར་གི་འཇུག་རྒྱུ་རེད་ཡ་ཁོ་རེད།
༼འཐོར་ཞིག་གི་ལམ་དུ་ཕྱོགས་པའི་བོད་མིའི་སྒྲིག་འཛུགས།༽ཞེས་པ་བཀླགས་པ་ཡིན།
གསུམ་པ་དང་བཞི་བ་གཉིས་ནི་༼གསུམ། གོང་ནས་སྡོད་མཁན་ཚང་མས་རང་ཉིད་ཀྱི་བུ་ཕྲུག་ཕྱི་ལོགས་སུ་བཏང་ཚར་ཡོད་པ་དེས་དམངས་ཡོངས་རེ་དོགས་ཀྱི་སྡོད་དུ་འཇུག་གི་མི་འདུག བཞི། ཕྱོགས་ཞེན་དཔུང་སྒྲིག་གིས་འཐེན་ཁྱེར་གྱིས་སྤྱིའི་ནུས་པ་རྩབ་ཧྲལ་དུ་གཏོང་གི་འདུག༽ཞེས་པ་འདི་གཉིས་རེད། འདི་གཉིས་དངོས་ཡོད་གནས་སྟངས་ཤིག་རེད། གཞན་དག་ནི། རྒྱུས་ལོན་དེ་ཙམ་གསལ་བོ་མ་བྱས་ནས་བཤད་པའི་རྣམ་པ་ཞིག་རེད་བསམ་སོང་།
རྣོ་ཟེར་བའི་མི་རྫུན་འོག་གི་མྱི་ལགས། ཁྱོད་ཀྱི་གྲོགས་པོ་དབྱིན་བོད་རྒྱ་གསུམ་ཡོད་ཟེར་བའི་རང་གི་བསམ་འཆར་ཡིག་ཐོགས་ཕབ་རོགས་དགོས་མཁན་དེར་བོད་དུ་སོང་བ་ཕམ་དོན་ཅི། དེ་ནི་བོད་ཀྱི་མཐར་ཐུག་གི་དམིགས་ཡུལ་རེད་པ། ང་ཚོ་ཚང་མ་བོད་དུ་འགྲོ་འདོད་མཁན་ཤ་སྟག་རེད་པ། ཕལ་ཆེར་ཁྱོད་རང་ཡུ་རོབ་དང་ཨ་རིར་མ་མཐར་མཁན་ཞིག་ལ་བློ་ཕམ་བྱུང་བར་ཐུགས་ཁག་མིན་འདུག ཧཧཧཧཧ
འགྲོ་འགྲོ་མང་ན་བསྡད་ས་ཤོར་ཟེར་བ་ལྟར་མ་རེང་དམ་། ཨ་རི་དང་ནུབ་ཕྱོགས་མྱུལ་ནས་རྒྱ་གར་དུ་གོང་ས་མཆོག་གི་སྐྱབས་འོག་ཏུ་མི་སྡོད་པར་ཕར་བོད་ལ་ལོག་མཁན་ཡོད་ན་མི་དེ་འདྲའི་རིགས་ཞིབ་འཇུག་དང་རྟགས་དཔྱད་ཟབ་ཟབ་གནང་དགོས་པ་མཐོང་ངོ་།
དངོས་གནས་རེད། ང་ཚོའི་བོད་མི་སྒྲིག་འཛུག་གི་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ངོས་ལེན་བྱས། ད་དུང་བོད་པའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་ལ་ལམ་དབུ་མ་ཟེར་ན་སྲིད་དོན་གྱི་རྒྱལ་ཁ་ཆེ་པོ་ཞིག་རག་རྒྱུ་ཡོད་འདོག་བྱེད་པ་འདི་གཙོ་བོ་དབང་འཛིན་པའི་ཁག་གཅིག་གི་ཁ་རྗེ་དབང་ཐང་ལས། བོད་མི་དམངས་དཀྱུས་མ་ལ་ཕན་ཐོག་གང་ཡང་མེད་པ་ཞིག་རེད། སོ་སོའི་རེ་ཐག་སྔ་ནས་བཞག་ནས་རང་འདོད་བཞིན་བྱས་ན་ཡག་ཤོས་རེད།
གང་ལྟར་བཙན་བྱོལ་བོད་གཞུང་ཉམ་ཆག་སོང་བ་སྟེ་ང་ཚོ་བོད་པ་ཡོད་དོ་ཅོག་གི་གྱོང་རེད་མ་གཏོག་་་་་མི་ཁ་ཤས་ཤིག་གི་གྱོང་མ་རེད།
ཕྱིན་ཅི་ལོག་ཏུ་ལྟ་བ་ཟེར་བ་དེ་འདི་འདྲ་ཞིག་ཡིན་དགོས་བ་རེད། རྒྱལ་ཁབ་སོ་སོ་ན། ང་ཚོའི་བོད་མི་རྣལ་མ་ཚོས་ད་ལྟ་སྔར་ལས་ལྷག་པའི་སྐབས་བབས་ཀྱི་ལས་དོན་ལ་འཐབ་རྩོད་བྱེད་བཞིན་པ་རེད། བཙན་བྱོལ་ན་འཚོ་བ་འདང་བ་ཞིག་མེད་དུས། ཡུལ་སོ་སོ་ལ་བུད་འགྲོ་བ་བདེན་ན་ཡང་། དེ་ནི་འཚོ་བ་བཟང་བ། རྒྱལ་ཁབ་ཡོད་པ། རྒྱ་གར་བ་ཕྱུག་པོ་ཚོ་ཡང་། ངྷི་ལི་གནམ་ཐང་ན་ག་ཚོད་ཅིག་འགྲོ་བཞིན་འདུག། དེ་ཚོ་ལས་ཀྱང་ང་ཚོ་ལ་ལམ་ཞིག་བསྟན་པ་མི་འདུག་གམ། བོད་པ་ཚང་། དེ་འདྲ་སྡུག་ལ་ཐུག་ཡོད་པ་ཞིག་རྩ་ནས་མིན།
ཡོ་རོབ་ཕྱོགས་ནས། རྒྱལ་ལ་ངོ་རྒོལ་དང་། རྒྱལ་ཡོངས་ལ་ཞུ་གཏུགས། དེ་སྔ་ལས་ནུས་ཤུགས་བརྒྱ་འགྱུར་དུ་གྱུར་ཡོད། རྡ་སའི་རི་མགོ་ནས་རྒྱ་ལ་ངོ་རྒོལ་ཙམ་མ་ཡིན་པར། འཛམ་གླིང་གང་སའི། རྒྱའི་གཞུང་ཚབ་ལ་དྲག་པོའི་བརྡ་ལན་གང་མང་སྤྲོད་ཐུབ་པ་ཆགས་ཡོད།
རིག་གཞུང་གི་ཆ་ནས་ཡང་། པགས་སློག་དང་ཚར་ཞྭ། ཡུལ་སྐད་དང་གྲོང་སྐད་བཀོལ་ནས་དེ་ཙམ་འགྲོ་མ་ཐུབ་ན་ཡང་། བོད་པའི་ཤ་ཁྲག་རུས་གསུམ་ཁུར་ནས་རྒྱལ་ཁབ་གཞན་གྱི་མི་དང་འདྲ་འདྲ་བྱེད་ཐུབ་པའི་ངར་ཤུགས་ཀྱི་སྤོབས་པ་ཁུར་ནས་ལས་དང་ཡོན་ཏན་ལ་རྩོན་བཞིན་ཡོད་རེད།
ཡུལ་དུ་སོང་ནས། མི་ལ་ལམ་སྟོན་མ་ཐུན་ན་ཡང་། སྐད་ཆ་འདི་འདྲ་བཤད་དེ་སེམས་ཤུགས་གཅོག་དགོས་དོན་ཡོད་པ་མ་རེད། ཁྱོ་ཅན་པོ་རང་སོ་སོ་དཀར་པོར་ཆགས་ཐུབ་པར་རེ་བའི་དཀར་འདོན་ཡིན་མདོག་གི་སྐད་ཆ་ཞིག་བཤད་ཐུབ་སོང་ན། ཅིག་འགྲིག་ཡོད་པའི་སྣང་བ་ཡོད་ན་ཡང་། རྒྱལ་ཁབ་ཞིག་གི་ཆག་འཇིག་སྐབས། གདོང་པགས་ག་རེ་གོན་ནས་སྐད་ཆ་བཤད་ན་ཡང་། ཕུག་རྒྱང་གི་རེ་འབྲས་ཤེས་ཐུབ་ནས། མྱི་ཚུགས་བཟུང་ན་ཡག་ནི་རེད།
སྒྲིག་འཛུག་ཚུགས་པའི་འགོ་ཡོད་ཀྱང་། །
སྒྲིག་འཛུགས་འཐོར་བའི་དུས་འཇུག་མེད། །
འཁོར་བའི་ས་ནས་ལམ་ཡོད་ཀྱང་། །
ལམ་དེ་འགྲོ་ས་སངས་འཕགས་ཉིད། །
ཤ་ཚ། མི་ངན་དེ་འདྲ་ཞིག་བོད་ལ་ལོག་སོང་ན་ཨ་ཞང་ཚང་གི་ཁེ་ཕན་ཞིག་སྤྲད་ཀྱི་ཡོད་པ་གསལ་པོ་རེད། དེང་སང་བོད་པའི་མི་རྒན་འགའ་རེས་བོད་མི་རིགས་ཀྱི་མཐུན་སྒྲིལ་གཏོར་བཤིག་གཏོང་བའི་ཡིག་ཉོག་ལུང་པ་གང་བཞག་ནས་ཤི་སོང་བ་དང་། ཡང་མི་ངན་རེ་ཟུང་གིས་རང་གི་སྒྲིག་འཛུག་དང་དབུ་ཁྲིད་ཚོར་ངན་སྨོད་ལུང་པ་གང་བྱས་ནས་མེས་རྒྱལ་ཁྱིམ་ཚང་ཆེན་མོར་ལོག་སོང་བ་ནི་ངོ་མ་ཞབས་འདྲེན་རེད། ད་དུང་དྲ་འབུ་ལ་ལས་ལེགས་བཤད་ཅི་ཞིག་བཤད་འདུག་མདོག་གིས་རྒྱབ་སྐྱོར་བྱེད་ཁུལ་དང་། སྙིང་ཚིམ་བདར་ཁུལ་བྱེད་པ་ནི་རང་ངོ་རང་གིས་མི་ཤེས་པའི་མིའི་བྱེད་སྟངས་རེད།
ལར་ནས་དེང་སང་ཁ་བརྡ་སོགས་དྲ་རྒྱའི་ནང་བོད་མིའི་སྒྲིག་འཛུགས་དང་། གོང་ས་མཆོག་སོགས་བོད་མིའི་དབུ་ཁྲིད་ཚོར་ཟུར་ཟ་དང་སྐྱོན་འཛུག་ཅིག་བྱེད་རྒྱུ་ཅི་རྙེད་དང། བོད་མི་མང་སེམས་ཤུགས་བཅོག་ཐབས་ཀྱི་སྐད་ཆ་བཤད་ཅི་ཐུབ་བྱེད་མཁན་གང་མང་ཞིག་ཆར་རྗེས་ཀྱི་ཤ་མོང་བཞིན་རྡོལ་ཡོང་སྟངས་ལ་ལྟས་ན། བཙན་བྱོལ་ནང་ཨ་ཞང་ཚང་གི་ཕོག་ཟན་མང་རབས་ཀྱི་སྐད་ཆ་དེ་ཡང་བདེན་པའི་ཚོད་དུ་སྣང་།
ལོང་རྟོགས་གསན་ཅིག་་་
དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བྱེས་འབྱོར་ཚང་མ་དབུ་མའི་ལམ་ཐོག་ནས་མེས་རྒྱལ་ཁྱིམ་ཚང་ནང་ལོག་ཀི་ཡིན་ཟེར་བས་འོན་པ་མིན་ན་གོ་ཡོད་ཤས་ཆེ། གསོན་དང་ཤི་གང་ཡིན་བདེན་པའི་ཁུངས་རྟགས་བསྟོན་ནས་འགྲོ་ཐུབ་ན་རླབས་ཆེན་ཅིག་མ་རེད་དམ། ཁྱོད་ཡིན་ན་ཕྱི་མཛེས་ནང་རུལ་གྱིས་འདོད་པ་འཁེངས་མཁན་ཅིག་ལ་ཁག་མེད་ཨ་་་་་་་་་
བྱམས་རིན། དབུ་མའི་ལམ་གྱིས་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་རྩོད་ཀྱི་ཡོད་པ་ལས་ཆ་རྐྱེན་གང་ཡང་མེད་པར་པད་ཤག་གི་དོན་དུ་ལོག་གི་མེད། ཁྱོད་ཚོས་ཁ་རྒྱག་དང་ནང་རྡུང་གི་སྐད་ཆ་ཁོ་ན་བཤད་ནས་བོད་མི་རིགས་རྩ་མེད་མ་སོང་བར་སྒུག་རྒྱུ་ཡིན་ནམ། ལར་ནས་ཁྱོད་ཚོའི་སེམས་ན་རང་བཙན་ཟེར་བ་ཞིག་ཡོད་དམ།
གོང་གི་སྐད་ཆ་བཤད་མཁན་མི་དེས་བོད་རང་བཙན་ཕར་ཞོགས་ཅི་ཡང་ཐོབ་ཡ་ཡོད་མ་རེད་ལ། བོད་མིའི་སྒྲིག་འཛུགས་ཡང་འཐོར་གྱི་རེད་ཅེས་སེམས་ཤུགས་ཆགས་ནས་ལོག་སོང་བ་གསལ་པོ་རེད་འདུག ཁྱོད་ཚོ་རང་བཙན་ཞེས་ཁ་རྒྱག་བཤད་མཁན་ཚོས་མི་དེ་འདྲ་ཞིག་གི་སྐད་ཆ་ལ་བདེན་ཁ་སྟེར་ཞིང་རྒྱབ་སྐྱོར་བྱས་ནས་ད་དུང་རང་བཙན་ཟེར་ན་ངོ་མི་ཚའམ།
ཧཧཧཧཧ་་་་་ལོང་རྟོགས་་་་་
མྱི་ངན་ཟ་འདྲེ་ཁྱོད་ཚོའི་གུང་བྲན་འོག་ལ་གཉིས་ཕན་དབུ་ལམ་ཐོག་ནས་མིང་དོན་མཚུངས་པའི་རང་སྐྱོང་ཅིག་རྩོད་དང་ང་ཚོས་བལྟད་མོ་སྒུག་ཀི་ཡོད་གདའ་་་་་་་་བོད་མི་རིགས་རྩ་མེད་སུས་གཏོང་གི་ཡོད་རྗེས་སུ་མཐོང་ཡོང་གི་རེད་ཨ་རོ།།
བྱམས་རིན་ལྟས་ངན། ང་ཚོ་རང་དབང་རྩོད་མཁན་དང་ཁྱོད་ཚོ་ལྟད་མོ་ལྟ་མཁན་ཨེ་རེད། ངོ་ཚ་རྒྱུ་མེད་པ་ད་དུང་རང་བཙན་ཡིན་ན་གཅིག ཁྱི་སྐྱག་ཁྱོད་ལྟ་བུ་མང་སོང་བས་བོད་དོན་ལ་གྲུབ་འབྲས་མ་ཐོན་པ་རེད།
དབུས་ཀྱི་ལམ་དུ་འགྲོ་དོན་ནི། །
་
འཇོན་ན་དང་པོ་དབུས་ལམ་རྒྱུགས། །
དེ་ནས་རང་བཙན་རྩོད་དུས་ཡོད། །
་
མ་འཇོན་མི་འཇོན་རང་བཙན་བརྩད། །
རྒྱ་ནག་གཞུང་གིས་བོད་མིར་སྡང་། །
་
དབུས་ལམ་ཤར་བསྐྱོད་བྱེད་ཐུབ་ན། །
རྒྱལ་སྤྱིའི་རྒྱབ་སྐྱོར་རོགས་སྐྱོབ་མང་། །
་
གཞོན་ལྷན་རང་བཙན་ལངས་ཕྱོགས་ནི། །
རྒྱ་གཞུང་མ་འོའི་རོ་འཐམ་འདྲ། །
་
དེ་རིང་འདི་ཙམ་ཤོད་ཐལ་ཤོར། །
རྗེས་སུ་ཡང་ཡང་འོངས་འདོད་ཡོད། །
་
དེ་བས་རང་ཕྱོགས་དགའ་བར་གྱིས། །
གཞན་ཕྱོགས་འཁྲེགས་འཛིན་ལྷོད་པར་གྱིས། །
་
ཉི་སྟོང་བཅུ་དྲུག་ལམ་ལྷོང་ཤོག །