ཆོས་ཉིད་འོད་ཟེར་གྱིས་
སློབ་གྲྭ་ནི་རང་གི་ནང་དང་དགེ་རྒན་ཕ་མ། སློབ་གྲོགས་ཚོ་སྤུན་མཆེད་ལྟ་བུའི་འདུ་ཤེས་འཛིན་དགོས་ཞེས་མི་རབས་རྒན་པ་ཚོས་དུས་རྒྱུན་སློབ་གསོ་གཏོང་གི་ཡོད་ལ། སྒོས་སུ་སྐྱབས་བཅོལ་བོད་ཕྲུག་ཚོར་སློབ་གྲྭ་ལས་ནང་དང་ཕ་མ་མེད་མཁན་ཤིན་ཏུ་མང་བས་སློབ་གྲྭ་དེ་མ་ཡུམ་རེད། བོད་ནང་ནས་རེ་བ་ཆེན་པོ་བྱས་ཏེ་ཕ་མ་ཚོས་ཕྲུ་གུ་རྒྱ་གར་དུ་བཏང་བ་དང་། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་སྐྱེལ་བཞིན་ཡོད་ལ། དེར་གནས་མལ་སློབ་སྦྱོང་གྲ་སྒྲིག་གང་འཚམས་ཡོད། ཡིན་ཡང་སློ་གྲྭ་རེ་ཟུང་ནང་འཛིན་སྐྱོང་གིས་ལྟ་སྐྱོང་གིས་མ་འདང་བ་དང་། ཡང་ན་སློབ་མ་སྤྱོད་པ་ངན་པ་སོགས་ཀྱིས་ཧང་སང་དགོས་པའི་དཀའ་ངལ་འཕྲད་མཁན་འབྱུང་གི་ཡོད་པ་རེད།
ཉེ་ཆར་ཕྱི་ཟླ་༨ ཚེས་༥ ཉིན་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་ནང་དུ་སློབ་མ་ཞིག་ལ་རྒན་བདག་གཉིས་ཀྱིས་རུབ་རྡུང་བྱས་ནས་བསད་པ་རེད། སྐབས་དེར་སེམས་པ་ཧ་ཅང་ཕངས་པོ་བྱུང་ཡང་། གོང་རིམ་ནས་ཐག་གཅོད་ཡག་པོ་ཞིག་ཡོང་རྒྱུར་རེ་བྱས་པ་ཡིན། ཡིན་ཡང་ངས་ཤེས་ཚོད་ལྟར་ན་དམིགས་བསལ་ཐག་གཅོད་གང་ཡང་མི་འདུག
དེ་ནས་གནད་དོན་དེའི་འབྱུང་རྐྱེན་སྐོར་ལ་བསམ་གཞིག་བྱས་ཏེ། སྡུག་སྐད་ཅིག་མི་རྒྱག་ཐབས་མེད་བྱུང་སོང་། བོད་ནས་འབྱོར་བའི་སློབ་མ་ཚང་མ་བོད་ཁྱིམ་སློབ་གྲྭ་ཁག་ཏུ་གཏོང་གི་ཡོད་ལ། ཁོང་ཚོ་མང་ཆེ་བར་སློབ་གྲྭ་ལས་ནང་དང་ཕ་མ་སོགས་གང་ཡང་མེད། དེ་ན་སློབ་གྲྭའི་ལྟ་སྐྱོང་ཡང་དམིགས་བསལ་ཞིག་དགོས་ངེས་རེད། བསད་བཞག་པའི་སློབ་མ་དེ་ཐ་མག་འཐེན་ཏེེ་སྒྲིག་འཛུགས་དང་འགལ་བ་རེད་ཟེར། དེ་ན་རྒྱལ་སྤྱིའི་ཁྲིམས་དང་བོད་ཁྲིམས། ཡུལ་ཁྲིམས། སློབ་གྲྭའི་སྒྲིག་ཁྲིམས་སོགས་ཐམས་ཅད་ཀྱི་ནང་དུ་ཐ་མག་འཐེན་པ་དང་མི་བསད་པ་གཉིས་ལས་ཉེས་པ་སུ་ལ་ཆེ་ཡི་རེད།
གནད་དོན་དེ་ལྟར་བྱུང་བ་ལ་སློབ་གྲྭའི་སྒྲིག་འཛུགས་ཀྱི་ངོས་ནས་འགན་མ་ཁུར་བ་དང་འཐུས་ཤོར་ཕྱིན་པ་ཁག་ཅིག་འདུག
༡ སློབ་གྲྭའི་ནང་རྒན་བདག་ཚོས་སློབ་མར་རྡུང་ཆོག་པའི་འགན་དེ་སུས་སྤྲད་པ་རེད། ད་ཐེངས་གཅིག་པུ་མ་ཡིན་པར། སུ་ཇཱ་སློབ་གྲྭའི་ནང་རྒན་བདག་གིས་སློབ་མར་བརྡུང་སྟེ་གནས་ཚུལ་ལྷག་པ་ཐེངས་ཁ་ཤས་བྱུང་འདུག་ལ། ད་དུང་སློབ་མ་ཟུར་པ་ཁག་ཅིག་གིས་བརྗོད་པ་ལྟར། ད་ཐེངས་བསད་པའི་གནས་ཚུལ་ལྷག་པ་རེད་མོད། ཁྱིམ་ཚང་གི་ཕྲུ་གུ་ཆུང་བ་ཚོར་རྒན་བདག་དང་ཕ་ཚབ་མ་ཚབ་ཀྱིས་ཉེས་རྡུང་བཏང་བ་ནི་སེམས་ནས་བཟོད་ཐབས་མེད་པ་ཞིག་རེད་ལ། རྒྱུན་ལྡན་ལྟ་བུ་རེད་ཟེར། དེའི་རིགས་ལ་འཛིན་སྐྱོང་གི་ངོས་ནས་བསྒྱུར་བཅོས་མ་བཏང་བ་འཐུས་ཤོར་ཆེན་པོ་རེད།
༢ སློབ་གྲྭའི་རྒན་བདག་ཚོར་དབང་ཆ་སྤྲད་དེ་སློམ་མར་ཉེས་རྡུང་གཏོང་བ་འདིས་སློབ་མ་ནང་ཁུལ་གྱི་འཆམ་མཐུན་ལ་གནོད་པ་མ་ཟད། འཛིན་སྐྱོང་གི་ངོས་ནས་འགན་མ་ཁུར་བ་ཞིག་ཀྱང་རེད། ཁ་སེང་མི་བསད་པའི་གནད་དོན་ལྷག་སྐབས་ཉེས་པ་དེ་སུ་ལ་ཡོད། འཛིན་སྐྱོང་ལ་ཉེས་པ་ཡོད་དམ། རྒན་བདག་ནི་སློབ་མའི་རང་སྦྱོང་སྐབས་སྐད་ཅོར་རྒྱག་མིན་དང་། འཛིན་ཁང་དང་ཉལ་ཁང་གཙང་སྦྲ་བྱས་ཡོད་མེད་ལ་ལྟ་ལྟོགས་བྱེད་མཁན་ལས། སློབ་མར་རྡུང་བའི་ཐོབ་ཐང་ཞིག་གང་ནས་ཡོད། འཛིན་སྐྱོང་ནས་རྒན་བདག་ཚོར་ལས་ཀ་དེ་སྤྲད་པ་ནི་གནད་འགག་ཆེ་བའི་རིགས་ལ་འགན་མ་ཁུར་བ་རེད། སུ་ཇཱ་སློབ་གྲྭའི་རྒན་བདག་ཟུར་པ་ཞིག་གིས་བརྗོད་དོན། རྒན་བདག་ལ་དཀའ་ངལ་ཆེན་པོ་འདུག སློབ་གྲོགས་ཚོ་དགའ་ཡི་མ་རེད། སློབ་མར་སྟངས་འཛིན་ནན་མོ་མ་བྱས་ན་དགེ་རྒན་ཚོས་བཀའ་བཀྱོན་གཏོང་གི་རེད་ཟེར། དེ་ན་སློབ་སྤྱི་དང་དགེ་ཆེ། སྒྲིག་འཛུགས་དགེ་རྒན། འཛིན་གྲྭ་དང་ཉལ་ཁང་དོ་བདག་གི་ལས་བྱེད་དགེ་རྒན་ཚོས་འགན་མ་ཁུར་བ་གསལ་པོ་རེད།
ལོ་སྔོན་མར་མ་སཱི་རི་བོད་ཁྱིམ་སློབ་གྲྭའི་ནང་སློབ་མའི་བར་འཁྲིག་སྤྱོད་ཀྱི་གནས་ཚུལ་བྱུང་བར་བརྟེན། སློབ་མ་བདུན་བརྒྱད་ཅིག་དང་ཕ་ཚབ་མ་ཚབ་བཅས་ཕྱིར་ཕུད་བཏང་བ་རེད། འཁྲིག་སྤྱོད་ཀྱི་གནད་དོན་བྱུང་བ་ལ་བརྟེན་ནས་ཚང་མ་ཕྱིར་ཕུད་བྱེད་པ་ནི་ཉེས་པ་ཆེ་དྲག་འདུག་ཅེས་བརྗོད་མཁན་མང་པོ་བྱུང་བ་རེད། འཛིན་སྐྱོང་གི་ལས་བྱེད་དགེ་རྒན་ཚོ་ཕྱིར་ཕུད་ལྟ་ཅི། ཉེས་པ་ཙམ་གཏོང་མཁན་ཡང་མེད་པ་རེད། ད་ཐེངས་ཡང་གཅིག་མཚུངས་རེད། སློབ་གྲྭའི་འཛིན་སྐྱོང་གི་ངོས་ནས་རྒན་བདག་གཉིས་ཕྱིར་ཕུད་གཏོང་རྒྱུ་བྱས་འདུག ཡ་མཚན་རེད། དངོས་གནས་འཛིན་སྐྱོང་གི་འགན་ཁུར་བར་ཉེས་པ་ཞིག་མེད་དམ། སྐུ་གྲོངས་པའི་དོ་བདག་སྤུན་མཆེད་ཚོས་རྒན་བདག་གཉིས་ཕྱིར་ཕུད་མ་གཏོངས་རོགས། མ་འོངས་པར་རྒན་བདག་ཚོས་སློབ་མར་རྡུང་མི་ཆོག་པའི་སྒྲིག་འཛུགས་བཟོ་རོགས་ཞེས་རེ་བ་བྱས་འདུག ད་དུང་འཛིན་སྐྱོང་གི་ངོས་ནས་ཐད་ཀར་རྒན་བདག་དེ་གཉིས་སྐུ་གྲོངས་པའི་སློམ་མའི་སྤུན་མཆེད་ལ་དངོས་སུ་ཐུག་བཅུག་འདུག སྟབས་ལེགས་པ་ཞིག་ལ་འཁྲུག་རྩོད་མ་ཤོར་བ་རེད། སྐབས་དེར་ཡང་འཁྲུག་རྩོད་ཤོར་ན་སློབ་གྲྭའི་འཛིན་སྐྱོང་ལ་འགན་མེད་དམ།
གནས་ཚུལ་འདི་འདྲ་ཆགས་སྐབས། བོད་གཞུང་ཤེས་རིག་ལས་ཁུངས་དང་། བོད་ཁྱིམ་དབུས་འཛིན་སྐྱོང་ནས་ཐག་གཅོད་ཅིག་ཡོང་བར་རེ་བ་བྱས་པ་ཡིན་མོད། གང་ཡང་མི་འདུག དུས་རྒྱུན་ཨ་མ་རྗེ་བཙུན་པདྨ་ལགས་ཀྱིས་ཕྲུ་གུ་ཚོར་དགེ་རྒན་གྱིས་ཀྱང་རྡུང་མི་ཆོག་ཅེས་གསུང་གི་ཡོད་སྐོར་གོ་ཐོས་བྱུང་། དེ་ན་འཛིན་སྐྱོང་ནས་སློབ་མར་རྒན་བདག་ལ་རྡུང་བཅུག་ན་ཉེས་པ་སུ་ཡོད། སློབ་གྲྭའི་ནང་གི་དགེ་རྒན་སློབ་ཁྲིད་བྱེད་མཁན་རྣམ་པས་ཀྱང་འདིའི་རིགས་ཐུགས་སྣང་གནང་སྟེ། སློབ་མར་སློབ་གསོ་དང་གོང་རིམ་ལ་ལེགས་སྤེལ་ཉེས་འགོག་གི་བསམ་ཚུལ་གསུངས་དགོས་པ་ཡང་གལ་ཆེན་དུ་མཐོང་སོང་། ད་དུང་དེའི་ཐད་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་སྤྱི་འཐུས་རྣམ་པས་ཀྱང་དེའི་རིགས་ལ་གཟིགས་སྐྱོང་གནང་དགོས་པར་མཐོང་། སྤྱིར་བཏང་ཁྲིམས་བཟོ་མཁན་རེད་མོད། ཐབས་སྡུག་གི་གནས་ཚུལ་དེ་འདྲ་ལྷག་སྐབས་མི་མང་གི་སྐུ་ཚབ་ཚོ་ས་གནས་སུ་སོང་ནས་གནས་ཚུལ་ལ་རྒྱུས་ལོན་བྱེད་རྒྱུ་གལ་ཆེ་ཡང་། གྲགས་འགུལ་ཙམ་ཡང་མི་འདུག
ཉེས་རྡུང་གཏོང་སྟངས་དེ་ཡང་བྱམས་བརྩེ་མེད་པ་ཞིག་རེད། རྒན་བདག་མང་པོས་རུབ་རྡུང་བྱས་པ་དང་། ཡར་ལངས་མ་ཐུབ་ཀྱང་ད་དུང་གཅར་རྡུང་བྱེད་ཀྱི་ཡོད་པ་རེད། འདི་མིའི་ཀུན་སྤྱོད་ལེགས་བཅོས་གཏོང་ཐབས་ཤིག་ཡིན་ནམ། རྒན་བདག་ཚོ་བུ་དང་བུ་མོ་ཁྱད་པར་མེད་པར་གཅར་རྡུང་བྱས་ཏེ་གནས་ཚུལ་ལྷག་འདུག བརྡུང་ནས་མ་ཚད། རྨས་སྐྱོན་བྱུང་བ། སྨན་ཁང་དུ་སྐྱེལ་དགོས་བྱུང་སོགས་ཀྱི་གནས་ཚུལ་བྱུང་འདུག
གནས་ཚུལ་འདིའི་རིགས་ལ་བསྒྱུར་བཅོས་ཤིག་གཏོང་དགོས་སམ། དོན་དམ་པར་ད་ཐེངས་ཀྱི་དོན་རྐྱེན་དེར་ཉེས་པ་སུ་ཡོད་སོགས་དཔྱོད་ལྡན་རྣམ་པ་དང་། འགན་དང་དབང་ཆ་ཡོད་མཁན་ཚོས་གཟིགས་པར་འཚལ།
ཕྱི་ལོ་2011 ལོའི་ཕྱི་ཟླ་8 ཚེས་25ཉིན་སྤྲང་ཕྲུག་ཆོས་ཉིད་འོད་ཟེར་གྱིས།
སློབ་མ་དེ་བསད་ནས་ཟླ་གཅིག་ལྷག་འགོར་ཡོད་ན། རྩོམ་ཡིག་འདི་ལོ་བཞིའི་སྔོན་ལ་བྲིས་འདུག འདི་ཡང་ཡ་མཚན་རེད་ཡ།
སློབ་ཕྲུག་ལ་དྲག་རྡུང་བྱེད་པའི་ལམ་ལུགས་འདིའི་མགོ་ཁུངས་གཏུགས་ས་ནི་གང་ཡིན་ཤེས་ཀ
ཆོས་ཉིད་འོད་ཟེར་ལགས་མངོན་ཤེས་ཡོད་ཐག་ཆོད་རེད་འདུག་འདི་ལ་གཟིགས་དང་ཕྱི་ལོ་༢༠༠༨ ལོའི་ཕྱི་ཟླ་༨ ཚེས་༢༥ ཉིན་ཧ་ཧ་ཧ།
དྲ་རྒྱ་ཀློག་མཁན་རྣམ་པར་དགོངས་དག་ཞུ།
རྩོམ་ཡིག་འདི་ཕྱི་ལོ་༢༠༡༡ ལོའི་ཕྱི་ཟླ་༨ ཚེས་༢༥ ཡིན་མོད། ༢༠༠༨ ཞེས་འགོད་ནོར་ཤོར་འདུག་པས། དེ་ནོར་བཅོས་ཡོང་བར་མཁྱེན།
དྲ་རྒྱ་རྩོམ་པས་ལོ་ཚིག་དེ་ནོར་བཅོས་གནང་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད་ན། དེ་ལུགས་གཟིགས་སྐྱོང་ཡོང་བར་མཁྱེན།
རྩོམ་ཡིག་དོ་བདག་གིས།
དྲ་རྒྱ་རྩོམ་སྒྲིག་པར་ལོ་ཚིག་དེ་ནོར་བཅོས་གནང་རོགས་ཞེས་འབོད་སྐུལ་ཞི་བཞིན་ཡོད་ན། དེ་ལུགས་གཟིགས་སྐྱོང་ཡོང་བར་མཁྱེན།
རྩོམ་ཡིག་དོ་བདག་གིས།
བསྟན་འཛིན་སྒང་གི་བུ་མོ་ཉམས་ཆུང་གི་ཆེད་དུ་ཡིན།
བྱམས་དང་སྙིང་རྗེའི་ཡུལ་ཅན་བུ་མོ་ཉམས་ཆུང་ལགས། ཁྱེད་རང་ལ་མི་ངན་ཁ་ཤས་ཀྱིས་བསམ་ཡུལ་ལས་འདས་པའི་བརྙད་སྤྱོད་བྱས་པ་དེ་ལ་ང་རང་གཉིས་བོད་ཤ་ཁྲག་གཅིག་པ་ཡིན་པས་བློ་ཕམ་ཞེས་དྲག་བྱུང༌། ཁྱེད་རང་ཐུགས་བློ་མ་ཕམ་རོགས། འཇིག་རྟེན་ནང་མི་འདྲ་མིན་སྣ་ཚོགས་ཡོད། ད་ལན་ཞུས་ཡ་ལ། ངས་ཁྱེད་རང་ལ་དཔལ་འབྱོར་གྱི་རོགས་པ་ཞིག་བྱེད་འདོད་པས། ཁྱེད་རང་གི་ཁ་པར་ཨང་གྲངས་འདི་ག་ཁབ་བརྡ་ནང་བཞག་རོགས་གནང༌། དེ་མིན་ཁྱེད་རང་ཚོ་སུ་འདྲ་ཞིག་ལ་ཡང་བུ་མོ་ཉམས་ཆུང་གི་ཁ་པར་ཨང་གྲངས་ཡོད་ན། འདི་ག་ཁབ་བརྡ་ནང་བཞག་རོགས་གནང། ངས་ཁྱེད་རང་ལ་རོགས་པ་གང་ཐུབ་ཞུས་ཆོག །ང་རང་འདི་ག་ཨ་རི་ནིའུ་ཡོག་ནང་སྡོད་ཀྱིན་ཡོད།། སེམས་ཁྲེལ་མ་གནང་རོགས།
སློབ་གྲྭ་འདིས་རྒྱ་ནག་ནང་བཞིན་གུ་དོག་པོ་ཇེ་དྲག་བྱེད་ཀྱི་འདུག དེ་ནོར་བ་རེད། གུ་ཡངས་མདའ་ཤོང་མདུང་ཤོང་གི་སྒྲིག་གཞི་གསར་པ་བཟོ་རོགས། ད་དུང་། ཁ་ལག་དེ་་་་་་་་་་་་ཀྲིང་མོག་གཅིག་རང་ལ་བསྡད་འདུག་་་་་་་་་་་་་་་་་་་་་་་་་་་དེ་འདྲའི་སྐྱོ་བ་ལ་་་་་་་་་་་་་་་་
ལོ་ག་དུས་བྲིས་མིན་གཙོ་བོ་མ་རེད གནས་ལུགས་ཐོག་འགྲོ་མཁན་ཞིག་ཡིན་ན་རྩོམཡིགག་གི་བསྟན་དོན་ལ་གྲོས་གླེང་གྱིས་དང་
འདིར་རྩོམ་ཡིག་དེའི་སྐོར་ལ་མཆན་མང་པོ་བྲིས་འདུག
http://www.tibetexpress.net/bo/blog/viewpost/6367
དྲ་གྲོགས་ཆོས་ཉིད་འོད་ཟེར་ལགས། རྟ་རྒྱུག་སར་རྒྱུག དུལ་ཡལ་སར་ཡལ་ཞེས་པའི་དཔེ་ལྟར། གནས་ཚུལ་འདི་ལྷག་ནས་ཟླ་བ་གཅིག་ཙམ་སོང་ཚར་བ་རེད། མ་ཟད་འདས་པོའི་སྤུན་མཆེད་ཚོས་ཐུགས་བསམ་ཆེ་སྐྱེས་ཐོག་རྒན་བདག་ཕྲུ་གུ་གཉིས་སློབ་གྲྭ་ནས་ཕྱིར་འབུད་མ་གཏོང་རོགས་ཞེས་སློབ་གྲྭ་དང་དོ་བདག་ཕན་ཚུན་ཐག་བཅད་ཟིན་པའི་གནས་ཚུལ་རྙིང་པ་ཞིག་ལ་ཁྱེད་ཀྱིས་ནད་པ་ནད་འཁྱོགས་སར། ཨམ་རྗེ་ནད་མི་འཁྱོགས་ཞེས་པའི་དཔེ་ལྟར་དཀྲུག་ཤིང་གི་རྩོམ་ཡིག་དེ་འདྲ་ཞིག་སྤེལ་དགོས་དོན་ཅི་ལགས། གལ་སྲིད་ཁྱེད་དང་འདྲ་བའི་དྲ་འབུ་ཚོས་ཁ་དམག་རྒྱབ་ཏེ་བོད་ནས་གསར་དུ་འབྱོར་བའི་སློབ་བུ་ཚོར་ཤིན་ཏུ་ཕན་ཐོག་ཆེ་བའི་སུ་ཇཱ་སློབ་གྲྭ་དེ་མེད་པར་བཟོས་ན་ད་བཟོད་ཁྱེད་ཀྱི་འདོད་དོན་སྒྲུབ་བམ། དེ་འདྲའི་བསམ་བློ་གཏོང་སྟངས་སྐྱོ་བ་ལའང།
ཆོས་ཉིད་འོད་ཟེར་ལགས། མི་ལ་ནོར་འཁྲུལ་ཤོར་རྒྱུ་ཡོད་པ་ནི་འཇིགས་རྟེན་ཆོས་ཉིད་རེད། སློབ་གྲྭའི་རྒན་བདག་གཉིས་ཀྱིས་ཉི་མ་རྟགས་པར་མི་བསད་པའི་ལོ་རྒྱུས་མི་འདུག་ལ། ཐ་མག་འཐེན་མཁན་གྱི་སློབ་བུ་ཁོང་རྐྱེན་ངན་དབང་གི་གྲོངས་པ་ལས་ཆེད་དུ་མངགས་ནས་བསད་པ་རྩ་བ་ནས་རེད་མི་འདུག གལ་སྲིད་ཁྱེད་ཀྱི་ངོས་ནས་ནོར་འཁྲུལ་ཤོར་བ་འདི་མི་འགྲིགས་ཞིག་ཏུ་བསམ་ན། ཁྱེད་ཀྱི་རྩོམ་ཡིག་ནང་ཕྱི་ལོ་བཀོད་སྟངས་ཡང་ནོར་འཁྲུལ་ཤོར་འདུག་པས་དེ་ཡང་མི་འགྲིགས་པར་འདོད་དོ།
ཆོས་ཉིད་འོད་ཟེར་ལགས་ཀྱིས་ཡག་པོ་སྤེལ་གནང་འདུག སྤྱི་ཚོགས་གང་འདྲ་ཞིག་གི་ནང་དུའང་སྐྱོན་ཡོན་གཉིས་ལྡན་ཡིན་ཞིང་ང་ཚོས་ངེས་པར་དུ་སྐྱོན་ཡོད་སར་མཛུབ་མོ་བཙུགས་ཏེ་བཤད་ཕོད་པ་དང་ནུས་པ་ནི་སྤྱི་ཚོགས་དེ་མ་འོངས་པར་ཡར་རྒྱས་མདུན་བསྐྱོད་ཀྱི་ཕྱོགས་སུ་གོམ་པ་སྤོ་བར་སྐུལ་འདེད་ཀྱི་ནུས་པ་ཐོན་ཞིང་ཡོ་བསྲང་དང་ལེགས་བཅོས་བྱ་བར་མེད་དུ་མི་རུང་བའི་ཐབས་ལམ་ཞིག་ཡིན་པས། དྲ་གྲོགས་ཚོས་གུ་དོག་པའི་ལྟ་ཚུལ་མི་བཟུང་བར་ཕྱོགས་ཡོངས་ལ་བསམ་གཞིགས་ནན་མོ་སྒོས་རྩོམ་པ་པོ་ཁོང་དང་ཁོང་ལྟ་བུར་རྒྱབ་སྐྱོར་བྱ་རྒྱུ་ནི་ང་ཚོས་འོས་འགན་ཞིག་ཏུ་མཐོང་།
དགེ་རྒན་གྱི་དགེ་ཕྲུག་ལ་དྲུག་རྡུང་བྱེད་པའི་ལན་ལུགས་དེའི་ཆུ་བོ་གང་ལས་བཞུར་བའི་འགོ་ཁུངས་བོད་ཀྱི་དགོན་པའི་སློབ་གསོའི་ལམ་ལུགས་ལ་ཐུག་འདུག་ཟེར་ན་ཅི་འདྲ་འདུག ངས་དགེ་རྒན་དང་དགེ་སྐུལ་གྱིས་བརྡུངས་ནས་རྩིབ་མ་བཅགས་པའི་གྲྭ་གཞོན་ཁ་ཤས་མཐོང་མྱོང་ཡོད།
གལ་ཏེ་ཁྱོད་ཀྱིས་དགེ་རྒན་བཙན་པོ་ཞིག་གིས་དགེ་ཕྲུག་ལ་དབྱུག་རྡུང་བྱེད་བཞིན་པའི་ངང་ཚུལ་དེ་དང་དགེ་སྐུལ་བཙན་པོ་ཞིག་གིས་གྲྭ་ཕྲུག་ཚོར་རྒྱུག་པས་ལེབ་རྡུང་བྱེད་བཞིན་པའི་རྣམ་པ་དེ་མཐོང་ཡོད་ཚེ། དེ་ན་ཡང་འཇིག་རྟེན་གྱི་ངོས་གཞན་ཞིག་གི་སློབ་གསོའི་ལམ་ལུགས་ལག་བསྟར་བྱེད་བཞིན་ཡོད་པ་ཤེས་ངེས།
འདི་ལྟར་རྒྱུ་མ་ཕུ་འདེད་ཀྱིས་སོང་ཚེ་སླར་ཡང་སྲོལ་རྒྱུན་དང་ཀུན་སློང་ཟེར་བའི་ཚིག་མཁྲེགས་པོ་དེའི་ཐོག་ཏུ་ཟགས་འགྲོ་བ་མ་ཡིན་ནམ།
སློབ་མ་དེ་རྒན་བདག་གིས་རྡུང་ནས་བསད་པ་རེད་ཟེར། རྒན་བདག་ཟེར་ནས་དགེ་རྒན་མ་རེད། ཡང་ཁ་ཤས་རྒན་བདག་དང་དགེ་རྒན་ནོར་ནས་གནའ་རབས་ལུགས་སྲོལ་གྱི་དགེ་རྒན་དགེ་ཕྲུག་སྐོར་ལ་འཕྲོས་འགྲོ་གི་འདུག གནའ་སྲོལ་ཡང་མ་རེད། དེང་སང་གི་བྱིས་པ་ཚོས་བསད་པ་རེད། གསོད་ས་དེ་ཡང་དགོན་པ་ལ་མ་རེད། སློབ་གྲྭ་ལ་རེད། དགོན་པའི་མྱི་བདག་ཡོང་ནས་ཚང་མ་ལ་འགྲིག་མཐུན་ཕྱོགས་ལ་འབད་པ་བྱས་ནས་ཐག་གཅོད་བྱས་འདུག ལྷག་པར་དུ་རྒན་བདག་བྱིས་པ་དེ་གཉིས་ཀའི་མདུན་ལམ་ལ་བསམ་བློ་བཏང་ནས་ཐག་གཅོད་བྱས་འདུག མ་རེད་དམ།
རྒན་བདག་ཟེར་བ་དེ་བོད་ནས་གནའ་སྔོན་པ་པན་ཀྲང་ཟེར་བ་དེ་རེད། འཛིན་གྲྭའི་ནང་གི་ཁ་སང་ཤོས་དེ་འདྲ་འཇོག་གི་རེད། སློབ་མའི་ནང་ཚགས་ཀྱི་གསང་བ་ཡོད་ཚད་ཡར་དགེ་རྒན་དང་འཛིན་སྐྱོང་ལ་ལན་ཏག་ཏག་བསྐྱལ་མཁན་དེ་འདྲ་འཇོག་གི་རེད། འོན་ཀྱང་རྒན་བདག་གིས་སློབ་མ་ལ་རྡུང་ནས་བསད་འཇོག་པ་དེ་འདྲ་ད་གང་ཤེས། ད་ཐེངས་ཀྱི་དོན་རྐྱེན་འདི་ངོ་ནས་སྟབས་མ་ལེགས་པ་ཞིག་ཡིན་པ་འདྲ་འདུག འོན་ཀྱང་སློབ་གྲྭའི་འཛིན་སྐྱོང་ནས་ངེས་པར་དུ་ཁོང་ཚོ་ལ་ཚོད་འཛིན་བྱེད་དགོས་ངེས་རེད། བྱིས་པ་ཟེར་བ་དེ་རང་ཉིད་ཀྱི་ཚོད་འཛིན་བྱེད་མི་ཐུབ་པའི་སྐབས་རེད།
སྦྲ་རིགས་ཀྱི་སྐད་ཆ་དེ་ཅུང་ཁས་ལེན་དཀའ། རྒྱུ་མཚན་ནི་ཁྱོད་ཀྱི་བཤད་སྟངས་བྱས་ན་བོད་པས་མི་བསད་ཚད་དགོན་པའི་ལམ་སྲོལ་དུ་ཐུག་པ་ལྟ་བུར་འགྲོ་ཉེན་ཆེ། ད་ལན་གྱི་གནད་དོན་དེ་སློབ་མས་སློབ་མ་བསད་པ་ལས་དགེ་རྒན་གྱིས་བསད་པ་རེད་མི་འདུག་ཨ་་། གནད་དོན་དེ་མི་འབྱར་བཞིན་དུ་བཙན་སྦྱར་བྱས་ནས་དགོན་པ་སོགས་ལ་སྐྱོན་བརྗོད་བྱས་ན་ཡག་པོ་མ་རེད། སྨྱུག་འཛིན་པ་ཞིག་མིང་ཡོད་དུས་སྤྱི་ཚོགས་ཁྱོན་ཡོངས་བསམ་བློ་བཏང་ནས་དྲང་པོ་བཤད་རྒྱུ་གལ་ཆེ་བར་མཐོང་།
ད་མང་པོ་བཤད་ན་ཐལ་འགྲོ་ནི་རེད། དེ་བས་དོན་རྩ་བོད་ཁྱིམ་འདི་བ་ཚང་ལ་ཞིབ་འཇུག་ཡག་པོ་ཞིག་བྱས་ན་ད་གཟོད་བཙན་བྱོལ་བོད་མིའི་ཤེས་རིག་གི་ཁ་ཡར་ལ་འགྲོ་ན་ཐང་།
བཙན་བྱོལ་སློབ་གྲྭ་ཁག་དང་དེ་མིན་དགོན་སྡེ་ཁག་ཏུ་ད་དུང་བོད་སྤྱི་ཚོགས་རྙིང་བའི་ལམ་ལུགས་ལྟར་འགྲོ་བཞིན་ཡོད་པ་མ་ཟད་སྐུ་དྲག་གིས་བྱས་སྟངས་དེ་དང་ཤིན་ཏུ་མཚུངས་ཤེས་སྤྱི་ཚོགས་ནང་དུ་བཤད་མཁན་མང་པོ་འདུགལ། སུ་ཇ་སློབ་གྲྭའི་རྒན་བདག་ཚོ་རྡོག་འདེགས་ས་སྡུག་རྩུབ་ཆེ་བའི་སྐད་གྲགས་དེ་སྡར་ནས་ཐོས་མྱོང་ཡོད་ལ་དག་དག་ད་རེས་སློབ་ཕྲུག་ཅིག་རྡོང་འདགས་ཀྱིས་བསད་པ་རེད་ཅེས་སྐད་གྲགས་བོད་ཕྱི་ནང་གཉིས་སུ་ཁྱབ་སོང་།
ད་ཡིན་ན་གཟབ་གཟབ་བྱས་རན་རེད་དོ།
དྲ་གྲོགས་ཆོས་འོད་ལགས་ཁམས་བཟང་།
སུལ་ཇ་བོད་ཁྱིམ་གྱི་གནས་ངན་དེ་ཐག་གཅོད་གཙང་མ་ཟིན་པ་རེད་ལ།འདས་པོའི་དོ་བདག་ནས་ཀྱང་གནས་དོན་དེར་རྩད་གཅོད་མི་བྱེད་པ་དང་།རྒན་བདག་གཉིས་ལ་ཉེས་ཆད་མི་དགོས་པ་སོགས་བློ་རྒྱ་ཡངས་ལ་གཞན་ཡིད་འཕྲོགས་པའི་ཐག་གཅོད་གང་ལེགས་གནང་ནས་ད་ཆ་ཐག་གཅོད་གཙང་མ་ཟིན་ཡོད་མོད།སྐུ་ཉིད་ཀྱི་རྙོག་མ་རྟིང་སློང་བྱེད་དགོས་དོན་གང་ཡིན་ནམ།ང་ཚོའི་སྤྱི་ཚོགས་འདིར་རྙོག་ཕྲ་ཉུང་དྲགས་འདུག་བོད་ནས་ཡོང་བའི་གསར་འབྱོར་ཉུང་ཤས་ཤིག་གིས་བོད་ཡིག་ཁྱ་རེ་ཁྱོ་རེ་བྲིས་ཤེས་ཙམ་ནས་བཙན་བྱོལ་སྤྱི་ཚོགས་གཏོར་བཤིག་འགྲོ་གཞིའི་རྩོམ་དམ་དུམ་རེ་དྲ་ཚགས་ནང་འབྲི་བཞིན་ཡོད།དེ་དག་ནི་འཕྲལ་ཕུགས་རྒྱང་གསུམ་མི་མཐོང་བའི་ཅོལ་ཆུང་གི་བསམ་བློ་འབའ་ཞིག་རེད།
བཟང་སེམས་ནི་ཤིན་ཏུ་གཅེས།དུས་ཚོད་ནི་ཤིན་ཏུ་ཡོལ།བགྲོ་གླེང་ནི་སྔ་མར་ཐལ།མཇུག་འབྲས་ནི་
འཇའ་རུ་གྱུར་ཟིན་མོད།
བོད་སློབ་ཁག་ཏུ་དགེ་རྒན་དང་། ཕ་ཚབ་མ་ཚབ། དེ་བཞིན་རྒན་བདག སློབ་ཕྲུག་རྒན་པའི་གཞོན་པ་ལ་ཉེས་རྡུང་གཏོང་སྲོལ་ཡོད་ན། དེ་ནི་ཧ་ཅང་གི་མི་ལེགས་པའི་སྒྱུར་བཅོས་ཤིས་ངེས་བར་དུ་གཏོང་རོགས་གནང་ཞེས་བོད་མི་མང་སྤྱི་འཐུས་ལ་རེ་ཞུས་ཞུ་སྙན་རེ་དྲ་གྲོགས་མི་རེ་ངོ་རེས་འབུལ་ལམ་ཡོང་བ་ཞུ།
བོད་སྤྱི་བའི་རྩ་དོན་ལ་རྒྱ་ཡོད་ན་གསར་རྙིང་གི་དབྱེ་འབྱེད་བྱེད་པ་དེ་ཡག་པོ་མི་འདུག
ལ་རྒྱའི་བདག་པོ་ལགས། ཁྱེད་རང་གི་སྐད་ཆ་བཤད་སྟངས་དེ་དང་མིང་དེ་གཉིས་ཆ་མཚུང་འདུག་གམ། དྲང་པོ་བཤད་ན་གསར་འབྱོར་ཚོས་བོད་ཡིག་འཁྱར་རེ་འཁྱོར་རེ་མ་བྲིས་ན། བཙན་བྱོལ་ནང་ད་ཚོད་ཕལ་ཆེར་བོད་ཡིག་དགོང་པ་རྫོགས་ཚར་ཡོད་རྒྱུ་རེད།
ལ་རྒྱའི་བདག་པོས་བཤད་པ་ལྟར་དགེ་བཤེས་ལགས་ནས་་་་གནོད་པ་བྱས་པས་གལ་ཏེ་དེར་བཀོན་ན།།དེ་ལ་བཀོན་པས་བྱས་ཟིན་ལྡོག་གམ་ཅི་ཞེས་གསུངས་པའི་དགོངས་དོན་གསལ་རྟོགས་ཀྱིས་རྒན་བདག་གཉིས་སློབ་གྲྭ་ནས་ཕྱིར་ཕྱུང་ན་འདས་པོ་སློབ་གྲྭར་སླར་མི་ལྡོག་པའི་ངང་ཚུལ་བསམ་བཞིན་ཆོས་པའི་རང་རྟགས་གསལ་པོ་མངོན་པར་ང་ཚོ་ཚང་མས་རྗེས་སུ་ཡིད་རངས་ཞུས་ཟིན་ཡང་ཆོས་ཉིད་འོད་ཟེར་ལགས་ཀྱི་རྣ་བ་དང་མིག་གཉིས་གང་གིས་བཀབ་པ་ཡིན་ནམ་ཧཧཧཧ།།
སྐུ་ཁམས་བཟང་།
དྲ་གྲོགས་དགའ་ལྡན་ལགས་མ་མཇལ་ཡུན་རིང་།
སྐུ་ཉིད་མཇལ་འདོད་ཆེ་ཡང་གོ་སྐབས་བྲལ་སོང་།
ངེད་གཉིས་ཀྱི་འདས་པའི་གཏམ་བརྒྱུད་དང་།
ད་ལྟའི་ལས་དབང་།
མ་འོངས་པའི་ཕུགས་བསམ་བཅས་ལ་ལས་དབང་གི་རླུང་གྲུ་གཅིག་གི་སྟེང་དུ་གནས་ཡོད།།
སློབ་གྲྭ་ནས་ཐ་མ་འཐེན་ན་ཡང་དྲགས་སྡོང་བྱེད་པ་དེ་ཧ་ཅང་ཐབས་སྐྱོ་བོ་ཞིག་རིད། རྣ་སྔ་མོའི་སྡེ་པ་གཞུང་དང་སྐྲོང་གོ་གོང་འཕྲིན་སྟིང་གཉིས་ཀྱི་ལམ་ལུག་ལས་མ་འདས། དངོས་གནས་འདས་པོ་དེའི་ནང་མི་དང་སྤུན་ཁྱེད་དག་ལ་སེམས་ཁུང་ནས་སྡུག་སྔལ་ག་འདྲ་ཡོད་དམ། ཁོང་ཚོས་རེ་བ་དང་ཡིད་ཁྱེས་དམིགས་ཡུལ་ཞིག་ཆེད་དུ་རྒྱ་གར་ལ་བུ་ཕྲུག་སློབ་སྦྱོང་ལ་བཏང་ཡོད་པ་རེད་མ་ཏོགས་དྲགས་སྡོང་དང་དམར་གསོད་ཆེད་དུ་བཏང་ཡོད་པ་མ་རེད། གར་སྲིད་རྒྱ་གོང་འཕྲིན་ཏིང་གིས་དྲགས་སྡོང་དང་དམར་བསད་བྱས་ན་འཆི་གོ་ཆོད་དེ་འདྲའི་སེམས་འཕང་པ་ལ་ཨཨཨཨཨཨཨ།།།
ལ་རྒྱའི་བདག་པོ་ལགས་དངོས་གནས་མིང་དང་དོན་མཚུང་འདུག་ག་ཁྱོད་ལ་ལ་རྒྱ་འདུག་ལ་གོ་རྟོགས་ཡང་འདུག་གསར་འབྱུར་དག་གིས་བོད་ཡིག་ཁྱ་རེ་ཁྱོ་རེ་འབྲི་ཤེས་པ་ཙམ་གྱིས་བརྩན་བྱོལ་ལ་ཡོད་པའི་བོད་པ་གཏོར་གཤིག་འགྲོ་གཞི་རྩོམ་ད་དུམ་གྲ་ཚིག་དུ་བཀོད་བཞིན་ཟེར་བ་བདེན་པ་རེད། གསར་འབྱུར་བ་གཙོས་པའི་བོད་གཞེས་ལུས་མི་མང་མེད་ན་བཙུལ་བྱོལ་ལ་ཡོད་པའི་བོད་པ་དག་ཡལ་འགྲོ་བ་རེད་བཤད་མ་དགོས་པ་རེད། གསར་འབྱུར་བ་དག་གིས་བོད་ཡིག་ཁྱ་རེ་ཁྱོ་རེ་གྲ་ཚིག་དུ་བཀོད་བཞིན་བོད་གཞིས་ལུས་མི་མང་ལ་འབྲེལ་མཐུད་བྱེད་བཞིན་འཛམས་བུ་གླིོང་གི་གདེངས་ཆ་ཁ་ལ་གང་ནུས་ཅི་ལྕོགས་འགྲོ་བཞིན་ཡོད་བདེན་པ་རེད།།
རག་ཕྱགས་རྡོར་ལགས་་་གསར་འབྱུར་་བརྩན་བྱོལ་་་བཙུལ་བྱོལ་་་ཞེས་པའི་དོན་ལ་འགྲེལ་པ་ཞིག་དགོས་པ་འདུག་བརྡ་རྙིང་ཡིན་ནམ་དོན་རྟོགས་ཐུབ་པ་མིན་འདུག་ཧེ་ཧེ་ཧོ་་ཧེོ།།
དྲ་གྲོགས་ལ་རྒྱའི་བདག་པོ་གསུངས་པ་ལ་མངོན་པར་སྟོད་དོ། བོད་ཡིག་ཕྲན་བུ་ཞིག་བྲིས་ཤེས་པའི་སྤོབ་སེམས་ཀྱི་རྩོམ་ཡིག་གི་རྩ་དོན་དོར་ཏེ་རང་ཉིད་ཀྱི་མིང་སྐམ་ཞིག་གི་ཆེད་དུ་གཞུང་དང་ལོ་མང་ལྷག་བསམ་ལྡན་པའི་སྒོ་ནས་ཞབས་ཞུ་བྱ་མྱོང་བའི་རྒན་རབས་པ་ཚོར་སྨད་ར་གཏོང་མཁན་གྱི་གསར་འབྱོར་བ་དེ་ཚོའི་བྱེད་སྟངས་ལ་ཞེན་པ་གཏིང་ལངས་སོང་། ཁོང་ཚོར་རྒྱ་མིས་སློབ་གསོ་ཡག་པོ་སྤྲད་འདུག མུ་མཐུད་དཀྲུགས། དྲ་གྲོགས་ཚོ་གསར་འབྱོར་བ་དེ་ཚོ་མ་སླེབས་པའི་སྔོན་ལ་བཙན་འབྱོལ་གཞུང་གི་བོད་ཡིག་གཡུགས་པ་ནི་ཡིན་གྱི་མ་རེད།
སུས་སྨྲས་ཀྱང་དེ་ལ་ལེགས་ཉེས་གཉིས་ཀའི་ཆ་ཕལ་ཆེར་ཡོད་ངེས་རེད། འོན་ཀྱང་སུ་ཇཱ་སློབ་གྲྭར་བྱུང་བའི་དོན་རྐྱེན་སྐོར་དོ་བདག་སོ་སོའི་གྲོས་མོལ་ངང་ཞི་འཇམ་སོང་ཟིན་པ་རེད་དེས་ན་སླར་ཡང་སྤྱི་ཚོགས་ནང་དཀྲུགས་ཤིང་ལྟ་བུ་བྱས་ནས་ཡར་བསླངས་ན་ལེགས་པོ་མི་འདུག་སྙམ། སྨྲ་བརྗོད་རང་དབང་ཡིན་ཡང་གང་དྲན་དྲན་སྨྲས་ན་མཐའ་གཞུག་ཅི་འདྲར་གྱུར་མིན་སྣ་ཚོགས་རེད།
དྲ་གྲོགས་རྣམས་ཀྱིས་བསམ་ཚུལ་རྣམས་དྲ་ངོས་སུ་འཇོག་པ་ལ་གུས་པས་ཐུགས་རྗེ་ཆེ་ཞེས་བོད་ཀྱིས་ཡོད། གང་ཡིན་ཞུས་པ་ཡིན་ན་གུས་ཀྱང་བོད་མི་རིགས་ཞིག་ཡིན་པའི་ཆ་ནས་བོད་མའི་བདེ་སྡུག་རྣམས་གང་འཚམ་ཞིག་གླེང་སྟེགས་འདི་ནས་ཤེས་ཐུབ་ཀྱི་འདུག དེ་འདྲ་སོང་ཙང་གུས་པས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན།
རྩོམ་ཡིག་དང་ཟིན་བྲིས་ཆ་ཚང་བཀླགས་ཚར་བ་ཡིན་ཡང་གནད་དོན་གཞན་ཞིག་འདིར་འཁོད་མི་འདུག
པས་དེ་ངས་གསལ་བཤད་ཞུ་འདོད་བྱུང་།འཛམ་གླིང་གི་ས་ཕྱོགས་གང་ལ་ཡང་རུལ་སུངས་མང་པོ་ཞིག་ལ་ཁ་གཏད་བཀྱགས་ནས་ཚེ་སྲོག་མང་པོ་ཤོར་འགྲོ་གི་ཡོད་པ་རེད།ད་ལོ་སུས་ཇ་ནས་ད་ལྟའི་བར་དུ་ཆེ་བས་ཆུ་བ་ལ་བརྙེས་བཅོས་བྱས་ནས་རྒྱུན་རིང་སོང་ཀྱང་འཛིན་སྐྱོངས་ཀྱིས་དེ་ལ་ཡ་ལན་མ་བྱས་པར་མཐའ་མ་སློབ་ཕྲུག་གིས་སློབ་ཕྲུག་ལ་ལག་པ་བཀྱགས་ནས་ན་གཞོན་གཅིག་གི་ཚེ་སྲོག་ཤོར་བ་རེད།གནས་ཚུལ་འདི་ཆ་ཚང་ད་ལྟའི་བར་དུ་འཛིན་སྐྱོངས་དང་དགེ་རྒན་གྱིས་སློབ་ཕུག་གི་མི་ཚེའི་མདུན་ལམ་དང་སློབ་མའི་སྐྱིད་སྡུག་ལ་སེམས་ཁུར་དང་བྱུས་གཏོགས་བྱེད་ཀྱི་མེད་པའི་རྐྱེན་ལས་བྱུང་བ་ཁོ་ཡིན་པ་འདོད།འདི་འདྲ་བའི་གནས་ཚུལ་གཞན་ཞིག་ལ་ས་རྭ་བོད་ཀྱི་མཐོ་སློབ་འདི་ད་ལྟ་བོད་མི་རིགས་ཀྱི་རིག་གཞུང་དང་སྐད་ཡིག་ཐོག་ལ་བསམ་མཁན་ཞིག་ཡིན་ན་བཙན་བྱོལ་ནང་ནས་གལ་ཆེ་ཤོས་ཀྱི་སློབ་གྲྭ་ཞིག་ཆགས་ཡོད།ད་ལོ་མཐོ་སློ་འདི་ནང་ན་རྒན་ངག་དབང་རྡོ་རྗེས་སློབ་ཕུག་བུ་མོ་སྐལ་བཟང་དབང་མོ་ལ་ལོག་གཡེམ་བྱས་ནས་གནས་ཚུལ་ཛ་དྲག་བྱུང་ཡོད་ཀྱང་འཛིན་སྐྱོངས་ཀྱི་ངོས་ནས་གནས་ཚུལ་འདི་ནག་ཉེས་གུ་ཡངས་དུ་བཏང་ནས་སྐྱག་མགོ་ས་བཏུམ་བྱས་ནས་བཞག་ཡོད།ད་ལྟ་ས་རྭ་མཐ་སློབ་ཀྱི་སློབ་མ་ཡོངས་རྫོགས་ཀྱིས་རྒན་ངག་དབང་རྡོ་རྗེ་ལ་སློབ་གྲྭ་ནས་ཕྱིར་འབུད་མ་བྱས་པ་ལ་བསམ་ཚུལ་ཤུགས་ཆེན་པོ་ཡོད་ཀྱང་འཛིན་སྐྱོངས་ངོས་ནས་དེ་ལ་འགུལ་བསྐྱོད་གང་ཡང་བྱེད་ཀྱི་ཡོད་པ་མ་རེད།གནས་ཚུལ་འདི་ཚོ་ཁ་གསལ་པོ་བཟོ་དགོས་བ་གལ་ཆེན་པོ་ཆགས་ཡོད།
ཐོག་མ་དེ་ལ་དྲ་གྲོགས་ཚོ་ལགས་བཀྲ་ཤིས་བདེ་ལེགས་ཞུ་བ་་་་་་་་་་་་་་་གཞན་ཡང་ཁྱེད་རྣམ་པས་ཐུགས་ཁུར་ཆེན་པོར་སྣང་སྟེ་ཉེར་ཆ་སུ་ཇ་སློབ་གྲྭ་རུ་དོན་སྐྱོན་དེའི་སྐོར་ཕན་ཚུན་བགྲོ་གླེང་བྱེད་པ་ཐུགས་རྗེ་ཆེ། གང་ཡིན་ཕྱིར་ན་ང་ཚོ་ཚང་མ་བོད་པ་ཡིན་ཙང་མི་རེ་རེ་ལ་ཡང་འགོན་ཡོད་པ་རེད། རྗེས་སུ་ཡང་མུ་མཐུད་དེ་དེ་འདྲ་བྱེད་རོགས་གནང་ཞེས་གུས་པས་འབོད་སྐུལ་ཡི་ཚུལ་དུ་དྲ་ངོས་སུ་བཀོད་པ་ཡིན། ཐུགས་ལ་བཞག་རོགས་གནང་།