བོད་རལ་བ་ཅན།
ལོ་གཅིག་གི་སྔོན་གྱི་ད་ལྟའི་དུས་ཚོད་དེ་ 2019 ཟླ་བཅུ་བའི་ཚེས་མགོར། ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་སྤྱི་མཐུན་ཚོགས་པ་སོ་སོའི་རྒྱུན་ལས་སམ་སྐུ་ཚབ་དག་དང་རྒྱ་བལ་འབྲུག་གསུམ་ལ་གནས་སྡོད་གནད་ཡོད་མི་སྣ་བརྒྱ་ཕྲག་ཁ་ཤས་ཤིག་བཞུགས་སྒར་རྡ་རམ་ས་ལར་དམིགས་གསལ་ཚོགས་ཆེན་ཐེངས་གསུམ་པ་འཚོགས་པར་བཅར། ཚོགས་ཆེན་གྱི་མཐའ་མའི་ཉིན་སྲིད་སྐྱོང་བློ་བཟང་སངས་རྒྱས་ཀྱིས་ལོ་རྗེས་མ་དེ་ནི་༸སྤྱི་ནོར་གོང་ས་རྒྱལ་བ་རིན་པོ་ཆེ་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ངོས་ནས་བཀའ་དྲིན་རྗེས་དྲན་ཞུ་བའི་ལོ་ཡིན་ཞེས་གསལ་བསྒྲགས་བྱས།
2019 ཟླ་10 ཚེས་14 ཉིན། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་མཆུ་ཨང་ 20 པའི་བཅད་ཁྲ་ཤོག་གྲངས་ཆིག་སྟོང་བརྒྱ་མེད་ཉི་ཤུ་རྩ་བརྒྱད་ཅན་ཞིག་བཏང་སྟེ། བློ་བཟང་སངས་རྒྱས་དང་བཀའ་ཤག་སྐབས་བཅོ་ལྔ་བར་སོ་སོས་བཙགས་པའི་ཆང་དེ་ཞིམ་པོ་མེད་ནའང་འཐུང་དགོས་པ་བཟོས། འོན་ཀྱང་། བཀའ་ཤག་གིས་2019 /10/14 སྟེ་ཉི་མ་དེའི་མཚན་གུང་ལ་གསར་འགོད་གསལ་བསྒྲགས་ཤིག་བསྐོངས་ནས། ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་གྱིས་གསར་ལམ་ཁག་ལ་ལས་རྒྱུ་འབྲས་ཀྱི་རྣམ་བཞག་ཐུང་ངུ་ཞིག་བཤད་རྗེས་དྲི་བ་དྲིས་ལན་མེད་ཅེས་དང་། བཀའ་ཤག་གིས་གླས་པའི་ཁྲིམས་རྩོད་པས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྱད་གསོད་དང་གླེང་གཞི་བཟོས་སྟབས་ཁྲིམས་ཞིབ་ཁང་ནས་ཁྲིམས་རྩོད་པ་ཞིག་གིས་གཞི་རྩའི་འགན་འཁྲི་མ་འཁུར་བ་དེ་ལ་བརྟེན་ནས་ཁྲིམས་རྩོད་པའི་ལག་འཁྱེར་ཀྱང་ཕྱིར་བསྡུ་བྱེད་སྲིད་པའི་ཉེན་བརྡ་བཏང་།
མཐར་2019/12 /27ཉིན་ཏེ་བཅད་ཁྲ་ངོས་ལེན་མ་ཞུས་ན་བཀའ་ཤག་སྐབས་བཅོ་ལྔ་བའི་བཀའ་བློན་རྣམས་ཀྱི་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་ཤོར་ལ་ཉེ་བའི་ཉིན་མཐའ་མའི་ཕྱི་དྲོའི་ཆུ་ཚོད་བཞི་བ་དང་། བཅད་ཁྲ་བཏང་ནས་ཟླ་གཉིས་དང་ཉིན་བཅུ་གསུམ་གྱི་རྗེས་ལ་གཞི་ནས་འགྲེལ་བཤད་རྒྱབ་ན་གོ་བ་ག་རེ་བླངས་ཆོག་ཆོག་གི་ཚིག་དོན་མགོ་གཉིས་ཅན་གྱི་དགོངས་སེལ་ཡིག་འཕྲེང་གཉིས་ཅན་ཞིག་དྲ་ལམ་ཁག་ལ་བཏང་། འདིས་དོན་དག་ག་རེ་སྟོན་བཞིན་པ་ཡོད་རེད་ཞེ་ན། དགོངས་སེལ་མ་ཞུས་ན་དོ་བདག་སོ་སོའི་འབྱུང་འགྱུར་གྱི་མདུན་ལམ་དང་ཁེ་ཕན་ལ་དོ་ཕོག་འགྲོ་བཞིན་ཡོད་སྟབས་དགོངས་སེལ་ཞུས་པ་མ་གཏོགས། བཅའ་ཁྲིམས་རིན་པོ་ཆེར་བརྩི་འཇོག་བྱས་པ་ཞིག་མིན་པ་ཁ་མཆུ་ཨང་20སྔ་ཕྱིའི་བྱུང་རིམ་དང་། བཀའ་ཤག་གིས་འགན་ཁུར་སྟངས་ནས་གསལ་བོར་བསྟན་ཡོད།
2020 ལོ་འགོ་ནས་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་འགྲིམ་འགྲུལ་བཀག་སྡོམ་བྱས་སྟབས། སྤྱི་ཟླ་གསུམ་པའི་གྲོས་ཚོགས་ཚོགས་དུས་དེ་ཉིན་གཅིག་གི་ནང་གྲུབ་པ་བྱས། མ་གཞི་དེ་ནི་ནད་ཡམས་ཀྱི་གནས་སྟངས་དབང་གིས་དེ་ལྟར་གནང་བ་ཞིག་རེད་དེ། སྤྱི་ཟླ་གསུམ་པའི་ནང་གི་ཚོགས་དུས་ནི་གཙོ་བོ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་མ་ལག་ཡོངས་ཀྱི་ལོ་འཁོར་ཧྲིལ་བོ་གཅིག་གི་འགྲོ་གྲོན་གཏོང་ཕྱོགས་ཀྱི་སྔོན་རྩིས་གཏན་འབེབས་ཡིན་ལ། དེར་འཛིན་སྐྱོང་བཀའ་ཤག་ནས་ལྷན་ཁང་ཁག་གི་རྒྱུན་གྲོན་དང་ལས་གཞི་ལས་འཆར་གསར་རྙིང་ཚང་མར་གྲོས་ཚོགས་ལ་འགྲོ་གྲོན་བཀའ་ཁྲོལ་ཞུ་བར། དང་པོ་མང་ཚོགས་རྩིས་ཁྲ་ཚོགས་ཆུང་ནས་ཞིབ་འཇུག་དང་དེ་ནས་རིམ་པས་སྤྱི་འཐུས་རྒྱུན་ལས་བརྒྱུད་གྲོས་ཚོགས་ནང་སླེབས་རྗེས་ལྷན་ཁང་རེ་རེ་བཞིན་རྩིས་འགོ་ཁག་ལ་བགྲོ་གླེང་དང་དྲི་བ་དྲིས་ལན་མཐིལ་ཕྱིན་པ་བྱས་རྗེས་ཐག་གཅོད་དགོས་པའི་ཞིབ་ཚགས་དེ་གནང་བའི་གོ་སྐབས་བྱུང་མེད། དེར་བརྟེན། ད་ལོ་ནད་ཡམས་ཀྱིས་རྐྱེན་པས་གྲོས་ཚོགས་ནས་བཀའ་ཁྲོལ་མ་དགོས་པར་འཛིན་སྐྱོང་ལ་ག་རེ་བྱེད་བྱེད་དང་ག་རེ་གཏོང་གཏོང་གི་ལྡེ་མིག་ཚང་མ་རག་ཡོད།
ནད་ཡམས་ཀྱི་དབང་གིས་བཀག་རྒྱ་གནང་བའི་གོ་སྐབས་དང་བསྟུན་ནས་རྒྱ་ནག་ལ་དཔལ་འབྱོར་ལྷུག་གཏོང་ས་ཁུལ་ཟེར་བ་ཞིག་ཡོད་པ་ལྟར། ལོ་རྗེས་མའི་འོས་བསྡུ་སླེབས་ལ་ཉེ་བ་་དང་བསྟུན། གོ་སྐབས་འདི་བཟུང་ནས་སྲིད་སྐྱོང་འོས་མི་སྐལ་རྡོར་རམ་བློ་བཟང་སངས་རྒྱས་ཀྱི་གྲོགས་པོ་ལ་འོས་ཐོབ་ཆེད་ས་གནས་ཁ་ཤས་ལ་ནད་ཡམས་ཀྱི་དཀའ་སེལ་རོགས་སྐྱོར་དང་མཐོ་སློབ་ཁག་གི་ན་གཞོན་ཁག་གཅིག་ལ་དངུལ་གྱི་ཆར་བ་ཕབ། དོན་དངོས་སུ་ས་གནས་ས་ཐོག་ན་ཉམ་ཐག་སྐྱོ་བོ་སྐྱབས་མེད་མགོན་མེད་ཡིན་པ་མང་པོའི་དཀའ་ངལ་སེལ་སླད་དྲ་ལམ་ནས་བོད་པ་སྦྱིན་གཏོང་རོགས་རམ་གནང་མཁན་རེ་འགའ་བྱུང་ཀྱང་། སྤྱི་ཟླ་ལྔ་བ་ཡས་མས་ཞིག་ལ་ནང་སྲིད་བཀའ་བློན་གྱིས་ཉམ་ཐག་ཚོས་དྲ་ལམ་ནས་རོགས་དངུལ་དེ་འདྲ་བླངས་པའམ་བརྙན་ལམ་ནས་དཀའ་ངལ་བཤད་ན། འབྱུང་འགྱུར་ནང་སྲིད་ཀྱི་རོགས་སྐྱོར་མཚམས་འཇོག་བྱེད་རྒྱུ་ཡིན་པའི་སྡིག་ར་བསྐུལ། འདི་ནི་དེང་སྐབས་རྒྱ་ནག་གཞུང་གིས་བོད་ཁུལ་གཙོས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་གཅིག་ལ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དང་གཅིག་པ་ཡིན། གཞུང་གི་འགོ་ཁྲིད་ལ་སྐྱོན་བརྗོད་པའམ་གཞུང་གི་སྲིད་བྱུས་ལ་བསམ་འཆར་བཤད་མི་ཆོག་པ། བཤད་མཁན་ལ་སྡིག་ར་བསྐུལ་བ། བརྙན་ལམ་ནས་ང་ཚོར་དཀའ་ངལ་མེད་རབས་དང་ད་ལྟའི་གཞུང་གི་འགོ་ཁྲིད་ཚོ་ཡག་པོ་ཡིན་རབས་བཤད་དགོས་པ་སོགས་རྒྱ་ནག་དམར་ཤོག་གཅིག་སྡུད་རིང་ལུགས་ཀྱི་འགོ་ཁྲིད་ཚོའི་བྱེད་ལུགས་བྱེད་སྟངས་ནང་བཞིན་ལས་ཁྱད་པར་གང་ཡང་མེད།
2020/8/13ཉིན་སྤྱི་འཐུས་རྒྱུན་ལས་ནས་སྤྱི་ཟླ་དགུ་བའི་གྲོས་ཚོགས་དེ་ཡང་འཚོགས་མི་དགོས་པའི་ཐག་གཅོད་གནང་སྟབས། དེ་ནི་བཅའ་ཁྲིམས་དང་འགལ་བའི་ཐག་གཅོད་ཅིག་ཡིན་པ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤྱི་འཐུས་རྒྱུན་ལས་བརྡ་བཏང་ཡང་། སྤྱི་འཐུས་རྒྱུན་ལས་ནས་དེ་ནི་བཅའ་ཁྲིམས་དོན་ཚན་58 ནང་གསེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ལ་འབྲེལ་བཏགས་ནས་ཁྲིམས་ཞིབ་ཁང་གི་ལམ་སྟོན་དང་ཐག་གཅོད་ལ་དང་ལེན་བྱས་མེད། སྤྱི་འཐུས་རྒྱུན་ལས་ཀྱི་འགྲེལ་བཤད་ལྟར་ན། ཁྲིམས་བཟོ་ལྷན་ཚོགས་ཁྲིམས་བཟོ་མཁན་ཡིན་པ་ལས་ཁྲིམས་བརྩི་དགོས་པའི་ངེས་པ་མེད་པ་བསྟན་ཡོད། འདི་ལ་བལྟས་ན། སྤྱི་འཐུས་མི་རེ་ངོ་རེ་ནས་ཉིན་དང་པོར་སྤྱི་འཐུས་གྲོས་ཚོགས་ར་བ་ནས་བཅའ་ཁྲིམས་རིན་པོ་ཆེ་དཔང་དུ་བཞག་ནས་དམ་འབུལ་ཞུས་པ་གཏིང་ནས་བརྗེད་ཟིན་པ་འདྲ།
སྐབས་འདིར་ང་ཚོས་ངེས་བར་དུ་ཤེས་དགོས་པ་ཞིག་ནི་མང་གཙོའི་ཀ་བ་གསུམ་གྱི་འགན་དབང་དང་ལྗིད་མཉམ་སྟངས་འཛིན་ཟེར་བའི་སྙན་ཆ་དོད་པོ་ཡོད་པའི་ཚིག་དེ་དག་མ་ཡིན་པར། ང་ཚོས་ངེས་པར་དུ་ཤེས་དགོས་པ་ནི་རྒྱུ་མཚན་ཅི་ཞིག་ལ་བརྟེན་ནས་སྤྱི་འཐུས་རྒྱུན་ལས་ནང་སྤྱི་ཟླ་དགུ་བའི་གྲོས་ཚོགས་འདི་འཚོགས་མི་དགོས་པར་འབད་པ་བྱེད་བཞིན་པ་དང་། གལ་སྲིད་འཚོགས་ན་ཁོ་རང་ཚོའི་ཁེ་ཕན་ག་རེ་ལ་གནོད་སྐྱོན་འགྲོ་ཡི་ཡོད་མེད་དེ་ཡིན།
ལོ་རྗེས་མའི་འོས་བསྡུ་གྲུབ་རྗེས་བཀའ་ཤག་སྐབས་བཅོ་ལྔ་བ་འཁྱུར་བཞིན་ཡོད་ལ། 2020 ལོའི་བཙན་བྱོལ་སྒྲིག་འཛུགས་ཀྱི་བྱུང་དང་སོང་གི་དངུལ་རྩིས་ཡོངས་རྫོགས་ནག་ཁུང་ལ་བཅུག་ཡོད། དོན་དམ་པས་ང་ཚོ་ཕྱི་གསལ་ནང་གསལ་དགོས་སམ། དོན་དམ་པས་ང་ཚོ་ལ་ཁྲིམསས་ཀྱི་དབང་བསྒྱུར་དགོས་སམ། ཁ་ཐོགས་ཚད་ཚང་མས་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་བཤད་བཞིན་ཡོད་ལ། ཡང་དག་པའི་མང་གཙོ་བཤད་བཞིན་ཡོད། ང་ཚོའི་མང་གཙོ་ནི་རྒྱལ་བ་རིན་པོ་ཆེས་གསོལ་རས་གནང་བའི་མང་གཙོ་ཞིག་ཡིན་ཞེས་ལོ་ངོ་དྲུག་ཅུའི་རིང་ལ་ངག་ནས་སྐྱོར་ཡོད། འོན་ཀྱང་། སྒེར་གྱི་ཁེ་ཕན་ལ་ཐུག་དུས་ང་ཚོའི་མང་གཙོ་དེ་ག་བར་སྐྱེལ་སོང་། ང་ཚོའི་བཀའ་སྤྱི་གཉིས་ཀྱི་གནང་ལུགས་གནང་སྟངས་འདི་ག་རེ་ཡིན་ནམ།
འདི་དོན་ངོ་མར་བཀའ་དྲིན་རྗེས་དྲན་བྱེད་ཞུ་སྟངས་ཤིག་རེད་དམ། ཡང་ན། དྲིན་ལན་ལོག་འཇལ་བྱེད་སྟངས་ཤིག་ཡིན།?
ངོ་ནས་གྲངས་ནས་ལེགས་བཤད་རྨད་དུ་བྱུང་བ་ཞིག་བཤད་འདུག མངོན་པར་བསྟོད། དམིགས་ཡུལ་ངོ་མ་དེ་ག་རེ་ཡིན་པ་ཧ་གོ་སོང་།
་་་་་་་་་་་་་་་་་ ལོ་རྗེས་མའི་འོས་བསྡུ་གྲུབ་རྗེས་བཀའ་ཤག་སྐབས་བཅོ་ལྔ་བ་འཁྱུར་བཞིན་ཡོད་ལ། 2020 ལོའི་བཙན་བྱོལ་སྒྲིག་འཛུགས་ཀྱི་བྱུང་དང་སོང་གི་དངུལ་རྩིས་ཡོངས་རྫོགས་ནག་ཁུང་ལ་བཅུག་ཡོད ་་་་་་་་་་་་་་་་་་་་་་་་་ ཟེར།
བོད་རལ་བ་ཅན་གྱི་ཞལ་ནས་བོད་རལ་བ་ཅན་གྱི་གཏམ་ཞིག་བཤད་འདུག་བཀའ་དྲིན་ཆེ།
རྒྱ་ནག་པོའི་གཡོ་འོག་ཏུ་ང་ཚོའི་མཛད་གཙོ་རྣམ་པ་ཡང་ཚུད་མི་འདུག བཅའ་ཁྲིམས་རིན་པོ་ཆེ་དཔང་དུ་བཞག་ནས་ཁས་ལེན་དམ་བཅའ་བྱས་ཏེ། བཅའ་ཁྲིམས་རིན་པོ་སྣང་མེད་བཏང་བ་འདི་ཅི་འདྲའི་ཉེས་པ་ཆེ་ཨང་།😂
བོད་རལ་བ་ཅན་གྱི་ཞལ་ནས་བོད་རལ་བ་ཅན་གྱི་གཏམ་ཞིག་བཤད་འདུག་བཀའ་དྲིན་ཆེ།
རྒྱ་ནག་པོའི་གཡོ་འོག་ཏུ་ང་ཚོའི་མཛད་གཙོ་རྣམ་པ་ཡང་ཚུད་མི་འདུག བཅའ་ཁྲིམས་རིན་པོ་ཆེ་དཔང་དུ་བཞག་ནས་ཁས་ལེན་དམ་བཅའ་བྱས་ཏེ། བཅའ་ཁྲིམས་རིན་པོ་སྣང་མེད་བཏང་བ་འདི་ཅི་འདྲའི་ཉེས་པ་ཆེ་ཨང་།
གོ་སྟངས་བྱས་ན་སྤྱི་འཐུས་སྨོན་ལོག་ཐར་ཕྱིན་དང་བསྟན་པ་མར་འཕེལ། ཤར་ཕྱོགས་ཁ་ཏ་གསུམ་གྱིས་ཨུ་ཚུགས་མཐར་སྐྱེལ་བྱས་ཏེ་ཁྲིམས་འགལ་འདི་ཆགས་པ་རེད་ཟེར
ལས་ཀྱེ་སྣེ་ན་ཡོད་པའི་བོད་སྤྱི་བའི་སྤྱི་མི་ཡིན་པར་འདོད་ཅིང་རློམ་པ་ཁ་ཤས་ནས་རང་ལ་ཡོད་པའི་དབང་ཚད་བེད་སྤྱོད་བཞིན། ལས་གླ་ལེན་བཞིན། བཙན་བྱོལ་བོད་མའི་བཅའ་ཁྲིམས་ཀྱི་དགོངས་དོན་ལས་འགལ་བའི་ལས་ཀ་རྐྱང་ལས་དུས། བོད་རལ་བ་ཅན་ལྟ་བུའི་རང་གིས་རང་ཉིད་ཁ་གསོ་མཁན། བོད་མིའི་སྒྲིག་འཛུགས་ཀྱི་ཕོགས་གཟན་མིན་ལ་དབང་ཚད་ཀྱང་མེད་པའི་མི་སེར་དཀྱུས་མ་ཞིག་གི་བྲེལ་ཟིང་གི་འཚོ་བའི་ཁྲོད། ནག་ཕྱོགས་ཀླ་ཀློ་དང་ཇག་ཚོགས་ལྟ་བུའི་མྱི་དག་གི་ཐལ་དྲག་པའི་བྱེད་ལས་རྣམས་ཁུངས་དང་གནས་ལུགས། རྒྱུ་མཚན་ལ་གཞི་བཅོལ་ཏེ། ཟླ་བ་ཚེས་གྲངས་དང་བཅས་སྤྱི་མིའི་གཟུགས་འཛིན་པ་དག་གི་མ་རུང་བའི་ལས་བསྒྲུབ་པ་དང་སྒྲུབ་བཞིན་པ་དག་གསལ་ཀྱུ་ལེར། ཁྲ་ཆིལ་ལེར་ཐེར་འདོན་གནང་འདུག་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ།
ཁྲིམས་བཟོ་མཁན་ཀ་བ་དེ་ཡིས་ཁྲིམས་ལུགས་ཀྱི་གོ་དོན་ཤེས་རྟོགས་ཐུབ་གི་མེད་པ་མ་གཏོགས། ཁྲིམས་མ་བརྩི་བ་རང་ད་ཨེ་ཡིན་བསམ། ཞབས་འདྲེན་རེད།
བོད་རལ་བ་ཅན་གྱིས་ཧ་ཅང་གནད་འགག་ཅན་གྱི་བཀའ་མོལ་གསུང་འདུག
དེང་སྐབས་ང་ཚོའི་འགོ་ཁྲིད་ཚོས་ག་རེ་བྱེད་ཀྱིན་ཡོད་མེད་ཤེས་ཁག་པོ་འདུག། གང་ལྟར་སྲིད་སྐྱོང་བློ་བཟང་སངས་རྒྱས་འདི་སྲིད་སྟེག་ལ་ཡོང་བ་ནས་བཟུང་། བཙན་བྱོལ་སྤྱི་ཚོགས་འདི་ཁ་འཐོར་་དགུ་འཐོར་དུ་བཏང་སོང་ལ། རྒྱལ་དབང་སྐུ་འཕྲེང་བཅུ་བཞི་པ་ཆེན་པོས་སྐུ་ངལ་སྣ་ཚོགས་གྱོན་ཏེ་ལོ་མང་རིང་བསྐྱང་བའི་ཞི་བདེ་བགས་ཕེབས་ཀྱི་སྤྱི་ཚོགས་དེའང་། དུས་ད་ལྟ་རྒྱལ་ཞེན་ཅན་ནས་ཆོལ་ཞེན་ཅན་དང་ཆབ་སྲིད་སྐབས་འཚོལ་བ་རྣམས་ཀྱི་རྩེད་ཆས་སུ་འགྱུར་འདུག།
ལོ་གཅིག་གི་གྲོས་ཚོགས་ཚོགས་ཐང་གཉིས་ཀ་མེད་པ་བྱས་བོད་མིའི་སྒྲིག་འཛུག་གི་བང་མཛོད་ཀྱི་ལྡེ་མིག་དེ་བློ་བཟང་སེང་གེ་དང་སྐལ་རྡོ་གཉིས་ལ་སྤྲད། སྐལ་རྡོའི་བློ་བཟང་སེང་གེ་ལ་སློབ་སྟོན་བྱས། སྐལ་རྡོ་སྲིད་སྐ྄ོང་ལ་ལང་། སྤྱི་འཐུས་རྒྱུན་ལས་བརྒྱ་ཆ་དགུ་བཅུ་གོ་དགུའི་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་བྱས། འོས་འཕེན་པ་གཞུང་དངུལ་གྱིས་ཉོས། མི་མང་ནག་ཁུང་དུ་བཞག། བཅའ་ཁྲིམས་རྡོག་རོལ་བཏང་། བྱེད་སྟངས་སྙིང་རྗེ་མོ་འདུག། ཡིན་ན་ཡང་་་་་་་་་་་་་་་་་་་་་་་
བསམ་ཚུལ་དམར་རྗེན།
བོད་རལ་བ་ཅན་ཟེར་བ་དེ་བོད་ལ་ཤ་ཚ་ཅན་ཞིག་རེད་འདུག ཁྱེད་ཀྱིས་གསུང་པ་ལ་མངོན་པར་བསྟོད་དོ། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཅའ་ཁྲིམས་རིན་པོ་ཆེའི་ནང་དུ་གང་ཡོད་པ་བཞིན་ལག་ལེན་གནང་དགོས་ལ། བཀའ་ཤག་དང་སྤྱི་འཐུས་རྒྱུན་ལས་ནས་བཀའ་གསུང་དང་ལེན་ཞུ་རྒྱུ་འོས་འགན་མ་ཡིན་ནམ། ལས་ཀྱི་སྣེ་མོ་བ་རྣམས་ཀྱིས་ཁྲིམས་དང་སྒྲིག་གཞི་ལ་བརྩི་སྲུང་མ་བྱས་ན་སུ་ཡི་བྱེད་དགོས་སམ། མང་གཙོའི་ཀ་བ་གསུམ་གྱི་ཡ་གྱལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཀའ་གསུང་ལམ་སྟོན་ལ་མི་བརྩི་བ་རྣམས་ལ་ངོ་རྒོལ་ཡོད། ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད་དོ།།
དམངས་གཙོ་རྒྱལ་ལོ། དྲང་བདེན་རྒྱལ་ལོ། བོད་རྒྱལ་ལོ། ༡༤/༨/༢༡༤༧
ཐུགས་རྗེ་ཆེ།🙏🙏🙏
ཤར་ཁུག་བློ་བཟང་ཆོས་འབྱོར་ལགས་བླ་འདར་ནས་ཁྲིམས་ཞིབ་ཁང་ལ་མ་ཕེབས་གོང་ནས་སྤྱི་ཚོགས་དྲ་ལམ་ལ་དགོངས་སེལ་ཞུས་འདུག་ཟེར། དེ་འདྲའི་ཡ་མཚན་ལ། ཁ་དང་ལག་པ་བསྡད་མ་ཚུགས་ན་་་་་་་་་ འབུ་གྲོག་མ་འགྲོ་འདུག་མང་ན་་་་་་་་་་
ཁ་ནས་བཀའ་དྲིན་རྗེས་དྲན་དང་ལག་ལེན་དུ་དྲིན་ལན་ལོག་འཇལ་མ་རེད་དམ?
མདོ་སྨད་སྤྱི་འཐུས་དོན་གྲུབ་བཀྲ་ཤིས་མཆོག་ལ་མི་ངན་པའི་གྲིབ་མ་ནག་པོས་དབང་གིས་མ་དགོས་ས་ནས་མིང་ཆལ་རེག་སོང་། དེ་མིན་སྤྱི་འཐུས་གཞན་ཚང་མ་ལ་ཉེས་པ་ཆུང་དྲགས་མེད་ན་ཆེ་དྲག་མི་འདུག་དངོས་གནས་བྱས་ན་སྤྱི་འཐུས་ཚང་མའི་གདམ་བྱ་འདེམ་བྱེད་གཉིས་ཀ་འཕྲོག་དགོས་རེད།
བོད་རལ་བ་ཅན་ལགས་ཀྱིས་གནས་ལུགས་དང་བདེན་པ་གཞི་ལ་བཞག་ནས་རྩོམ་ཡིག་ཡག་པོ་ཞིག་བྲིས་འདུག་པས་ལེགས་གསོལ་བསྔགས་བརྗོད་ཞུ།
བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་འཛིན་སྐྱོང་བཀའ་ཤག་དང་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་གཉིས་ནས་བཙན་བྱོལ་བོད་མིའི་ལོ་རྒྱུས་དེབ་ཐེར་ནང་ཞབས་རྗེས་བཞག་པ་མ་རེད་དམ?
བོད་རལ་བ་ཅན་ལ་བཀའ་དྲིན་སྙིང་ནས་ཞུ།
ང་ཚོའི་མཛད་གཙོ་རྣམས་་པ་ནི་སྲིད་དབང་སྒེར་སྤྱོད་དང་སྐབས་འཚོལ་བ་རྐྱང་རྐྱང་ཡིན་པ་འདི་བོད་པའི་ལས་དབང་ཡིན་ནམ?????
྄༸གོང་ས་༸མཆོག་གིས་དགུང་ལོ་བཅུ་དྲུག་ནས་ད་ལྟ་པར་དུ་གཡས་བསྐྱར་གཡོན་སྐྱོར་བྱས་ནས་སྐུ་ངལ་སྣ་ཚོགས་གྱོན་པ་ལ་དྲིན་ལན་ལོག་འཇལ་རེད།
དངོས་ཡོད་གནས་ཚུལ་གསུང་བར་ཐུགས་རྗེ་ཆེ། ༧ གོང་ས་མཆོག་བཞུགས་བཞིན་དུ་འདི་ལྟར་ཁྲིམས་ཞིབ་ཁང་མི་བརྩི་མཁན་འདི་དག་ངོ་མ་སྐྱུགས་བྲོ་ཞིང་ཞེན་པ་ལོག་སོང་ལ་མ་འོངས་ལོ་ཟླའི་ནང་གང་ཟག་འདིའི་རིགས་ཀྱི་ཁ་ཞེ་མི་མཚུངས་བའང་ཤེས་དགོས།
སྤྱི་ཚོགས་རྙིང་པའི་ལུགས་སྲོལ་ལྟར་ན་ཕ་ཤུལ་བུ་འཛིན་བྱེད་སྟངས་ཤིག་ཡོད་པ་རེད། དེང་སང་སློབ་བཟང་སངས་རྒྱས་ཀྱིས་ལས་ཀ་བྱེད་སྟངས་འདི་ཡང་སྤྱི་རྙིང་པའི་བྱེད་སྟངས་ཤིག་དང་འདྲ་བོ་འདུག་ལ། ལྷག་པར་སྒེར་གཅོད་བྱས་ནས་ཕྱོགས་རིས་དངོས་སུ་བྱས་ནས། མ་འོངས་པའི་བཀའ་ཤག་དེ་ཡང་སོ་སོའི་སྒེར་ཕན་ལ་དམིགས་བཞིན་པ་འདི་ནི་དམར་པོའི་ལམ་ལུགས་དང་ཧ་ཅང་འདྲ་བོ་འདུག རལ་བ་ཅན་གྱིས་གསང་གནད་འགའ་ཞིག་གསལ་བཀྲོལ་བྱས་འདུག་པས། དགའ་བསུ་ཡོད།
ད་ལན་དབུ་དཀར་ཚང་སྐལ་རྡོར་ལགས་ལ་ཐོབ་ན། ངས་མི་ཚེ་གང་པོར་བློ་སེང་དང་། སྐལ་རྡོར་རྣམ་གཉིས་ཀྱི་འོས་འཕེན་པ་ཚོར་ངོ་རྒོལ་བྱ་རྒྱུ་ཡིན།
ང་ཚོའི་བཙན་བྱོལ་སྒྲིག་འཛུགས་འདི་ལ། ཆབ་སྲིད་གཡས་ཕྱོགས་དང་གཡོན་ཕྱོགས་གཉིས་མེད་པས། གལ་སྲིད་སྤཻན་ཚེ་ལགས། ཐོབ་ན་ད་ལན་གཡས་ཕྱོགས་ཤོར་ནས་གཡོན་ཕྱོགས་ཐོབ་པ་དང་ཁྱད་མེད་དུ་གྱུར་པས།
ད་ལན་ངེས་པར་དུ་ཚོགས་ཟུར་སྤེན་པ་ཚེ་རིང་མཆོག་ལ་སྲིད་སྐྱོང་གི་སྲིད་སྟེགས་སུ་ངེས་པར་དུ་འཇོག་དགོས། དེ་མིན་ན་དེའི་རྗེས་ལ་འབྲོང་ཆུང་། དེ་མིན་ན་མོ་དད་ཅན་ཚོ་ཡི་རྒྱ་རི་ཉིད་ལ་འོས་སོ་སྙམ་མོ།།