དཔལ་ལྡན་རྒྱལ་གྱི་ཟིན་བྲིས་ནས་བླངས།
དེ་རིང་ངོ་དེབ་སྟེང་དུ་སྐུ་ཞབས་དོན་གྲུབ་རྒྱལ་གྱིས་བརྩམས་པའི་༼འདི་ནའང་དྲག་ཏུ་མཆོངས་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་འདུག༽ཅེས་པའི་སྙན་རྩོམ་འདི་གྱེར་འདོན་ཞིག་ལ་ཉན་རྗེས་སེམས་སུ་དགའ་སྐྱོ་འདྲེས་མའི་ཚོར་བ་ཞིག་སྐྱེས།
འདི་ནི་སྐུ་ཞབས་དོན་གྲུབ་རྒྱལ་གྱི་རང་མོས་སྙན་རྩོམ་ལེགས་ཤོས་ཞིག་ཡིན་ལ། ༡༩༨༠ དཀྱིལ་ཙམ་ལ་ཁོང་གི་སྙན་རྩོམ་འདི་པར་སྐྲུན་མ་བྱས་གོང་། ངའི་སློབ་གཉེར་བྱེད་སའི་མཚོ་སྔོན་མི་རིགས་སློབ་གྲ་ཆེན་མོའི་བོད་རིགས་སློབ་མ་ཁག་ཅིག་གི་ལག་ཏུ་སྙན་རྩོམ་འདིའི་མ་ཡིག་ལག་བྲིས་ཞིག་རག་ཡོད་པ་དེ། ང་ཚོས་ཕར་བཤུ་ཚུར་བཤུ་བྱས་ནས་སློབ་མ་མང་པོ་ཞིག་གིས་སྙན་རྩོམ་འདི་བློ་ངོར་ཀློག་ཐུབ་ཀྱིན་ཡོད། སྙན་རྩོམ་གྱེར་འདོན་འདིར་ཉན་སྐབས། སྐུ་ཞབས་དོན་གྲུབ་རྒྱལ་དགོངས་པ་མ་རྫོགས་པའི་ཟླ་ཁ་ཤས་སྔོན་༡༩༨༥ ལོའི་དབྱར་ཁར། ཁོང་མཚོ་སྔོན་མི་རིགས་སློབ་གྲ་ཆེན་མོའི་ནང་ཕེབས་ནས ང་ཚོའི་འཛིན་གྲའི་དེང་རབས་རྩོམ་རིག་དགེ་རྒན་སངས་རྒྱས་རིན་ཆེན་གྱི་ཚབ་བྱས་ནས་དོན་གྲུབ་རྒྱལ་གྱིས་ལག་གཡས་བར་ས་སྨྱུག་བསྐོར་ཅིང་།ལག་གཡོན་པའི་མཛུབ་གུ་གཉིས་ཀྱི་བར་ཐ་མ་ཞིག་བཟུང་ནས་སློབ་ཁྲིད་ཐེངས་གཅིག་བྱས་བའི་རྣམ་པ་དེ་ཡང་མིག་ལམ་དུ་འཁོར་ལ། ༼ང་ཚོ་བོད་མི་རིགས་ནི་གངས་སེང་གངས་དུ་འགྲེང་དང་འདྲ་ལ། བོད་ཀྱི་རྩོམ་རིག་ནི་ཁྱུང་ཆེན་མཁའ་ལ་འཕུར་བ་མཚུངས།༽ཞེས་སློབ་ཁྲིད་འགོ་འཛུགས་པའི་སྐད་གདངས་དེའང་རྣ་ལམ་དུ་འཁོར། སྐུ་ཞབས་དོན་གྲུབ་རྒྱལ་དགུང་ལོ་སོ་གཉིས་སྟེང་གྲོངས་པ་རེད་ཡ།
འབྲེལ་ཡོད་གནས་ཚུལ།
སྐུ་ཞབས་དོན་འགྲུབ་རྒྱལ་དང་ཁོང་གི་བརྩམས་ཆོས།
བོད་ཀྱི་དེང་རབས་རྩོམ་རིགས་ཟེར་བ་འདི་ཅི་ཞིག་ཡིན་ནམ་།རྩ་བ་ཉིད་ནས་ཧ་གོ་གིན་མི་འདུག།
ད་ལྟ་རྩོམ་པ་པོ་ཟེར་བ་དག་ཆང་གིས་བཟི་ནས་།ཉིན་མཚན་དབྱེ་བ་མ་ཤེས་བ་འགའ་རུ་ཆགས་འདུག་།ང་ཚོས་ཁོ་ཚོ་ལ་མིག་དཔེ་བལྟ་དགོས་བའི་རྒྱུ་མཚན་ཞིག་མི་འདུག་ག་།
དེང་སང་སྙན་ངག་པ་ཡིན་ཟེར་མཁན་དེ་ཚོ་ར་བཟི་ནས་སྙན་ངག་ཐར་ཐོར་བྲིས་པ་དེ་ཚོ་སྙན་ངག་ཚོར་བས་བཟི་ཚུལ་བརྗོད་ཀྱི་ཡོད་མ་རེད་དམ། ངོ་མ་ཁྱད་མཚར་རེད།
སྐུ་ཞབས་དོན་འགྲུབ་རྒྱལ་ལ་གུས་འདུད་ཞུ། ཁོང་ནི་སྙིང་སྟོབས་ཅན་གྱི་བོད་མི་ཞིག་རེད།
དེང་རབས་ཀྱི་རང་མོས་སྙན་ངག་གསར་གཏོད་མཛང་པ་པོ་རིག་པའི་ཁྱུ་མཆོག་དཔལ་དོན་གྲུབ་རྒྱལ་ནི་སྐུ་ན་ཕྲ་བའི་སྐབས་སུ་སྐུ་གཤེགས་སོང་བ་དེ་ལ་ང་ཚོའི་ངོར་ནས་བཤད་ན་བློ་ཕམ་ཆེས་ཤོས་དང་གྱོང་གུད་ཆེན་པོ་ཞིག་ཏུ་ཆགས་ཡོད།
དེད་སང་བོད་ཕྱི་ནང་གཉིས་ནས་བསམ་བློ་དང་སྙིང་སྟོབས་གསར་བརྗེ་ཡི་བསམ་བློའི་ཆ་ནས་ཁོང་དང་དོ་མཉམ་པའི་མཁས་པ་ཞིག་ད་ལྟ་བ་ལ་མཐོང་བ་མིའདུག་ལ་མ་འོངས་པ་ལའང་མཐོང་བ་ཁག་པོ་རེད།
ལང་ཚོ་རྦབ་ཆུ་དང་།
རྐང་ལམ་ཕྲ་མོ།
འདི་ནའང་དྲག་ཏུ་མཆོང་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་འདུག
འདི་གསུམ་པོ་ནི་ཆེས་དགའ་བའི་སྙན་རྩོམ་གསུམ་ཡིན་ལ། དེ་སྔོན་ཞིག་ལ་ཉིན་རེར་ཐེངས་རེ་མ་བཀླགས་ན་ཟས་ཐུན་གཅིག་མ་རག་པ་ལྟ་བུའི་སྣང་བ་ཡོད།
རེད་ལགས་།ང་ཚོ་གདོང་ལེན་རུ་ཁག་པ་རྣམས་ཀྱིས་ཉིན་རེར་ལང་ཚོ་རྦབ་ཆུ་དབྱངས་རུ་གྱེར་ནས་མ་བཏོན་ན་།དེང་རབས་གསར་བའི་མི་ཡིན་པ་ག་ལ་ཤེས་།
དེང་རབས་བོད་ཀྱི་རྩོམ་རིགས་ཟེར་བ་འདི་ལ་ཅི་ཞིག་ལ་ངོས་འཛིན་བྱ་དགོས་རེད་དམ་།རྙིང་བ་འགོག་པའི་རྩོམ་བཤིས་ཤིག་གམ་།རྙིང་བ་གཏོར་བའི་གསར་བརྗེ་དམག་གི་བསྟོད་གླུ་ཞིག་རེད་དམ་།བསམ་བློ་གཏོང་རྒྱུ་མང་པོ་འདུག་།
ངས་ཉིན་ཞིག་ལ་།ལྗང་བུས་བྲིས་བའི་ལྷ་ས་ཟླ་བ་ཟེར་བའི་རྩོམ་སྐད་གྲགས་ཅན་དེ་ཁྱེར་ནས་།དགེ་བཤེས་རིག་པའི་གནས་ལྔ་ལ་མཁས་བ་ཞིག་ལ་བསྟན་པ་ཡིན་།དགེ་བཤེས་དེས་བཤད་རྒྱུར་།”ག་རེ་ལབ་གིན་འདུག་།རྩ་བ་ཉིད་ནས་ཧ་གོ་གིན་མི་འདུག”ཟེར་བྱུང་།
སྐད་ཆ་འདིས་ང་ལ་མདང་རྒྱག་རྒྱུ་མང་པོ་ཤིག་སྤྲད་བྱུང་།དཔེར་ན་།དབྱིན་ཇིའི་སྙན་རྩོམ་ཤིག་དབྱིན་ཇིའི་དགེ་རྒན་ཆེན་པོ་ཞིག་གིས་ནང་དོན་ཧ་མ་གོ་ན་།སུས་སྐྱོན་རེད་དམ་།འབྲི་མཁན་ནམ་ཀློག་མཁན་དེའི་སྐྱོན་རེད་།
དཀོན་མཆོག་མཁྱེན་ལང་ཚོའི་རྦབ་ཆུ་ལ་བྲོ་བ་ཡོད།
བོང་རྫི་ལགས། གོང་གི་རིག་པའི་གནས་ལྔ་ལ་མཁས་པ་དེ་ལ་ལང་ཚོའི་རྦབ་ཆུ་ཅི་འདྲ་རེད་ཅེས་དྲིས་རོགས། དེ་ལ་གོ་རྒྱུ་མིན་འདུག་གསུངས་ན། ཡང་ན་ཁོང་འཇིག་རྟེན་འདི་སྣང་ལ་ཞེན་པ་གཏིང་ནས་ལོག་མཁན་མི་ལ་རས་པ་ལྟ་བུ་ཞིག་རེད། ཡང་ན་ཅི་ཡང་མི་ཤེས་པའི་གླེན་པ་ཤེས་མདོག་བྱེད་མཁན་ཞིག་རེད།
དེ་གཉིས་ལས་འགྲོ་ས་སོར་གང་མེད།
ངའི་ངོས་ནས་རང་མོས་སྙན་རྩོམ་ཟེར་བ་དེ་ལང་ཚོའི་རྦབ་ཆུ་ལྟ་བུ་ཞིག་ལ་ངོས་བཟུང་ནས་རིན་ཐང་ཅན་ལ་ལྟ་གི་ཡོད། དེང་སང་གི་རང་མོས་སྙན་རྩོམ་ཟེར་མཁན་མང་པོ་ཞིག་ངས་ཀྱང་གོ་གི་མིན་འདུག
བོང་རྫི་ལགས།རིག་པའི་གནས་ལྔར་མཁས་པའི་དགེ་བྷབཤེས་ཀྱིས་ཧ་མ་གོ་བའི་ལང་ཚོའི་རྦབ་ཆུ་དེ་ཁྱེད་རང་གིས་ཧ་གོ་སོང་བ་དེ་དངོས་གནས་ཡ་མཚན་པ་ཞིག་རེད་འདུག།
གོང་གི་ངོ་སྤྲོད་བྱེད་མཁན་ནས་དོན་འགྲུབ་རྒྱ་ངོ་སྤྲོད་བྱས་པ་ལྟར་ན། “ཁོང་མཚོ་སྔོན་མི་རིགས་སློབ་གྲ་ཆེན་མོའི་ནང་ཕེབས་ནས ང་ཚོའི་འཛིན་གྲའི་དེང་རབས་རྩོམ་རིག་དགེ་རྒན་སངས་རྒྱས་རིན་ཆེན་གྱི་ཚབ་བྱས་ནས་དོན་གྲུབ་རྒྱལ་གྱིས་ལག་གཡས་བར་ས་སྨྱུག་བསྐོར་ཅིང་།ལག་གཡོན་པའི་མཛུབ་གུ་གཉིས་ཀྱི་བར་ཐ་མ་ཞིག་བཟུང་ནས་སློབ་ཁྲིད་ཐེངས་གཅིག་བྱས་བའི་རྣམ་པ་དེ་ཡང་མིག་ལམ་དུ་འཁོར་ལ།” ཟེར་འདུག ངོ་ནས་དེའི་སྐབས་ཀྱི་དགེ་རྒན་ཟེར་ན་འདི་ལྟ་བུ་ཡིན་ནམ། འཛིན་ཁང་ནང་ནས་དུ་བ་འཐེན་པ་འདི་ནི་རྒྱ་ནག་གི་དགེ་རྒན་གྱི་ཀུན་སྤྱོད་ཞིག་ཡིན་ནམ། ཡང་ན་གུང་ཁྲན་གྱི་དགེ་རྒན་རྣམས་ཀྱི་དགེ་རྒན་གྱི་ཀུན་སྤྱོད་ཞིག་ཡིན། ཡང་ན་ཁོ་རང་འཁོར་ཡུག་ལ་མ་རྟེན་པར་འདི་ལྟར་ཀུན་སྤྱོད་ངན་པ་སུ་གང་ལ་ཡང་བསྟུན་མི་དགོས་པ་ཞིག་ཡིན་ནམ། སློབ་མ་མང་པོ་འཕྲོ་བརླགས་འགྲོ་བ་འདི་འདྲའི་ཀུན་སྤྱོད་ལ་མིག་དཔེ་བལྟས་པ་ལོས་ཡིན། དུ་བ་འཐེན་པ། ཕ་མར་རྡུང་རྡེག་བྱེད་པ། སྤྱི་ཚོགས་ལ་ཁ་རྡུང་གཏོང་བ། འོན་ཀྱང་དོན་འགྲུབ་རྒྱ་ཡི་རྩོམ་ཡིག་ཁ་ཤས་ངོ་ནས་གསར་བརྗེའི་དོན་སྙིང་ལྡན། ང་ནི་ཁོང་གི་རྩོམ་ཡིག་༼བསྟོད་པ་བཀླག་པའི་འཆར་སྣང་།༽ཟེར་བ་དེར་དགའ་བོ་འདྲ་ཞིག་བྱུང་སོང་།
ད་དུང་འཛམ་བུ་གླིང་གི་ཡུལ་གྲུ་གང་ཞིག་ན་དགེ་རྒན་གྱིས་སློབ་མར་འཆད་ཁྲིད་སྐབས་སུ་ཐ་མག་འཐེན་པ་དང་ཆང་གི་ར་བཟི་ནས་འཆད་ཁྲིད་བྱེད་པའི་ལུགས་སྲོལ་ཡོད་དམ། ཁྱོད་ཚོས་ཤེས་པ་དག་འགོད་རོགས། ཆང་གི་ར་བཟི་ནས་འཛིན་ཁང་ནང་ཡོང་ནས་འཆད་ཁྲིད་བྱེད་པའི་སྐད་ཆ་དེ་ཆབ་ཆ་ལ་རེད་འདུག
ལྗང་བུ་ཡིན་ན་དེའི་རྩོམ་ཡིག་གོ་རྒྱུ་ཡོད་མེད་གང་ཤེས་མ་གཏོགས། ཀློག་སྤྲོ་བོ་ཞིག་རྩ་ནས་མ་རེད། དོན་འགྲུབ་རྒྱ་ཡི་རྩོམ་ཡིག་མང་ཆེ་ཤོས་ཀློག་སྤྲོ་བོ་ཡོད་པ་རེད། ལྷག་པར་དུ་སྒྲུང་གཏམ་དེའི་རིགས་ངོ་ནས་ཚིག་སྤྱོར་སྙིང་རྗེ་བོ་འདུག བསྟོད་པ་ཀླག་པའི་འཆར་སྣང་ལ་ང་ལ་གོ་རྒྱུ་ཞིག་སྤྲད་པ་ནི། ཨ་མདོའི་ཕྱོགས་ཀྱི་བླ་མའི་རྣམ་ཐར་འབྲི་སྟངས་ལ་རེད། བླ་མའི་རྣམ་ཐར་ཚང་མ་གཅིག་པ་འདྲ་བོ་ཞིག་ཡོད་པ་རེད། ཐོག་མར་གླེང་སློང་བའི་ནང་དུ་བླ་མ་དེའི་སྐུ་ཕྲེང་སྔ་མ་དེད་ནས་སངས་རྒྱས་ཤཀྱྰ་ཐུབ་པའི་འཁོར་ཞིག་ལ་དེད། དེ་ནས་མར་དེད་ནས་རྒྱན་དྲུག་མཆོག་གཉིས་དང་། གྲུབ་ཆེན་བརྒྱད་ཅུ། དེ་ནས་བོད་ལ་དེད་ནས་རྗེས་འབངས་ཉེར་ལྔ་གང་རུང་། དེ་ལྟར་མར་དེད་ཡོང་གི་རེད།
དབུས་གཙང་ཕྱོགས་ཀྱི་རྣམ་ཐར་འབྲི་སྟངས་མ་འདྲ་བ་ཞིག་འདུག དཔེར་ན་མི་ལ་རས་པའི་རྣམ་ཐར། མཁའ་འགྲོ་བ་འགྲོ་བ་བཟང་མོ། མཁའ་འགྲོ་མ་སྣང་ས་འོད་འབུམ། ཆོས་རྒྱལ་ནོར་བཟང་། འབྲུག་པ་ཀུན་ལེགས། མ་ཅིག་ལབ་སྒྲོན་སོགས་ཀྱི་རྣམ་ཐར་དེ་ཚོ་གློག་ཡོང་དུས། ངོ་ནས་སེམས་ལ་ཆོས་ཕྱོགས་ནས་བཤད་པའི་ངེས་འབྱུང་མ་སྐྱེ་ནས་ཡང་། འཁོར་བ་ལ་སྐྱོ་ལྷང་ལྷང་ཞིག་བཟོ་རྒྱུ་རེད།
འོ་དགོངས་དག ཨ་མདོ་ཕྱོགས་ཀྱི་རྣམ་ཐར་ལས་རོང་བོ་སྐལ་ལྡན་རྒྱ་མཚོའི་མགུར་མ་དེ་མ་འདྲ་བ་ཞིག་འདུག ད་དུང་ཀོའུ་བ་ཆོས་རྒྱ་མཚོའི་མགུར་མ་ཡང་དེ་བཞིན་མ་འདྲ་བ་ཞིག་རེད།
གཞོན་ནུ་ཟླ་མེད་ལགས། ཁྱེད་ཀྱིས་ཞབས་དཀར་ཚོགས་དྲུག་རང་གྲོལ་དང་། ཤར་སྐལ་ལྡན་རྒྱ་མཚོ་སོགས་ཀྱི་རྣམ་ཐར་འཇལ་ཨེ་མྱོང་། དེ་ཚོའི་སྣང་ས་འོད་འབུམ་སོགས་ཀྱི་རྣམ་ཐར་གྱི་རྗེས་ཆོད་ཀྱི་མི་འདུག་གམ།
དེང་རབས་ཀྱི་རང་མོས་སྙན་ངག་གསར་གཏོད་མཛད་པ་པོ་དོན་གྲུབ་རྒྱལ་མ་རེད། ཨ་རི་བ་ཝེ་ཐི་མན་ཟེར་བ་སྤྱི་ལོ་༡༨༨༥ ལོར་ཡིན་ཡོད། གསལ་བོ་མི་དྲན་གི བོད་ཀྱི་དེང་རབས་རྩོམ་རིག་གམ་ཡང་ན་རང་མོས་སྙན་ངག་འདི་འབྲི་སྲོལ་དོན་གྲུབ་རྒྱལ་ནས་དར་མགོ་བཙུགས་པ་ཞིག་ཡིན་པས་མང་པོས་བཤད། དེ་ཡང་ལ་ཤོས་ཀྱིས་ཁས་མི་ལེན་ཏེ། ཏུན་ཧོང་ཡི་གེ་ལས་ཚིག་འགའ་རེ་འདྲེན་པ་ཡང་ཡོད། གང་ལྟར་ང་ནི་དོན་གྲུབ་རྒྱལ་གྱི་སྐབས་དེའི་བསམ་བློ་དང་རིག་སྟོབས་ལ་དངོས་གནས་ཧ་ཅཾལས་ཤིང་ཧོར་ཐོར་གི ལོ་ཉི་ཤུ་རྩ་གྲངས་ཅན་གྱི་གསར་བུ་ལོ་ཆུང་ཞིག་དང་། ཡང་སྐབས་དེར་ནི་བོད་ཟེར་བ་འདི་དང་། མཁས་པ་རྒན་པ་ཚང་མའང་དགུན་གྱི་ཁུ་བྱུང་གི་རྟུལ་ཞུགས་ལ་རོལ་བའི་སྐབས་དེར། མི་རགས་ཀྱི་ལ་རྒྱ་དང་། མ་འོངས་པའི་རེ་བ་ཟེར་བའི་ཚིག་འདི་དག་ངག་ནས་གྱེར་བཞིན་ཡི་གེར་བྲིས། རྩོད་པ་བྱས། སེམས་ལ་ན་ཟུག་བསླངས་པས་ཆང་འཐུང་། དུ་བ་འཐེན། མཐར་ཆང་གིས་འཁྱེར་སོང་བ་མིན་ནམ།
གཞོན་ནུ་ཟླ་མེད་ལགས། ཀོའུ་བ་ཆོས་རྒྱ་མཚོའི་མགུར་མ་དེ་གང་ནས་མཇལ་ཐུབ། ཁྱོད་ལ་ཡོད་དམ། ངས་གཅིག་མཇལ་ན་འདོད་ལས་མི་བ་གི་ཡ།
དྲ་གྲོགས་ཚོ་བདེ་མོ་ཡིན་ནམ།
གཞོན་ནུ་ཟླ་མེད་ལགས།
ཁྱེད་གྱིས་གསུང་པ་བདེན། འཛིན་ཁང་ནང་དུ་བ་འཐེན་པ་དེ་དགེ་རྒན་གྱི་ཀུན་སྤྱོད་ཡག་པོ་ཞིག་རེད།
༡༩༨༠ ནང་སློབ་གྲའི་དགེ་རྒན་གྱི་དུ་བ་འཐེན་བཞིན་སློབ་ཁྲིད་བྱེད་པ་ནི་ཆེས་རྒྱུན་ལྡན་མིན་ནའང། རྒྱུན་ལྡན་ཅིག་ཡིན། དེ་བས་དོན་གྲུབ་རྒྱལ་གྱིས་ཁོར་ཡུག་ལ་མ་བསྟུན་པ་མ་ཡིན་པར། སྐབས་དེའི་ཁོར་ཡུག་དེ་འདྲ་ཞིག་རེད།
གཞོན་ནུ་ཟླ་མེད་ལགས། ཀོའུ་བ་ཆོས་རྒྱ་མཚོའི་མགུར་མ་ངས་ཀྱང་མཇལ་ན་འདོད་ནས་མི་བ་གི་ཡ། གང་ན་ཡོད་ཀི།
དོན་གྲུབ་རྒྱལ་གྱི་རྩོམ་དེ་ཚོ་རང་མོས་སྙན་ངག་གསར་བ་ཅང་མ་རེད། དེ་ནི་ཐེན་ཨིན་མེན་གྱི་སྙན་ངག་སྟེ་རིག་གནས་གསར་བརྗེ་སྙན་དག་དཔར་ལོགས་བརྒྱབས་ནས་བོད་ལ་སྤེལ་བ་རེད། དཔེར་ན། ལང་ཚོའི་རྦབ་ཆུ་དོན་གྲུབ་དབང་འབུམ་དང་དོན་གྲུབ་རྒྱལ་གཉིས་ཀྱིས་རྒྱ་ཡིག་ཐོག་བྲིས་ནས་བོད་ཡིག་ལ་བསྒྱུར་བ་རེད། དོན་གྲུབ་དབང་འབུམ་ལོ་ྒཅིག་གི་སྔོན་ཨ་རི་ལ་ཡོང་ནས་༧་གོང་ས་མཆོག་དང་ཕྱི་སྡོད་བོད་པ་རྣམས་ཁ་བྲལ་བ་ཡིན་ཚུལ་སོགས་བཤད་ནས་རྒྱ་མིའི་རྒྱུགས་ཁྱི་གནང་བ་རེད། དོན་གྲུབ་རྒྱལ་ཡང་ཡོད་ན་དེ་དང་འདྲ་བ་ཡིན་རྒྱུ་རེད་དམ།
བློ་གྲོས་མཐའ་ཡས། ངས་གོང་དུ་བྲིས་པའི་རོང་བོ་སྐལ་ལྡན་རྒྱ་མཚོ་ཟེར་བ་དེ་ཁྱོད་ཀྱི་ཤར་སྐལ་ལྡན་རྒྱ་མཚོ་དང་གཅིག་པ་རེད། དེ་ངས་གོང་དུ་ཞུས་པ་ལྟར་ཅུང་ཟད་མ་འདྲ་བ་ཞིག་རེད། འོན་ཀྱང་ཞལ་དཀར་བའི་རྣམ་ཐར་དེ་ཀློག་ཡོད་བསམ་མོད་དྲན་ངོ་ན་མི་འདུག ཞལ་དཀར་བའི་གསུང་ལས་ལྟ་བ་མཁའ་ལྡིང་གཤོག་རླབས་ཟེར་བ་ཞིག་ཀློག་མྱོང་།
xxxxxxx
ཧཧཧ བཟོད་རྒྱམ། ཁྱོས་ཤེས་རྒྱུ་མ་རེད། ཀོའུ་བ་ཆོས་རྒྱ་མཚོའི་མི་རྟག་ཉམས་མགུར་དེ། སྡེ་བ་ཚོ་བ་ནང་ནས་མི་ཤི་སྐབས། ཡི་གེ་ཤེས་མཁན། སྐད་བཟང་པོ་ཡོད་མཁན་ཞིག་གིས། མ་ནི་ཉིས་སྐུལ་དང་སུམ་སྐུལ་བཞི་སྐུལ་བྱས་ན། སེམས་རྡོ་ཞིག་ལས་གྲུབ་ན་ཡང་ཨ་མའི་དྲིན་ལན་དྲན་ནས་མིག་ཆུ་ཤོར་རྒྱུ་རེད། དེ་ད་སྡེ་བ་ཚོ་བའི་རྒད་པོ་རྒད་མོ་ཚང་མའི་ངག་ཐོག་ནས་བློར་སྐྱོར་རྒྱུ་ཡོད་ནི་རེད་ཀོ ཡིན་ན་ཡང་ངས་ཁྱོད་ལ་འདི་ནས་བཤད་ནི་མ་རེད། ཧཧཧཧ རྩ་ནས་བཤད་ནི་མ་རེད། ཧཧཧཧ
མེ་ཏོག་དཀར་པོ་ལགས་།
ཁོང་ནི་ང་ལ་སྙན་ངག་ཁྲིད་མཁན་གྱི་དགེ་བའི་བཤེས་གཉེན་ཞིག་རེད་།གོང་དུ་བཤད་པ་བཞིན་།རིག་པའི་གནས་ལྔ་ཀུན་ལའང་མཁས་བ་ཆེན་པོ་ཞིག་རེད་།མ་མཐའ་འང་མི་ཚེ་གཅིག་པོ་རིག་གཞུང་ཐམས་ཅད་བོད་ཡིག་གི་ཐོག་ནས་སྤྱང་བསྡད་པ་ཞིག་རེད་འདུག་།
མི་དེ་འདྲ་ཞིག་གིས་ལྗང་བུ་དང་།དོན་རྒྱལ་སོགས་ཀྱི་རྩོམ་གྱི་ནང་དོན་མ་གོ་ན།ཁོ་ཚོ་བླུན་དྲགས་པ་ཡིན་ནམ་།ཡང་ན་དེང་རབས་ཀྱི་རྩོམ་པ་པོ་འདི་དག་གི་རྩོམ་དག་གཏིང་ཟབ་དྲགས་པ་ཡིན་ནམ།་འདི་གཉིས་ལ་གཞི་མཐུན་ཞིག་རྩ་བ་ཉིད་ནས་མི་འདུག་།འདི་ལྟ་བུ་བསམ་བློ་ཞིག་འཁོར་ཡོང་གིན་མི་འདུག་གམ་།
འོ་རེད་ལགས་།ལང་ཚོའི་རྦབ་ཆུ་ཐད་ནས་ཀྱང་སྐད་ཆ་བྱུང་།ཁོང་གིས་འདི་འདྲ་བ་ཞིག་གསུང་སོང་།
དམར་སྲུང་དམག་དག་གིས་དགག་རྒྱག་ཚོགས་འདུ་ནང་གི་མོའི་སྙན་ངག་དབྱངས་སུ་གྱེར་ནས་།འདོན་པ་འདྲ་བ་འགའ་ཞིག་འདུག་ཅེས་གསུང་སོང་།དེ་འདྲ་ཞིག་མ་རེད་དམ་།
གཞོན་ནུ་ཟླ་མེད་།
ང་ཆུང་དུས་ནས་རྣམ་ཐར་དེ་ཚོ་ཀློག་པ་ལ་།ཤིན་དུ་ནས་དགའ་བོ་ཡོད་།ལྷག་པར་ཏུ་རང་རྣམ་དེ་ཚོ་ཀློག་ཡོང་དུས་།ཡ་མཚར་བ་རེ་སྐྱེས་ཡོང་གིན་འདུག་།དཔེར་ན་སུམ་པའི་རང་རྣམ་དང་།རྒྱལ་དབང་ལྔ་བའི་རང་རྣམ་ལྟ་བུ་རེད་།དེང་དུས་ཀྱི་མི་ཁ་ཅིག་གིས་།ལྔ་བ་ཆེན་པོའི་རྣམ་ཐར་ནི་རྩིས་ཐོ་ཞིག་རེད་ཅེས་བརྗོད་པ་འདུག་མོད་།དེའི་ནང་གི་ཚིག་རེ་རེ་ལ་ཀློག་དང་།དེའི་ནང་དུ་མི་ཤིག་གིས་མི་ཚེ་ལོ་རྒྱུས་མེད་པ་ཞིག་མི་འདུག་།འབུལ་བའི་་ནོར་རྫས་སྐོར་གཅིག་པོ་ནས་ཤོད་དང་།ས་ཕྱོགས་མི་གཅིག་པ་ཚང་མས་་ནོར་རྫས་མི་འདྲ་བ་།དུས་མི་གཅིག་པ་ལ་ནོར་རྫས་མི་འདྲ་བ་ཕུལ་འདུག་པས་།དེའི་རིན་ཐང་གཅིག་པོའང་གཞལ་དུ་བྲལ།
ཀུན་མཁྱེན་འཇིགས་མེད་མཛད་པའི་རྣམ་ཐར་རྣམས་ནི་ཧ་ལས་བའི་ཞིབ་ཕྲ་དང་།སྙན་པོ་འདུག་།
ཐུའུ་བཀན་གྱི་ལྕང་སྐྱའི་རྣམ་ཐར་ཡང་ཤིན་ཏུ་ནས་ཡག་པོ་འདུག་།དེ་བཞིན་ཅོ་ནེ་བླ་མ་དཀར་པོས་ཞིན་ཅང་ནས་དམག་དཔོན་བྱས་ནས་མི་སྟོང་ཕྲག་བསད་པའི་་རྣམ་ཐར་ཡང་ཁྱད་མཚར་བོ་ཤིག་འདུག་།
ཟླ་མེད་ཁྱོད་ཀྱིས་དེ་ལྟར་བཤད་ན་ངའི་བློ་ངོར་ཡང་རབ་རིབ་ཅིག་དྲན་ཡོང་གི ད་དུང་གཅིག་ཐང་ན་ང་ལ་ཀོའུ་བ་ཆོས་རྒྱ་མཚོའི་ཕ་མའི་དྲིན་བཟོ་ཟེར་བའི་མགུར་མ་དེ་ཡོད་ནའང་ཐང་། ད་ངས་རྩིས་འཁོར་ནང་དུ་འཚོལ་གྱི་ཡིན། སྔ་ལོར་ངའི་ཨ་ཁུས་ཀོའུ་བའི་འཁྲུངས་རབ་སགསོལ་འདེབས་དེ་དང་མཉམ་དུ་གཅིག་བསྐུར་ཡོང་ཡོད་སྙམ།
བོད་པ་ལགས་ཀྱིས་གསུང་བ་དེ་བཞིན་རེད་།
ད་ནི་བོད་ཀྱི་དེང་རབས་ཀྱི་རྩོམ་རིགས་ཟེར་བ་འདིའི་སྐོར་ལ་ཞིབ་དཔྱད་བྱ་བའི་དུས་སུ་སླེབས་།བདག་གིས་ཀྱང་ཡིག་ཆ་འགའ་འཚོལ་སྒྲུབ་བྱ་བཞིན་ཡོད་།ཧ་ལས་བ་འགའ་རྙེད་བྱུང་།
དུག་ཡན་འདི་རྒྱ་ནག་ནས་བོད་དུ་མཆེད་།བོད་ནས་བཙན་བྱོལ་དེ་མཆེད་།ད་དུང་ཡིན་མདོག་མདོག་གིས་སྐད་ཆ་མང་པོ་བཤད་རྒྱུ་འདུག་།ད་ནི་དག་སེལ་བྱེད་པའི་དུས་སུ་བབས་།
ཉེན་ཁ་ཆེ་བ་ཞིག་ནི་།བོད་ཀྱི་དེང་རབས་རྩོམ་པ་པོ་འདི་དག་གིས་རིགས་པ་ཟེར་བ་དང་།དབྱིན་ཇིའི་logic ཟེར་བ་ཞིག་ཁས་ལེན་གིན་མི་འདུག་།ཁོ་ཚོ་ལ་སེམས་ཀྱི་བཤིས་རྒྱུན་ཕྲ་མོ་ཡ་མཚར་བ་ཞིག་ཡོད་པ་རེད་།ཐོག་མར་ཁ་ནས་མི་ཤོངས་བའི་སྐད་ཆ་ཆེན་པོ་འགའ་བཤད་།ཡིན་མདོག་མདོག་བྱ་གིན་རེད་།དེ་ནས་མི་ཞིག་གིས་དེ་ལ་ཚུལ་བཞིན་དུ་ལན་བཏབ་ནསརྩོད་པ་རྒྱབ་ཡོང་དུས་།མ་གོ་ཁུལ་ལམ་།མ་ཤེས་ཁུལ་།ཡང་ན་ཆབ་སྲིད་ཀྱི་སྐད་ཆ་སྟེ།་སྐད་ཆ་བཤད་ཆོག་མིན་དང་།རྩོད་པ་རྒྱབ་ཆོག་མི་བཤད་དེ་ཁ་འགོག་ཐུབས་བྱ་གིན་རེད་།དེ་འདྲ་བའི་སེམས་ཀྱི་བཤིས་རྒྱུན་དེ་ཡང་གླེང་བར་བྱ།
ཞིབ་དཔྱོད་བྱོས་དང་།དེ་འདྲ་མ་རེད་དམ་།
དཔལ་ལྡན་རྒྱལ། ༼འཛིན་ཁང་ནང་དུ་བ་འཐེན་པ་དེ་དགེ་རྒན་གྱི་ཀུན་སྤྱོད་ཡག་པོ་ཞིག་རེད།༽ འདི་འདྲ་རེད་དམ། ཁྱོད་རང་གི་བྱིས་པའི་མདུན་ལ་ཅིག་གིས་ག་དུས་ཡིན་ན་ཡང་དུ་བ་འཐེན་པ་དང་ཆང་འཐུང་ནས། བྱིས་པ་ལ་ཀུན་སྤྱོད་དེ་འགོས་བཅུག་ན། ཡང་ན་བྱིས་པར་གློ་ནད་བྱུང་བཅུག་ན་དེ་ནས་ཁྱོད་ཀྱིས་དེ་ནི་ཀུན་སྤྱོད་ཡག་པོ་ཡིན་པར་ངོས་འཛིན་ཞུས་འེ་ཡོང་།
དེ་མིན་ང་ཡང་སྐབས་དེའི་ཡར་མར་ལ་སློབ་གྲྭ་རྩ་ནས་སོང་མ་མྱོང་བ་ཞིག་མིན། དགེ་རྒན་དེ་སྙེད་བརྗེས་བོ་རྒྱབ་ན་ཡང་། འཛིན་ཁང་ནང་ནས་ཐ་མག་འཐེན་པ་རྩ་ནས་མེད། ང་ཚོ་སློབ་མའི་ནང་ན་རིན་ཆེན་དོན་འགྲུབ་ཟེར་བ་ཞིག་ཡོད། ཁོང་གིས་ཡུལ་ནས་སྒོ་ང་རྐུ་མ་རྒྱབ་ནས་དུ་བ་ཉོས་ནས་འཐེན་གི་རེད། འོན་ཀྱང་འཛིན་ཁང་ལ་མ་རེད། གལ་ཏེ་འཛིན་ཁང་ལ་མ་རབས་བྱས་ན། སྐད་རྒྱག་མཁན་སྐོར་ཞིག་ཡོད། དེ་ཚོས་ཞྭོ་ཀྲང་སྐད་བཏང་ཡོང་གི་རེད། ཞྭོ་ཀྲང་གིས་དགེ་རྒན་དང་སློབ་མ་ཡོངས་སུ་རྫོགས་པའི་ཀུན་སྤྱོད་ལ་ཐེ་གཏོགས་བྱེད་ཀྱི་རེད། དེ་འདྲ་འེ་རེད།
ཕ་ཡུལ་ནས་འཛིན་ཁང་ནང་ནས་དུ་བ་འཐེན་མི་འཐེན་ངས་མི་ཤེས། ༩༠ གོ་གྲངས་ནང་ལ་སྦིར་སུ་ཇ་བོད་ཁྱིམ་སློབ་གྲྭར་བོད་ནས་གསར་དུ་འབྱོར་བའི་ད་ཞོ་ཧྲིན་ཡིན་ཟེར་མཁན་ཚོས་འཛིན་ཁང་ནང་ནས་དགེ་རྒན་གྱིས་སློབ་ཁྲིད་བྱེད་སྐབས་དུ་བ་འཐེན་བཞིན་སློབ་ཚན་ལ་ཡང་ཡག་པོ་ཞིག་མི་ཉན་པའི་སྐོར་བཤད་མཁན་མང་པོ་འདུག འཛིན་ཁང་ནང་དུ་དུ་བ་འཐེན་མི་འཐེན་དེ་རྩོད་རྒྱུ་ཞིག་འདུག་གམ།
གོང་གི་བོང་རྫི་ནས་བཤད་པ་དེ་ཡག་པོ་ཞིག་བྱུང་། སྤྱིར་བཏང་བཤད་པ་ཡིན་ན་ལོ་རྒྱུས་དང་རྣམ་ཐར་འབྲི་སྟངས་མི་འདྲ་ཟེར་བཞིན་ཡོད་པ་རེད། དེ་བས་ན་རྣམ་ཐར་བྲིས་ནས་དེ་ལོ་རྒྱུས་ངོ་བོ་ལྟ་བུར་སོང་ན། ཡང་ན་རྩིས་ཁྲ་ལྟ་བུར་སོང་ན། ཁ་ཤས་ངོ་ནས་ཁྲལ་བསྡུ་ལས་ཁུངས་ཀྱི་རྩིས་ཐོ་ལྟ་བུ་ཡང་ཡོད་པ་རེད་པ། དེ་ཚོ་ལ་བསྟོད་པ་ཀླག་པའི་འཆར་སྣང་དེ་རྨ་ཐོག་མེ་བཙའ་སོང་འདུག་བསམ། འོན་ཀྱང་གོང་དུ་དྲང་པ་ལྟར་རྣམ་ཐར་མང་པོ་ཞིག་དེ་འདྲ་མ་རེད།
ཨ་ཨ བོད་པ་ལགས་ཀྱིས་འཇིགས་སྐུལ་བྱས་ན་ཞེད་སྣང་སྐྱེས་ཡོང་གི། ཀུ་རེ་ཡིན།
བོད་པ་ལགས། ཁྱེད་ནི་བོད་མི་ས་ཡ་མང་པོའི་ནང་གི་གཅིག་ཡིན་པའི་རེ་བ་ཡོད། ཁྱེད་ཀྱིས་ངས་རྫུན་བཤད་འདུག་ཟེར་བ་ནི་ཆེད་མངགས་རྙོག་གླེང་གི་ཚིག་གཅིག་རེད། སྔོན་ཆད་ཁྱེད་ཀྱིས་ངའི་ནོར་འཁྲུལ་ཅིག་ལ་ནོར་བཅོས་དང། ངས་མ་ཤེས་བ་ཞིག་ཤེས་སུ་བཅུག་ཡོད་ན་ཐུགས་རྗེ་ཆེ། གང་ཡིན་ངས་མི་ཤེས། ད་ཐེངས་ངས་ལོ་ཉེར་ལྔའི་སྔོན་གྱི་གནས་ཚུལ་ཞིག་དྲན་ཐོར་བཀོད་འདིའི་ནང། དྲན་འཛིན་དུ་མ་གསལ་བར་ནོར་བ་རེ་ཡོད་བཟོ་བཅོས་གནང་བར་དགའ་བསུ་ཡོད། དེ་མིན་ཁྱེད་ཀྱིས་ངས་རྫུན་བཤད་འདུག་ཟེར་ནས་རྙོག་གླེང་བ་ཡིན་ནའང་མགོ་བོ་སྒུར་ནས་འདུག་རྒྱུ་ཡིན།
གཞོན་ནུ་ཟླ་མེད་ལགས།
༼འཛིན་ཁང་ནང་དུ་བ་འཐེན་པ་དེ་དགེ་རྒན་གྱི་ཀུན་སྤྱོད་ཡག་པོ་ཞིག་རེད།༽ ཚིག་དུམ་འདིའི་ནང་མ་ཞིག་ཆད་འདུག ༼འཛིན་ཁང་ནང་དུ་བ་འཐེན་པ་དེ་དགེ་རྒན་གྱི་ཀུན་སྤྱོད་ཡག་པོ་ཞིག་མ་རེད། རེད། ངའི་སེམས་སུ་ཁྱེད་ནི་ཚིག་དུམ་འདིའི་ནང་མ་ཡིག་ཞིག་ཆད་ཡོད་པ་མི་ཤེས་མཁན་ཅིག་མ་རེད་བསམ་ཡོད།
འོ་རེད། ཏྰ་ཞོ་དེ་ཚོས་འཛིན་ཁང་ནས་དུ་བ་འཐེན་པ་དང་ཆང་འཐུང་གི་ཡོད་ཚོད། ཏྰ་ཞོ་དེ་ཚོ་ལ་གང་ལ་སོང་ན་ཡང་མ་འདྲ་བ་ཞིག་བྱས་ཡ་འདུག འབྲས་སྤུངས་ལ་ཏྰ་ཞོ་ཞོག་སླེབས་ནས་ཚོགས་གི་གྲས་གདན་ཐོག་ནས་འཚོགས་སྐབས་སུ། སྐྱིལ་ཀྲུང་མ་བྱས་པར་རྐང་པ་བསྐྱངས་ནས་བསྡད་པ་དགེ་བསྐོས་ཀྱིས་རྒྱུགས་པས་རྐང་པའི་སྟེང་དུ་ཚ་ཐག་ཆོད་ཅིག་བཞུས་པས། རྐང་པ་དེ་བརྐུམ་ཐུབ་པར་གྱུར། དེ་ནས་བཟུང་ཁོང་གི་རྐང་པ་བརྐུམ་ནས་བཞུགས་ཐུབ་ཀྱི་འདུག
འོ་ཡ་དཔལ་ལྡན་རྒྱལ་ལགས། གསལ་བཤད་གནང་བ་ཐུགས་རྗེ་ཆེ། ད་མགོ་ཚོས་ཐ།
དཔལ་ལྡན་རྒྱལ་ལགས།
xxxxxxxxx
སྔོན་མ་ཞིག་ལ་ཁྱེད་ཀྱིས་དུང་དཀར་ཚང་གི་ཆོས་སྲིད་ཟུང་གི་དཔེ་ཆ་ལོ་རབས་བདུན་ཅུའི་ནང་པར་ཡོད་ཚུལ་བཤད་ནས་ངས་ལོ་རབས་བརྒྱད་ཅུའི་མགོར་དཔར་བ་རེད་ཞེས་བཤད་མྱོང། དེ་ནས་ཁྱེད་ཀྱིས་ཁོ་ནོར་འདུག་ཟེར།
དེ་རིང་གི་འདི་ཁྱེད་ཀྱིས་བྲིས་ནོར་རེད་དམ་། ངས་གོ་ནོར་་ཐེབས་་པ་རེད་དམ།
ཁྱེད་ནས་་་་་་་་༡༩༨༠ དཀྱིལ་ཙམ་ལ་ཁོང་གི་སྙན་རྩོམ་འདི་པར་སྐྲུན་མ་བྱས་གོང་། ཟེར་བ་འདིའི་དོན་ནི་བརྒྱད་ཅུ་ཐམས་པ་ལོའི་ལོ་དཀྱིལ་ལ་གོ་དགོས་པ་ཨེ་རེད། ཡིན་ན་ནི་རྩོམ་དེའི་མཇུག་ན་_ སྤྱི་ལོ་85 ཟླ་7 ཚེས་21ལ། ཞེས་བྲིས་འདུག་པས་ཁྱེད་ཀྱིས་བཤད་པའི་ལོ་དེའི་ལོ་ལྔའི་རྗེས་ལ་བྲིས་པ་རེད།
འདི་ནའང་དྲག་ཏུ་མཆོངས་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་འདུག་་་་ཟེར་བའི་རྩོམ་འདིའི་ནང་་་་
ཡིན་ན་ཡང་།
བསམ་བློ་གསར་བ་ཞིག་དང།
ལྟ་བ་གསར་པ་ཞིག་
འདོད་ཚུལ་གསར་པ་ཞིག
ལུགས་སྲོལ་གསར་པ་ཞིག _
སྤྱི་ཚོགས་རིང་ལུགས་ཀྱི་གངས་ལྗོངས་སུ་གདན་འདྲེན་རྒྱུ་ནི།
བསེ་རུའི་ར་དང་།
རུས་སྦལ་གྱི་སྤུ།
མཁའ་ཡི་པད་མོ། སོགས་ཡིན་ཚུལ་བཤད་པ་འདི་ནི་མའོ་ཙེ་ཏུང་གི་རིག་གསར་སྐབས་ཀྱི་རྙིང་བཞི་རྩ་གཏོར་བྱེད་དགོས་ཟེར་བའི་བམས་བློ་རྙིང་པ། རིག་གནས་རྙིང་པ་དང་། ལུགས་སྲོལ་རྙིང་པ་(གཅིག་མི་ཤེས་གི་)རྩ་གཏོར་བྱས་ནས་་དེའི་འཚབ་ལ་འཛུགས་རྒྱུའི་གསར་བ་བཞི་དེ་དག་རེད་དམ།
རྒྱ་ནག་ནང་༡༩༧༩་ནས་བཟུང་མང་གཙོའི་ལས་འགུལ་བྱུང་ཡོད་ནའང་དོན་གྲུབ་རྒྱལ་གྱི་མ་འོངས་པའི་གངས་ལྗོངས་ནི་སྤྱི་ཚོགས་རིང་ལུགས་ཀྱི་གངས་ལྗོངས་ཞིག་རེད། ཁོས་མང་གཙོ་ཟེར་བའི་ཚིག་དེ་རྣ་ཡང་གོ་མ་མྱོང་བ་འདྲ།
དོན་འགྲུབ་རྒྱལ་གྱི་ལང་ཚོའི་རྦབ་ཆུ་བྲིས་པས་བོད་མི་ནད་པ་མང་པོ་ཞིག་ཉལ་ས་ནང་ནས་བསླངས་པ་རེད། དེའི་སྐབས། ད་རུང་བོད་མི་རིགས་ཟེར་ནས་གླེང་རྒྱུའི་སྤོབས་པ་ཡོད་མཁན་མང་པོ་ཞིག་ཡོད་པ་མ་རེད་འདོད། དཔའ་བོ་ཁ་ཤས་རེ་ལོས་ཀྱང་ཡོད།
ངས་འདི་ལྟར་བསམ་གྱི་ཡོད། དོན་འགྲུབ་རྒྱལ་གྱི་ཚིག་རྒྱན་དེ་ཚོར་སྙན་ངག་མེ་ལོང་མའི་ཤུགས་རྐྱེན་ཡོད་པ་མཐོང་ཐུབ་ལ། གསར་བརྗེའི་ཁ་གཡང་གི་ཤུགས་རྐྱེན་ཡང་ཏན་ཏན་ཡོད་གི་བསམ།
ལང་ཚོའི་རྦབ་ཆུའི་ནང་དོན་དེ། བོད་ཀྱི་གཞོན་ནུ་ཚོར་རང་མི་རིགས་ཀྱི་རིག་གཞུང་གཅེས་འཛིན་བྱ་རྒྱུར་རེ་སྐུལ་ཞིག་གནང་བ་རེད། རྩོམ་གྱི་རྣམ་པ་ལ། ་་ཡར་ལོངས། འཁྱག་ལྟོགས་ཀྱིས་མནར་བའི་བྲན་གཡོག་ཚོ།་་ ཟེར་བ་ལྟ་བུ་དང་། ་་མདུན་སྐྱོད། མི་རིགས་སོ་སོའི་དཔའ་བོའི་མི་མང་རྣམས། མདུན་དུ་སྐྱོད་་ ཟེར་བའི་བཟོ་འདྲ་འདུག
ད་རུང་ཚིག་གི་སྒྱུ་རྩལ་གྱི་ཆ་ནས། དོན་གཅིག་ལ་དཔེ་དུ་མ་སྐྱར་རྡབ་ཀྱིས་གསལ་ཁ་བཏོད་ཡོད་པ་དེས་ལྷག་ཏུའང་སྙན་པོ་ཞིག་ཏུ་ཚོར་ལ་སྐུལ་སློང་གི་ནུས་པ་ཤུགས་ཆེར་མངོན།
ད་ལྟ་ད་རུང་དོན་འགྲུབ་རྒྱལ་ཚང་བཞུགས་ཡོད་ན། ཁོང་གི་གྲོགས་པོ་དོན་འགྲུབ་དབང་འབུམ་དང་བོད་ཀྱི་ལས་བྱེད་པ་ཕལ་ཆེ་བ་ཞིག་ནང་བཞིན་རྒྱ་མིའི་ཇི་གསུང་བཀའ་སྒྲུབ་བྱེད་མཁན་ཞིག་མིན་པ་དེ། དེའི་སྐབས་ཀྱི་ཁོང་གི་སྐུ་གཤིས་དང་། བློ་སྤོབས། མི་རིགས་ཀྱི་ལར་ཞེན་གྱིས་ཐག་བཅད་ཚར་ཡོད་པ་རེད་འདོད། གཅིག་བྱས་ན། བཙོན་ཁང་ནང་ལྷག་བསྡད་ཡོད་རྒྱུ་རེད་སྙམ།
གོང་དུ་བོང་རྒན་ཡིན་ནམ་བོང་རྫི་ཟེར་བ་ཞིག་ནས། ་་ཉེན་ཁ་ཆེ་བ་ཞིག་ནི་།བོད་ཀྱི་དེང་རབས་རྩོམ་པ་པོ་འདི་དག་གིས་རིགས་པ་ཟེར་བ་དང་།དབྱིན་ཇིའི་logic ཟེར་བ་ཞིག་ཁས་ལེན་གིན་མི་འདུག་།་་ཟེར་བ་དེ་ནི། བྱིས་པའི་ལབ་བརྡོལ་ལྟ་བུ་ཞིག་ལས་མ་འདས། དེའི་ནང་གི་ཆེས་རྒྱུ་མཚན་དང་མི་ལྡན་པའི་སྐད་ཆ་ནི། ཕྱི་ནང་དུ་ཡོད་པའི་རྒྱ་བོད་དབྱིན་གསུམ་གྱིས་འབྲི་བའི་རྩོམ་པ་པོ་ཚང་མ་གདན་གྲལ་གཅིག་ཏུ་བཞག་པ་དེ་རེད། འདི་འདྲའི་སྐད་ཆ་ལྐུགས་པ་བཤད་ན་མཚམས་རེར་ཁེར་རྒོད་རེ་ཡང་ཤོར་འགྲོ་གི
ཡིན་ནའང་། ་་ཞིབ་དཔྱད་་ བྱེད་རན་ཟེར་བ་དེ་ལ་དགའ་བོ་བྱུང་ཡང་། ་་ཁོང་ཚོ་་ ཟེར་ནས་རང་བཞིན་དང་གཤིས་ཀ་མི་གཅིག་པའི་མི་མང་པོ་ཞིག་མི་གཅིག་བཟོས་འདྲ་བ་འདི་ཞིབ་དཔྱད་ཅིག་ཡིན་ས་མི་འགྲོ་གི ད་སྐད་ཆ་སྦོམ་བཤད་མ་བྱེད། རང་གི་གཤིས་ཀར་སྐད་ཆ་བཤད་མ་འཇུག གནས་ལུགས་དང་རྒྱུ་མཚན་ལ་སྐད་ཆ་ཤོད་ཆུག
དཀོན་མཆོག་གསུམ། མཚམས་རེར་མི་ལ་ལར་གཟའ་འདྲ་བོ་ཟིག་རྒྱག་རྒྱུ་འདུག རྒྱ་མཚན་ཆུང་ངུ་རེ་ལ་འཇུས་ནས་འུད་ཆེན་པོ་བཤད་ཡོང་ན་ང་སྡོད་ཐུབ་ཀྱི་མི་འདུག
སྤྱི་ཚོགས་རིང་ལུགས་ཀྱི་གངས་ལྗོངས་སུ། གདན་འདྲེན་བྱེད་མི་ཐུབ་པའི་ལྟ་བ་སོགས་གསར་པ་དེ་དག་འདང་ཞིག་རྒྱོབས་དང་ཤེས་གི་རེད། སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཤིག་ནང་ཆེས་གདན་འདྲེན་བྱེད་དཀའ་བ་དེ་ག་རེ་རེད།
ང་ཕ་ཡུལ་དུ་ཡོད་དུས་།སྐད་ཆ་འདྲ་མིན་གྱི་ཐད་ལ་རྩོད་པ་མང་པོ་བརྒྱབ་མྱོང་བ་མ་ཟད།ཕན་ཚུན་ལ་བླུན་པོ་ཞེས་བོས་མྱོང་།དེ་ནས་ཉི་མ་གཅིག་ལ་དགེ་བཤེས་ཤིག་གིས་ཕྲན་ལ་།བླུན་པོའི་མཚན་ཉིད་ཇི་ལྟར་མཇོག་ཅེས་དྲིས་སོང་།ལན་ཅི་ཡང་འདེབས་རྒྱུ་མ་བྱུང་བར་།དོན་མེད་དུ་ངོ་ལ་མཛུམ་ཤིག་ལངས་ཏེ་བསྡད་པ་ཡིན་།དེ་ནས་ཁོང་གིས་”མི་གང་ཞིག་དོན་མེད་དུ་དགོད་པ་བླུན་པོའི་མཚན་ཉིད་”ཅེས་གསུང་བྱུང་།དུས་སྐབས་དེ་ལ་སྐད་ཆ་དེར་དོ་སྣང་ཆེན་པོ་མ་བྱུང་།ཡིན་ནའང་ནུབ་དུ་སླེབས་ནས་།ནུབ་ཀྱི་སེམས་ཁམས་རིག་པའི་སྐོར་ལ་སློབ་གཉེར་བྱས་དུས་།གཞུང་ལུགས་དེ་ཚོ་ནང་དུའང་མི་གང་ཞིག་དོན་མེད་དུ་དགོད་གིན་ཡོད་པ་དེ་ཚོ།སེམས་ཁམས་མི་དངས་བའི་མཚན་ཉིད་ལྟ་བུ་ཤིག་ཏུ་བཞག་འདུག།
འདི་ལས་འཕྲོས་ཏེ་གླེང་བར་བྱ་བ་ནི་།་ “མཚམས་རེར་ཁེར་རྒོད་རེ་ཡང་”ཡོང་གིན་ཡོད་པའི་ཏང་དྲིན་ཡར་འཕེལ་ཞིག་གིས།འདི་ལྟར་”དོན་འགྲུབ་རྒྱལ་གྱི་ལང་ཚོའི་རྦབ་ཆུ་བྲིས་པས་བོད་མི་ནད་པ་མང་པོ་ཞིག་ཉལ་ས་ནང་ནས་བསླངས་པ་རེད།”བཤད་འདུག་།
སུ་ནད་པ་རེད་དམ་།སུ་ཉལ་བསྡད་ཡོད་པ་རེད་དམ་།་དེ་འདྲ་རེད་ཟེར་ནས་ཐག་གཅོད་མཁན་སུ་རེད་།
རེད་ལགས་།་སྐད་ཆ་དེ་འདྲ་རིག་གསར་གྱི་སྐད་ཆ་བསྡུར་ན་ཤིན་ཏུ་མཐུན་།དེ་མིན་འདི་ལྟ་བུ་སྡོམ་ཚིག་སུ་ཤིག་གིས་རྒྱག་ཕོད་།
ང་བརྒྱད་ལོ་ནས་བོད་མི་ཚང་མས་མེ་འདའ་རྒྱབ་ཏུ་ཁུར་།འུར་རྡོ་ལག་དུ་བཟུང་།སྐྱེ་ཕོ་མོ་ཡོངས་ཀྱིས་དམར་འཛིང་དྲག་པོ་བྱས་ནས་།མཐར་ས་ཡ་གཅིག་ཙམ་ཤི།སྟོང་ཕྲག་ཁ་ཤས་ཕྱི་རྒྱལ་ཏུ་འཁྱམས་།དེས་རྐྱེན་ཐ་ན་བོད་སྐད་བཤད་པའི་རང་དབང་ཡང་འཕྲོག།དེ་དག་ནད་པ་རེད་དམ་།ཉལ་བསྡད་པ་རེད་དམ།
དོན་བརྒྱད་ལོ་ནས་དུས་སྐབས་ཙམ་ལ་་།ཆོས་ལུགས་དད་མོས་རང་དབང་ཅུང་ཙམ་དང་།བོད་ཀྱི་སྐད་ཡིག་ཅུང་ཙམ་སྤྱོང་བའི་གོ་སྐབས་བྱུང་དུས་།བོད་མི་རྣམས་ཀྱིས་དགོན་པ་བསྐྱར་ཏུ་བཞེངས་།བྱིས་བར་བོད་ཡིག་བསླབས་།བོད་ཀྱི་སྔོན་སྲོལ་གོམས་བཤིས་ཡག་པོ་རྣམས་སླར་གསོ་བྱ་སྐབས་སུ་།དོན་རྒྱལ་གཙོ་བའི་མི་ཁ་ཅིག་གིས་།སྲིད་གཞུང་གིས་ལས་ཁུངས་བེད་སྤྱོད་བཏང་།རིག་གནས་གསར་བ་ཡིན་ཞེས་རིག་གནས་གསར་བརྗེ་སྐབས་ཀྱི་རྙིང་གཏོར་ལྟ་བ་རྣམས་།བོད་ཡིག་ཏུ་བཀོལ་སྤྱོད་ཅི་ཐུབ་བྱས་ཏེ་།བོད་ཀྱི་བྱིས་བ་མང་པོ་ཤིག་གིས་སེམས་རབ་རིབ་ཏུ་བཏང་།བོད་ཀྱི་བྱིས་བ་ཚོས་བོད་ཀྱི་རྒྱུན་སྲོལ་ཡག་པོ་དེ་ཚོ་སློབ་པའི་གོ་སྐབས་རྩ་བ་ཉིད་ནས་འཕྲོག་ནས་།ད་ལྟ་ཡང་ནད་ཡམས་དེའི་མཇུག་སྐྱོང་མ་ཐུབ་པར་འདི་བཞིན་རེད་།དེའི་ཕྱིར་རིག་གཞུང་གི་ཐད་ནས་འདི་ལས་ལྷག་པའི་ཉེས་བ་ཆེན་པོ་ཤིག་མེད་།
ཁྱོད་ཚོས་བོད་ཀྱི་རིག་གཞུང་ཡོངས་རྫོགས་”སྲོལ་རྒྱུན་”རིག་གནས་ཟེར་བ་ཞིག་གི་ནང་བཅུག་ནས་།འགྲེལ་བཤད་རྒྱབ་ཆོག་ན་།དེང་དུས་དེང་རབས་ཀྱི་རྩོམ་པ་པོ་ཡིན་ཟེར་བ་དག་་”་གདན་གྲལ་གཅིག་ཏུ་བཞག་”་ན་ཅི་ལ་མི་ཆོག་།
རེད་།རིགས་པ་ཁས་ལེན་ན་།རིགས་པའི་ལམ་ནས་རྩོད་།མི་ལ་དུད་འགྲོའི་མིང་མ་འདོགས་།ཕྱི་ནང་རིགས་པའི་གཞུང་ལུགས་དང་།བདེན་པ་དཔང་དུ་བཞག་ནས་རྩོད་།རྩོད་རྒྱུའི་སྙིང་སྟོབས་ཡོད་དམ་།ག་འདྲ་ཞིག་ཡིན་པ་སེམས་ལ་ཁྲིག་གེ་འདུག་།
ཧུ་ཧུ་ཧུ། ད་ཐེངས་ཧ་ཧ་ཧ་ཟེར་ནས་དགོད་ཤོར་མ་སོང་། རྒྱུ་མཚན་མེད་པར་དགོད་ཤོར་མཁན་ཞིག་ཡོད་པ་མ་རེད། རྒྱུ་མཚན་མེད་པར་དགོད་ཤོར་མཁན་ཟེར་བ་དེ་མིའི་སེམས་ཁམས་མ་ཤེས་པའི་སྐད་ཆ་ཞིག་རེད། དེ་ནི་ཕལ་ཆེར་སེམས་ཁམས་རིག་པ་བ་ཞིག་གི་སྐད་ཆ་མིན་ཁོ་ཐག་རེད། དགེ་བཤེས་དེ་ལ་ཅི་ཁག
རིག་གསར་གྱིས་མི་རིགས་ཚང་མར་བཙིརགནོན་བཏང་ནས་ལུས་སེམས་གཉིས་ཀ་ནད་པ་ལྟ་བུ་ཞིག་ཏུ་བཟོས་ཏེཉལ་སའི་ནང་གཡུགས་པ་རེད། མི་རིགས་ཀྱི་མིང་ཙམ་ཡང་གླེང་སློང་ཕོད་ཀྱི་ཡོད་པ་མ་རེད། དེ་ལ་ནད་པ་ཟེར་མཁན་དང་ཉལ་སའི་ནང་གཡུགས་པ་རེད་ངས་ཟེར་གྱི་ཡོད། གནས་སྟངས་དེ་འདྲ་ཞིག་གི་སྐབས། དོན་རྒྱལ་གྱིས་མགོ་བོ་ཡར་ལ་བཀྱགས་ནས། མགྲིན་པ་གཟེངས་སུ་བསྟོད་ནས་མི་རིགས་ཀྱི་ཆེད་དུ་སྐད་ཆ་བཤད་ཡོང་བ་རེད། དེ་ལ་མི་རིགས་ཀྱི་དཔའ་བོ་ཟེར་ཆོག་སྙམ།
ཕྱི་ལོགས་སུ་བོད་སྐད་བཤད་མཁན་གྱི་རང་དབང་འཕྲོག་མཁན་ཞིག་ཁྱེད་ཀྱིས་མིག་སྟོང་དུ་སྤྲུལ་ནས་བཙལ་ཀྱང་རྙེད་རེ་སྐན། དེ་ཁོར་ཡུག་གི་རྐྱེན་རེད། དང་པོར་རང་དབང་ཟེར་བའི་གོ་དོན་དེ་ཡག་པོར་ཤེས་པ་གྱིས།
དོན་བརྒྱད་ལོ་ནས་དགོན་པ་སྐྱར་བཞེངས་བྱས་ཟེར་བ་འདི་ང་ལ་མཚོན་ན་སྐད་ཆ་གསར་པ་ཞིག་རེད། བདེན་ན་ཐང་། ཡང་སྐྱར་ཞིབ་ཚགས་ཀྱིས་ལྟ་གི་ཡིན། དོན་བརྒྱད་ལོར་དགོན་པ་གང་གང་སྐྱར་བཞེངས་བྱས་པ་རེད་ཅིག་གསུངས་དང་།
་དོན་རྒྱལ་གཙོ་བའི་མི་ཁ་ཅིག་གིས་།སྲིད་གཞུང་གིས་ལས་ཁུངས་བེད་སྤྱོད་བཏང་།རིག་གནས་གསར་བ་ཡིན་ཞེས་རིག་གནས་གསར་བརྗེ་སྐབས་ཀྱི་རྙིང་གཏོར་ལྟ་བ་རྣམས་།བོད་ཡིག་ཏུ་བཀོལ་སྤྱོད་ཅི་ཐུབ་བྱས་ཏེ་།བོད་ཀྱི་བྱིས་བ་མང་པོ་ཤིག་གིས་སེམས་རབ་རིབ་ཏུ་བཏང་།་་ ཟེར་བ་ནི་ཤིན་ཏུ་མི་བདེན་པའི་གཏམ་ཞིག་རེད། ཁྱེད་ལ་སུ་ཞིག་གིས་དངུལ་སྤྲད་ནས་དོན་རྒྱལ་གྱི་ལོ་རྒྱུས་རྫུན་བཟོ་བྱོས་ཟེར་གི་མེད་པའི་རེ་བ་ཡོད།
དོན་རྒྱལ་གྱིས་གཞོན་ནུ་ཚོར་བཅངས་པའི་རེ་བ་གཙོ་བོ་ནི། ་་སྒྲ་རིག་པའི་རལ་གྲི་ལ་ངར་་ ལྡུད་མཁན་དང་། ་་བཟོ་རིག་པའི་ཆུ་གྲི་ལ་རྣོ་་ འཇོག་མཁན། ་་གསོ་རིག་པའི་ལྗོན་པ་་ རྒྱས་འཇུག་མཁན། ་་ཚད་མའི་མེ་ཏོག་དང་ནང་རིག་འབྲས་བུ་སྨིན་་ འཇུག་མཁན་ཞིག་ཏུ་རེ་ཡོད་པ་མ་ཟད།
དོན་རྒྱལ། སྙན་ངག་གི་རྟ་མཆོགསྐོམ་པས་གདུངས་ན་ཇི་ལྟར་བྱ་དགོན་མིན་ལ་གདུང་སེམས་ཆེ།
དོན་རྒྱལ། སྡེབ་སྦྱོར་གྱི་གླང་ཆེན་ཚ་བས་གཙེས་ན་ཇི་ལྟར་བྱ་བར་སེམས་ངལ་ལྕི།
དོན་རྒྱལ། མངོན་བརྗོད་ཀྱི་ང་རྒྱལ་དྲེགས་པས་གཟིར་ན་ཇི་ལྟར་བྱ་བར་སེམས་གཡེང་ཆེ།
དོན་རྒྱལ། ཟློས་གར་གྱི་བུ་ཆུང་དྭ་ཕྲུག་ལུས་ན་ཇི་ལྟར་སྐྱོང་བར་བསམ་གཞིགས་མང་།
དོན་རྒྱལ། སྐར་རྩིས་ཀྱི་ཕ་ཤུལ་སྟོང་པར་ལུས་ན་འཕྲེང་སེམས་འདུག
དོན་རྒྱལ། ཚན་རིག་གི་གཞོན་ནུ་མག་པར་ལེན་པར་བྲེལ་བ་འདུག
དོན་རྒྱལ། ལག་རྩལ་གྱི་བུ་མོ་བག་མར་བསུ་ན་ཁྱོ་བོ་སུ་ཡིས་བྱེད་པར་གཞུག་འདང་ཟབ།
དོན་རྒྱལ། རྙིང་ཞེན། བག་འཁུམས། རྨོངས་དད། ལེ་ལོ་་་་་་རྗེས་ལུས། ཀླ་ཀློ། མུན་ནག ལོག་སྤྱོད་ལ་མི་དགའ།
་་ཡིད་དུ་འོང་བའི་ལོ་རྒྱུས་ཀྱི་བྱུང་བ་དང་། སྙིང་དུ་སྡུག་པའི་བཀའ་བསྟན་གྱི་མཛེས་མ། བརྗེད་པར་དཀའ་བའི་ཤེས་བྱ་ཡི་བང་མཛོད། ཅི་འདྲའི་མང་པོ་ཞིག་ཡོད་པ་་ དེས་དོན་རྒྱལ་ལ་བློ་སྤོབས་བསྩལ་མི་འདུག་གམ།
ཡིན་ནའང་། དོན་རྒྱལ་གྱི་རེ་བ་གཙོ་བོ་ཞིག ་་རྙེད་པར་དཀའ་བའི་ལོ་རྒྱུས་ཀྱི་བེམ་པོའི་ལུས་པོ་ལ། དུས་དང་མཐུན་པའི་སྲོག་གི་དབང་པོ་་ ཞུགས་དགོས་པ་དེ་རེད།
དོན་རྒྱལ་ནི། ཤར་དུ་བསྡད་ན་ཤར་རླུང་གིས་བཀྱག ནུབ་ཏུ་བསྡད་ན་ནུབ་རླུང་གིས་འགྱོགས་མཁན་ཞིག་རྩ་ནས་རེད་མི་འདུག རང་ལ་རང་གི་སྒལ་ཚིགས་ཡོད་མཁན་ཞིག་རེད་འདུག
ངའི་བསམ་པའི་བརྩེ་དུངས་ཀྱི་རྩིག་ལྡེབས་ངོས་སུ་ལོ་ཟླའི་རླུང་འཚུབ་ཀྱིས་བསུབ་མི་ཐུབ་ཅིང་དུས་ཀྱི་ཆར་ཆུ་ཡིས་འཇིགས་མི་ནུས་པ་ནི་ང་ཚོའི་སྡེ་འདབས་ཀྱི་རྐང་ལམ་ཕྲ་མོ་དེ་རེད།
རྐང་ལམ་ཕྲ་མོ་ཞེས་པའི་སྙན་རྩོམ་འདི་དམའ་འབྲིང་སྐབས་སུ་བློར་འཛིན་བྱས་པ་ད་དུང་དྲན།
ཚིག་སྦྱོར་བདེ་བས་བློ་ལའང་འཛིན་སྡུག་ཅིག་མེད།
ཁོང་སྐོར་གྱི་གནས་ཚུལ་རེ་གོ་ཐུབ་པ་དགའ་ཡོད་མོད།
བྲེ་མོའི་གཏམ་དང་ཟག་འབྲུའི་གཏམ་སོགས་རེ་ཞིག་བསྐྱུང་ན་ལེགས་པར་མཐོང་།
མ་གཞི་རང་གང་ནས་འཚར་ན་འཚར་ས་དེའི་ཁོར་ཡུག་གི་ཤུགས་རྐྱེན་ཡོད་པ་དེ་རྩོད་མི་དགོས་པ་ཞིག་རེད། སྤྱི་ཚོགས་རིང་ལུགས་ཀྱི་ཁོར་ཡུག་ནས་སྐྱེས་པ་ཞིག་ཡིན་ཕྱིར་དེའི་ཁོར་ཡུག་གི་ཤན་ཞུགས་ལོས་ཡོད།
ང་ཨ་མའི་བུ་ཡིན་པས་ཨ་མའི་གཤིས་ཀ་ཡོད་ལ་ཨ་ཕའི་བུ་ཡིན་པས་ཨ་ཕའི་གཤིས་ཀའང་ཡོད། འབྲོག་པ་ཡིན་པས་འབྲོག་པའི་གཤིས་ཀའང་ཡོད།
ངས་རྩོད་རྒྱག་སྐབས། འབྲོག་པས་ཅ་ལག་འཇོག་སྟངས་ལྟར་གང་བྱུང་མང་བྱུང་མིན་པར་འབྲོག་པས་རྩམ་པ་རྫི་སྟངས་ཀྱི་ཐབས་ལམ་བེད་སྤྱོད་ཀྱི་ཡོད། དཀར་ཡོལ་ནང་ཇ་བླུགས། ཇ་ནང་མར་འཕངས། དེའི་ཐོག་རྩམ་པ་བླུགས། དེའི་ཐོག་ཕྱུར་ར་བླུགས། རྫི་སྐབས་ཀྱང་མཐའ་ནས་བསྐོར་ཏེ་རྩམ་པ་ཅུང་ཟད་ཙམ་ཡང་ཕྱིར་མ་ཕོ་བར་བརྫི་གི་ཡོད།
ངས་དཔྱད་པ་ཞིག་བྱེད་སྐབས། འབྲོག་མོས་སྐྲ་ལྷས་སྟངས་དང་ཐག་འཐག་སྟངས། ཡང་ན་ཤ་ཡི་ལྷུ་ཕྲལ་སྟངས་ཀྱི་ཐབས་ལམ་དེ་ལེན་ཇི་ཐབས་བྱེད་གི་ཡོད།
ངས་སྙན་ངག་འབྲི་སྐབས། ལ་ཁའི་ལུག་རྫིའི་གླུ་ལེན་སྟངས་དང་གོ་ཁའི་རྒད་མོའི་གཏམ་བཤད་སྟངས་ཀྱི་ཐབས་ལམ་ཡང་ལེན་གྱི་ཡོད།
དགག་པ་དང་སུན་འབྱིན་གྱི་རིགས་ལ། འབྲོག་པས་མདུང་རྒྱག་སྟངས་དང་འུར་ཆ་འཕེན་སྟངས། མགོ་སྐོར་མགོ་ལ་བསྐོར་ནས་ཁྱི་རྫོགས་འཐེན་སྟངས་ནས་ལེགས་ཆ་ལེན་གྱི་ཡོད།
དེ་ང་ལ་ཁོར་ཡུག་གི་ཤན་ཞུགས་སྟངས་རེད།
ཁྱེད་རང་གི་མཆན་འདེབས་སྟངས་དེ་གཞན་ལ་བླ་བཙགས་སྟངས་ཀྱི་བཟོ་འདྲ་བོ་ཞིག་ཡིན་པས་འཁང་ར་མང་ན་འང་ས་ཆོད་ཆེ་གི་མ་རེད།
ཕྱག་གཉིས་པ་དང་དཔལ་ལྡན་རྒྱལ་སོགས་ལ་ཆེད་ཞུ། ཁྱེད་ཚོར་་དྲི་བ་ཁ་ཤས་ཡོད།
༡ སྙན་ངག་པ་ཡིད་དམ་ཚེ་རིང་དང་ལྗང་བུ་སོགས་ཀྱིས་བཤད་ན་་་ལང་ཚོའི་རྦབ་ཆུ་དོན་གྲུབ་དབང་འབུམ་དང་དོན་གྲུབ་རྒྱལ་གཉིས་ཀྱིས་རྒྱ་ཡིག་ནང་བརྩམས་ནས་བོད་ཡིག་ལ་བསྒྱུར་བ་རེད་ཟེར། དོན་ངོ་མ་སུས་བརྩམས་པ་རེད། དོན་གྲུབ་དབང་འབུམ་གྱིས་བརྩམས་རེད་དམ། དོན་གྲུབ་རྒྱལ་གྱིས་བརྩམས་པ་རེད། ཡང་ན་གཉིས་ཀས་བརྩམས་པ་རེད། དོན་གྲུབ་དབང་འབུམ་ཡོད་སྐབས་ཁོ་ལ་འདྲི་ཐུབ་ན་ཡག་པོ་འདུག་བསམ་གི
༢ ཁྱེད་ཚོས་ཐེ་ཨིན་མིན་སྙན་རྩོམ་ཟེར་བ་ཀློག་ཨེ་མྱོང་། ལང་ཚོའི་རྦབ་ཆུ་དེ་དཔར་ལོགས་བརྒྱབ་པ་ལྟ་བུ་རེད་ཟེར་བ་ནི་བདེན་པ་རེད་དམ། རྦབ་ཆུའི་ནང་གི་ལྟོས་དང་་་ཉོན་དང་ཟེར་བ་ནི་རྒྱ་ནག་པོའི་རྩོམ་ལྟངས་ཡིན་པ་ལས་ནུབ་ཕྱོགས་པའི་རང་དབང་སྙན་རྩོམ་ཟེར་བ་དེའི་རྩོམ་ལྟངས་གང་ན་འདུག་གམ།
ཕྱག་གཉིས་པ་ལགས། ཁྱེད་ནས་་་་་་་་་ཁོང་གི་གྲོགས་པོ་དོན་འགྲུབ་དབང་འབུམ་དང་བོད་ཀྱི་ལས་བྱེད་པ་ཕལ་ཆེ་བ་ཞིག་ནང་བཞིན་རྒྱ་མིའི་ཇི་གསུང་བཀའ་སྒྲུབ་བྱེད་མཁན་ཞིག་མིན་པ་དེ། དེའི་སྐབས་ཀྱི་ཁོང་གི་སྐུ་གཤིས་དང་། བློ་སྤོབས། མི་རིགས་ཀྱི་ལར་ཞེན་གྱིས་ཐག་བཅད་ཚར་ཡོད་པ་རེད་འདོད། གཅིག་བྱས་ན། བཙོན་ཁང་ནང་ལྷག་བསྡད་ཡོད་རྒྱུ་རེད་སྙམ། ཟེར་། དེ་འདྲ་ཡིན་ནི་ངས་དེང་སྐབས་དོན་རྒྱལ་གྱི་གསུང་འབུམ་པོད་པོ་ཟེར་བ་ཀློག་གིན་ཡོད། འདིའི་ནང་ན་རྩོམ་༢༠་འདུག རྩོམ་མང་ཆེ་བའི་ནང་རིག་གསར་གྱི་ལྟ་བ་དང་ཅན་བཞིའི་ལམ་ལ་འགྲོ་སོགས་གུང་བྲན་ཏང་ལ་བསྟོད་པ་བྱས་འདུག ད་དུང་རྩོམ་གཞན་པའི་ནང་བོད་དོན་སྟོང་བསམ་ཡིན་ཚུལ་དང་ཁ་བྲལ་ཚོ་ཟེར་ནས་རྒྱ་མའི་ཞབས་གཡོགས་པ་གནང་འདུག་པ་ལ་བསམ་ན་ཁོ་བཙོན་ཁང་ནང་ནས་བཞུགས་ཐུབ་ས་མ་རེད།
ཚིག་འདི་ཚོ་ངོ་ནས་རིག་གནས་གསར་བརྗེ་དང་། གྲལ་རིམ་འཐབ་རྩོད། དམར་སྲུང་དམག་མི་དག་གི་ཚིག་དང་འདྲ་སེ་འདུག ལྟོས་དང་། (རྙིང་ཞེན། བག་འཁུམས། རྨོངས་དད། ལེ་ལོ་་་་་་རྗེས་ལུས། ཀླ་ཀློ། མུན་ནག ལོག་སྤྱོད་ལ་མི་དགའ།) སྔོན་མ་ཡིན་ན་མི་དམངས་ཀུང་ཧྲེ་ནང་དུ་ཏ་ཧྭེ་༼ཚོགས་ཆེན་༽ ཚོགས་སྐབས་མང་པོ་གོ་ཉིན་རྒྱུན་གོ་རྒྱུ་ཡོད། དེ་དུས་འདི་ཚོ་སྙན་ངག་གི་ཚིག་ཟབ་བརླིང་ཞིག་ཡིན་པ་སུས་ཀྱང་ཡིད་ལ་ཤར་ཡོད་ཀྱི་མ་རེད། གང་ཡིན་ཟེར་ནས་ཉིན་མཚན་གཉིས་ཀར་རྒྱབ་ཤ་དམར་པོ་ཅན་གྱི་གསུང་རྩོམ་ན་རྔ་རྡུང་རྡུང་བྱེད་པ་དང་། རྣ་བ་སུན་ནས་བསྡད་ཡོད་པ་རེད། ༡༩༧༦ ལོར མོའོ་རྒད་པོ་ཤི་ལམ་དུ་སོང་བ་ནས་བཟུང་། མིང་འདི་ཚོ་གོ་རྒྱུ་མེད་པར་གྱུར། དེ་ནས་ལོ་ཤས་རྗེས་སུ་པེ་ཅིན་ནས་ཕེབས་པའི་གསར་བརྗེ་བ་དག་གི་རྩོམ་ཡིག་ན་སླར་ཡང་གོ་རྒྱུ་ཡོད་པར་གྱུར། དེ་ནས་སྙན་ངག་དང་ཟབ་བརླིང་ཅན་གྱི་ཚིག་ཏུ་ཁ་ཤས་ཀྱིས་བརྩི་བཞིན་ཡོད་པ་རེད། འོན་ཀྱང་བསམ་བློ་བཏང་ན་ཚིག་འདི་ཚོ་སུ་ཞིག་ལ་ཟེར་གི་ཡོད་ན་བསམ་པ་དྲན། སྔར་ཡིན་ན་དམར་སྲུང་དམག་སྟེ། བསམ་མེད་མགོ་སྟོང་ཚོ་ལ་འུར་འདྲོད་ཆེད་དུ་ཚིག་འདི་འདྲ་བེད་སྤྱོད་བཏང་ནས། སྡེ་བ་ཚོ་བའི་ནང་གི་རིན་ཐང་ཅན་ཡོད་ཚད་བཅོམ་ཆགས་སྐྱ་ཉིལ་སེ་གཏོང་བྱེད་བྱས་པ་རེད། དེའི་རྗེས་ནས་ཡང་ཚིག་དེ་བེད་སྤྱོད་བཏང་ནས་སྡེ་བ་ཚོ་བའི་ནང་གི་ལོ་ལོན་ཚོ་དང་ཅུང་ཟད་ས་ཞིང་ཞིང་ཁ་ཡོད་པ། སྒོ་ཕྱུགས་ཡོད་མཁན་ཚོ་ལ་རྡུང་འཕྲོག་བཅོམ་གསུམ་བྱེད་པར་བེད་སྤྱོད་བཏང་པ་རེད།
ལོ་རབས་བརྒྱད་ཅུའི་རྗེས་སུ་ཚིག་འདི་དག་ཟབ་བརླིང་ཅན་དུ་བཟོས་ནས་བེད་སྤྱོད་གཏོང་བཞིན་པ་སུ་ཞིག་ལ་བེད་སྤྱོད་བཏང་ནས། གང་ཞིག་བཅོམ་འདོད་པ་ཡིན་ན་སུས་ཤེས།
“རྒྱུ་མཚན་མེད་པར་དགོད་ཤོར་མཁན་ཟེར་བ་དེ་མིའི་སེམས་ཁམས་མ་ཤེས་པའི་སྐད་ཆ་ཞིག་རེད།”
འོ་སེམས་ཁམས་པ་ཤིག་གི་སྐད་ཆ་འདྲ་བཤད་ཀིན་འདུག། མིའོ་སེམས་ཁམས་ཟེར་བ་དེ་ག་འདྲ་ཞིག་ལ་ཟེར་བཞིན་ཡོད་།
ངས་ཁྱོད་ལ་སྒྲུང་ཞིག་བཤད་།ང་ཚོ་སྡེ་བ་དེ་ན་མི་འདི་འདྲ་ཞིག་ཡོད་།ཁོ་རང་གི་ཨ་མས་མི་ཚེ་ཤིག་ལ་ཁོ་གཉོར་སྐྱོང་བྱས་པ་རེད་།ཉིན་ཞིག་ཨ་མ་འདས་གྲོངས་སུ་གྱུར་བ་རེད་།ང་ཚོ་སྡེ་བས་ཁོའི་མ་གདུང་བསྲེགས་བྱས་དུས་།བདུན་མཆོད་ཀྱི་སྐབས་སུ་ཁོས་ཀ་ར་ཟ་རྒྱུ་འདུག་ཅེས་གླུ་བླངས་ནས་བསྡད་པ་རེད་།དེ་བཞིན་རིག་གསར་སྐབས་སུ་རྡོ་སྦིས་དགེ་བཤེས་ལ་འཐབ་རྩོད་བྱས་དུས་།ཚོགས་འདུ་སྟེང་ཡར་བླངས་དྲགས་རྐྱེན་པས་།གཅིན་ཤོར་བ་རེད་།དེ་དུས་ཡང་མི་འགའ་ཤས་དགད་པ་རེད་།ང་འདུག་སའི་ས་ཆ་འདི་རུ་མི་དེ་འདྲ་འགའ་ཤས་འདུག་།གཞན་དགོད་སར་མི་འགོད་།མི་དགོད་སར་དགོད་པ་འགའ་ཤས་འདུག་།་དེ་རྣམས་ལ་མི་རྣམས་ཀྱིས་བླུན་པོ་ཞེས་འདོགས་བཞིན་ཡོད་པ་རེད་།དེ་བཞིན་སེམས་ཁམས་ལ་ཞིབ་དཔྱད་བྱས་པ་དག་གིས་མི་འདི་ལ་Pseudobulbar affect་འམ་།ཡང་ན་neurologic disorders་ལས་བྱུང་བ་དང་།དེ་ནི་སེམས་དང་ཀླད་པའི་ནད་ཅིག་ཡིན་པར་འདོད།དེ་བས་དགོད་མི་དགོས་སར་དགོད་རྒྱུ་ཡོང་བ་དང་།དོན་མེད་པར་དགོད་པ་རྣམས་ནི་དགེ་བཤེས་དེས་གསུང་བ་ལྟར་།མི་དེ་ལ་ Pseudobulbar affect ནད་འདི་ཡོད་པ་དང་།བོད་སྐད་ཀྱི་སྟེང་ནས་བཤད་ནས་བླུན་་པོ་ཟེར་བ་དེ་རེད་།ཁྱོད་ཚོས་འདི་ཚོ་ནི་ཧ་གོ་གིན་མ་རེད་།
རེད་ལགས་།དོན་རྒྱལ་སོགས་རིག་གསར་གྱི་སྐབས་སུ་དམར་སྲུང་དམག་མི་བྱས་ཏེ་རྙིང་བ་གཏོར་བའི་ལས་འགུལ་དུ་ཞུགས་།དེའི་རྗེས་ཕྱི་ལོ་༡༩༧༨་ལོ་ལ་བཅོས་སྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་ཀྱི་མགོ་བརྩམས་ཏེ་།བོད་མི་རྣམས་ཀྱི་དགོན་པ་བསྐྱར་གསོ་དང་།སྡེ་བ་རེ་རེ་ནས་མ་ནི་འདོན་པ་དང་།བྱིས་བ་རྣམས་ལ་སྒྲོལ་མ་དང་།སྐྱབས་འགྲོ་སོགས་ཁ་བཏོན་བྱས་པ་དང་།དེ་བཞིན་སྔོན་སྲོལ་རྒན་པར་བརྩི་བཀུར་དང་།བྱམས་དང་སྙིང་རྗེ་སོགས་གལ་ཆེན་པོར་བརྩིས་ཏེ་བསྐྱར་ཏུ་དར་བའི་མགོ་ཚུགས་།དེ་བཞིན་མཁས་དབང་ཚེ་ཏན་ཞབས་དྲུང།དམུ་དགེ་ཚང་།དུང་དཀར་ཚང་།དེ་མིན་མཁས་བ་མང་པོ་ཤིག་གིས་རིག་གནས་ཇི་ཡོད་རྒྱུན་འཛིན་སྐབས་སུ་།་རྒྱ་གཞུང་གིས་དོན་རྒྱལ་སོགས་ལ་ཟླ་ཕོགས་ཞེས་མིང་དུ་བཏགས་ནས་”་དངུལ་སྤྲད་ནས”་སྤྱི་ཚོགས་རིང་ལུགས་ཀྱི་རྩོམ་རིགས་གསར་བ་བཟོ་རུ་བཅུག་།མཐར་ཁོ་ཚོས་རིག་གསར་སྐབས་ཀྱི་རྩོམ་ཁ་ཤས་བོད་ཡིག་གི་ལམ་ནས་བྲིས་ནས་།རྒྱ་གཞུང་གི་ཚགས་པ་དང་།དུས་དེབ་།རྒྱང་བསྒྲགས་སུ་རྒྱ་ཆེར་པོར་བཀྲམས་།བོད་ཀྱི་བྱིས་བ་རྣམས་ལོག་ལམ་དུ་ཁྲིད་།སྲིད་གཞུང་ལ་བརྟེན་ནས་བོད་ཀྱི་མཁས་བ་དག་གི་ཁ་འཕྲོག་།ཅི་ཤིག་ཤེས་ཁུལ་གྱི་བོད་ཀྱི་རིག་གཞུང་ཐམས་ཅད་ལ་”སྲོལ་རྒྱུན”་རིག་གནས་ཞེས་སླེ་བོ་གཅིག་གིས་བསྡུས་ཏེ་།དེ་དགོས་མིན་གྱི་དོགས་གཞི་བསླངས་།ཡ་རབས་དང་སྤྱོད་བཟང་སོགས་ཡེ་ནས་དོར་།འདི་དག་རིག་གཞུང་གི་ནག་ཉེས་ཞིག་མ་རེད་དམ་།
བསམ་བློ་ཞིག་ཐོངས་དང་།དུས་སྐབས་དེ་ལ་ང་ཚོའི་བྱིས་བ་རྣམས་ཀྱི་དངོས་གནས་དྲང་གནས་ཀྱི་ཚེ་ཏན་ཞབས་དྲུང་རིན་པོ་དང་།དུང་དཀར་།དམུ་དགེ་བསམ་གཏན་སོགས་ཀྱི་རྗེས་སུ་འབྲངས་ཏེ་།བོད་ཀྱི་རིག་གཞུང་དག་ལ་སློབ་གཉེར་ཡག་པོ་ཤིག་བྱས་ཡོད་རྒྱུ་ན།ད་ལྟ་ག་ཚོད་ཞིག་ལ་སླེབས་ཡོད་རྒྱུ་རེད་།ད་ལྟོས་དང་།ད་དུང་རིག་གསར་གྱི་སྐབས་ཀྱི་རྙིང་གཏོར་ལས་ཕར་འབུད་ཐུབ་ཀྱིན་མི་འདུག་།འདི་རིག་གཞུང་གི་ནག་ཉེས་མ་རེད་དམ་།་དོན་རྒྱལ་ཡོད་དུས་རྩོད་དོན་གཙོ་བོ་ནི་།སྲོལ་རྒྱུན་རིག་གནས་དང་།་སྤྱི་ཚོགས་རིང་ལུགས་གཉིས་ཀྱི་འགལ་ཟླ་ལས་རྩོད་གཞི་མེད་པ་མ་ཡིན་ནམ་།
རིག་གསར་སྐབས་ཀྱི་་འབོད་ཚིག་མ་སྒྲོག་།དོན་གྱི་སྙིང་བོ་རྩོད་།
༡ རྙིང་ཞེན། དང་ལོག་སྤྱོད་གཉིས་ནི་འབྱོར་མེད་གྲལ་རིམ་གྱི་གཉའ་བར་གནོན་པའི་རི་བོ་ཆེན་པོ་གསུམ་ཡིན་རྒྱུ་རེད། ༢ བག་འཁུམས། རྨོངས་དད། ལེ་ལོ་་་་་་རྗེས་ལུས། ཀླ་ཀློ། མུན་ནག བཅས་ནི་འབྱོར་མེད་གྲལ་རིམ་མ་ཐེ་བའི་བོད་མི་དམངས་ཡོངས་སུ་རྫོགས་པ་ཡིན་རྒྱུ་རེད། ཀུང་ཁྲན་ཏང་ཉི་མ་འདྲ་བོ་མ་ཤར་ན་ཆེས་མུ་ནག ཆེས་ཀླ་ཀློ ཆེས་རྗེས་ལུས། ཡིན་པ་ནི་བོད་མི་ཀུན་ལོས་ཡིན། དེ་འདྲ་འེ་རེད་ལགས། གོང་གི་མགོན་ཕྱག་གཉིས་པས་མིང་ཚིག་དེ་རྣམས་ཀྱི་མཚན་གཞི་ངོས་བཟུང་བྱོས་དང་།
ངས་ལོ་དུ་མའི་རིང་ལ་།བོད་ཡིག་གི་ལམ་ནས་བྲིས་བ་དང་།བསྒྱུར་བའི་དཔེ་དེབ་མང་པོ་བསྡུ་རུག་བྱས་ཏེ་རྗེས་མ་ཞིག་ལ་དྲ་རྒྱ་ཤིག་གི་ཐོག་བཏོན་པའི་རེ་བ་ཡོད་།དེ་དུས་ཁྱོད་ཚོས་ལྟོས་དང་།ངས་བཤད་བཞིན་པའི་སྐད་ཆ་ཚང་མ་ར་སྤྲོད་བྱ་ངེས་ཡིན་།
༡ དོན་འགྲུབ་དབང་འབུམ་ད་ལྟ་གསོན་པོ་རེད། དེ་ལ་དྲིས། འདི་སྐད་ཆ་གསར་པ་ཞིག་རེད།
༢ ལང་ཚོའི་རྦབ་ཆུ་ལ་རྒྱ་ནག་གི་རྒྱལ་གླུ་སོགས་ཀྱི་བཟོ་ལྟ་ཡོད་པ་ངས་བཤད་ཟིན། ནང་དོན་རྦད་དེ་ལོགས་ཀ་རེད། རྒྱལ་ཁབ་ཀྱི་དོན་དག་དེ་ཚོ་མི་རིགས་ཐོག་ཁྱེར་ཡོང་བ་རེདཞ།
༣ བོད་པ་ནས་དོན་རྒྱལ་གྱི་གསུངས་འབུམ་ཀློག་བཞིན་ཡོད་ན་མངོན་པར་བསྟོད་དོ། ཅན་བཞི་ཟེར་བ་ནི་བཟོ་ལས། རགྱལ་སྲུང་ཚན་རིག་ལག་རྩལ་སོགས་དེང་རབས་ཅན་དུ་བསྒྱུར་དགོས་པའི་སྐོར་ཡིན་པས་དེ་སྡུག་ག་ཅང་མ་རེད། རིག་གསར་གྱི་ལྟ་བ་ཟེར་བ་དེ་མར་ཁ་ཤས་ཕྲིས་དང་དེ་ནས་དེའི་སྐོར་བཤད་ཀྱི་ཡིན།
༤ ་་བོད་དོན་སྟོང་བསམ་ཡིན་ཚུལ་དང་ཁ་བྲལ་ཚོ་་ ཟེར་བ་དེར་མ་ཡིག་རང་ལ་བལྟས་རྗེས་སྐད་ཆ་བཤད་ན་ཡག་པོར་འདུག དང་པོར་བོད་དོན་ཟེར་བ་དང་ཁ་བྲལ་ཟེར་བའི་སྐད་ཆ་འདི་འདྲ་ཡོད་པ་མ་རེད་སྙམ། སྲོལ་རྒྱུན་དང་དེང་རབངས་ཟེར་བ་དེ་ཚོའང་རྗེས་ཀྱི་སྐད་ཆ་རེད། སྤྱིར་བཏང་ཁོང་གི་རྩོམ་ནང་སྲོལ་རྒྱུན་ཟེར་བ་ཚིག་འདི་འདྲ་ཡོད་ན་ཐང་།
༥ རྙིང་ཞེན། བག་འཁུམས། རྨོངས་དད། ལེ་ལོ་་་་་་རྗེས་ལུས། ཀླ་ཀློ། མུན་ནག ལོག་སྤྱོད་འདི་ཚོ་མི་རིགས་ཤིག་ལ་དགོས་པ་ཞིག་མ་རེད།
༦ དགོད་ས་དང་མི་དགོད་ས་ཟེར་ནས་ངས་དབྱེ་བ་གསལ་བོ་ཞིག་བྱེད་མི་ཐུབ་ཀྱང་ང་རང་ལ་མཚོན་ན། རྒྱུ་མཚན་མེད་པ་དང་ཆོ་མེད་ཀྱི་སྐད་ཆ་བཤད་ན་དགོད་ཤོར་གྱི་འདུག ད་ང་བླུན་པོ་ཞིག་ཡིན་པའི་དབང་དུ་བཏང་ན་འགྲིགས།
༧ ་་རྒྱ་གཞུང་གིས་དོན་རྒྱལ་སོགས་ལ་ཟླ་ཕོགས་ཞེས་མིང་དུ་བཏགས་ནས་”་དངུལ་སྤྲད་ནས”་སྤྱི་ཚོགས་རིང་ལུགས་ཀྱི་རྩོམ་རིགས་གསར་བ་བཟོ་རུ་བཅུག་་ ཟེར་བ་འདིར་ཁུངས་སྐྱེལ་མང་ཟིག་གནང་རོགས་གནང་།
༨ བོད་ཀྱི་སློབ་གྲྭ་ཆེ་ཁག་ནང་དོན་གྲུབ་རྒྱལ་གྱི་ཤུགས་རྐྱེན་སླེབས་ཡོད་པ་རེད་ལ། ཚེ་ཏན་ཞབས་དྲུང་རིན་པོ་དང་།དུང་དཀར་།དམུ་དགེ་བསམ་གཏན་སོགས་ཀྱི་ཤུགས་རྐྱེན་དེ་བས་ཀྱང་སླེབས་ཡོད་པ་རེད།
༩ མ་གཞི་ཁྱེད་ཚོ་སྐོར་ཞིག་ནས་གསར་རྙིང་གཉིས་སུ་དབྱེ་བ་ཕྱེ་ནས་དགྲ་གྲོགས་ལྟ་བུའི་དབྱེ་བ་འབྱེད་པ་དེའི་རྒྱུ་མཚན་གང་ཡིན་ངས་ཧ་གོ་གི་མི་འདུག ང་ལ་མཚོན་ན། གསར་རྙིང་གཉིས་ཀྱི་ནང་ནས་ལེགས་ཆ་ལེན་མཁན་ཞིག་ཡིན།
༡༠ རྒྱལ་དབང་བསྟན་འཛིན་རྒྱ་མཚོའི་མཛད་པ་ལ་ཅིག་ལྟོས་དང་། གསར་བཏོད་མང་པོ་བྱས་ཡོད་པ་རེད། སྲོལ་རྒྱུན་རང་བྱས་བསྡད་ན་དགེ་སྐྱོན་གཉིས་ཀ་ཡོད་རྒྱུ་རེད། དགེ་ཕན་སྐོར་བཤད་རྒྱུ་དེ་གལ་ཆེན་པོ་རེད།
༡༡ ཤར་རླུང་གིས་བཀྱག་ན་ཡག་པོ་མ་རེད་ལ་ནུབ་རླུང་གིས་བཀྱག་ནའང་ཡག་པོ་མ་རེད། གནས་དུས་ལ་ལྟ་ཤེས་དགོས་པ་རེད། ཅི་ཁག ད་རུང་བྱིས་པ་རེད།
༡༢ ཞེད་དྲག་མང་པོ་བཤད་ན། ཤེས་རབ་རྒྱ་མཚོ་ལའང་བཤད་རྒྱུ་ཡོད་པ་རེད། དོན་རྒྱལ་ལས་སྡུག་ག་མང་པོ་བཤད་རྒྱུ་ཡོད་པ་རེད། ངེད་ཚོའི་ས་ཆར་རྒྱ་གཞུང་ཁྲིད་ཡོང་མཁན་དེ་ཤེས་རབ་རྒྱ་མཚོ་རེད། ཕཡུན་ཚོགས་དབང་རྒྱལ་དང་པཎ་ཆེན་རིན་པོ་སོགས་ལའང་བཤད་རྒྱུ་ཡོད་པ་རེད། དེ་ཚོ་དུས་ཀྱིས་དབང་གིས་རེད། གནས་དུས་ལ་བལྟ་ཤེས་རྒྱུ་དེ་གལ་ཆེན་པོ་རེད། དེའི་སྐབས་ཀྱི་མི་ཞིག་ཁྱེད་རང་ཡིན་ན་ཕ་མའི་དབུ་གཆོད་མཁན་ཞིག་མིན་པའི་ངེས་པ་རྩ་ནས་ཡོད་པ་མ་རེད། སྐད་ཆ་སྦོམ་པོ་མ་བཤད། གནས་ཚུལ་དངོས་ལ་ཞིབ་འཇུག་གིས་གནས་དུས་དང་མཐུན་པའི་སྐད་ཆ་ཤོད། གནས་སྐབས་དེ་ཙམ་ཡིན།
གཞོན་ནུ། ཐ་སྙད་རང་གི་ཐོག་ནས་གོ་བ་ལོངས། ཐ་སྙད་ཚང་མར་རིག་གསར་གྱི་འགྲེལ་རྒྱག་སྟངས་ལྟར་གོ་བ་བླངས་ན་རྦད་དེ་ནོར་བ་རེད། གསར་བརྗེ་ཟེར་ན། གུང་ཁྲན་གྱི་གསར་བརྗེ་ལྟར་གོ་བ་བ་བླངས་ན་ནོར་བ་རེད། དམངས་གཙོའི་ལམ་གསར་བཏོད་བྱས་ན་དེའང་གསར་བརྗེ་རེད། མ་དགོས་པ་ཞིག་ཡིན་ཕྱིན་གསར་རྙིང་གཉིས་ཀྱི་གང་ཡིན་རུང་འདོར་དགོས་པ་རེད། དེ་ཡང་རིག་གསར་སྐབས་ཀྱི་རྙིང་བཞི་རྩ་གཏོར་ལ་གོ་ན་ནོར་བ་རེད། མ་གཞི་ཁག་མེད། རིག་གསར་གྱིས་བཟོས་པའི་རྨ་ཁ་དང་དོགས་པ་རྣམ་རྟོག་དེ་ཚོ་ད་རུང་མིའི་ཡིད་ངོ་ནས་དག་ཐུབ་མི་འདུག་པ་ཨ་ཁ།
༡་
དྲི་བ་།
་་རྒྱ་གཞུང་གིས་དོན་རྒྱལ་སོགས་ལ་ཟླ་ཕོགས་ཞེས་མིང་དུ་བཏགས་ནས་”་དངུལ་སྤྲད་ནས”་སྤྱི་ཚོགས་རིང་ལུགས་ཀྱི་རྩོམ་རིགས་གསར་བ་བཟོ་རུ་བཅུག་་ ཟེར་བ་འདིར་ཁུངས་སྐྱེལ་མང་ཟིག་གནང་རོགས་གནང་།
ལན།་
དོན་གྲུབ་རྒྱལ་ནི་རྒྱལ་ཁབ་ཀྱི་ལས་བྱེད་པ་རེད་།རྒྱལ་ཁབ་ཀྱི་ཕོགས་ཟ་མཁན་ཞིག་རེད།དེའི་ཕྱིར་འགན་ཁུར་ཉག་གཅིག་ནི་།སྤྱི་ཚོགས་རིང་ལུགས་ཞབས་འདེགས་ཞུ་རྒྱུ་དེ་རེད་།ཁོ་རང་གི་ལས་ཀ་ནི་རྩོམ་རིགས་ཡིན་ཕྱིར་།ཁོས་བྲིས་བྲིས་བའི་དམིགས་ཡུལ་ནི་།རྙིང་བ་གཏོར་ཏེ་་།་གསར་བ་ཞིག་འཛུགས་རྒྱུ་དེ་རེད་།དེ་ནི་དོན་གྱི་རིག་གསར་སྐབས་ཀྱི་་རྙིང་གཏོར་གྱི་ལྟ་བ་དེ་རེད་།
དྲི་བ་”བོད་ཀྱི་སློབ་གྲྭ་ཆེ་ཁག་ནང་དོན་གྲུབ་རྒྱལ་གྱི་ཤུགས་རྐྱེན་སླེབས་ཡོད་པ་རེད་ལ། ཚེ་ཏན་ཞབས་དྲུང་རིན་པོ་དང་།དུང་དཀར་།དམུ་དགེ་བསམ་གཏན་སོགས་ཀྱི་ཤུགས་རྐྱེན་དེ་བས་ཀྱང་སླེབས་ཡོད་པ་རེད།”
དུས་སྐབས་དེ་ལ་ཚེ་ཏན་ཞབས་དྲུང་རིན་པོ་ཆེ་སོགས་ཀྱིས་བོད་ཀྱི་རིག་གཞུང་ལ་མངོན་སུམ་དོད་པོས་རྒྱབ་སྐྱོབ་བྱས་ཆོག་གིན་མེད་།དཔེར་ན་མི་ལ་རས་བའི་རྣམ་ཐར་ཅིག་བཏོན་ནའང་།བཀས་བཀོད་རྒྱུད་འཛིན་གྱི་བཤད་སྟངས་ལྟར་ཅེས་སྔོན་བརྗོད་བྲིས་ཡོད་པ་ལྟ་བུ་རེད་།དེ་ལས་ལྡོག་ཏེ་།དོན་རྒྱལ་སོགས་ཀྱི་ཆོས་དང་དང་རིག་གཞུང་སོགས་ལ་དགག་པ་ཅི་འདྲ་རྒྱབ་ཡང་།དེ་ལ་བཀག་འགོག་བྱ་མཁན་ཅི་ཡང་མེད་པ་མ་ཟད་།ད་དུང་གཟེངས་བསྟོད་བྱས་ཡོད་པ་རེད་།ངན་པ་ལངས་ཤོར་ཏུ་བཏང་བའི་དུས་སྐབས་དེ་ལ་དོན་རྒྱལ་གཙོ་བྱས་བའི་བོད་ཀྱི་དམར་སྲུང་དམག་མིས་།བོད་ལ་རིག་གསར་སྐབས་ཀྱི་དུག་རྒྱུན་ཕྲ་མོ་དེ་ཤུགས་ཆེན་པོས་སྤེལ་ཡོད་པ་དང་།བོད་ཀྱི་གཞོན་ནུ་མང་པོ་ལོག་ལམ་ཏུ་ཁྲིད་ཡོད་།
མཐའ་སྡོམ་།སྤྱིར་སློབ་གྲྭ་བ་དག་གིས་ཁྲོད་དུ་ཚེ་ཏན་ཞབས་དྲུང་སོགས་ཀྱི་ཤན་ཞུགས་ག་འདྲ་ཐེབས་ཡོད་མེད་།ཁོ་ཚོས་སྐྱེས་ཆེན་དམ་པ་འདི་དག་ལ་གདང་མཇོག་ག་ཚོད་བྱས་ཡོད་པ་དག་གི་སྟེང་ནས་མཚོན་ཐུབ་ཀྱིན་ཡོད་།དེ་ག་རེ་ཡིན་ནམ།
དྲི་བ་།”མ་གཞི་ཁྱེད་ཚོ་སྐོར་ཞིག་ནས་གསར་རྙིང་གཉིས་སུ་དབྱེ་བ་ཕྱེ་ནས་དགྲ་གྲོགས་ལྟ་བུའི་དབྱེ་བ་འབྱེད་པ་དེའི་རྒྱུ་མཚན་གང་ཡིན་ངས་ཧ་གོ་གི་མི་འདུག ང་ལ་མཚོན་ན། གསར་རྙིང་གཉིས་ཀྱི་ནང་ནས་ལེགས་ཆ་ལེན་མཁན་ཞིག་ཡིན།”
ལན་།
སྤྱིར་བཏང་གསར་རྙིང་གཉིས་ཕྱེ་དགོས་བའི་མར་ལེ་རང་ལུགས་ཀྱི་ལོ་རྒྱུས་ཀྱི་ལྟ་བ་ཤིག་རེད་།དེ་ཡང་ནུབ་ཕྱོགས་ཀྱི་ལོ་རྒྱུས་ཀྱི་ལྟ་བ་ཤིག་རེད་།རྗེས་སུ་མོའི་སོགས་ཀྱིས་བཙན་གྱིས་རྒྱ་ནག་གི་ལོ་རྒྱུས་ལ་སྤྱར་བ་དང་།རྗེས་སུ་མཆོང་སྐྱོང་ཆེན་པོ་སྐབས་དང་།རིག་གསར་སྐབས་སུ་བོད་དུ་ཕ་མ་ཚུན་ཆད་རྡུང་དགོས་བ་ཞིག་ཆགས་བསྡད་ཡོད་པ་རེད་།གསར་རྙིང་གི་ཁྱད་པར་འདི་ཤིན་ཏུ་ནས་མ་དག་པ་ཞིག་ཡིན་པ་མ་ཟད་།དགོས་བ་མེད་པ་ཤིག་རེད་།ནུབ་ཀྱི་མཁས་བ་ཚོའི་ཁྲོད་དུ་དེང་རབས་ཅན་རྗེས་མ་ཁྱད་པར་འདི་ཕྱེ་དགོས་མིན་གྱི་རྩོད་པ་མང་པོ་རྒྱག་གིན་འདུག་། དྲི་བ་། “ཤར་རླུང་གིས་བཀྱག་ན་ཡག་པོ་མ་རེད་ལ་ནུབ་རླུང་གིས་བཀྱག་ནའང་ཡག་པོ་མ་རེད། གནས་དུས་ལ་ལྟ་ཤེས་དགོས་པ་རེད། ཅི་ཁག ད་རུང་བྱིས་པ་རེད།”
རླུང་གིས་བཀྱག་ཡོད་མེད་དེ་།རླུང་ནང་དུ་ཡོད་པའི་བྱིས་བ་དེ་བཤད་རྒྱུ་ཤིག་ལས་།ཁྲག་དམར་གྱི་རླུང་ནག་འཚུབ་མའི་ནང་བསྡད་ཡོད་པའི་མི་ཤིག་གིས་ག་ལ་ཤེས་།
དྲི་བ་།
”ཞེད་དྲག་མང་པོ་བཤད་ན། ཤེས་རབ་རྒྱ་མཚོ་ལའང་བཤད་རྒྱུ་ཡོད་པ་རེད། དོན་རྒྱལ་ལས་སྡུག་ག་མང་པོ་བཤད་རྒྱུ་ཡོད་པ་རེད། ངེད་ཚོའི་ས་ཆར་རྒྱ་གཞུང་ཁྲིད་ཡོང་མཁན་དེ་ཤེས་རབ་རྒྱ་མཚོ་རེད། “
ལན་།
དེ་ལོ་རྒྱུས་ཡོངས་གྲགས་རེད་།སྐད་ཆ་བདེན་པ་རེད་།ཁོ་རྒྱ་ནག་གི་མགོ་སྐོར་ནང་འཚུབ་པ་རེད་།མཐའ་མཇུག་གི་མི་ཚེ་ཡིས་བདེན་པ་ར་སྤྲོད་བྱས་ཡོད་པ་དེ་བཞིན་རེད་།་
དྲི་བ།
་”དེའི་སྐབས་ཀྱི་མི་ཞིག་ཁྱེད་རང་ཡིན་ན་ཕ་མའི་དབུ་གཆོད་མཁན་ཞིག་མིན་པའི་ངེས་པ་རྩ་ནས་ཡོད་པ་མ་རེད། སྐད་ཆ་སྦོམ་པོ་མ་བཤད། གནས་ཚུལ་དངོས་ལ་ཞིབ་འཇུག་གིས་གནས་དུས་དང་མཐུན་པའི་སྐད་ཆ་ཤོད། གནས་སྐབས་དེ་ཙམ་ཡིན།”
དེ་འདྲ་ཡིན་སྲིད་།ཡིན་ནའང་ལས་དང་སྨོན་ལམ་བཟང་པོས་དུས་དེ་འདྲ་ཞིག་ལ་མ་སྐྱེས་བ་རེད་།གནས་ཚུལ་དངོས་ལ་ཞིབ་མཇུག་བྱ་བཞིན་ཡོད་།གནས་དུས་དང་མཐུན་པའི་སྐད་ཆ་བཤད་བཞིན་ཡོད་།མ་ཡིན་པའི་སྒྲུབ་བྱེད་ཡོད་ན་ཁྱེར་ཤོག་།དེ་ནས་རྩོད་།
གོང་དུ་དྲ་གྲོགས་འགས་། ལང་ཚོའི་རྦབ་ཆུ་རྩོམ་མཁན་དོན་གྲུབ་རྒྱལ་གཅིག་པོ་ཡིན་མིན་གྱི་སྐོར་ལ་དོགས་སློང་བྱས་འདུག
འདིའི་སྐོར་ནས་ངས་ཀྱང་དོགས་འདྲི་ཞིག་བྱེད་བསམ་བསྡད་ཡོད། ཉེ་སྔོན་དོན་གྲུབ་རྒྱལ་གྱི་སློབ་གྲོགས་ཡིན་པ།
བོད་རིགས་མཁས་བ་རྒན་པ་ཞིག་དང་ཐུག་འཕྲད་བྱུང་། ཁོང་གིས་གསུངས་ན། ལང་ཚོའི་རྦབ་ཆུ་རྩོམ་མཁན་དོན་གྲུབ་རྒྱལ་གཅིག་པོ་མ་རེད་ཟེར།
ད་དུང་། ལང་ཚོའི་རྦབ་ཆུ་ཅིའི་ཕྱིར་བྲིས་བ་ཡིན་མིན་གྱི་སྐོར་ལ་ཡང་གནས་ཚུལ་འགའ་བཤད་རྒྱུ་འདུག
ལང་ཚོའི་རྦབ་ཆུའི་སྔོན་ལ་ལྗང་བུས་རང་མོས་སྙན་ངག་ཅིག་བྲིས་ཚར་འདུག་ཟེར། འོན་ཀྱང་། དེ་དུས་དེབ་སོགས་ལ་མ་བསྐུར་བ་རེད་ཟེར།
གཞན། ད་ཕན་ལང་ཚོའི་རྦབ་ཆུ་འབྲི་མཁན་དོན་གྲུབ་རྒྱལ་གཅིག་པོ་མ་རེད་ཟེར་མཁན་གཞན་ཞིག་ནི། ཞིང་གཤེགས་བོད་རིགས་སྙན་ངག་པ་ཡི་དམ་ཚེ་རིང་ལགས་རེད།
དུས་ཚོད་བྱུང་ན། འདིའི་སྐོར་གྱི་གནས་ཚུལ་ཐུང་ཐུང་ཞིག་འབྲི་གི་ཡིན།
སྤྱིར་བཏང་གི་ཆ་ནས་བཤད་ན་དཔལ་དོན་གྲུབ་རྒྱལ་གྱི་སྐྱེས་སྟོབས་ཀྱི་ཤེས་རབ་དང་རྣམ་དཔྱད་ལ་སུས་ཀྱང་འགྲན་ཟླ་མེད་དེ་དྷཚང་མའི་མཁྱེན་གསལ་རེད།ཡིན་ནའང་ཁོང་ལ་ཐུན་མིན་གྱི་ལྟ་སྤྱོད་ཞིག་ཡོད་བདེན་པ་རེད་འཛིན་ཁང་དུ་ཐ་མག་འཐེན་བྷབཞིན་དཔེ་ཁྲིད་བྱེད་པ་དང་ར་བཟི་ནས་འཛིན་ཁང་དུ་ཕེབས་པ་སོགས་བདེན་མོད།དེ་ནི་ཁོང་གི་སྒེར་གྱི་བྱ་སྤྱོད་ཅིག་ང་ཚོས་དེ་ལ་སྐྱོན་དུ་ལྟ་དགོས་དོན་གང་ཡང་མེད།
ནམ་རྒྱུན་ཁོང་ཆང་འཐུང་བཞིན་རྩོམ་འབྲི་བ་ལ་དགའ་བོ་ཡོད་ལ་དཔེར་ན་ཁོང་དང་མ་གཅོད་པ་གཉིས་ཀྱི་ཇ་ཐུན་གཅིག་གི་རིང་ལ་ཁོང་གིས༼ཨེ་མ་མཚོ་སྔོཌྷན་པོ༽ཞེས་པའི་གྷགཞས་དེའི་ཚིག་བརྕམས་པ་དང་མ་གཅོད་པས་དེའི་གདངས་བརྩམས་པ་ལྟ་བུར་རེད།།
ཟླ་བ་ལྷ་མོ་།
ཁྱོད་ཚོ་དུས་རྒྱུན་འདི་འདྲ་དག་རེད་།འདི་སུས་ཀྱང་དོན་གྲུབ་རྒྱལ་གྱི་རིག་པ་རྣོ་མེད་དང་།གཞན་གྱི་འགྲན་ཟླ་ཡོད་མེད་གླེང་གིན་འདུག་།
འགྲན་ཟླ་མེད་པ་སུས་ཐག་བཅད་འདུག་།
འདོར་ན་གཞན་གྱི་ཁ་འཕྲོག་།དམར་བོ་ལྟ་བ་བོད་དུ་སྤེལ་།རྒྱལ་ཁབ་ཀྱི་ཟླ་ཕོགས་དང་།ལས་ཁུངས་བེད་སྤྱད་ནས་།བོད་ཀྱི་བྱིས་བ་དག་གི་ལག་ནས་རིག་གཞུང་དངོས་སྤྱོང་བའི་སྐལ་བ་འཕྲོག་པའི་རིག་གཞུང་གི་ནག་ཉེས་ཅན་དེ་ལ་ཤེས་རབ་ཅན་དང་།རྣམ་དཔྱོད་ལ་འགྲན་ཟླ་མེད་པའི་སྐྱེ་བོ་ཟེར་གྱིན་ཡོད་དམ་།་དེ་ན་མོའི་ལས་ལྷག་པའི་རྣམ་དཔྱོད་ཅན་དང་ཤེས་རབ་ཅན་ཞིག་རྙེད་དཀའ་བའི་ཚོད་དུ་སྣང་།དེ་འདྲ་མ་རེད་དམ་།
“ཉེན་ཁ་ཆེ་བ་ཞིག་ནི་།བོད་ཀྱི་དེང་རབས་རྩོམ་པ་པོ་འདི་དག་གིས་རིགས་པ་ཟེར་བ་དང་།དབྱིན་ཇིའི་logic ཟེར་བ་ཞིག་ཁས་ལེན་གིན་མི་འདུག་།ཁོ་ཚོ་ལ་སེམས་ཀྱི་བཤིས་རྒྱུན་ཕྲ་མོ་ཡ་མཚར་བ་ཞིག་ཡོད་པ་རེད་།ཐོག་མར་ཁ་ནས་མི་ཤོངས་བའི་སྐད་ཆ་ཆེན་པོ་འགའ་བཤད་།ཡིན་མདོག་མདོག་བྱ་གིན་རེད་།དེ་ནས་མི་ཞིག་གིས་དེ་ལ་ཚུལ་བཞིན་དུ་ལན་བཏབ་ནསརྩོད་པ་རྒྱབ་ཡོང་དུས་།མ་གོ་ཁུལ་ལམ་།མ་ཤེས་ཁུལ་།ཡང་ན་ཆབ་སྲིད་ཀྱི་སྐད་ཆ་སྟེ།་སྐད་ཆ་བཤད་ཆོག་མིན་དང་།རྩོད་པ་རྒྱབ་ཆོག་མི་བཤད་དེ་ཁ་འགོག་ཐུབས་བྱ་གིན་རེད་།དེ་འདྲ་བའི་སེམས་ཀྱི་བཤིས་རྒྱུན་དེ་ཡང་གླེང་བར་བྱ།”
ཞེས་གསལ་བོ་བརྗོད་ཡོད་པ་དེ་ལུང་བསྟན་ལྟ་བུ་ཞིག་ལ་འགྲོ་གིན་མི་འདུག་གམ་།
རྩོད་རྙོག་འདི་ལས་འཕྲོས་ཏེ་།་ངས་སྔོན་ཆད་ལྷ་སའི་ཁྲོམ་ལམ་ཞིག་ནས་ཉོས་བའི་བོད་ཡིག་གི་དཔེ་ཆ་ཤིག་སེམས་ན་དྲན་བྱུང་།དེ་ནས་རང་གི་དཔེ་ཁང་ནང་ཡང་བསྐྱར་ཚར་གཅིག་ཀློག་པ་ཡིན་།
དེ་ནི་༡༩༦༠་ལོ་ལ་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་པ་རེད་འདུག་།
དཔེ་ཆ་དེའི་མིང་ལ་།”སེམས་ཐག་བཅད་ནས་དགོན་སྡེ་ཁག་གི་བཀས་བཀོད་རྒྱུད་གྱི་ཁྱད་དབང་དང་བཤུ་གཞོག་མེད་པར་བཟོ་དགོས་”ཞེས་བཏགས་འདུག་།ནང་དུ་རྩོམ་གཉིས་འདུག་།གཅིག་ནི་ལེགས་གྲུབ་ཉི་མས་བརྩམས་པ་ཞིག་དང་།གཅིག་ནི་བོད་ལྗོངས་ཉིན་རེ་ཚགས་པར་སྟེང་བཀོད་པ་ཞིག་རེད།
དེ་བཞིན་།ང་བརྒྱད་ལོ་ལ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བཏོན་པའི་”ཆོས་ལུགས་ཀྱི་བཅིངས་ཞགས་ལས་འགྲོལ་བར་བྱེད་དགོས་”་ཟུར་བལྟ་བྱས་དུས་།
མགོན་པོ་ཚེ་རིང་ལགས་ཀྱིས་” རྙིང་ཞེན། བག་འཁུམས། རྨོངས་དད། ལེ་ལོ་་་་་་རྗེས་ལུས། ཀླ་ཀློ། མུན་ནག “དྲངས་བའི་ཚིག་འདི་ཇི་མ་ཇི་བཞིན་དུ་བཀོད་འདུག་།ང་ལ་དཔེ་དེབ་འདི་འདྲ་མང་པོ་ཡོད་།འདི་དག་དང་།དོན་རྒྱལ་དང་དེ་བཞིན་ཕྱིས་ཀྱི་བོད་ཀྱི་དེང་རབས་ཀྱི་རྩོམ་པ་པོ་ཡིན་ཟེར་བ་དག་གི་བསམ་པའི་འཁྱེར་སྟངས་།ཚིག་གི་སྤྱོར་སྟངས་།ལུས་ཀྱི་རྣམ་འགྱུར་སོགས་བསྡུར་ཡོང་དུས་།ཇི་ལྟར་ཆུ་ལ་ཆུ་འཕྲད་པ་བཞིན་ངོ་འཕྲོད་ཡོང་གིན་འདུག་།
ཕྱག་གཉིས་པ་སོགས་ལ། དོན་གྲུབ་རྒྱལ་གྱི་གསུང་དྲོད་ཁུལ་མ་ཡལ་བ་འདི་ན་ཡོད་ཁུ། འདི་ལ་ཡང་དྲངས་ངེས་རེ་ཕྱེས་དང།
དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ་པོད་དྲུག་པའི་[དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས]ལས་འཕྲོས་པའི་ལོ་རྒྱུས་ཀྱི་རྣམས་བཤད་ཐོར་བུ། ཟེར་བའི་ཤོག་ངོས་༣༥༣དང་༣༥༤ན་འདི་གསུངས་འདུག
ཡོན་རྒྱལ་རབས་ཀྱི་སྐབས་ལ་བོད་ཁམས་ཐམས་ཅན་དབང་དུ་བསྡུས་པ་དང་། དེ་ནས་བཟུང་བོད་ཡུལ་འདི་ཡང་ཀྲུང་གོའི་ཆབ་རིས་ཀྱི་གྲུབ་ཆ་ཅིག་ཏུ་གྱུར་པ་དང་།ལྷག་པར་དུ་རང་རེའི་ཏང་གིས་བོད་རིགས་མི་དམངས་ཐམས་ཅད་ཀྱི་བསམ་བློའི་རེ་འདོད་ཀྱི་ཚབ་བྱས་ནས། བོད་ལོག་སྤྱོད་ཀྱི་དབང་བསྒྱུར་གལ་རིམ་ཕམ་པར་བྱས་པ་དང་། བོད་ཀྱི་གཉའ་བ་གནོན་པའི་བཀའ་ཤག་སྲིད་གཞུང་མགོ་རྟིང་བསློགས་པར་མ་ཟད། བོད་མི་རིགས་མི་དམངས་ཀྱི་གཉའ་ཤིང་དང་བསམ་བློའི་འཆིང་སྒྲོག་གཏོར་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་འོག་ཏུ་བསྡུས་པ་དང་། དགོས་ངེས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅོས་བསྒྱུར་གྱི་ལས་འགུལ་སྣ་ཚོགས་སྤེལ་བར་བརྟེན། བོད་སྤྱི་ཚོགས་ལ་གནམ་ས་བླ་འོག་བསྒྱུར་པ་ལྟ་བུའི་འཕོ་འགྱུར་བྱུང་བ་དང་། བོད་རིགས་མི་དམངས་ཀྱང་རང་རེའི་མེས་པོའི་རྒྱལ་ཁབ་ཀྱི་དཔའ་ཞིང་ལས་ལ་བརྩོན་པའི་མི་རིགས་གཞན་དག་དང་འདྲ་བར། སྤྱི་ཚོགས་རིང་ལུགས་གསར་བརྗེ་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་བྱ་གཞག་རླབས་པོ་ཆེའི་ནང་ཧུར་བརྩོན་གྱིས་ཞུགས་ཏེ་རང་གི་གཟི་བརྗིད་ལྡན་ལ་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཀྱི་ལས་འགན་རྣམས་བསྒྲུབས་དང་སྒྲུབ་མུས་སུ་ཡོད། འདི་ནི་སྤྱི་ཚོགས་འཕེལ་བའི་འཕེལ་ཕྱོགས་དང་མཐུན་པར་མ་ཟད་། རྒྱ་ཆེ་བོད་རིགས་ངལ་རྩོལ་མི་དམངས་ཀྱི་བསམ་བློའི་རེ་འདུན་དང་ཁེ་ཕན་དང་ཡང་རྦད་དེ་མཐུན་པ་ཞིག་རེད། ཡིན་ན་ཡང་། རྒྱལ་སྤྱིའི་ཐོག་གི་བཙན་རྒྱལ་རིང་ལུགས་དང་སྤྱི་ཚོགས་ཐོག་གི་ལོག་སྤྱོད་ཕྱོགས་ཁག་གིས་བོད་སྒེར་ཚུགས་ཀྱི་རྒྱལ་ཁབ་ཡིན་པར་བཤད་དེ། རང་རེའི་མེས་རྒྱལ་ཁ་བྲལ་དུ་གཏོང་བསམ་གིན་ཡོད།དེ་ནི་ང་ཚོ་བོད་རིགས་ངལ་རྩོལ་མི་དམངས་ཀྱི་བསམ་བློའི་རེ་འདུན་དང་ཁེ་ཕན་ལ་རྩ་བ་ནས་འགལ་བར་མ་ཟད། ལོ་རྒྱུས་འཕེལ་བའི་དོན་དངོས་དང་ལྡོག་ཕྱོགས་སུ་གྱུར་པ་ཡིན་པས། ཁོ་ཚོའི་བསམ་ངན་དེ་ནི་གཏན་ནས་འགྲུབ་མི་ཐུབ་པ་ཞིག་རེད།
རང་རེའི་མི་རིགས་ནི་ཏང་དང་མེས་རྒྱལ་ལ་དགའ་ཞེན་ཆེ་བའི་མི་རིགས་ཤིག་ཡིན་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲུལ་ཁྱིམ་ཚང་ཆེན་པོའི་ནང་ཁྱིམ་མི་གཟི་བརྗེད་དང་ལྡན་པ་ཞིག་ཡིན་པས། ང་ཚོས་ངེས་པར་དུ་གུ་དོག་པོའི་མི་རིགས་རིང་ལུགས་ཀྱི་བསམ་བློ་ལ་བློ་ཐག་རྦད་ཆོད་ཀྱི་སྒོ་ནས་ངོ་རྒོལ་བྱེད་དགོས་པ་དང་། རང་གི་མི་རིགས་ཀྱི་རྩ་བའི་ཁེ་ཕན་དང་འགལ་བའི་བསམ་བློ་དང་གཏམ་སྤྱོད་མཐའ་དག་ལ་ངོ་རྒོལ་བྱས་ཏེ། རང་གི་མི་རིགས་འདི་སྔོན་ཐོན་མི་རིགས་ཀྱི་རྗེས་ཆོད་པ་དང་། རང་རེའི་མེས་རྒྱལ་འདི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ཡོད་ཚད་འབུལ་དགོས།ཞེས་བྲིས་འདུག
འདི་ནི་གཅིག་དགུ་བདུན་ཅུའི་དམ་དྲག་ནང་བྲིས་པ་མ་རེད། གཅིག་དགུ་བརྒྱད་ཅུའི་ཅུང་གུ་ཡངས་ཀྱི་སྐབས་བྲིས་པ་རེད།
འདི་ནི་འཚོགས་ཐོག་ནས་གཞུང་གི་མགྲིན་ཚབ་བྱས་ཏེ་བཤད་པ་མ་རེད།
སྤྱི་གཏང་གི་སློབ་ཁྲིད་ལ་བཤད་པ་རེད།
འདི་ནི་གཞུང་གིས་ཆེད་དུ་ལོ་རྒྱུས་འབྲི་བཅུགས་པ་མ་རེད།
དཔྱིད་རྒྱལ་གླུ་དབྱངས་ཀྱི་འཕྲོས་བཤད་ཟིན་བྲིས་རེད།
རྒྱུ་མཚན་འདི་དག་གི་ཕྱིར། ངས་བསམ་ན་འདི་ནི་ཁོའི་སེམས་ཀྱི་སྐད་ཆ་ངོ་མ་ཞིག་རེད་འདུག
དུས་ཐོག་འདི་ལ་ཚེ་ཏན་ཞབས་དྲུང་ཚང་གིས་འདི་འདྲ་བཤད་མེད་གི
དམུ་དགེ་བསམ་ཚང་གིས་ཡང་ལོ་རྒྱུས་དྲང་མོ་བྲིས་ཡོད་གི།
དེའི་རྗེས་སུ་ཅུང་དམ་དུ་སོང་ཡང་རྒྱལ་མོ་འབྲུག་པས་ལོ་རྒྱུས་ཡག་པོ་བྲིས་འདུག
འདི་ལྟར་བསམ་ན་དཔལ་དོན་གྲུབ་རྒྱལ་ནི་ལོ་རབས་བརྒྱད་ཅུ་བའི་ནང་གི་ཀྲུང་གོའི་རྒྱལ་གཅེས་རིང་ལུགས་པ་ཕུལ་བྱུང་ཅན་གཉིས་རེད། དེ་འདྲ་ཞིག་རེད་དམ་མཁས་པ་རྣམས་པ། དཔྱད་པ་གནང་རོགས།
དོན་རྒྱལ་གྱི་གསུང་དོད་ཁུལ་མ་ཡལ་བ་འདི་ན་ཡོད་ཁུ།
འདི་ལ་ཡང་དྲངས་ངེས་རེ་ཕྱེས་དང།།
དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ་པོད་དྲུག་པའི་[དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས]ལས་འཕྲོས་པའི་ལོ་རྒྱུས་ཀྱི་རྣམས་བཤད་ཐོར་བུ། ཟེར་བའི་ཤོག་ངོས་༣༥༣དང་༣༥༤ན་འདི་གསུངས་འདུག
ཡོན་རྒྱལ་རབས་ཀྱི་སྐབས་ལ་བོད་ཁམས་ཐམས་ཅན་དབང་དུ་བསྡུས་པ་དང་། དེ་ནས་བཟུང་བོད་ཡུལ་འདི་ཡང་ཀྲུང་གོའི་ཆབ་རིས་ཀྱི་གྲུབ་ཆ་ཅིག་ཏུ་གྱུར་པ་དང་།ལྷག་པར་དུ་རང་རེའི་ཏང་གིས་བོད་རིགས་མི་དམངས་ཐམས་ཅད་ཀྱི་བསམ་བློའི་རེ་འདོད་ཀྱི་ཚབ་བྱས་ནས། བོད་ལོག་སྤྱོད་ཀྱི་དབང་བསྒྱུར་གལ་རིམ་ཕམ་པར་བྱས་པ་དང་། བོད་ཀྱི་གཉའ་བ་གནོན་པའི་བཀའ་ཤག་སྲིད་གཞུང་མགོ་རྟིང་བསློགས་པར་མ་ཟད། བོད་མི་རིགས་མི་དམངས་ཀྱི་གཉའ་ཤིང་དང་བསམ་བློའི་འཆིང་སྒྲོག་གཏོར་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་འོག་ཏུ་བསྡུས་པ་དང་། དགོས་ངེས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅོས་བསྒྱུར་གྱི་ལས་འགུལ་སྣ་ཚོགས་སྤེལ་བར་བརྟེན། བོད་སྤྱི་ཚོགས་ལ་གནམ་ས་བླ་འོག་བསྒྱུར་པ་ལྟ་བུའི་འཕོ་འགྱུར་བྱུང་བ་དང་། བོད་རིགས་མི་དམངས་ཀྱང་རང་རེའི་མེས་པོའི་རྒྱལ་ཁབ་ཀྱི་དཔའ་ཞིང་ལས་ལ་བརྩོན་པའི་མི་རིགས་གཞན་དག་དང་འདྲ་བར། སྤྱི་ཚོགས་རིང་ལུགས་གསར་བརྗེ་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་བྱ་གཞག་རླབས་པོ་ཆེའི་ནང་ཧུར་བརྩོན་གྱིས་ཞུགས་ཏེ་རང་གི་གཟི་བརྗིད་ལྡན་ལ་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཀྱི་ལས་འགན་རྣམས་བསྒྲུབས་དང་སྒྲུབ་མུས་སུ་ཡོད། འདི་ནི་སྤྱི་ཚོགས་འཕེལ་བའི་འཕེལ་ཕྱོགས་དང་མཐུན་པར་མ་ཟད་། རྒྱ་ཆེ་བོད་རིགས་ངལ་རྩོལ་མི་དམངས་ཀྱི་བསམ་བློའི་རེ་འདུན་དང་ཁེ་ཕན་དང་ཡང་རྦད་དེ་མཐུན་པ་ཞིག་རེད། ཡིན་ན་ཡང་། རྒྱལ་སྤྱིའི་ཐོག་གི་བཙན་རྒྱལ་རིང་ལུགས་དང་སྤྱི་ཚོགས་ཐོག་གི་ལོག་སྤྱོད་ཕྱོགས་ཁག་གིས་བོད་སྒེར་ཚུགས་ཀྱི་རྒྱལ་ཁབ་ཡིན་པར་བཤད་དེ། རང་རེའི་མེས་རྒྱལ་ཁ་བྲལ་དུ་གཏོང་བསམ་གིན་ཡོད།དེ་ནི་ང་ཚོ་བོད་རིགས་ངལ་རྩོལ་མི་དམངས་ཀྱི་བསམ་བློའི་རེ་འདུན་དང་ཁེ་ཕན་ལ་རྩ་བ་ནས་འགལ་བར་མ་ཟད། ལོ་རྒྱུས་འཕེལ་བའི་དོན་དངོས་དང་ལྡོག་ཕྱོགས་སུ་གྱུར་པ་ཡིན་པས། ཁོ་ཚོའི་བསམ་ངན་དེ་ནི་གཏན་ནས་འགྲུབ་མི་ཐུབ་པ་ཞིག་རེད།
རང་རེའི་མི་རིགས་ནི་ཏང་དང་མེས་རྒྱལ་ལ་དགའ་ཞེན་ཆེ་བའི་མི་རིགས་ཤིག་ཡིན་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲུལ་ཁྱིམ་ཚང་ཆེན་པོའི་ནང་ཁྱིམ་མི་གཟི་བརྗེད་དང་ལྡན་པ་ཞིག་ཡིན་པས། ང་ཚོས་ངེས་པར་དུ་གུ་དོག་པོའི་མི་རིགས་རིང་ལུགས་ཀྱི་བསམ་བློ་ལ་བློ་ཐག་རྦད་ཆོད་ཀྱི་སྒོ་ནས་ངོ་རྒོལ་བྱེད་དགོས་པ་དང་། རང་གི་མི་རིགས་ཀྱི་རྩ་བའི་ཁེ་ཕན་དང་འགལ་བའི་བསམ་བློ་དང་གཏམ་སྤྱོད་མཐའ་དག་ལ་ངོ་རྒོལ་བྱས་ཏེ། རང་གི་མི་རིགས་འདི་སྔོན་ཐོན་མི་རིགས་ཀྱི་རྗེས་ཆོད་པ་དང་། རང་རེའི་མེས་རྒྱལ་འདི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ཡོད་ཚད་འབུལ་དགོས།ཞེས་བྲིས་འདུག
འདི་ནི་གཅིག་དགུ་བདུན་ཅུའི་དམ་དྲག་ནང་བྲིས་པ་མ་རེད། གཅིག་དགུ་བརྒྱད་ཅུའི་ཅུང་གུ་ཡངས་ཀྱི་སྐབས་བྲིས་པ་རེད།
འདི་ནི་འཚོགས་ཐོག་ནས་གཞུང་གི་མགྲིན་ཚབ་བྱས་ཏེ་བཤད་པ་མ་རེད།
སྤྱི་གཏང་གི་སློབ་ཁྲིད་ལ་བཤད་པ་རེད།
འདི་ནི་གཞུང་གིས་ཆེད་དུ་ལོ་རྒྱུས་འབྲི་བཅུགས་པ་མ་རེད།
དཔྱིད་རྒྱལ་གླུ་དབྱངས་ཀྱི་འཕྲོས་བཤད་ཟིན་བྲིས་རེད།
རྒྱུ་མཚན་འདི་དག་གི་ཕྱིར། ངས་བསམ་ན་འདི་ནི་ཁོའི་སེམས་ཀྱི་སྐད་ཆ་ངོ་མ་ཞིག་རེད་འདུག
དུས་ཐོག་འདི་ལ་ཚེ་ཏན་ཞབས་དྲུང་ཚང་གིས་འདི་འདྲ་བཤད་མེད་གི
དམུ་དགེ་བསམ་ཚང་གིས་ཡང་ལོ་རྒྱུས་དྲང་མོ་བྲིས་ཡོད་གི།
དེའི་རྗེས་སུ་ཅུང་དམ་དུ་སོང་ཡང་རྒྱལ་མོ་འབྲུག་པས་ལོ་རྒྱུས་ཡག་པོ་བྲིས་འདུག
འདི་ལྟར་བསམ་ན་དཔལ་དོན་གྲུབ་རྒྱལ་ནི་ལོ་རབས་བརྒྱད་ཅུ་བའི་ནང་གི་ཀྲུང་གོའི་རྒྱལ་གཅེས་རིང་ལུགས་པ་ཕུལ་བྱུང་ཅན་གཉིས་རེད། དེ་འདྲ་ཞིག་རེད་དམ་མཁས་པ་རྣམས་པ། དཔྱད་པ་གནང་རོགས།
བོད་པ་ལགས་།
ཆབ་སྲིད་ཀྱི་ལྟ་བ་ཕར་བཞག་ནས་།ལྟ་བའི་སྐོར་ལ་བརྗོད་པར་བྱ་།ཁོ་རང་རྙིང་གཏོར་ལ་དགའ་བའི་གཞོན་ནུ་གདོང་ལེན་པ་ཞིག་ཡིན་པ་ནི་།ལུས་ངག་གང་གི་ཐད་ནས་མངོན་སུམ་རེད་།ཁོས་ཆབ་ཆ་སློབ་གྲྭ་ནས་ཨ་ཁུ་བཤད་སྒྲུབ་ལ་བརྙས་བཅོས་དང་།མཐོང་ཆུང་བྱས་བ་ནི་མི་ཚོས་ཧ་ལས་ནས་ལྕེ་འདར་གིན་འདུག་།
“དམར་སྲུང་དམག་”ངོ་མ་འདྲ་བོ་རེད་ཅེས་།ཁོ་གཉིས་ཤེས་བའི་མི་ཤིག་གིས་ང་ལ་ལབ་མྱོང་།
ཨ་ཁུ་བཤད་སྒྲུབ་ལ་གསུང་རྩོམ་མང་པོ་མི་འདུག་མོད།ཡོད་པ་རྣམས་ག་རེ་འདུག་།སྲོང་བཙན་དགུང་ལོ་སོ་བཞི་ལ་བཞུགས་པའི་དོགས་དཔྱོད་ལྟ་བུ་དོན་རྒྱལ་གྱིས་རྨི་ལམ་དུའང་རྨིས་ཐུབ་ཀྱིན་མ་རེད་།ཁོས་བོད་ཀྱི་བྱིས་བ་དག་གིས་ཨ་ཁུ་བཤད་སྒྲུབ་སོགས་ཀྱི་མདུན་ནས་།སློབ་ཁྲིད་བྱེད་པའི་སྐལ་བ་འཕྲོག་པ་རེད་།
དེ་ལོ་རྒྱུས་ཀྱི་ནག་ཉེས་ཞིག་མ་རེད་དམ་།
བོང་རྫི་ལགས།
༡༽ང་བཅུ་ང་བརྒྱད་ང་དགུ་ནས་བོད་ས་ཡོངས་རྫོགས་རྒྱ་གཞུང་གིས་ཟིན་ཚར་རེད་ལ་དྲུག་ཅུ་རེ་གཉིས་ལ་བོད་པའི་སློབ་གྲྭ་ཁག་ཡོངས་རྫོགས་ལ་རྒྱ་ཡིག་འཁྲིད་དགོས་པའི་སྲིད་ཇུས་ཅིག་གསར་དུ་སླེབས་ནས་རྒྱ་ཡིག་འཁྲིད་པ་མགོ་བརྩམས་པ་རེད།དེ་ནས་རིམ་གྱིས་སློབ་དེབ་ཆ་ཚང་རྒྱ་ཡིག་གི་སྒང་ནས་བོད་བསྒྱུར་བྱས་པ་རྐྱང་རྐྱང་རེད་ལ་ཕྱིས་སུ་དོན་གྲུབ་རྒྱལ་དགེ་རྒན་ཡིན་པའི་སྐབས་སུའང་རྒྱ་ཡིག་ལས་བསྒྱུར་བཞག་པའི་སློབ་ཚན་མ་གཏོགས་དགེ་རྒན་ཚོས་གང་འདོད་ཀྱིས་སློབ་ཚན་ཁྲིད་ཆོག་གི་མེད་པ་དེ་ཤེས་པར་གྱིས།
༢༽དེ་འདྲ་སོང་ཙང་དོན་གྲུབ་རྒྱལ་ཁོང་གིས་ཀྱང་སྐབས་དེ་དུས་སློབ་ཁྲིད་བྱས་པའི་རྨོངས་དད་དང་རྗེས་ལུས་བག་འཁུམས་སོགས་ཀྱི་ཚིག་དེ་ཚོ་སློབ་དེབ་ནང་གཞིར་བཞག་ནས་དེ་མི་འདོད་བཞིན་དུ་ཁྲིད་དགོས་ངེས་རེད།ཁོ་ནི་ལ་རྒྱ་དང་ཞེན་ཁོག་གཞན་དང་མི་འདྲ་བ་ཞིག་ཡོད་སྟབས་ཁོང་གིས་གླ་ཕོགས་ཙམ་ལ་བལྟས་ཏེ་དམར་ཤོག་གི་ལྟ་བ་བོད་དུ་སྤེལ་མཁན་གྱི་མི་ནག་ཉེས་ཅན་ཞིག་རྩ་བ་ཉིད་ནས་མིན་པ་དཔག་ཐུབ་ངེས།།
༣༽དེང་རབས་རྩོམ་པ་པོ་ཚོས་དབྱིན་ཇིའི་logicརྒྱ་ཡིག་གི་逻辑学་བོད་ཡིག་གི་གཏན་ཚིགས་རིག་པ་ཞེས་པ་ཚིག་འདི་ཡོངས་གྲགས་ཀྱིས་ཁས་ལེན་པ་རེད།གང་ཡིན་ཟེར་ན་དེང་རབས་རྩོམ་པ་པོ་ཚོས་རྒྱུ་མཚན་ཁས་ལེན་ཙང་དེའི་སྟེང་དུ་ཤེས་ཐུབ།
ཟླ་བ་ལྷ་མོ་ལགས་།
༡་ངས་དོན་བརྒྱད་ཡན་གྱི་བྱ་བ་གླེང་གིན་མེད།་དེ་དུས་བོད་སྤྱི་བའི་ཐོག་ལ་དོན་དག་དེ་བྱུང་བ་རེད།ལྡོག་ཐབས་མེད་པ་ཤིག་རེད།ངས་གཙོ་བོ་དོན་བརྒྱད་ཀྱི་རྗེས་སྟེ་།བཅོས་སྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་བྱུང་བའི་རྗེས་ནས་གླེང་གིན་ཡོད་།དེ་དུས་དོན་རྒྱལ་སོགས་ཀྱིས་རིག་གསར་གྱི་དུག་ཡན་དེ་མིང་གཞན་ཞིག་ལ་བསྒྱུར་ནས་མི་སྤེལ་བ་ཡིན་ན་།ད་ལྟ་བོད་ཀྱི་རིག་གཞུང་དང་།ཀུན་སྤྱོད་གང་གི་ཐད་ནས་ལེགས་ལམ་དུ་ཡོད་ཅེས་བ་དེ་རེད་།
༢་ཁོང་ནི་རིག་གཞུང་གི་ཐོག་ནས་བཤད་ན་་།བོད་ཀྱི་ནག་ཉེས་ཅན་ཞིག་རེད་།རྒྱལ་ཁབ་ཀྱི་ཕོགས་ཟོས་།རྒྱབ་ཁབ་ཀྱི་ལས་ཁུངས་དང་།དཔེ་སྐྲུན་ཁང་།རྒྱང་བསྒྲགས་བེད་སྤྱད་ནས།་སྤྱི་ཚོགས་རིང་ལུགས་ཀྱི་རྩོམ་རིགས་གསར་བ་བོད་དུ་སྤེལ་།དེ་དུས་ཁོས་ཇི་ལྟར་བཤད་བཤད་རེད་།བོད་ཀྱི་མཁས་དབང་ཚོ་ལ་དེ་འདྲ་སྐལ་བ་ཡོད་པ་མ་རེད།་གསར་བརྗེ་ངོ་ལོག་པའི་མིང་ཐོག་ནས་བཙོན་དུ་བསྡུ་སྲིད་།
༣་
ཁ་ནས་ཁས་ལེན་པ་རེད་ཅེས་བཤད་པ་ཙམ་གྱི་འགྲིག་གི་མ་རེད་།དོན་གྱིས་ཁས་ལེན་དགོས་བ་རེད་།ལྟོས་དང་།ཁོ་ཚོས་གཏན་ཚིགས་རིགས་པ་དང་།མཐུན་པའི་སྐད་ཆ་བཤད་ཐུབ་ཀྱིན་འདུག་གམ་།ཨེ་མ་ཟེར་ནས་།ལང་ཚོ་རྦབ་ཆུ་དབྱངས་སུ་གྱེར།ཆང་མཐུང་།ཉལ་ཁང་ནང་རུལ་དྲི་ཡིས་བཀང་བར་བྱས་།དེ་ནས་སྲོལ་རྒྱུན་རིག་གནས་ཞེས་ཁ་ནས་མི་ཤོངས་བའི་གཏམ་ཆེན་པོ་དག་བཤད་འདུག་རྒྱུ་ལས་ག་རེ་བྱས་ཀིན་འདུག་།ཁ་བརྡ་ཐོག་ལའང་ལྟོས་དང་།གསལ་བོ་མི་འདུག་གམ་།དྲང་བོ་བཤད་པའི་སྙིང་སྟོབས་ནི་ག་ལ་འོང་།དྲང་བོ་དྲན་པའི་སྙིང་སྟོབས་ཡང་མི་འདུག་པ་གསལ་བོ་མ་རེད་དམ་།
གོང་གི་དོན་རྒྱལ་གྱིས་བཅུ་ཕྲག་རིག་པའི་གནས་ལས་རིག་གནས་རེ་རེའི་མིང་ཡིག་ཐོག་ལ་དངོས་སུ་བཀོད་ནས་དེ་ལ་བདག་པོ་སུ་ཡིས་རྒྱག་དགོས་པའི་སྐོར་དེ་ཚོར་ལན་ཅིག་ཕྲིས་དང་དེས་འགྲིགས། རིག་གསར་སྐབས་བཤད་ན་འགའ་རེ་མ་གཏོགས་ཚང་མ་གུང་གཞུང་གི་སྐད་ཆ་བཤད་མཁན་ཞེ་ཅིག་ཡིན་པ།
དེ་ནས། ་་ མི་རིགས་ཀྱི་རེ་བའི་རླངས་པ་ནི་མཁའ་ལ་འཕྱུར་ངེས་ཡིན་པ་དང་། གངས་ལྗོངས་ཀྱི་ལ་རྒྱའི་སྤྲིན་སྔོན་ཡང་ལྷོ་ནས་ལྡིང་ངེས་ཡིན་ལ། ཡུལ་འཁྱར་བ་དང་གནས་སྡོད་པའི་གཞིས་བྱེས་ཀྱང་ལྷང་ལ་འབུད་ངེས་རེད། བློ་མ་ཕམ་གསར་སྐྱེས་ཀྱི་གཞོན་ནུ་་ ཟེར་བའི་དོན་རྒྱལ་གྱི་ཚིག་འདི་ཚོ་ལ་གོ་བ་ཅི་ལྟར་ལེན་གྱི་ཡིན།
གལ་སྲིད། ཁོང་ ་་ཀྲུང་གོའི་རྒྱལ་གཅེས་རིང་ལུགས་པ་ཕུལ་བྱུང་ཅན་་ ཞིག་ཡིན་ན། རྗེས་སུ་ཁོང་ལ་མྱ་ངན་ཞུ་བར་རྒྱ་གཞུང་གིས་ཡང་ཡང་བཀག་འགོག་དང་ཚོད་འཛིན་བྱ་དགོས་དོན་ག་རེ་རེད། ཕྱོགས་གཅིག་ཁོ་ན་བཤད་ནས་མ་འགྲོ།
རིག་གསར་དང་དེའི་རྗེས་ཙམ་གྱི་སྐད་ཆ་ཐ་ཐོར་རེ་བཏུས་ནས་ ་དམར་སྲུང་དམག་་ ཟེར་ནས་བརྗོད་པ་དེ་དགོད་བྲོ།
ད་ལྟ་དུས་རབས་ཉེར་གཅིག་ནང་ལ་ད་རུང་། ཁོང་ཚོ། འདི་ཚོ་ཟེར་ནས་དམར་སྲུང་དམག་གི་མགོ་ཁྲིད་ཚོས་མི་མང་ ་་ཉེས་པ་་་ ཡོད་མེད་ཚང་མར་མཉམ་གཅིག་ལ་གཤེ་གཤེ་གཏོང་བའི་ཚོགས་ཐོག་གི་གཏམ་བཤད་དེ་འདྲ་མ་གནང་རོགས། རིག་གསར་སྐབས་ཀྱི་དགག་རྒྱག་ཚོགས་འདུའི་ཐོག་ཞྭ་གོན་ཚོར་དགག་པ་རྒྱག་སྟངས་དེ་ད་ཆ་ལྷུར་མ་བླངས་ན་བཟང་། ང་ཚོའི་དྲ་ཁང་འདིར་རིག་གསར་གྱི་གཡའ་དག་མེད་པའི་མི་བུ་རེ་ཟུང་ད་རུང་ཡོད་པ་འདི་ཁྱད་མཚར་རེད། བོང་རྒན་གྱི་སྐད་ཆ་བཤད་སྟངས་དེ་ཚོ་གྲལ་རིམ་འཐབ་རྩོད་སྐབས་ཀྱི་དགག་པ་རྒྱག་སྟངས་དང་གཅིག་པར་མཐོང་། དོན་རྒྱལ་ལ་ཅི་ཁག རིག་གསར་གྱི་གཡའ་ཡོད་པ། ད་ལྟའི་དུས་རབས་ཉེར་གཅིག་པའི་སྐབས་འདིར་ཡང་ད་རུང་དམར་སྲུང་དམག་གི་གཏམ་སྤྱོད་ལྷུར་ལེན་མཁན་ཡོད་པ་འདི་ངོ་མ་ཧང་སངས་དགོས་པ་རེད།
དོན་རྒྱལ་ལ་དབྱེ་ཞིབ་བྱེད་ན་ལོ་རེ་རེ་པང་བསྒྲིགས་ནས་ལོ་རེའི་ཁོང་གི་འགྱུར་བ་དང་བསམ་བློའི་འཁྱེར་སོ་སོགས་ཞིབ་ཚགས་པོས་བཤད་ན་དེ་ལ་འགྱུར་བའི་རིམ་པ་ཞིག་ཡོད་རྒྱུ་རེད་འདོད། ཁྱོན་ཡོང་ནས་བཤད་ན་ཡག་པོར་མཐོང་།
རེད་ལགས་།
ང་ཚོས་ཅིས་ཕྱིར་་”རིག་གསར་གྱི་གཡའ་ཡོད་པ།”་ཡོད་པ་ཤིག་དཔུང་དུ་བཀོད་།མཁས་བའི་གྲལ་ཏུ་བཞག་ནས་མཐོང་ཆེན་བྱ་དགོས་བ་རེད་དམ་།
རིག་གསར་གྱི་གཡའ་ཡོད་པ་ཤིག་ལ་།རིག་གསར་གྱི་གཡའ་འདུག་ཅེས་ལབ་ན་།དེ་ལ་མི་འདོད་པའི་རྔམ་སྒྲ་དང་བཅས་ཡོང་དགོས་བའི་རྒྱུ་མཚན་ག་རེ་ཡིན་ནམ་།
ཐ་ན་རྒྱ་ནག་གིས་ཀྱང་རིག་གསར་གྱི་གཡའ་ཡོད་པ་དག་དོར་ཟིན་ན།ང་ཚོས་་གཡའ་ཡོད་པ་དག་ཡང་དུ་བསྐྱར་ཏུ་གླེང་།དེ་ལ་མཁས་བའི་མིང་བཏགས་།ད་དུང་བོད་ལ་བྱས་རྗེས་ཆེ་ཁུར་གྱི་སྐད་ཆ་དག་བཤད་ནས་བློས་མི་ཐོངས་བ་ཞིག་ཡོད་དགོས་བའི་རྒྱུ་མཚན་ག་རེ་ཡིན་ནམ་།
སྐད་ཆ་ཚང་མ་འདི་འདྲ་རེད་།
“་་ཉེས་པ་་་ ཡོད་མེད་ཚང་མར་མཉམ་གཅིག་ལ་གཤེ་གཤེ་གཏོང་བའི་ཚོགས་ཐོག་གི་གཏམ་བཤད་དེ་འདྲ་མ་གནང་རོགས།”་
ཉེས་བ་ཡོད་མེད་ཚང་མ་མཉམ་གཅིག་ཏུ་གཤེ་གཤེ་གང་ནས་བཏང་སོང་།ཚིག་འདི་ཙམ་ཞིག་བྲིས་ནའང་རིགས་པ་དང་མཐུན་པ་ཞིག་བྲི་ཐུབ་ཀྱིན་མི་འདུག་གམ་།
མཐའ་མཇུག་།
“ད ཁྱོན་ཡོང་ནས་བཤད་ན་ཡག་པོར་མཐོང་།”
དེ་ལྟར་བྱ་བཞིན་ཡོད་།སྤྱིའི་ཆ་ནས་གླེང་གིན་ཡོད་།
སྤྱིའི་ཆ་ནས་བཤད་ན་།རིག་གཞུང་གི་ཐོག་ནས་ཉེས་ཅན་ཞིག་རེད་ཅེས་བཤད་པ་ཡིན་།སྒྲུབ་བྱེད་དང་བཅས་བཀོད་པ་ཡིན་།
དོན་རྒྱལ་ལྟ་བུ་མི་འདི་འདྲ་བོད་གཅིག་པོ་ནང་དུ་བྱུང་བ་མ་རེད་།རྒྱལ་ཁམས་གཞན་དུ་མང་པོ་བྱོན་མྱོང་།དཔེར་ན་།ན་ཙེ་འཇར་མན་གྱི་སྐབས་སུ་འཇར་མན་དང་།འཛམ་གླིང་འཁྲུག་ཆེན་གཉིས་བའི་སྐབས་སུ་ཕ་རན་སི་ལྟ་བུ་རེད་།
ལྡོང་ཡོན་ཏན་རྒྱ་མཚོས་གནང་བའི་གཏམ་བཤད་ལས་བཤུས་པ།
ལ་ལས་བཤད་ན་སྙན་ངག་པ་དོན་གྲུབ་རྒྱལ་གྱིས་རང་མོས་སྙན་ངག་གི་སྲོལ་ཕྱེ་བ་རེད་ཟེར། འོན་ཀྱང་ངས་དེ་ཁས་ལེན་གྱི་མེད། དེ་ངས་མཁྲེགས་འཛིན་བྱས་པའང་མིན། རྒྱུ་མཚན་ནི་རྒྱལ་བ་ལྔ་པའི་དབྱངས་ཅན་དགྱེས་གླུའི་ནང་དུ་བར་སྐབས་ཀྱི་ཚིགས་བཅད་ཅིག་ཡོད། ཚིགས་བཅད་དེ་རང་མོས་སྙན་རྩོམ་གྱི་འབྲི་ཐབས་བེད་སྤྱད་ཡོད། ད་ལོ་ང་ཚོ་ཨ་མདོ་ནས་རྩོམ་རིག་སྐོར་གྱི་ཚོགས་འདུ་ཞིག་གི་སྐབས། ངས་རྩོམ་པ་པོ་དོན་གྲུབ་རྒྱལ་བོད་ཀྱི་རང་མོས་སྙན་ངག་གི་སྲོལ་རྒྱ་ཆེར་ཕྱེ་པ་པོ་ཡིན་པ་ལས་སྲོལ་འབྱེད་པ་མ་རེད་ཅེས་བཤད་སྐབས། སློབ་གྲྭ་བ་མང་པོའི་བློར་བབས་ཀྱི་མི་འདུག དེ་རྗེས་དགེ་རྒན་ཆེན་མོ་བ་ཞིག་གི་གཏམ་བཤད་གནང་སྐབས། ཁོང་གིས་དེ་རིང་ལྡོང་ཡོན་ཏན་གྱིས་གནང་བའི་རྩོམ་རིག་སྐོར་གྱི་གཏམ་བཤད་དེ་ངས་དེ་ཙམ་ཤེས་ཀྱི་མེད། འོན་ཀྱང་ང་ལ་བཤད་རྒྱུ་ཞིག་ཡོད་པ་ནི། དོན་གྲུབ་རྒྱལ་ངེད་གཉིས་ནི་སློབ་གྲོགས་ཡིན། ཁོང་གི་ལང་ཚོའི་འབབ་ཆུ་མཚོ་སྔོན་མང་ཚོགས་སྒྱུ་རྩལ་སྟེང་དུ་ཐོག་མར་འགོད་སྐབས། ཉིན་ཞིག་ཁོང་ངའི་ཁྱིམ་དུ་ཟས་ཟ་བའི་སྐབས་དང་བསྟུན་ནས་ངས་ཁོང་ལ་བསྟོད་པའི་ཐེ་བོང་བསྒྲེངས་ཏེ། གྲོགས་པོ། ཁྱོད་དངོས་གནས་རྣམ་དཔྱོད་ཅན་ཞིག་རེད། བོད་ཀྱི་རྩོམ་རིག་གར་སྟེགས་སྟེང་དུ་མེད་པའི་རྩོམ་ཞིག་གསར་གཏོད་བྱས་པ་རེད་ཅེས་བཤད་སྐབས། ཁོང་གིས་ཧ་ལས་པའི་རྣམ་འགྱུར་དང་བཅས་ངས་གང་ཡང་གསར་གཏོད་བྱས་མེད་ཟེར། དེ་ན་ཁྱོད་ཀྱི་ལང་ཚོའི་འབབ་ཆུ་དེ་གསར་གཏོད་མིན་ན་གང་ཡིན། སྔོན་ཆད་བོད་ལ་འདི་འདྲ་བའི་རྩོམ་སྟངས་མེད་ཅེས་ངས་འཚབ་འཚུབ་ངང་བཤད། ཁོང་གིས་དེ་འདྲ་མ་རེད། དེ་ཁྱེད་རང་གི་བལྟ་རྒྱ་དང་མཐོང་རྒྱ་ཆུང་བའི་སྐྱོན་རེད། བོད་ལ་དེ་ལྟ་བུའི་རྩོམ་སྔ་མོ་ནས་ཡོད། དཔེར་ན། དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལྟ་བུ་ཡོད། ངས་ཀྱང་རྒྱལ་དབང་ལྔ་པ་ལ་ལད་མོ་བྱས་པ་ཡིན་ཟེར། རྩོམ་སྟངས་འདི་སྔོན་ཆད་ནས་བོད་ལ་ཡོད། ཁྱོད་ནས་ཕྱིན་ཆད་དེབ་མང་ཙམ་ལྟོས་ཞེས་མངགས་བྱ་བྱས་བྱུང་ཟེར། དེའི་སྟབས་ཀྱིས་ངེད་གཉིས་ཀྱི་བསམ་ཚུལ་ཡང་གཅིག་མཐུན་བྱུང༌། དེ་བཞིན་བོད་ཀྱི་བསང་མཆོད་ཀྱི་ཆོ་ག་སོགས་ཀྱི་ནང་དུའང་རང་མོས་སྙན་རྩོམ་གྱི་འབྲི་སྟངས་ཧ་ཅང་མང་པོ་ཡོད། དཔེར་ན། ཤ་ལ་དགའ་བ། ཁྲག་ལ་དགའ་རོལ་བ། སྙིང་རྗེ་མེད་པ། ཁྲོ་ཞིང་གཏུམ་པ། མདོག་མི་སྡུག་པ། བཞིན་བསྡུས་པ། མིག་རྩ་དམར་བ། ཁ་གདངས་ཤིང་མཆེ་བ་གཙིགས་པ་ཞེས་དེ་ཚང་མ་འཇིགས་རུང་གི་ཉམས་ཤ་སྟག་ཀྱི་བྲིས་པའི་རང་མོས་སྙན་རྩོམ་རེད། རང་མོས་སྙན་རྩོམ་དེའི་རིགས་གནའ་སྔ་མོ་ནས་བོད་ལ་ཡོད། དེའི་སྟབས་ཀྱིས་རང་མོས་སྙན་རྩོམ་འདི་བོད་ལ་དགོས་མཁོ་ཆེན་པོ་རེད།
བོང་རྫི་ལགས།
༡ཌྷ༽བཅོས་སྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་བྱུང་བའི་རྗེས་སུ་ཆོས་དད་རང་མོས་ཞེས་པའི་བོད་ས་ཡོངས་ལ་ཁྱབ་བསྒྲགས་བྱས་པ་རེད་ལ་ང་ཚོ་བོད་པའི་་བཤད་བསྡད་པས་གསར་བརྗེ་ལམ་ལུགས་ཞེས་པ་དེ་ཡང་དེ་དུས་བྱུང་བ་རེད།དཔལ་དོན་གྲུབ་རྒྱལ་གྱི་ལྟ་བ་གཙོ་བོ་ནི་ང་ཚོའི་སྤྱི་ཚོགས་ཀྱི་ལུགས་སྲོལ་ལམ་ལམ་ལུགས་རུལ་སུངས་རྙིང་པ་རྣམས་བསྣུབས་ནས་སྤྱི་ཚོགས་ཀྱི་ལུགས་སྲོལ་གསར་པ་ཞིག་འཛུགས་རྒྱུ་དེ་རེད་ཨང་།མ་ཟད་བསམ་བློ་གསར་བརྫེ་ལྟ་བ་གསར་བརྫེ་ལག་རྩལ་གསར་བརྫེ་སོགས་བྱེད་དགོས་པའི་རྩོམ་ཡིག་སྤེལ་བ་དེ་ཚོར་དགེ་མཚན་ཞིག་ལས་སྐྱོན་ཞིག་མི་སུས་ཀྱང་མཐོང་གི་མེད་པ་རེད།
༢༽སྐབས་དེ་དུས་ང་ཚོའི་སྤྱི་ཚོགས་ཡར་རྒྱས་དང་མི་འཚམས་པའི་བྱ་དངོས་རིགས་ཡོད་ཚད་རྕ་བ་ཉིད་ནས་བསྒྱུར་བཅོས་དགོས་པའི་བསམ་བློ་ཡང་དག་པ་ཞིག་བཅངས་པ་རེད།དེ་ལ་མ་འགྲིགས་གང་ཡང་མེད།ད་དུང་ཁོང་གིས་དེང་རབས་ཀྱི་རང་མོས་སྙན་ངག་སྲོལ་འབྱེད་པ་མ་ཟད་བོད་པའི་ན་གཞོན་མང་པོ་ཞིག་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་དེ་མངོན་སུམ་དོད་པོ་རེད།
༣༽དོན་གྲུབ་རྒྱལ་ཁོང་ནི་ངོ་མ་དེ་འདྲ་དུས་རབས་ཀྱག་ཀྱོག་ཅིག་གི་ཁྲོད་ན་སུས་ཀྱང་བླངས་མ་ཐུབ་པའི་ལུས་བསྡད་པ་ཞིག་ཁོང་དེང་རབས་ཀྱི་རང་མོས་སྙན་ངག་གི་ལམ་བུ་བརྒྱུད་དེ་མི་རིགས་ཀྱི་ལ་རྒྱ་ཞེས་པའི་སྐད་གསེང་མཐོན་པའི་ངང་གནམ་ས་གཉིས་ལ་ཁེངས་པ་ཞིག་སྒྲོག་དུས་ན་གཞོན་རྒས་ཁོག་དབྱེ་བ་མེད་པར་ཚང་མས་མིག་ཆུའི་ཕཌྷྲེང་རྡོག་རེ་རེར་ས་རུ་ཟགས་སོང་བའི་ལོ་རྒྱུས་ཡང་མང་པོ་ཞིག་བཤད་ཡ་འདུག།།
ཕྱག་གཉིས་པ་ལགས།
མཆན་༥༢་པ་ལ་དྲངས་ངེས་གནང་རྒྱུ་འདྲ་ཡོད་དམ།
ཟླ་བ་ལྷ་མོ་།
རྒྱ་གཞུང་ལ་སྐད་ཆ་འདི་འདྲ་ཞིག་ཁྱབ་ཡོད་པ་རེད་།ཐོག་མར་རྫུན་ཤིག་ཤོད་།དེ་ནས་སྟོང་ཕྲག་བར་ཏུ་བཟློས་།དེ་ནས་ཅི་མི་སྙམ་པ་བདེན་པ་ཡིན་ཁུལ་གྱི་བཤད་ན་།བདེན་པར་གྱུར་འགྲོ་ཞེས་བཤད་ཚུལ་ཡོད་པ་མ་ཟད་།ཆེད་དུ་དྲིལ་བསྒྲགས་ལས་ཁུངས་སོགས་བཙུགས་ནས་།རྫུན་རྣམས་ཁྱབ་བསྒྲགས་བྱས་བཞིན་ཡོད་པ་རེད་།
དེ་བཞིན་མི་ཞིག་གིས་ཅི་མི་སྙམ་པར་དོན་རྒྱལ་ནི”་རང་མོས་སྙན་ངག་སྲོལ་འབྱེད་པ་མ་ཟད་བོད་པའི་ན་གཞོན་མང་པོ་ཞིག་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་དེ་མངོན་སུམ་དོད་པོ་རེད།”
ཕན་ཐོགས་ཡོད་པ་རེད་།ཕན་ཕོགས་ཡོད་པ་རེད་ཅེས་མང་པོ་བསྐྱར་བཟློས་བྱོས་དང་།གཅིག་བྱས་ནས་བདེན་པར་མིན་འགྲོ་།
ཕན་གང་ནས་ཐོགས་འདུག་།རིག་གསར་སྐབས་ཀྱི་རྙིང་གཏོར་གྱི་ལྟ་བས་བོད་ལ་ཕན་ཐོགས་པ་རེད་དམ་།
བོང་རྫི་ལགས།
༡༽དཔལ་དོན་གྲུབ་རྒྱལ་རང་མོས་སྙན་ངག་སྲོལ་འབྱེད་པོ་ཡིན་པ་སུས་ཀྱང་ཁས་ལེན་གྱི་མེད་མི་ཚང་མས་དཔལ་དོན་གྲུབ་རྒྱལ་ནི་དེང་རབས་རང་མོས་སྙན་ངག་སྲོལ་འབྱེད་པ་པོ་ཡིན་པ་ཡོངས་གྲགས་ཀྱིས་ཁས་ལེན་བྱེད་ཀྱི་ཡོད་འདི་གཉིས་ཁྱད་པར་གསལ་བོར་ངེས་པར་གྱིས།
༢༽ད་ཆ་སྨྱུག་འཛིན་པ་མང་པོ་ཞིག་གིས་དེང་རབས་ཀྱི་རང་མོས་སྙན་ངག་འབྲི་བ་སོགས་དཔལ་དོན་གྲུབ་རྒྱལ་གྱི་དེང་རབས་རང་མོས་སྙན་ངག་གིས་ཤུགས་རྐྱེན་འཐད་པཌྷ་རེད་ལ་སྨྱུག་འཛིན་དེ་དག་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་པའི་མངོན་སུམ་ལ་སྙོན་དུ་མི་རུང་བ་ཤེས་པར་གྱིས།
༣༽འཇེར་མཱེན་ནས་ཧེ་ཐུ་ལིས་༼སྐྱག་རྫུན་གཅིག་ཐེངས་བརྒྱ་ལ་བགྲང་ན་དེ་བདེན་པར་འགྱུར་འགྲོ་༽ཞེས་གསུངས་ཡོད་པ་རེད།ཡིན་ནའང་ཁྱེད་ཀྱིས་བཤད་པའི་༼རྒྱ་གཞུང་ལ་སྐད་ཆ་འདི་འདྲ་ཞིག་ཁྱབ་ཡོད་པ་རེད་།ཐོག་མར་རྫུན་ཤིག་ཤོད་།དེ་ནས་སྟོང་ཕྲག་བར་ཏུ་བཟློས་།དེ་ནས་ཅི་མི་སྙམ་པ་བདེན་པ་ཡིན་ཁུལ་གྱི་བཤད་ན་།བདེན་པར་གྱུར་འགྲོ༽ཞེས་པའི་སྐད་ཆ་དེ་དག་དཔལ་དོན་གྲུབ་རྒྱལ་གྱིས་སྔ་ས་ནས་མཁྱེན་ཡོད་ཀྱི་རེད།།
ཟླ་བ་ལྷ་མོ་ལགས་
ཁྱོད་ཀྱིས་”དཔལ་དོན་གྲུབ་རྒྱལ་རང་མོས་སྙན་ངག་སྲོལ་འབྱེད་པོ་ཡིན་པ་སུས་ཀྱང་ཁས་ལེན་གྱི་མེད་མི་ཚང་མས་དཔལ་དོན་གྲུབ་རྒྱལ་ནི་དེང་རབས་རང་མོས་སྙན་ངག་སྲོལ་འབྱེད་པ་པོ་ཡིན་པ་ཡོངས་གྲགས་ཀྱིས་ཁས་ལེན་བྱེད་ཀྱི་ཡོད་འདི་གཉིས་ཁྱད་པར་གསལ་བོར་ངེས་པར་གྱིས།”
དེ་ལ་རྩོད་པ་ཅི་ཡང་རྒྱག་གིན་མེད་།དོན་གྲུབ་རྒྱལ་གྱིས་རིག་གསར་སྐབས་ཀྱི་སྙིང་གཏོར་ཅན་གྱི་ལྟ་བ་ཚ་ལྷམ་མེར་།དེང་རབས་རང་མོས་སྙན་ངག་གི་མིང་བཏགས་ནས་བོད་དུ་སྤེལ་བ་རེད་།དེ་ནི་བོད་ལ་བཤད་ན་རང་གཞུང་གི་ཐད་ནས་ནག་ཉེས་ཤིག་རེད་ཅེས་ལབ་གིན་ཡོད་པ་དེ་རེད་།གོ་སོང་ངམ་།
ཁྱོད་ཀྱིས་”ད་ཆ་སྨྱུག་འཛིན་པ་མང་པོ་ཞིག་གིས་དེང་རབས་ཀྱི་རང་མོས་སྙན་ངག་འབྲི་བ་སོགས་དཔལ་དོན་གྲུབ་རྒྱལ་གྱི་དེང་རབས་རང་མོས་སྙན་ངག་གིས་ཤུགས་རྐྱེན་འཐད་པཌྷ་རེད་ལ་སྨྱུག་འཛིན་དེ་དག་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་པའི་མངོན་སུམ་ལ་སྙོན་དུ་མི་རུང་བ་ཤེས་པར་གྱིས།”
འདི་ཡང་ཤིན་ཏུ་འཐད་།བོད་ཕྱི་ནང་ཀུན་དུ་དེ་འདྲ་མང་པོ་རེད་།ཁོ་ཚོས་སྲོལ་རྒྱུན་རིག་གནས་དང་།རྙིན་ཞེན་།།དེང་རབས་ཅན་སོགས་ཀྱི་མིང་ཐོག་ནས་བོད་ཀྱི་རིག་གནས་དང་།ཡུལ་སྲོལ་དང་།མི་བཤིས་།སེམས་པའི་འཁྱེར་སྟངས་སོགས་ལ་་གཏོར་ཅི་ཐུབ་བྱ་བཞིན་ཡོད་པ་དང་།མཐར་ཐུག་ན་ཁོ་ཚོའི་ལྟ་བ་ནི་།ཚན་རིག་མིན་ལ་།ནུབ་ཀྱི་ལྟ་གྲུབ་དང་།དེང་རབས་ཀྱི་རིགས་པ་སོགས་ཅི་ཡང་མ་ཡིན་པར་།རིག་གསར་གྱི་སྐབས་ཀྱི་རྙིང་གཏོར་གྱི་ལྟ་བ་དེ་རེད་ཅེས་ལབ་གིན་ཡོད་པ་དེ་ཡིན་།ཤེས་སོང་ངམ་།
ཁྱོད་ཀྱིས་”་སྐད་ཆ་དེ་དག་དཔལ་དོན་གྲུབ་རྒྱལ་གྱིས་སྔ་ས་ནས་མཁྱེན་ཡོད་ཀྱི་རེད།།”
འདི་ཡང་འཐད་ཀིན་འདུག་།
དེ་དོན་གྲུབ་རྒྱལ་གྱིས་ལོས་ཤེས་།དེ་ནི་མོའི་ཡིས་བཤད་པའི་སྐད་ཆ་ཤིག་རེད་།ཁོ་དེ་འོག་གི་མཚར་ལོངས་བྱུང་བ་རེད་།
བོང་རྫི་ལགས།
དཔལ་དོན་གྲུབ་རྒྱལ་གྱིས་དེང་རབས་རང་མོས་སྙན་ངག་གི་ལམ་ནས་གསར་རྙིང་གི་ལྟ་བ་གླེང་བ་དེ་ངོ་མ་རེད་ལ་དོན་དངོས་ཐོག་སྐབས་དེ་དུས་ང་ཚོའི་བོད་པ་ཚོས་རྨོངས་དད་བྱེད་༷༷པ་བག་འཁུམས་ཡིན་པ་བསམ་བློ་དང་དཔལ་འབྱོར་གཉིས་ཀྱི་ཆ་ནས་རྗེས་ལུས་ཡིན་པ་སོགས་བོད་པ་ཚོར་ར་འཕྲོད་བྱས་པ་མངོན་སུམ་མོ།
ད་དུང་བོད་ཀྱི་གོམས་གཤིས་ངན་པ་དང་ལྟ་བ་དང་བསམ་བློ་ངན་པ་དེ་ཚོ་སྙིགས་དོར་བཅུད་ལེན་དགོས་པའི་སླད་དུ་རྕོམ་ཡིག་མང་པོ་ཞིག་སྤེལ་བ་དེ་ལ་མ་འགྲིགས་པ་གང་ཡང་མེད་དོ།
དྲང་བོར་བཤད་ན་སྐབས་དེ་དུས་མི་རིགས་ཀྱི་ལ་རྒྱ་ཞེས་བའི་དཔའ་བོ་མདུན་བསྐྱོད་བྱེད་མཁན་ཁོང་ལས་ལྷག་པའི་ན་གྷགཞོན་ཞིག་མེད་པ་དེ་ཡང་མངོན་སུམ་མོ།།སྐབས་དེ་དུས་བོད་པ་ཚོས་རྨོངས་དད་མི་བྱེད་པ་བསམ་བློ་དང་དཔལ་འབྱོར་གྱི་ཆ་ནས་རྗེས་ལུས་མ་ཡིན་པ་བག་འཁུམས་མ་ཡིན་པ་གོམས་གཤིས་ངན་པ་དང་ལྟ་བ་ངན་པ་མེད་པ་སོགས་ཁྱེད་ཀྱིས་མཐཌྷའ་གཅིག་ཏུ་ཁས་ལེན་ཐུབ་ཀྱི་ཡོད་དམ།ད་ཁྱོད་ཀྱི་ཤེས་སོང་ངམ།།
ཟླ་བ་ལྷ་མོ་།
ཁྱོད་ལ་དོན་གྲུབ་རྒྱལ་ཁྲི་ལོ་བརྟན་པར་ཤོག་ཅེས་བའི་་འབོད་ཚིག་ལས་ཅི་ཡང་མི་དགོས་ནའང་།ལན་མ་བཏབ་པར་བསྡད་ན་ཁྱོད་ལ་མཐོང་ཆུང་གི་ཚུལ་ལྟ་བུ་ཤིག་ཏུ་མཐོང་བས་ལན་འདི་མི་འདེབས་ཐབས་མེད་བྱུང་།
ཁྱོད་ཀྱིས་
“ང་ཚོའི་བོད་པ་ཚོས་རྨོངས་དད་བྱེད་༷༷པ”་་བག་འཁུམས་ཡིན་པ་”་བསམ་བློ་དང་དཔལ་འབྱོར་གཉིས་”་རྗེས་ལུས་ཡིན་”་པ་སོགས་ཀྱི་ཚིག་འདི་ཐམས་ཅད་ལ་ཞིབ་དཔྱོད་རེ་བྱོས་དང་།འདི་རྣམས་་ག་ནས་བྱུང་བ་རེད་དམ་།་སུས་ཐག་གཅད་པ་རེད་དམ་།བོད་པ་རྣམས་ཀྱིས་དེ་ལྟར་འདོད་བཞིན་འདུག་གམ་།ངས་ཡབ་མེས་ཚོས་དེ་ལྟར་བསམ་གིན་མི་འདུག་།ང་བརྒྱད་སྐབས་སུ་བོད་པ་རྣམས་ཀྱིས་དེ་ལྟར་བསམ་གིན་མི་འདུག་།དེ་ལྟར་བཤད་པ་རྣམས་ལ་དམར་འཛིང་བྱས་པ་རེད་།
དེ་བཞིན་”བོད་ཀྱི་གོམས་གཤིས་ངན་པ་དང”་ལྟ་བ་དང་བསམ་བློ་ངན་པ”གང་ལ་ཟེར་གིན་ཡོད་།་”་སྙིགས་དོར་བཅུད་ལེན”ཇི་ལྟར་བྱེད་དགོས་།
“མི་རིགས་ཀྱི་ལ་རྒྱ་ཞེས་བའི་དཔའ་བོ་མདུན་བསྐྱོད་བྱེད་མཁན”་ཁོང་གི་མི་རིགས་ཀྱི་ལ་རྒྱ་ཟེར་བ་དེ་།དོན་གྱི་མེས་རྒྱལ་གྱི་གཟི་བརྗིད་ཟེར་བ་དེ་རེད་།མཐར་གཏུག་ན་།མེས་རྒྱལ་༼དོན་གྱི་རྒྱ་ནག་ལ་གོ༽གྱི་ཁྱིམ་ཚང་ཆེན་པོའི་མི་རིགས་ཀྱི་དཔལ་ཡོན་ཟེར་བ་དེ་རེད་།
བོང་རྫི་ལགས།
ཁྱེད་ཀྱིས་རང་ལྟ་མཆོག་འཛིན་བྱེད་ན་དོན་མེད་ཡིན་བོད་པ་རྨོངས་དད་བྱེད་པ་བག་འཁུམས་རྙིང་ཞེན་ཆེ་བ་དེ་བོད་རྒྱུད་ལ་ལྷན་སྐྱེས་ཀྱི་གྲུབ་བསྡད་ཡོད་པ་ཞིག་རེད།ཁོང་གིས་མི་རིགས་ཀྱི་ལ་རྒྱ་ཞེས་བ་དེ་བོད་རིགས་ཀྱི་ལ་བརྒྱ་ལ་གོ་བ་ཡིན།མེས་རྒྱལ་ཞེས་པ་དེ་་བོད་པའི་མེས་པོ་རྒྱལ་ཁབ་ལ་གོ་བ་རེད།ཁྱེད་ཀྱི་ཌྷའདོད་པ་ལྟར་ན།༼དོན་གྱི་མེས་རྒྱལ་གྱི་གཟི་བརྗིད་ཟེར་བ་དེ་རེད་།མཐར་གཏུག་ན་།མེས་རྒྱལ་༼དོན་གྱི་རྒྱ་ནག་ལ་གོ༽གྱི་ཁྱིམ་ཚང་ཆེན་པོའི་མི་རིགས་ཀྱི་དཔལ་ཡོན་ཟེར་བ་དེ་རེད༽ཅེས་པ་དེ་སུས་ཐག་བྷབཅད་པ་རེད།
ངས་སྔོན་ནས་ཁྱོད་ཚོ་ལ་ལབ་ཡོད་པ་བཞིན་།ཁྱོད་ཚོ་རིགས་པ་ཁས་མི་ལེན་པའང་དེའི་ཕྱོགས་ལ་བསམ་བློ་གཏོང་མི་ཤེས་།
སྐད་ཆ་མང་པོ་བཤད་མི་དགོས་།བོད་པས་དྲངས་བའི་དོན་རྒྱལ་གྱི་ཚིག་འདིས་།ཁྱོད་ཀྱི་སྐད་ཆ་ཚང་མ་ལན་བཏབ་འདུག་།ངས་ཐག་བཅད་པ་མ་རེད་།དོན་རྒྱལ་རང་གིས་ཐག་བཅད་པ་རེད།མི་བདེན་ན་ལྟོས་དང་འདི་ན་གསལ་བོ་འདུག་།
“དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ་པོད་དྲུག་པའི་[དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས]ལས་འཕྲོས་པའི་ལོ་རྒྱུས་ཀྱི་རྣམས་བཤད་ཐོར་བུ། ཟེར་བའི་ཤོག་ངོས་༣༥༣དང་༣༥༤ན་འདི་གསུངས་འདུག
ཡོན་རྒྱལ་རབས་ཀྱི་སྐབས་ལ་བོད་ཁམས་ཐམས་ཅན་དབང་དུ་བསྡུས་པ་དང་།་་་་་་་་་་་་་་་་་་་་་་་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་འོག་ཏུ་བསྡུས་པ་དང་། དགོས་ངེས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅོས་བསྒྱུར་གྱི་ལས་འགུལ་སྣ་ཚོགས་སྤེལ་བར་བརྟེན། ་་་་་་་་་་་་་་་་་་་་རྒྱལ་སྤྱིའི་ཐོག་གི་བཙན་རྒྱལ་རིང་ལུགས་དང་སྤྱི་ཚོགས་ཐོག་གི་ལོག་སྤྱོད་ཕྱོགས་ཁག་གིས་བོད་སྒེར་ཚུགས་ཀྱི་རྒྱལ་ཁབ་ཡིན་པར་བཤད་དེ། རང་རེའི་༼མེས་རྒྱལ་ཁ་བྲལ་དུ༽་གཏོང་བསམ་གིན་ཡོད།”
བོང་རྫི་ལགས།
འོག་གི་དོན་གོ་མ་སོང་།
འོ་རེད་ལགས་།ལང་ཚོའི་རྦབ་ཆུ་ཐད་ནས་ཀྱང་སྐད་ཆ་བྱུང་།ཁོང་གིས་འདི་འདྲ་བ་ཞིག་གསུང་སོང་།
དམར་སྲུང་དམག་དག་གིས་དགག་རྒྱག་ཚོགས་འདུ་ནང་གི་མོའི་སྙན་ངག་དབྱངས་སུ་གྱེར་ནས་།འདོན་པ་འདྲ་བ་འགའ་ཞིག་འདུག་ཅེས་གསུང་སོང་།དེ་འདྲ་ཞིག་མ་རེད་དམ་།
བོང་རྫི་ལགས།
ཁྱེད་ཀྱིས་༼རྒྱལ་སྤྱིའི་ཐོག་གི་བཙན་རྒྱལ་རིང་ལུགས་༽ཞེས་པའི་བཙན་རྒྱལ་རིང་ལུགས་དེ་ཁྱེད་ཀྱིས་སུ་ལ་གོ་འམ།༼སྤྱི་ཚོགས་ཐོག་གི་ལོག་སྤྱོད་ཕྱོགས་ཁག་གིས་བོད་སྒེར་ཚུགས་ཀྱི་རྒྱལ་ཁབ་ཡིན་པར་བཤད་དེ༽སྤྱི་ཚོགས་ཐོག་གི་ལོག་སྤྱོད་ཕྱོགས་ཁག་ཅེས་པའི་ལོག་སྤྱོད་ཕྱོགས་ཁག་དེ་ཡང་སུ་ལ་གོ་འམ།ལནཁ་གསལ་བོ་ཞིག་གནང་རོགས་ཞུ།།
རྒྱལ་སྤྱིའི་ཐོག་གི་བཙན་རྒྱལ་རིང་ལུགས་ཟེར་ན་ཨ་རི་སོགས་ལ་གོ་བ་དང་། སྤྱི་ཚོགས་ཐོག་གི་ལོག་སྤྱོད་ཕྱོགས་ཁག་ཟེར་ན་ཏྭ་ལའི་རུ་ཚོགས་ཟེར་གིན་ཡོད་ནི་རེད། འདི་ན་མི་གོ་རྒྱུ་ཤུགས་བསྟན་ཅང་མེད་ག དོན་རྒྱལ་གྱིས་མུ་མཐུད་ནས་འདི་ཚོས་བོད་སྒེར་ཚུགས་ཀྱི་རྒྱལ་ཁབ་ཡིན་པར་བཤད་དེ་རྙོག་དྲ་སློང་གི་ཡོད་རེད་མདོག་མདོག་བཤད་ཀི་མི་འདུག་གམ།
སྐུ་ཞབས་བོང་རྫི་ལགས།
ངེད་གཉིས་ཀྱིས་དཔལ་དོན་གྲུབ་རྒྱལ་གྱི་སྐོར་ལ་བགྲོ་གླེང་བྱས་པའི་ཡི་གེ་འདི་དག་ངས་ངའི་ཟིན་བྲིས་ངོས་སུ་དགོད་ན་བསམས་བྱུང་ཁྱེད་རང་ལ་མོས་མཐུན་ཡོད་དམ།།
ཟླ་བ་ལྷ་མོ་།
ང་ལ་ཁྱད་པར་ཅི་ཡང་མེད་།
གཤམ་གྱི་དྲ་ཚིགས་ནི་ལང་ཚོ་རྦབ་ཆུ་དབྱངས་སུ་གྱེར་ནས་བཏོན་པའི་དགོང་ཚོགས་ཤིག་རེད་།་ཐོག་མར་འདི་ལ་ལྟོས་།
http://www.tudou.com/programs/view/Kk9H_7KH44g/
དེའི་དབྱངས་རྟ་དང་།ལུས་ཀྱི་རྣམ་འགྱུར་།སེམས་ལ་སྟེར་ཚོར་བ་བཅས་དམར་སྲུང་དམག་གི་ཚོགས་འདུ་ཞིག་ལ་འདྲ་བོ་མི་འདུག་གམ་།
དེ་ནས་རྒྱ་ནག་གི་རིག་གསར་དང་།དེའི་རྗེས་སུ་་ཚོགས་པའི་སྤྲོ་ཚོགས་རྣམས་ལ་ལྟོས་དང་།ཁྱད་པར་ག་རེ་འདུག་།ལྷག་པར་ཏུ་།བོད་སྐད་དང་།རྒྱ་སྐད་མི་ཤེས་བ་ཞིག་ལ་ཉན་དུ་བཅུག་དང་།
ཁྱེད་ཀྱིས་ཞལ་བཞེས་གནང་བ་སྙིང་ཐག་པ་ནས་ཐུགས་རྗེ་ཞུ།།
དྲ་གྲོགས་ཚོ་ལགས་སྐུ་ཁམས་བཟང་།
ཁྱེད་རྣམ་པ་ཚོ་དངོས་གནས་ལག་བདེ་བོ་དང་ཁ་མཁས་པ་བསམ་གྱིས་མི་ཁྱབ་པ་ཞིག་རེད་ལ་དངོས་གནས་ཡ་མཚན་རང་རེད་ཨ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌
དོན་གྲུབ་རྒྱལ་གྱི་སྐོར་ལ་དགེ་ཕྱོགས་དང་། སྐྱོན་ཕྱོགས་གཉིས་ཆ་ནས་བགྲོ་གླེང་བྱས་འདུག དོན་གྲུབ་རྒྱལ་ལ་དགེ་ཕྱོགས་ནས་གླེང་མཁན་གཅིག་ནི་མགོན་པོ་ཕྱག་གཉིས་བ་དང་། ཟླ་བ་ལྷ་མོ་གཉིས་རེད་ལ། སྐྱོན་ཕྱོགས་ནས་གླེང་མཁན་ནི་བོད་པ་དང་། བོང་རྫི་གཉིས་རེད།
ངས་གཙོ་སྐྱོང་བྱེད་བཞིན་པའི་རང་དབང་གི་གླེང་སྟེགས་ཞེས་པའི་རླུང་འཕྲིན་ལེ་ཚན་ནང་དོན་གྲུབ་རྒྱལ་གྱི་སྐོར་ལ་དགེ་ཕྱོགས་ནས་བཤད་མཁན་མི་སྣ་ཞིག་དང་། སྐྱོན་ཕྱོགས་ནས་བཤད་མཁན་མི་སྣ་ཞིག་གདན་འདྲེན་ཞུས་ནས་བགྲོ་གླེང་བྱེད་འདོད་ཡོད། གོང་གསལ་མི་སྣ་རྣམས་ཀྱིས་རླུང་འཕྲིན་ནང་དོན་གྲུབ་རྒྱལ་གྱི་སྐོར་ལ་བཤད་འདོད་ཡོད་ན་ང་ལ་ཐད་ཀར་འབྲེལ་བ་གནང་རྒྱུ་མཁྱེན།
གློག་འཕྲིན་ཁ་བྱང་། gyalp@rfa.org
ཁ་པར་ཨང་གྲངས། 202-277-4091