༅༅།། སྤྱི་འཐུས་ཀྱི་འོས་བསྡུ་སླེབས་གྲབས་ཡོད། ཁྱེད་རང་གི་ཆོས་ལུགས་ག་རེ་ཡིན་ནའང་འདྲ། ཆོལ་ཁ་གང་གི་ཁོངས་སུ་གཏོགས་ནའང་འདྲ། གང་ལྟར་སྤྱི་འཐུས་ཚོ་ཚད་ལྡན་ཞིག་ཡོང་བའི་རེ་བ་ཡོད་ངེས་རེད། སྤྱི་འཐུས་ཚོར་ཆ་བཞག་ནའང་། རང་ཉིད་ཀྱི་འབྱུང་ཁུངས་ཆོལ་ཁའམ་ཆོས་ལུགས་གང་ཞིག་ཡིན་རུང་། སྤྱི་འཐུས་ནང་སླེབས་རྗེས་སྤྱི་མི་ཚད་ལྡན་ཞིག་བྱེད་འདོད་ཡོད་རྒྱུ་རེད། དེར་བརྟེན། ད་ཐེངས་ང་ཚོས་ད་ཡོད་ཆོས་ལུགས་ཀྱི་སྤྱི་འཐུས་ཁོངས་ནས་སུ་དང་སུ་མུ་མཐུད་སྤྱི་འཐུས་སུ་དགོས་པ་དང་། སུ་དང་སུ་མི་དགོས་པའི་སྐོར་ལ་བགྲོ་གླེང་བྱ། འདི་ལྟར་བགྲོ་གླེང་བྱས་ན། གཅིག་ནས་སྤྱི་ཚོགས་ནང་གོ་རྟོགས་ཤིག་སྤེལ་ཐུབ་པ་དང་། གཉིས་ནས་ད་ཡོད་ཀྱི་སྤྱི་འཐུས་སོ་སོར་ཡང་རང་གི་བྱ་སྤྱོད་དང་ལས་དོན་ལ་བསམ་གཞིགས་གནང་རྒྱུའི་གོ་སྐབས་ཡོང་གི་རེད། བགྲོ་གླེང་གནང་སྐབས། རྒྱུ་མཚན་དཔང་བཞག་གནང་བ་ལས། མི་དགའ་ཞེ་འཛིན་གྱི་བཀའ་མོལ་མི་གནང་བའི་རེ་བ་ཡོད་ལ། ལྷག་པར་ཆོས་ལུགས་ཀྱི་མཐུན་ལམ་དང་དམ་ཚིག་ལ་གནོད་སྐྱོན་འགྲོ་བའི་བཀའ་མོལ་མི་གནང་བའི་རེ་བ་ཡོད། བགྲོ་གླེང་གནང་སྐབས། ཆོས་ལུགས་ཀྱི་སྤྱི་འཐུས་སུ་མུ་མཐུད་གནས་འོས་དང་མ་འོས་དེ། མཁྱེན་ཡོན་དང་ཀུན་སྤྱོད། འཇོན་ཐང་། དྲང་ཚུགས། ལྷག་བསམ་བཅས་གཞི་ལ་བཞག་ནས་གླེང་ན་ལེགས།
ད་ཡོད་ཆོས་རྒྱུད་ཀྱི་སྤྱི་འཐུས་རྣམ་པ་གཤམ་གསལ། (གོང་གི་འདྲ་པར་གྱི་གོ་རིམ་ལྟར་ཡིན)
རྙིང་མ།
༡་ རྙིང་མའི་སྤྱི་འཐུས་བསོད་ནམས་བསྟན་འཕེལ་མཆོག (གོ་འཇོ་ཚེ་རིང་ཕུན་ཚོགས་མཆོག་བཀའ་བློན་དུ་བདམས་པའི་ཚབ)
༢་ རྙིང་མའི་སྤྱི་འཐུས་ཉག་རོང་རྒྱ་རི་བུ་ཕྲུག་མཆོག
བཀའ་རྒྱུད།
༣་ བཀའ་བརྒྱུད་སྤྱི་འཐུས་འཁོར་ཚ་བསོད་ནམས་དགྲ་འདུལ་མཆོག
༤་ བཀའ་བརྒྱུད་སྤྱི་འཐུས་ཡངས་པ་ཅན་ཀརྨ་ཤེས་རབ་མཐར་ཕྱིན་མཆོག
ས་སྐྱ།
༥་ ས་སྐྱའི་སྤྱི་འཐུས་རུ་ཐོག་སྟོད་པདྨ་འབྱུང་གནས་མཆོག
༦་ ས་སྐྱའི་སྤྱི་འཐུས་གོ་འཇོ་ཚེ་རིང་པོ་མཆོག
དགེ་ལུགས།
༧་ དགེ་ལུགས་སྤྱི་འཐུས་སེར་བྱེས་ལྭ་བ་དགེ་བཤེས་ཐུབ་བསྟན་འཕེལ་རྒྱས་མཆོག
༨་ དགེ་ལུགས་སྤྱི་འཐུས་དཀར་མཛེས་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་མཆོག
གཡུང་དྲུང་བོན།
༩་ བོན་པོའི་སྤྱི་འཐུས་ཁྱུང་པོ་དགེ་བཤེས་གཡུང་དྲུང་རྒྱལ་མཚན་མཆོག
༡༠་ བོན་པོའི་སྤྱི་འཐུས་ཁྱུང་པོ་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག
རྙིང་མའི་རྒྱ་རི་བུ་ཕྲུག་མི་དགོས། ཆོས་ལུགས་སྤྱི་འཐུས་ཀྱི་དྲི་ཙམ་ཡང་མི་འདུག
ས་སྐྱའི་ཚེ་རིང་པོ་མི་དགོས། ཇོ་ནང་སོགས་ཀྱི་རྙོག་དྲ་མང་པོ་བཟོ་བཞིན་འདུག
བཀའ་རྒྱུད་ཀྱི་སྤྱི་འཐུས་གཉིས་དེར་བཤད་རྒྱུ་ཅང་མེད། ད་བར་དེ་གཉིས་སྤྱི་འཐུས་ཡིན་པ་ཤེས་པ་ལས་ཆོས་ལུགས་སྤྱི་འཐུས་ཡིན་པ་མ་ཤེས།
དགེ་ལུགས་བེ་རི་འཇིགས་མེད་འདི། དགེ་ལུགས་ཀྱི་སྤྱི་འཐུས་བྱེད་བཞིན་དུ་དགེ་ལུགས་ཀྱི་སྦྱིན་བདག་ལ་ཁ་གཏོང་གི་འདུག
བོན་གྱི་གཡུང་དྲུང་རྒྱལ་མཚན་ནི། མདོ་སྟོད་ཀྱི་སྤྱི་འཐུས་རང་རེད་ཤག་མ་གཏོགས་བོན་གྱི་སྤྱི་འཐུས་ཡིན་ས་མ་རེད།
གངས་ལྷས་བཤད་པ་བཞིན་ང་ཡང་དེ་ལྟར་དུ་འདོད། ད་དུང་དགེ་ལུགས་སྤྱི་འཐུས་སེར་བྱེས་ལྭ་བ་དགེ་བཤེས་ཐུབ་བསྟན་འཕེལ་རྒྱས་ཟེར་བ་འདི་རེད། ༢༠༠༨ ལོར་བོད་ནང་ལ་བོད་དོན་འཐབ་རྩོད་ཀྱི་ཐད་རང་སྲོག་གཏོང་བ་དང་ཕྱི་ན་བོད་དོན་ཆེད་དུ་སྐད་འབོད་བྱེད་བཞིན་དྲན་པ་ཐོར་བ་སོགས་ཚ་ཚ་འུར་འུར་བྱེད་པའི་སྐབས་སུ། སྐབས་དེའི་བདེ་དོན་སྐུ་ངོ་ཡིན་ཟེར་མཁན་རྒན་པོ་ལུག་འདྲ་བོ་དེ་དང་ཁོ་གཉིས་ཀྱིས་གྲོས་ཁ་གོར་མོ་རྡོ་འདྲ་ཞིག་བྱས་ཡོང་ནས། གཙུག་ལག་ཁང་ཏུ་གསུང་བཤད་ཁྱི་སྐད་འདྲ་ཞིག་རྒྱག་དུས་ཅི་བཤད་པ་ཚང་མའི་སེམས་ན་ལོས་ཡོད། འབྲེལ་ཡོད་ལས་བྱེད་པའི་ཁ་ལ་མ་ཉན་ན་༼བདེ་དོན་ལས་ཁུང་བརྒྱུད་ནས་རྒྱ་གར་ཉེན་རྟོག་པར་རྩིས་སྤྲོད་བྱེད་རྒྱུ་ཡིན༽ཞེས་དྷ་སའི་མི་དམངས་ལ་འཇིགས་སྐུལ་བྱས་པ་རེད། དགོང་མོར་དེར་མི་མང་པོས་སྐད་དེ་གོ་བས་ངུ་ཤོར་བ་དང་ཁོང་ཁྲོ་མ་བཟོད་པར་བོད་མི་ནང་ཁུལ་དུ་ཁ་རྩོད་ཤུགས་ཤོར་བ་སོགས་བསམ་ན། ད་དུང་ཡང་བཟོད་མི་ནུས་པ་ཞིག་འདུག ཆོས་ལུགས་མི་སྣ་ཚོར་སྤྱི་འཐུས་གཉིས་འདེམས་པའི་ཐོབ་ཐང་ཡོད་ན། ང་ཚོར་མི་དགོས་ཟེར་བའི་ཐོབ་ཐང་ཡང་ལོས་དགོས་ཏེ་དགོས་པ་རེད། མི་འདི་གཉིས་ཀྱི་ངོ་རིག་ན་སྙིང་འཚང་ཡོང་གི
སྐྱག་པར་ལག་པ་འཆང་ན་སྐྱག་པ་འགོས་ཡོང་བ་ནང་བཞིན་གོང་གི་སྐྱག་པ་རྡོག་རྡོག་འདི་ཚོའི་སྐོར་ལ་བསམ་འཆར་བཤད་འདོད་མེད། སྐྱག་པར་ལག་པ་འཆང་ན་སྐྱག་དྲི་ལས་བྲོ་རྒྱུ་ཡོད་མ་རེད། དམིགས་བསལ་དེའི་ནང་ནས་ཀྱང་གཡུང་དྲུང་རྒྱལ་མཚན་ཟེར་བ་འདི་ཐོག་མཐའ་བར་གསུམ་དུ་གྲོས་ཚོགས་ཀྱི་འཁོར་ཡུག་བཙོག་པ་བཟོ་མཁན་གྱི་སྐྱག་པ་དྲི་མ་ངན་ཤོས་དེ་རེད། ངོ་ནས་མི་ངན་འདི་འདྲའི་པར་མཐོང་ན་བོད་མི་རིགས་ཀྱི་ཆིག་སྒྲིལ་ཟེར་བ་ནམ་ཡང་འགྲུབ་ཐབས་མེད་པ་དྲན་ཡོང་གི་འདུག དྲ་བདག་དང་ཀློག་མཁན་ཚང་མར་དགོངས་དག་ཞུ། འོན་ཀྱང་འདི་ཚོའི་སྐོར་བསམ་ཚུལ་འདི་ལས་ལྷག་ཅིག་ཕུལ་རྒྱུ་མི་འདུག སྐྱག་པ་རྡོག་རྡོག་ཅིག་ལ་ཕྱི་རྩི་དམར་པོ་བཏང་ནས་མདོག་འགྲིག་ཙམ་བཟོས་པའི་དབང་དུ་བཏང་ཡང་། དྲི་མ་ངན་དེར་མཚོན་རྩི་དམར་པོ་ཞིག་བྱུག་པས་ཕན་ཐོགས་ཡོད་པ་མ་རེད། དེའི་སྐྱག་པའི་གཙང་བཙོག་སྐོར་གླེང་འདོད་མི་འདུག
གྲོགས་པོ་ལགས་རང་གིས་དངོས་གནས་དཔྱད་གཞི་ཡག་པོ་ཞིག་བཀོད་འདུག་ཐུགས་རྗེ་ཆེ།
ངའི་བལྟ་བ་ནི་གྲྭ་བའི་སྲིད་བསྐྱང་ན་མི་དགའ་བའི་ལུགས་ཡིན།
དེའི་ཕྱིར་ཆོས་རྒྱུད་སྤྱི་མཐུས་ཟེར་བ་འདི་ཡང་མི་དགོས་ཞེས་བཤད་མཁན་ཡིན།
དེ་ལ་ནུས་བ་ཐོན་པར་ད་དུང་སྤྱི་མཐུས་སྐབས་འགའ་རེ་འགྲོ་དགོས་ཚོད་འདུག།
དེའི་ཕྱིར་བདམས་ཁ་ཞིག་བྱེད་འདོད་བྱུང།སྨོན་ལམ་མཐར་ཕྱིན་མ་ཡིན་པའི་
གྲྭ་བ་གཅིག་ལའང་ངར་མོས་མཐུན་མེད་རྒྱུ་མཚན་སྔར་གྱིས་སྤྱི་མཐུས་རྣམས་ཀྱི་སྙོག་འཛིང་གི་
སྒྲ་ཐག་ལ་བལྟས་རྗེས་དེ་རིང་ཡང་ཁོ་ཚོའི་པར་མཐོང་སྐབས་ང་ཞེད་སྣང་སྐྱེ་གིས་འདུག།
འདི་དག་གིས་རྒྱབ་ལྗོངས་ལ་ལྟས་ན་ནམ་ཞིག་ལ་བོད་མི་མང་གིས་གཟབ་གཟབ་མ་བྱས་ན་
འདི་ཚོས༸གོང་ས་མཆོག་གིས་དཀའ་བ་རྒྱ་ཕྲག་གིས་འབད་པའི་བོད་མི་ལྡོག་རྩ་ཆིག་སྒྲིལ་འདི་
རྩ་མེད་བཟོ་ཉིན་ཆེ་ལྷག་པར་དུ་དགེ་ལུགས་པའི་ད་ལྟའི་སྤྱི་མཐུས་འདི་ཚོས།
སྤྱིར་སྨོན་ལམ་མཐར་ཕྱིན་ལའང་ཞེན་ཁོག་གི་ནད་གཞི་ལྗི་སེ་འདུག་ཡིན་ཡང་ངའི་ཁོང་མི་ཡོན་ཏན་ཅན་
མཇོན་ཐང་ཅན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེའི་ཕྱིར་ཁོང་ནས་ནམ་ཞིག་ལ་རང་གིས་སྐྱེས་སྟོབས་ཀྱིས་
ཤེས་རབ་ལ་སྟེན་ནས་བླང་དོར་བཟློག་ཤེས་བྱེད་ཐུབ་པའི་རེ་བ་བྱེད་གིས་ཡོད།
ཡང་ངའི་བལྟ་ཚུལ་གཅིག་ལ་ཁོའི་ཞེན་ནད་དེ་གྲོགས་ལ་བསྟེན་ནས་འགོས་བ་འདྲ་ཞིག་མཐོང་སོང་
གང་ལྟར་རང་གིས་སྐྱེས་སྟོབས་ཀྱིས་ཤེས་རབ་ལ་དྲང་བདེན་དང་ལྷག་བསམ་གྱིས་རྒྱན་ནས་རང་གིས་
མི་རིགས་ལ་ཞབས་སྤྱི་སྒྲུབ་ཐུབ་ན་མཁས་བ་རེད།། སྤྱིར་ཆོས་རྒྱུད་ཚོའི་ཆེད་ཕྱག་ལས་ག་འདྲ་ཡོད་ཀྱང་དབུས་
ཆོས་དོན་ལུས་ཁུང་གིས་འགན་ཁུར་དགོས་པས་སྤྱི་མཐུས་ལོག་སུ་དགོས་པ་མེད་ལ་ལར་ནས་གྲྭ་བ་ཚོ་ལ་འོས་
གཉིས་བླུག་ཆོག་བའི་ཐོབ་ཐང་ཡོད་པ་ཏེ་འཛམ་གླིང་གིས་མང་གཙོས་རྒྱལ་ཁབ་གང་དང་ཡང་མི་མཐུན་པར་སྙམ།
བོན་པོའི་སྤྱི་འཐུས་ཁྱུང་པོ་དགེ་བཤེས་གཡུང་དྲུང་རྒྱལ་མཚན་ནི་ཆོལ་ཁ་ཡི་ཕྱོགས་ཞེན་ཧ་ཆེ་ནས་ངེས་བར་དུ་དོར་དགོས། ཁོས་ཕན་ལས་གནོན་པ་མང་བ་བྱེད་ཀྱིན་འདུག།
ས་སྐྱའི་སྤྱི་འཐུས་རུ་ཐོག་སྟོད་པདྨ་འབྱུང་གནས་མཆོག་དང་ས་སྐྱའི་སྤྱི་འཐུས་གོ་འཇོ་ཚེ་རིང་པོ་གཉིས་ལ་ཅང་བཤད་རྒྱུ་མེད། གང་ཡིན་ཟེར་ན་ཕན་མ་ཐོགས་ཀྱང་གནོན་མི་བྱེད་གི
ཇོ་ནང་བའི་མི་རེ་ཟུང་གི་སོ་སོ་གོ་ས་ཐོབ་པའི་ཆེད་དུ་མི་མང་ལ་སྐུལ་སློང་བྱེད་ཀྱིན་ཡོད་ནུས་པ་དེ་ཙམ་མེད་།
དགེ་ལུགས་སྤྱི་འཐུས་སེར་བྱེས་ལྭ་བ་དགེ་བཤེས་ཐུབ་བསྟན་འཕེལ་རྒྱས་ད་ཐེངས་ངེས་བར་དུ་དོར་དགོས། གང་ཡིན་ཟེར་ན་ཁོ་ལ་སྤྱི་ཚོགས་ཀྱི་ཉམས་མེད་པ་མ་ཟད་མི་མང་གི་མདུན་དུ་སྐད་ཆ་བཤད་དུས་མི་མང་ཧ་ཅང་མཐོང་ཆུང་བྱེད་ཀྱི་འདུག།ལྷག་པར་དུ་ཆབ་སྲིད་ཀྱི་བསམ་བློ་མི་འདུག
བོན་པོའི་སྤྱི་འཐུས་ཁྱུང་པོ་དགེ་བཤེས་གཡུང་དྲུང་རྒྱལ་མཚན་ནི་ཆོལ་ཁ་ཡི་ཕྱོགས་ཞེན་ཧ་ཆེ་ནས་ངེས་བར་དུ་དོར་དགོས། ཁོས་ཕན་ལས་གནོན་པ་མང་བ་བྱེད་ཀྱིན་འདུག།
ས་སྐྱའི་སྤྱི་འཐུས་རུ་ཐོག་སྟོད་པདྨ་འབྱུང་གནས་མཆོག་དང་ས་སྐྱའི་སྤྱི་འཐུས་གོ་འཇོ་ཚེ་རིང་པོ་གཉིས་ལ་ཅང་བཤད་རྒྱུ་མེད། གང་ཡིན་ཟེར་ན་ཕན་མ་ཐོགས་ཀྱང་གནོན་མི་བྱེད་གི
ཇོ་ནང་བའི་མི་རེ་ཟུང་གི་སོ་སོ་གོ་ས་ཐོབ་པའི་ཆེད་དུ་མི་མང་ལ་སྐུལ་སློང་བྱེད་ཀྱིན་ཡོད་ནུས་པ་དེ་ཙམ་མེད་།
ད་དུང་གསེར་རྟ་གཉིས་ཡོད་པ་རེད། གཅིག་གྲྭ་ལོག་དང་གཅིག་ད་དུང་གྲྭ་བ་རེད། མདོར་བསྡུས་ན་གྲོས་ཚོགས་འདི་གྲྭ་བ་དང་གྲྭ་ལོག་གིས་ཁེངས་འདུག ཤེས་ཡོན་གྱི་ཐོག་ནས་དབྱེ་བ་ཕྱེ་ན་གྲྭ་ལོག་ཚོ་གྲྭ་བའི་ཁོངས་གཏོགས་རེད། གང་ཡིན་ཟེར་ན་ཁོང་ཚོའི་ཤེས་ཡོན་སྣ་གཅིག་རེད། གྲྭ་ལོག་ཚོས་ངོམ་བཞིན་པའི་ཤེས་ཡོན་འདྲ་བོ་དེ་ཚོ་གྲྭ་བ་བྱས་ནས་སྦྱངས་པ་རེད། དེའི་ཕྱིའི་བསམ་ཡོན་ནམ་བསམ་བློའི་ངོ་བོའི་ཐོག་ནས་དབྱེ་ན་གྲྭ་ལོག་ཚོ་དང་ད་དུང་གྲྭ་བ་རེད། གྲྭ་ལོག་ཚོས་ཀྱང་གྲྭ་བས་གང་བསླབ་དེ་ལས་བསླབ་མྱོང་མེད་རེད།
ངས་བལྟས་ན། འདི་ཚོ་ཚང་མའི་ནང་ནས་སྤྱི་འཐུས་ནང་མི་དགོས་བ་དེ་བོན་གྱི་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་རེད། ལོ་སྔོན་མ་གྲོས་ཚོགས་འཐོར་འཇུག་མཁན་གཙོ་བ་གཅིག་སྨོན་ལམ་མཐར་ཕྱིན་རེད། ནམ་རྒྱུན་གྲོས་ཚོགས་ནང་ལའང་རྙོག་དྲ་མང་བོ་བཟོ་བཞིན་པ་རེད། མི་འདི་ལ་ཡོན་ཏན་འདི་རེད་ཟེར་བ་ངས་ནི་མཐོང་མ་སོང་།
ད་ལྟ་ཕྲན་ལ་ཆུ་ཚོད་ཕྲན་བུ་ཡོད། དེའི་རིང་བསམ་ཚུལ་ཁ་ཤས་འབྲི།
༡༽ ཆོས་རྒྱུད་སྤྱི་འཐུས་མེད་ན་འགྲིག་པའི་བསམ་ཚུལ་ཡོད་རེད། ཆོས་རྒྱུད་སྤྱི་འཐུས་ངེས་པར་དགོས་པའི་བསམ་ཚུལ་ཡང་ཡོད་རེད། ད་ལྟའི་ཆར་དེ་གཉིས་བརྩད་ནས་ཐག་གང་ཡང་གཅོད་ཐུབ་ཀི་མ་རེད་སྙམ།
༢༽ གོང་གསལ་ཆོས་རྒྱུད་ཀྱི་སྤྱི་འཐུས་ཚོའི་སྐོར་ལ། ང་ཚོས་བགྲོ་གླེང་ཞིག་བྱས་ན། གཅིག་ཏུ་ན། སྤྱི་ཚོགས་ནང་བསམ་ཚུལ་ཕྲན་བུ་བསྐྲུན་ཐུབ་སྲིད། གཉིས་སུ་ན། ཆོས་རྒྱུད་སྤྱི་འཐུས་ནང་ནའང་དྲྭ་ཐོག་ལ་ཕེབས་མཁན་དགེ་བཤེས་བེ་རི་འཇིགས་མེད་སོགས་ཡོད་རེད། དེས་ན། སྐད་ཆ་གཅིག་གིས་གཅིག་བརྒྱུད་དེ་ཆོས་རྒྱུད་སྤྱི་འཐུས་སོ་སོའི་སྙན་དུ་འཁྱོལ་ཐུབ་སྲིད། དེས་ཁོང་ཅག་གི་ཕྱིས་འབྱུང་གི་ཕྱག་ལས་གནང་ཕྱོགས་ལ་ཕན་སྲིད་པ་རེད།
དེས་ན། ང་ཚོས་གླེང་དགོས་བ་དང། ཁོང་རྣམ་པའི་འགྲིག་པའི་ཆ་དང་མ་འགྲིག་པའི་ཆ་གཉིས་ཀ་ནས་གླེང་དགོས། སྤྱིར་བཏང་གི་ཁྲོ་ཚིག་ལྟ་བུ་ཞིག་བྲིས་བཞག་པ་དེས། རྣམ་འགྱུར་མཚོན་པ་ཙམ་ལས་གཞན་ཅི་ཡང་མི་ཕན་སྙམ།
ང་ཚོས་ཆོས་རྒྱུད་སྤྱི་འཐུས་ལ་ངན་སྨྲས་བྱེད་དོན་གཙོ་བོ། སྔ་ལོ་གྲོས་ཚོགས་འཐོར་དུས། ཆོས་རྒྱུད་སྤྱི་འཐུས་མང་བོའི་གནང་སྟངས་ཐབས་རྡུགས་བྱུང་བ་དེ་རེད་སྙམ། དེ་མིན་ཁོང་རྣམ་པས་བྱ་བ་བཟང་ངན་ཅི་དང་གང་གནང་ཡོད་མེད་ང་ཚོ་མང་ཆེ་བས་གསལ་བོ་ཤེས་ཀྱིན་མེད།
ཁོང་རྣམ་པས་ཕྱག་ལས་མང་པོ་གནང་ཡོད་སྲིད། དཔེར་ན། བོན་པོའི་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལ་ཆ་བཞག་ན། གྲོས་ཚོགས་འཐོར་དུ་འཇུག་དུས་ཁོང་གི་གནང་སྟངས་དེ་དངོས་གནས་ཐལ་དྲགས་སོང་། དེ་ནི་ངས་ཁོང་གི་ཟིན་བྲིས་ནང་ཐད་ཀར་ཞུས་བ་ཡིན། རྗེས་ལ་བསམས་སྐབས། དེ་ནི་གཙོ་བོ་བོན་སྤྱི་ཟུར་བ་བྱ་དུར་བཟང་པོའི་ཕྱོགས་བཟུང་སྟེ། དབུས་གཙང་སྤྱི་འཐུས་ཟླ་བ་ཚེ་རིང་གི་ཐོག་ལ་གཟས་པའི་ཁུལ་ཡིན་འདུག འོན་ཀྱང་སྨོན་ལམ་མཐར་ཕྱིན་གྱིས་ལས་བཟང་གཞན་མང་བོ་བྱས་ཡོད་སྲིད། ངས་གཞན་དག་མི་ཤེས། གྲོས་ཚོགས་ཀྱི་ལས་རིམ་གསར་ཤོག་དང་བརྙན་པར་ལ་བལྟ་དུས། ནམ་རྒྱུན་སྨོན་ལམ་མཐར་ཕྱིན་གྱིས་གྲོས་ཚོགས་ནང་བཀའ་མོལ་གནང་བ་རྣམས། གནས་སྟངས་མགོ་ཡག་པོ་ཚོས་ཏེ་བཀའ་མོལ་གནང་གི་འདུག བཀའ་ཤག་ལ་ལྟ་སྐུལ་གྱིས་བཙིར་ཐུབ་ཀི་འདུག སྐད་ཆ་མང་བོར་རྒྱུ་མཚན་ཧ་ཅང་ཡག་པོ་དང་ཞིབ་ཆ་འདུག དེ་འདྲ་བྱེད་ཐུབ་པར་ནམ་རྒྱུན་དོ་སྣང་དང་བསམ་གཞིགས་ག་ཚོད་ཙམ་བྱེད་དགོས་མིན། ང་དཔྱད་ཞིབ་བྱེད་མཁན་ཞིག་གིས་ཤེས་ཀི་འདུག དེར་བརྟེན། སྨོན་ལམ་མཐར་ཕྱིན་ལ་ཡོན་ཏན་ནམ་རྣམ་དཔྱོད་ལྡན་པ་དེ་ཐེ་ཚོམ་མི་དགོས་བ་ཞིག་རེད། ད་ཕན་ཁོང་གི་མི་ཚེའི་ནང་ནག་ཐིག་གཅིག་ལས་མེད། དེ་ནི་ ༢༠༠༨ ལོའི་ནོར་འཁྲུལ་དེ་རེད། ནོར་འཁྲུལ་དེ་ལ་ཡོ་བསྲང་གནང་ན། ང་ཚོས་མ་འོངས་བར་བཀའ་བློན་དང་ཐ་ན་བཀའ་བློན་ཁྲི་པ་སོགས་ཀྱི་རེ་བ་བྱས་ཆོག་པའི་མི་ཞིག་རེད་དྲན།
དེ་ནས་དྲན་ཚུལ་གཞན་ཞིག་ལ། ཆོས་རྒྱུད་སྤྱི་འཐུས་ཀྱི་འོས་བསྡུ་དེ་དྲང་པོ་ག་ཚོད་ཙམ་ཡོང་གི་ཡོད་དམ་དྲན་གྱི་འདུག དཔེར་ན། རྙིང་མ་བའི་དགེ་འདུན་པ་ཚོས། ཅིའི་ཕྱིར་རྒྱ་རི་བུ་ཕྲུག་ལྟ་བུ་ཞིག་རྙིང་མའི་སྤྱི་འཐུས་ཐེངས་གཅིག་མིན་གཉིས་མིན་ལ་བདམས་པ་རེད། ས་སྐྱ་ལ་མཚོན་ན། པདྨ་འབྱུང་གནས་ལས་ལྷག་པའི་ས་སྐྱའི་སྐུ་ཚབ་མཚོན་ཐུབ་མཁན་གཞན་ཞིག་མེད་སོང་བ་རེད་དམ། ཆོས་རྒྱུས་སྤྱི་འཐུས་འདི་ཚོའི་འོས་བསྡུ་ཡག་པོ་ཡོང་གི་ཡོད་མེད་ལ་དོགས་པ་འདུག
ད་དུང་ཡ་མཚན་དགོས་བ་ཞིག་ནི། ཆོས་རྒྱུད་སྤྱི་འཐུས་དེ། སེར་མོ་བ་ཚོས་མ་གཏོགས་བདམས་ཆོག་གི་མེད་པ་རེད། ཡིན་ནའང་། ཁོང་ཚོའི་བདམ་བྱའི་ནང་དུ་སྐྱ་བོ་ཡོད་ཆོག་པ་དེ་རེད། གོང་གི་ཆོས་ལུགས་སྤྱི་འཐུས་བཅུའི་ནང་གི་བཞི་མི་སྐྱ་རེད། དེ་ཡང་གནད་དོན་ཞིག་རེད་འདུག
ད་ང་ཚོས་སྤྱི་འཐུས་དེ་ཚོ་མ་ནོར་པ་ཞིག་འདམ་དགོས་པ་རེད།
ད་རེ་ང་ཚོས་སྤྱི་འཐུས་སྤུས་ཀ་བཟང་དུ་གཏོང་དགོས་པ་དུས་ལ་སླེབས་འདུག
གྲྭ་ཆས་གྱོན་མཁན་གྱི་སྤྱི་འཐུས་འདི་དག་དང་། པད་མ་འབྱུང་གནས་ལས་མི་སྐྱ་གཞན་དག་གཙང་སེལ་བྱེད་དགོས་པ་ལས། སྤྱི་འཐུས་སུ་རུང་བའི་མི་དེ་མ་རེད་འདོད། གྲྭ་ཆས་གྱོན་མཁན་དག་ལ་གྲྭ་པའི་གཤིས་ཀ་ཡོད་མེད་ལྷང་ལ་བུད་ཚར་བ་རེད། དེ་ཕྱིར་བཟང་ངན་གྱི་སྐད་ཆ་བཤད་དགོས་པ་ཞིག་མ་རེད། འོན་ཀྱང་མི་སྐྱ་དག་ནི་མི་སྐྱ་རང་ཡིན་ཕྱིར་མི་གཤིས་བཟང་པོ་ཡིན་སྲིད་ན་ཡང་། མི་གཤིས་བཟང་ངན་ཙམ་གྱིས་སྤྱི་འཐུས་སུ་རུང་བ་མིན་སྟབས་དེ་དག་ཀྱང་ལས་གནས་དེ་ལས་གཙང་སེལ་བྱས་ན་དགེ་མཚན་ཆེ་ངེས་རེད།
སྤྱི་ཚོགས་ཆུང་ཆུང་ཞིག་དང་ལྷག་པར་དུ་སྐྱབས་བཅོལ་བའི་སྤྱི་ཚོགས་འདིའི་ནང་དུ་སྤྱི་འཐུས་མང་དྲགས་འདུག བཙན་བྱོལ་སྤྱི་ཚོགས་ཀྱི་མི་གྲངས་མར་ཆགས་པ་དང་མཉམ་དུ་སྤྱི་འཐུས་ཀྱི་གྲངས་ཚད་ཀྱང་མར་ཇེ་ཉུང་དུ་བཏང་སྟེ་སྤྱི་འཐུས་ཚད་ལྡན་ལྔ་རེ་ཡོད་ན་འགྲིག་གི་འདུག དེ་ཡང་མང་དྲགས་ན་གསུམ་རེས་འགྲིག་གི་འདུག
བཀྲ་ཤིས་དོན་གྲུབ་ལགས། པདྨ་འབྱུང་གནས་གཅིག་པུ་འཇོག་དགོས་དོན་ཅི་རེད།
ཀླུ་སྨྱོན་གྱི་དགོངས་འཆར་དེ་ཡག་པོ་འདུག སྤྱི་འཐུས་ཉུང་དུ་བཏང་ན། རྙོག་དྲ་ཉུང་དུ་འགྲོ་མིན་མི་ཤེས་ཀྱང་འགྲོ་སོང་ལྡབ་གཅིག་གིས་ཉུང་དུ་འགྲོ་གི་རེད། མི་ཚད་ལྡན་སླེབས་པ་ལའང་འདིས་ཅུང་ཕན་གྱི་རེད། གང་ཡིན་ཟེར་ན། རྩེ་ཕུད་ཉུང་ཤས་མ་གཏོགས་ཚུད་ས་མེད། འོན་ཀྱང་བོད་གཞུང་ལ་ཉུང་དུ་གཏོང་རྒྱུའི་བསམ་བློ་དེ་མེད་པར། ད་དུང་མང་དུ་གཏོང་ཉེན་འདུག རིང་མིན་འཚོཊ་འཆར་གྱི་གྲོས་ཚོགས་ལ་གཅིག་གཟིགས་ཨང་།
ཁང་གསར་རྡོ་རྗེ་ལགས། དེ་ངས་མི་གཟུ་བོར་གནས་པ་ཞིག་རེད་འདོད་པ་ཡིན། གནད་འགག་གི་སྐབས་སུ་གཟུ་བོར་འདུག་ཐུབ་པ་དེ་ཡང་རྣམ་དཔྱོད་ཀྱི་ཆ་ཞིག་ཡིན་ངེས་རེད། དེ་ཡང་རང་གི་ལྟ་ཚུལ་ཙམ་ཡིན། ཀླུ་སྨྱོན་གྱི་དགོངས་འཆར་དེ་ངས་ཀྱང་འགྲིག་གི་འདོད།
ངོ་མ་བསམ་འཆར་ཡག་པོ་བཏོན་འདུག ང་ཚོའི་སྤྱི་ཚོགས་ནང་ངེས་པར་དུ་ཤེས་དགོས་པ་ཞིག་ལ་ཕན་འདོགས་མཁན་དེ་སུ་ཡིན་པ་དང་། གནོད་སྐྱེལ་མཁན་དེ་སུ་ཡིན་པ་ཤེས་པ་དགོས་པ་དེ་གལ་ཆེན་པོ་རེད། ལྷག་པར་དུ་བླ་མ་དང་དགེ་བཤེས་ཀྱི་མིང་ཁུར་ནས་མི་མང་ནང་ཁུལ་དཔུང་སྒྲིག་གི་སྤྱོད་ངན་དེ་དག་ལ་གཟབ་དགོས་གལ་ཆེ་བར་མཐོང་སོང་། དེའི་ཕྱིར་ངས་ཀྱང་དུས་རྒྱུན་མི་རིགས་འདིའི་བདེ་སྡུག་བསམ་བློ་གཏོང་མཁན་ཞིག་གི་ངོས་ནས་བཤད་ན་ཆེས་མེད་དུ་མི་རུང་བའི་གཟབ་ནན་བྱེད་དགོས་པའི་གནས་ཤིག་རེད།
དཔེར་ན་གོང་བཞུགས་ཀྱི་དཔའ་པོ་ཁྱུ་གཅིག་གིས་གྲོས་ཚོགས་ར་བའི་ནང་ནས་ཁུ་ཚུར་གནམ་ལ་གཏད་དེ་འཛམ་གླིང་རྒྱལ་སྤྱིའི་སྟེང་ལ་ང་ངར་ཁོ་བདེན་གྱི་ཧམ་བཤད་ས་གཡོ་བ་ལྟ་བུ་རེ་བཤད་དེ་གྲོས་ཚོགས་ས་ནས་སྟག་འགྱང་འགྱང་བྱས་དེ་ཕྱི་ལ་ཐོན་པའི་གནས་ཚུལ་མིག་མཐོང་ཟིན་པ་བཞིན་ཡིན་པས་བསྐྱར་དུ་ཞུ་དགོས་མ་མཐོང་། དཔའ་ངོམ་སོང་། རྒྱུ་ངོམ་སོང་། ཁྱིམ་ཚང་ངོམ་སོང་། ང་ཚོའི་བཙན་བྱོལ་བོད་གཞུང་ལ་མཚོན་ན་དཔའ་ངོམ་ཡ་མེད་རྒྱུ་ངོམ་ཡ་མེད་རྒྱལ་ཁབ་ངོམ་ཡ་མེད་པས་བོད་གཞུང་ལས་ལྷག་པ་དག་དག་ཡིན་ཚོད་རེད། འདི་ལྟ་བུའི་ནང་རུལ་བ་མ་གཏོགས་མེད་སོང་བ་ཡིན་ན་ཐུགས་ཁག་མེད་ དང་ཐོག་འོས་བླུགས་མཁན་ཚོས་ངོས་ནས་བཤད་ན་འདི་འདྲ་འདྲའི་མི་ངན་ཏག་ཏག་ལ་རེ་བ་རྒྱབ་མེད་ཚོད་རེད། འོན་ཀྱང་འདི་འདྲ་བ་རེ་འོང་བ་དེ་ཡང་ལས་སུ་བསྒོམ་རྒྱུ་ལས་གཞན་མེད་ཚར་ཚར་བ་ཐམས་ཅད་ཚར་རེད། གཙོ་བོ་རྗེས་ནས་ཡོང་རྒྱུའི་འོས་གཞིའི་སྐོར་རེད། ཁོང་ཚོས་སྔོན་ཆད་གྲོས་ཚོགས་ཐོག་ནས་འོས་བླུགས་མཁན་གྱི་མི་མང་དེ་ཚོ་ལྐུགས་པ་བཟོས་ཚར་བ་རེད། ཆོལ་ཁའི་ཕྱོགས་རིས་འཐེན་ཁྱེར་གྱིས་བོད་གཞིས་བྱེས་གཉིས་ལ་ཕན་ཐོག་ག་ཚོད་ཡོད་མེད་མཁྱེན་ཡོད་ཀྱི་རེད།
གོང་གི་རྒྱུ་མཚན་དེས་ཕྱིར་ངས་ ༡༽རྙིང་མའི་སྤྱི་འཐུས་བསོད་ནམས་བསྟན་འཕེལ་དང་། ༢༽ བཀའ་བརྒྱུད་སྤྱི་འཐུས་བསོད་ནམས་དགྲ་འདུལ། ༣༽ དགེ་ལུགས་སྤྱི་འཐུས་བེ་རེ་འཇིགས་མེད་དབང་རྒྱལ། ༤༽བོན་པོའི་སྤྱི་འཐུས་གཡུང་དྲུང་རྒྱལ་མཚན། ༥༽བོན་སྤྱི་སྨོན་ལམ་མཐར་ཕྱིན་བཅས་ལ་རྗེས་མའི་སྤྱི་འཐུས་ཀྱི་འོས་ཆོས་ཚང་མིན་དེ་དཔྱོད་ལྡན་དག་གིས་དཔྱད་པ་གྱིས་དང་། གྲོས་ཚོགས་ར་བ་ནས་ཁུ་ཚུར་དགུང་ལ་གཏོད་མཁན་ཞིག་དང་། བོད་གཞུང་དང་༸གོང་ས་མཆོག་གི་སྐུ་ཞབས་ནས་འཐེན་མཁན་ཞིག དངོས་པར་དུ་དགོས་ན་ད་དུང་འོས་གཞིའི་ནང་བླུགས་དང་ཁྱེད་ཅག་གི་བསམ་དོན་འགྲུབ་ཀྱི་རེད། ང་ཚོའི་ཁ་གཏད་ཀྱི་རྒྱ་ནག་རྒྱལ་ཁབ་ཀྱི་བསམ་དོན་ཀྱང་འགྲུབ་ཀྱི་རེད། དེ་བྱེད་མཁན་ལ་བྱ་དགའ་ཡང་རེག་གི་རེད། མཁྱེན་སོང་ངམ།
དྲ་གྲོགས་ལྷན་རྒྱས་ཚང་མར་འཚམས་འདྲི་དང་འབྲེལ་ངའི་གྲོགས་པོ་ཞིག་གིས་དེ་རིང་འདིར་ཁོ་བོས་རི་བོ་དགེ་ལྡན་པ་ཡོངས་ལ་རེ་སྐུལ་གྱི་ཚུལ་དུ་དགེ་ལུགས་སྤྱི་འཐུས་ཁ་ཤས་ཀྱི་ས་བོན་བཏོན་ཡོད་པས་འདིར་གཟིགས་པར་འཚལ།
༄༅། །ད་ལྟའི་ཆར་བཙན་བྱོལ་ཁྲོད་བཀའ་བློན་ཁྲི་པ་དང་སྤྱི་འཐུས་འོས་གཞིའི་སྐོར་ལ་ལབ་གླེང་ཤུགས་ཆེར་འབྱུང་བཞིན་པའི་སྐབས་འདིར། གུས་པས་ཀྱང་གླེང་སློང་བྱེད་རྒྱུའི་གཙོ་བོ་ནི་ཆོས་རྒྱུད་ཁག་གི་སྤྱི་འཐུས་འོས་གཞིའི་སྐོར་ཡིན། ད་ལྟའི་ཆར་ཆོལ་ཁའི་སྤྱི་འཐུས་འོས་གཞིའི་ཐད་གླེང་སློང་ཤུགས་ཆེན་བྱེད་པར་མཐོང་ཡང་། ཆོས་རྒྱུད་ཁག་གི་སྤྱི་འཐུས་འོས་གཞིའི་ཐད་གླེང་སློང་ཙམ་ཡང་མེད་པ་ནི་ཅི་ཡིན་ནམ། ད་དུང་མི་ལ་ལས་ཆོས་རྒྱུད་ཁག་ལ་སྤྱི་འཐུས་དགོས་དོན་མི་འདུག་ཅེས་གླེང་མཁན་ཡང་བྱུང་ཡོད། ང་ཚོའི་སྒྲིག་འཛུགས་མ་ལག་དང་བཅས་པ་ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཆེད་ཁོ་ན་ཡིན་པ་ཤེས་བཞིན་དུ་འདི་སྐད་སྨྲ་བ་ཡ་མཚན་པའི་གནས་ཡིན། རྣམ་པ་གཞན་དུ་ན་སྤྱི་འཐུས་ཁྲོད་ཆོས་རྒྱུད་ཁག་གི་སྤྱི་འཐུས་ཚོས་ཞབས་ཀྱི་སྟེགས་བུའི་གོ་བཀག་པ་ཙམ་ལས་སྤྱི་ཚོགས་སྟེང་ནུས་པ་ཆེར་འདོན་མ་ཐུབ་པའང་ཡིན་སྲིད། ད་ཕན་ཆོས་རྒྱུད་སོ་སོས་ཀྱང་སྤྱི་འཐུས་ཀྱི་བགོ་སྐལ་ལ་རྩོད་ལེན་བྱེད་པ་ཙམ་ལས། བོད་མིའི་བདེ་སྡུག་གི་འགན་འཁུར་གྱིན་མེད་པའི་ཚོར་བ་བྱུང་། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་བསྒྲུབ་ཐུབ་མཁན་ཞིག་དགོས་ཞེས་ཁ་ནས་མ་ཎི་ཟློ་བ་ཙམ་མ་ཡིན་པར་ལག་ལེན་ཁེལ་ཐུབ་པ་ཞིག་དགོས་གལ་ཤིན་ཏུ་ཆེ། སྤྱིར་རིས་སུ་མ་ཆད་པའི་ཆོས་ལུགས་མི་སྣའི་མཐུན་ལམ་དང་། ལྷག་པར་ནང་ཆོས་དང་འབྲེལ་བའི་ཡ་རབས་སྤྱོད་བཟང་གིས་མིའི་སྤྱི་ཚོགས་ནང་ལེགས་པའི་ཤུགས་རྐྱེན་དང་ཕན་བདེ་བླ་ལྷག་འབྱིན་པ་ལ་ཤེས་འཇོན་ལྷག་བསམ་གསུམ་ལྡན་ཞིག་ངེས་པར་དགོས་གལ་ཆེ་བར་མཐོང་བས་གུས་པས་བསམ་པ་དཀར་པོས་གཤམ་གསལ་གྱི་ཁོང་རྣམ་པ་དགེ་ལུགས་སྤྱི་འཐུས་ཀྱི་འོས་མིར་གདམས་པ་ཡིན།
མཚན་ ད་ལྟའི་ལས་གནས།
༡༽ མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག བཀའ་ཁྲི་ལས་ཐོག་པའི་འགན་བཞེས་ཡོད།
༢༽ དགེ་བཤེས་རྡོ་རྗེ་དགྲ་འདུལ་མཆོག ལྡི་ལི་བོད་ཁང་འགན་འཛིན་གཞོན་པ་དང་༸གོང་ས་མཆོག་གི་གསུང་སྒྱུར་གྱི་འགན་བཞེས་ཡོད།
༣༽ སེར་བྱེས་བློ་བཟང་དཔལ་ལྡན་མཆོག གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་ཚོགས་གཙོའིི་འགན་བཞེས་ཡོད་པ་བཅས་ད་དུང་ཁོང་རྣམ་པ་ལྟ་བུའི་མི་སྣ་ཡོད་ཚེ་འོས་གཞིར་བདམས་རོགས་ཞེས་རི་བོ་དགེ་ལྡན་པ་ཡོངས་ཀྱི་སྙན་ལམ་དུ་ཕོ་ཉའི་ཚུལ་དུ་མངགས་པ་ཡིན་ཅེས་དཔལ་ལྡན་འབྲས་སྤུངས་སྒོ་མང་དགེ་བཤེས་འཇིགས་མེད་རྒྱ་མཚོ་ནས་ཕུལ།
གོང་གསལ་དཔར་མི་རྣམས་ཀྱི་ནང་ནས་གཅིག་ཉིད། ངས་ངོ་ཤེས་བགྱིད་འདུག དེ་ཡང་ང་ཆུང་དུས་སློབ་གྲྭ་གཅིག་པ་ཡིན་ཙང་རེད། གཞན་རྣམས་ངས་ངོ་མི་ཤེས་པའི་རྒྱུ་མཚན་གཉིས་ལས་མ་འདས་སྟེ། ཡང་ན་ང་རང་བོད་པའི་སྤྱི་ཚོགས་ལས་ཐག་རིང་དུ་བསྡད་ཙང་གོ་རྒྱ་ཐོས་རྒྱ་ཆུང་དྲགས་པ་རེད། ཡང་ན་ཁོང་རྣམས་མཚན་སྙན་སྒྲགས་ཀྱི་ཕྱག་རྗེས་ཆུང་དྲགས་པའམ། ཡང་ན་གཉིས་ཀ་ལས་ཡིན་སྲིད་པས། ང་ཚོ་ཚང་མས་ལམ་དབུ་མ་ལ་བརྟེན་ནས་གང་མྱུར་གཞིས་བྱེས་མཉམ་འཛོམས་བྱེད་དགོས་ན། འདི་ལས་ལྷག་ཙམ་གཟབ་དགོས་པ་དང་བྱེད་དགོས་པ་མི་འདུག་གམ།
ཀ་རྡོོའི་ལད་མོ་གཅིག་བྱ་རྒྱུ། འདི་ནང་ནས་གཅིག་ངའི་ངོ་ཤེས། ལོ་མང་ཙམ་མཉམ་དུ་གཤིབ་པ་ཡིན། གཅིག་དང་ཇ་དང་ཟས་གཅིག་ལྷན་དུ་ཟ་བའི་འབྲེལ་བ་ཡོད། གཞན་རྣམས་ཨོམ་ཨ་ཧུང་ཡིན།
སྤྱི་འཐུས་སུ་སུ་འོས་དང་མི་འོས་ཀྱང་བཤད་ཚོད་ཐིང་གི་མིན་འདུག ན་ཉིན་གྱི་གྲོས་ཚོགས་ཀྱི་རྩོད་རྙོགས་ལ་ངའི་ངོས་ནས་ཧ་ལས་པའི་ཉེས་འཚབ་ཆེ་བ་མཐོང་མ་སོང་།
ལ་ལས་གྲོས་ཚོགས་ཀྱི་རྩོད་རྙོགས་ཀྱི་བརྙན་ཕྲིན་རྒྱ་གཞུང་གིས་བོད་ནང་བསྟན་ནས་ཡུལ་གྱར་བོད་མི་ནང་ཁུལ་འཁྲུག་པ་རྒྱབ་སྡོད་ཡོད་ཚུལ་བསྒྲགས་ཀྱིན་འདུག་ཟེར། རྒྱ་གཞུང་ལ་ཁག་ཅི་ཡོད་དེ་དམངས་གཙོའི་གཞུང་གི་གྲོས་ཚོགས་ནང་དེ་འདྲའི་རྩོད་རྙོགས་ཡང་ཡང་ཡོང་གི་ཡོད་པ་མ་ཤེས་པས་རེད། ཁོ་རང་ཚོའི་ངོར་གྲོས་ཚོགས་ཟེར་བ་དེ་དམར་ཤོག་གི་ཚོགས་ཆེན་ལྟ་བུ། གོང་ནས་རྒད་པོ་ཁ་ཤས་ཁ་མར་བསྐོར་ནས་བསྡད། འོག་ནས་ཚོགས་མི་རྣམས་དམག་མི་ལྟ་བུ་སྒྲིག་ཆས་དང་། སྡོད་སྟངས། ཐ་ན་མདུན་གྱི་ཆུ་མཐུང་བྱེད་ཀྱི་ཤེལ་ཕོར་ཚུན་གཅིག་ལྟ་བུ་གྲལ་ལ་སྒྲིག་པ་ལྟ་བུ། གོང་ནས་གཅིག་རེད་ཟེར་དུས་ཚང་མས་ལག་པ་བརྐྱང་སྟེ། རེད་རེད་ཟེར། གོང་ནས་མ་རེད་ཟེར་དུས་ཚང་མས་ལག་པ་བརྐྱང་སྟེ་མ་རེད་མ་རེད་ཟེར། དེ་འདྲའི་ཚོགས་ཆེན་ཉིན་བརྒྱ་ཚོགས་ནའང་རྩོད་པ་ཤོར་སྟངས་མེད།
ང་ཚོའི་དམངས་གཙོའི་གཞུང་གི་གྲོས་ཚོགས་ལ་འཐུས་མི་ཚང་མར་ཁ་གྲགས་རྒྱུའི་ཐོབ་ཐང་ཡོད་ལ། བསམ་འཆར་འདོན་རྒྱུའི་དབང་ཆ་དེ་བས་ཡོད།
དེས་ན་ན་ཉིན་གྲོས་ཚོགས་ཀྱི་རྣམ་པ་མི་ལེགས་ཙམ་གྱི་རྩོད་རྙོགས་ལ་ལྷན་པ་མང་པོ་རྒྱབ་སྟེ། འདིས་ཀྱང་མི་རུང་། འདིས་ཀྱང་མི་རུང་་ཟེར་ན་འོ་ན་སྤྱི་འཐུས་མི་དགོས་མ་གཏོགས་ཁྱེད་རྣམས་ཀྱི་ཞེ་འདོད་ལ་ཡོད་པའི་སྤྱི་འཐུས་དེ་འདྲ་རགས་ཐབས་ཡོད་མ་རེད།
གྲོས་ཚོགས་སྟོང་པ་བཞག་རྒྱུ་རང་རེད། ཡང་ན་ཐབས་ཤེས་གཞན་ཞིག་ཡོད་པ་སྟེ་དམངས་གཙོ་སྒོ་རྒྱབ་སྟེ་སྲིད་དབང་སྒེར་གཅོད་ཀྱིས་གཞུང་གཙུགས་དང་། གྲོས་ཚོགས་འཇམ་ཐིང་ཐིང་། མཐོང་ན་མིག་ལ་མཛེས་པ། ཉན་ན་རྙོགས་དྲ་མེད་པས་རྣ་བར་འཇམ་པ་བཅས་ཡོང་རྒྱུ་རེད། དེ་བས་ཡང་ན་གླིང་བུ་འབུད། ཡང་ན་རྩམ་པ་འགམ། གཉིས་ཀ་མཉམ་དུ་ཡོང་གི་མ་རེད་དོ། །
ཡང་སྨོན་ལམ་མཐར་ཕྱིན་ལགས་འདི། སྨོན་ལམ་ཡིག་བཟོ་བ་སྐད་སྒྲགས་ཅན་དེ་ནི་ཡིན་བགྱིད་ནི་མ་རེད། ད་ང་རང་་ངོ་ཚ་བ་ལགས། བདུན་ཕྲག་གཅིག་ནང་ལ་མཚན་དོན་ངོ་འཕྲོད་པ་བྱེད་རྒྱུ་དེ་ནི། ང་རང་གི་བདུན་ཕྲག་འདིའི་སློབ་ཚན་དང་པོར་བཞག་བགྱིད་ཡིན། རྣམས་པ་ཚོའི་ནང་ལ་སླར་ཡང་སྤྱི་འཐུས་བཞེང་འདོད་ཡོད་མཁན་ཡོད་ན། སླར་ཡང་ཐོབ་པའི་སྨོན་འདུན་དང་བཅས་བྲིས།
རབ་འབྱམས་པ་ལགས། སྨོན་ལམ་བོད་ཡིག་བཟོ་མཁན་གྲྭ་བ་དེ་དང་། སྨོན་ལམ་མཐར་ཕྱིན་གཅིག་པ་མ་རེད།
འདི་བོན་པོ་རེད་འདུག་ག གཞན་དེ་དགེ་ལུགས་པ་རེད།
འདིར་མེ་ཏོག་ལགས་ཀྱིས་གསལ་བཤད་གནང་བ་ལ་ཐུགས་རྗེ་ཆེ།
མཆན་བུ་རྣམས་མ་ཟད་དཔར་འོག་མཚན་ཡང་མ་བཀླགས་པར་མཆན་བུ་དང་པོ་དེ་བྲིས་ཐལ་ཤོར་ནས། སྨྱུག་མིང་བེ་རིའི་མཚན་ཅན་དེ་སྤྱི་འཐུས་ཀྱིས་ཁེངས་དྲེགས་མེད་ལ། མཁས་པ་ཡོན་ཏན་མཛོད་འཛིན་ཅིག་ཡིན་ཤས་ཆེ་བ་གོང་གི་མཆན་བུ་ལས་ཤེས་སོང་། ངས་འདིར་མཆན་བུ་གསུམ་འཁྱེར་ཡོང་བའི་ནང་དོན་རྣམས་ངའི་མི་ཚེའི་ལོ་རྒྱུས་དང་འབྲེལ་བའི་ད་ལྟའི་སྤྱི་འཐུས་ཀྱི་དངོས་ཡོད་ལོ་རྒྱུས་ཙམ་ལས། ངས་རང་རིགས་ཀྱི་སྤྱི་འཐུས་རྣམས་ལ་ཟུར་ཟ་སོགས་ཀྱི་ཀུན་སློང་གང་མེད་པས། དེ་དོན་ཀུན་གྱིས་ཆུབ་པར་མཛོད།
ཆོས་རྒྱུད་སྤྱི་འཐུས་ལ་འདོད་མོས་མེད་ཟེར་འདོད་མཁན་ཚོས་ཚིག་ཚབ་ཆེན་འདྲ་ཞིག་བཟོ་ཆེད་དུ་མི་གཅིག་ལ་འོས་ཤོག་གཉིས་ཀྱི་ཐོབ་ཐང་ཟེར་ནས་ནག་འགེལ་བཞིན་འདུག ཡིན་ན་ཡང་བཤད་སྟངས་དེ་ཡང་གསལ་ཁ་འདྲ་ཞིག་བཏོད་ནས་བཤད་ན་ཡག་གི་རེད་བསམ། གང་ཡིན་ཟེར་ན། གྲྭ་བཙུན་ལ་འོས་ཤོག་གཉིས་ཀྱི་ཐོབ་ཐང་ངོ་མ་ཞིག་ཡོད་པ་མ་རེད། ཁ་གསལ་པོར་བཤད་ན་གྲྭ་བཙུན་སྔགས་གསུམ་གྱིས་སྤྱི་འཐུས་གཉིས་ལྷག་མ་བདམ་གི་ཡོད་པ་ཙམ་རེད། གལ་སྲིད་དེ་ཡག་པོ་མེད་ན་ཆོས་ལུགས་སྤྱི་འཐུས་བདམ་འདོད་ཡོད་མཁན་ཚོས་་ཆོལ་ཁའི་སྤྱི་འཐུས་བརྒྱད་ལས་བདམས་མི་ཆོག་པ་བྱས་ན་འགྲིག་གི་རེད། འོས་བསྡུ་ཡང་ཐེངས་གཅིག་ལ་བྱས་ན་ཆོག་གི་འདུག ཆོས་ལུགས་སྤྱི་འཐུས་བདམ་ཆེད་དུ་ལོགས་སུ་འགྲོ་སོང་དང་ངལ་བའི་སྒོ་ནས་འགྲོ་དགོས་པ་མ་རེད། ངས་དུས་བབ་ཆོས་ལུགས་སྤྱི་འཐུས་ཡོད་ན་ཡག་གི་ཟེར་ནས་བཤད་ཁུལ་བྱས་ཡོད། ཡིན་ན་ཡང་དེ་ང་རང་གི་ཐག་ཆོད་པའི་ལྟ་ཚུལ་ཞིག་མིན། གྲོས་གཞི་བཏོན་པ་ལས་གྲོས་ཆོད་བཞག་པ་མིན་པ་མཁྱེན་དགོས། ཆོས་རྒྱུད་སྤྱི་འཐུས་མི་དགོས་ཟེར་མཁན་ཚོས་རྒྱུ་མཚན་དུ་དྲངས་པ་མང་པོ་ཞིག་ལ་ཏན་ཏན་མི་འདུག དཔེར་ན་ལ་ལ་ཞིག་གིས་ཆོས་ལུགས་སྤྱི་འཐུས་ཡོད་ན་ཆོས་རྒྱུད་ནང་འཁྲུགས་ཡོང་བའི་ཉེན་ཁ་ཡོད་པས་ཆོས་རྒྱུད་སྤྱི་འཐུས་མི་དགོས་ཟེར་གྱི་འདུག ལ་ལས་དེང་སྐབས་ཆོས་རྒྱུད་ནང་འཁྲུགས་ཟེར་བ་དེ་ཡོང་མི་སྲིད་པ་ཞིག་ཡིན་སྟབས་ཆོས་རྒྱུད་སྤྱི་འཐུས་དགོས་གི་མི་འདུག་ཟེར་གྱིན་འདུག
བོན་པོ་སྤྱི་མཐུས་གཉིས་དེ་གཏན་ནས་མི་ལོ། རྙིང་མའི་རྒྱ་རི་བུ་ཕྲུག་ཡང་མི་དགོས་གཞན་རྣམས་བཏང་སྙོམས་ཡིན
མང་པོ་ཞིག་གི་བསམ་ཚུལ་ཡག་པོ་བཏོན་འདུག ཡིན་ཡང་དེ་ལས་མང་བ་ཞིག་གིས་ཆོས་བརྒྱུད་སྤྱི་འཐུས་མི་དགོས་པའི་རྒྱུ་མཚན་ནི་སྔ་ལོའི་དོན་རྐྱེན་དེ་ལས་གཞན་མེད་པ་འདྲ། དེ་ཡང་ཡིན་ཏེ་ང་ཚོས་ཁ་ཆག་སྣ་རལ་མ་ཡོང་བར་དུ་དེ་དག་ལ་དོ་སྣང་ཡང་གནང་མྱོང་མེད་པས་རེད།
ཁོ་ཚོའི་འདོད་པ་ངས་རྟོགས་སོང་། ཆོས་བརྒྱུད་སྤྱི་འཐུས་བདམས་ན་དེ་དག་མང་ཆེ་བ་མདོ་སྟོད་ཀྱི་ཁོངས་ནས་བདམས་འགྲོ་བས་ན་མདོ་སྟོད་ལ་”ཁེ་བཟང་”རག་ཀྱི་འདུག་དྲན་པ་རེད།
རྒྱུ་མཚན་ནི། ཆོས་བརྒྱུད་སྤྱི་འཐུས་སེར་མོ་བས་མ་གཏོགས་བདམས་མི་ཆོག་པས་རེད།
དེ་དག་ལས་
༡རྙིང་མ་ཆ་བཞག་ན་རྣམ་གྲོལ་གླིང་དགོན་པ་ལྟེ་བ་རེད་ལ་གྲྭ་རྒྱུན་བརྒྱ་ཆའི་དགུ་ཅུ་མདོ་སྟོད་ནས་རེད།
༢བོན་ལ་ཆ་བཞག་ན་སྨན་རི་དགོན་དགོན་པ་ལྟེ་བ་ཡིན་པར་གྲགས། དེ་ལའང་གྲྭ་རྒྱུན་མང་ཆེ་བ་མདོ་སྟོད་ནས་ཡིན་པ་འདྲ།
༣དགེ་ལུགས་ལ་ཆ་བཞག་ན་སེར་འབྲས་དགེ་གསུམ་དགོན་པ་ལྟེ་བ་རེད། དེ་དག་གི་གྲྭ་རྒྱུན་བརྒྱ་ཆའི་དགུ་ཅུ་གོ་ལྔ་ཙམ་མདོ་སྟོད་ནས་རེད།
ས་སྐྱ་དང་བཀའ་རྒྱུད་ལ་རྒྱུས་ཆེར་མེད་ནའང་རྗེས་དཔག་བློས་དཔྱོད་ན་ཕལ་ཆེར་མཚུངས་པ་འདྲ།
དེ་བས་ཁྱེད་ཚོ་དོགས་པ་ཟ་བར་ཁག་མི་འདུག་ལ་སྤྱི་འཐུས་དེ་ཚོའང་ཆོལ་ཁའི་ཕྱོགས་སུ་རྒྱུགས་ཡོད་ཀྱང་སྲིད།
གང་ལྟར་ང་ཚོའི་རེ་བ་ནི་ཆོལ་ཁ་ཆོས་ལུགས་ཀྱི་ཞེན་ཁོག་དང་འཐེན་འཁྱེར་ལས་ཐར་དགོས་རྒྱུ་དེ་ཡིན་པ་ལས་དེ་ཚོའི་རྗེས་སུ་འགྲངས་ནས་བོད་བློས་གཏང་རྒྱུ་དེ་མ་རེད། དེ་ནི་ད་ལྟའི་ཆར་མདོ་སྟོད་སྨད་དང་དབུས་གཙང་། ས་དགེ་བཀའ་རྙིང་ཇོ་བོན་སོགས་ཆོལ་ཁ་དང་ཆོས་ལུགས་ཡོངས་ཀྱི་ནང་དུ་འགོ་ནད་བཞིན་ཁྱབ་འདུག་པས། འབྲས་བུ་སྨིན་ཁག་པོ་རེད། དེ་ལས་ང་ཚོས་མི་རབས་གཅིག་ལ་སྒུག་དགོས་འཁེལ་བ་འདྲ། བསམ་ཚུལ་ཙམ་ཡིན།
རྣམ་གྲོལ་གླིང་གི་གྲྭ་རྒྱུན་ཨེ། འབྲུག་པ་ཡིན་རྒྱུ་རེད་གོ དགུ་བཅུ་གོ་ལྔ།
བོན་གྱི་སྤྱི་མཐུས་སྨོན་ལམ་མཐར་ཕྱིན་ཨང་དང་པོ་མར་འཐེན་གི་ཡིན།ག་རེ་ཟེར་ན་སྤྱོེད་པ་ངན་པ་ཞིབ་བོ་ཞིག་འདུག སྔོན་མ་ཚོགས་འདུ་གཏོར་བཤིག་བཏང་མཁན་གཙོ་བོ་ཞིག་ཁོ་བ་རེད། རྗེས་མ་ཡང་བསྐྱར་ཚོགས་འདུ་སྐབས་ཚོགས་གཙོ་ལ་ཡང་ཁུ་ཚུར་འཕུར་འཕུར་བྱེད་གི་འདུག ང་ཚོ་སྤྱི་ཚོགས་ལ་དེ་འདྲ་སྤྱི་འཐུས་དགོས་པ་མི་འདུག ད་དུང་བོད་ནང་ཁུལ་ལ་དཀྲུག་ཤིང་ལན་གྲངས་མང་པོ་བྱས་སོང་བས་དགེ་བཤེས་ཕར་ཞོག་བདུད་ཀྱི་སྤྲུལ་པའི་དགེ་སློང་ལྷ་ཆེན་པོ་ངོ་མ་ཁོ་རེད་འདུག
བོན་པོ་མི་ཟད་མ་སོང་ན་གཡུང་དྲུང་རྒྱལ་མཚན་ནམ་སྐྱགས་པ་ཙོག་ཙོག་ཡང་སྤྱི་མཐུས་འོས་བབས་མི་འདུག ཆོལ་ཁ་དང་ཆོས་ལུགས་ལ་དབྱེ་འབྱེད་ཀྱིས་བསམ་སྦྱོར་དུག་ལས་ནག་པ་ཁོ་སྤྱི་མཐུས་འདེམ་ན་དགྲ་དགའ་གཉེན་སྡུག་གི་བྱ་བ་ལས་མ་སོང་།
བཀའ་བརྒྱུད་པ་གྲོགས་པོ་ཚོས་བཤད་པ་ལྟར་ན། བཀའ་བརྒྱུད་སྤྱི་མཐུས་གཉིས་འཇོན་གི་མི་འདུག་ཟེར་གི་འདུག་པས་ཁྱེད་རང་གཉིས་དགོངས་པ་ཞུ་ན་ཡག་ས་རེད།
ང་ཆོས་ལུགས་རྙིང་མ་ཡིན། ཁྱེད་རང་གཉིས་གཟབ་གཟབ་བྱེད་ན་མ་གཏོགས
ཆོས་བརྒྱུད་སྤྱི་འཐུས་གཅིག་ཀྱང་མི་དགོས།
བོན་བོའི་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལ་དངོས་གནས་བོད་མའི་སྤྱི་མཐུས་འོས་པའི་ཤེས་ཡོན་སོགས་ཚང་མ་ལྡན་འདུག གཞན་རྣམས་ལ་རྒྱུས་ཆེར་མེད། ནར་ལོའི་གྲོས་ཚོགས་གཏོར་མཁན་དེ། འགྲོ་སོང་ཙ་ཙག་གི་བརྩིས་ཁྲ་གྲོས་ཚོགས་ལ་ཁྱེར་མཁན་དེ་རེད་ཤག དེ་ཁྱེར་མེད་ན་གྲོས་ཚོགས་འཐོར་གྱིན་མ་རེད། རྩ་བ་ཡུང་འབྲུ་ནག་པོ་དེ། འགྲོ་སོང་ཙ་ཙག་གི་བརྩི་ཁྲའི་རྙོག་དྲྭ་གྲོས་ཚོགས་སུ་ཁྱེར་རྒྱུའི་ཆ་གཞི་གཏིང་མཁན་དེ་རེད་ལ་དེ་ལ་བོད་མའི་བདེ་སྡུག་ལ་བལྟ་ཐུབ་མཁན་གྱི་སྤྱི་འཐུས་ཀྱི་ཤེས་ཡོན་དང་ལྷག་བསམ་གང་ཡང་མེད་པར་འདོད
ད་ལྟ་ལས་ཐོག་པའི་ཆོས་རྒྱུད་སྤྱི་མཐུས་རྣམས་མ་འོང་པ་སྐབས་བཅོ་ལྔ་པའི་སྤྱི་མཐུས་འོས་དང་མི་འོས་
སོགས་བགྲོ་གླེང་འདིར་རྩོམ་པ་པོས་རྒྱུ་མཚན་ཆོལ་གསུམ་གྱི་མི་འགྲོ་འོས་མིའི་ས་བོན་རྣམས་ཆོལ་གསུམ་འཚོགས་པ་སོགས་
སོ་སོས་རང་ངོ་ནས་བཏོན་པ་དང་དེ་ལ་བགྲོ་གླེང་སོགས་མང་པོ་ཞིག་འགྲོ་བཞིན་པ་དང་ཆོས་རྒྱུད་མཐུས་མི་ད་བར་བཤད་
མཁན་མ་བྱུང་སྟབས་ལྷག་བསམ་རྣམ་དག་ནི་ཡིན་རྒྱུ་རེད། ཡིན་ན་འང་འདིར་མཆན་འབྲི་མཁན་རྣམས་པས་
ཁ་རང་ཉིད་ལ་ཕྱོགས་ནས་མི་ལ་ལབ་ན་ཡག་པོ་མིན་འགྲོ མི་ཁ་ཤས་ཀྱིས་རང་ཉིད་ཀྱི་ཞེན་ཁོག་དབང་གིས་མི་ལ་
ལབ་ཡོང་དུས་ཁྱད་མཚར་འདྲ་མཐོང་གི་འདུག གཏམ་དཔེ་ལ་ཡང་གཞན་ལ་བལྟ་བྱེད་མིག་ཡོད་ན་རང་ངོ་གསལ་བྱེད་མེ་
ལོང་དགོས་ཅེས་པ་རེད། ང་ལྟར་བུ་མཚོན་ན་གྲྭ་བས་ཆབ་སྲིད་ཀྱི་ཕྱག་གནང་ཀྱང་རུང་མི་སྐྱས་ཕྱག་ལས་གནང་ཀྱང་བོད་
བསྟན་སྲིད་མི་རིགས་ལ་ཕན་ན་འགྲིག་པ་རེད། དེ་ལ་སྐྱ་སེར་དབྱེ་བ་དང་ཕོ་མོའི་དབྱེ་ཡོད་མ་རེད་བསམ། ཆོས་རྒྱུད་
སྤྱི་མཐུས་ཡང་ངེས་པར་དུ་དགོས་པ་འདོད་མཁན་ཞིག་ཡིན། སུ་འོས་མི་འོས་ལས་འོས་པ་ནི་བེ་རི་འཇིག་མེད་དང་
དགེ་བཤེས་སྨོན་ལམ་མཐར་ཕྱིན་སོགས་དགེ་བཤེས་ཁ་ཤས་འདུག ད་དེ་ཚོས་གྲོས་ཚོགས་ནང་དུ་སྐད་འགོ་ཅུང་མཐོ་པོ་
རེ་བྱུང་ཡོད་ན་ཡང་དེ་ལ་མ་རབས་ཐ་ཤལ་ཟེར་བ་དཀའ། ངས་བལྟས་ནས་དགེ་བཤེས་དེ་ཚོས་ཤེས་འཇོན་གཉིས་ལྡན་
རེད་དྲན། བཀའ་མོལ་གནང་དུས་སོགས་ལ་བལྟས་ན་རྒྱུ་མཚན་དང་ལྡན་པའི་བཀའ་མོལ་ཞུ་ཡིས་འདུག་བསམ་གྱིན་
ཡོད།
ད་ལྟའི་ང་་ཚོའི་བྱུང་རབས་ལ་ལྟོས་ན་སྤྱི་འཐུས་འོས་བསྡུ་ལོ་ཉི་ཤུའི་ནང་ཐེངས་གཅིག་བྱས་ན་འགྲིག་པའི་ཚོད་རེད། ལོ་ལྔ་ཙམ་རེའི་མཚམས་ནས་སྤྱི་འཐུས་ཀྱི་འོས་འདེམས་རེ་བྱེད་བཞིན་པ་འདི་ཁེ་ཕན་དང་དགོས་པ་མེད་པའི་ལས་ཀ་ཐེ་བ་ཆགས་འདུག མི་གསར་བ་ནི་གཅིག་ཀྱང་སླེབས་ཀྱི་མི་འདུག ག་དུས་ཡིན་ན་མི་ངན་རྙིང་བ་དཀྲུགས་འདྲེ་འདི་ཚོ་བསྐྱར་འདེམས་ཡང་འདེམས་བྱས་ནས་ཡོང་བ་རེད། དེའི་ཕྱིར་མི་གསར་བ་སླེབས་རྒྱུའི་རེ་བ་མེད་ཙང་ལོ་ལྔ་རེའི་མཚམས་ནས་འོས་བསྡུ་ཐེངས་རེ་བྱེད་ཀྱིན་པ་འདི་འགྲོ་སོང་འཕྲོ་བརླག་རེད། འོས་བསྡུའི་དམིགས་ཡུལ་གཙོ་བོ་གཅིག་འཐུས་མི་གསར་བ་སླེབས་རྒྱུ་དང་། གྲོགས་ཚོགས་ལ་དུས་ནས་དུས་སུ་འགྱུར་བ་འགྲོ་དགོས་པ་དང་བོད་ཀྱི་ཆབ་སྲིད་ཀྱི་འཐབ་རྩོད་ལ་ལ་རྣམ་པ་གསར་བ་ཉམས་པར་གནས་དགོས་པ་དེ་ཡིན་ཡང་། ང་ཚོས་གྲོགས་ཚོགས་ནང་རྙིང་དྲི་ཁ་ཁ་བར་དུ་འཐུས་མི་རྙིང་བ་ཚོ་ཡང་འདེམས་བསྐྱར་འདེམས་བྱས་བསྡད་པ་རེད། བྱས་ཙང་ལོ་ལྔ་རེའི་མཚམས་ནས་འོས་འདེམས་ཐེངས་རེ་བྱེད་དགོས་མི་འདུག དེ་ལས་ལོ་ཉི་ཤུ་དང་ཡང་ན་འཐུས་མི་རྙིང་བ་ཚོ་ཤི་ནས་ Death certificate རག་པ་དང་དེའི་ཚབ་ཏུ་འོས་བསྡུ་རེ་བྱས་ན་འོས་པ་འདུག དཔེར་ན་ད་ལོ་རྒྱ་རི་སྒྲོལ་མ་དང་ཨོ་རྒྱན་སྟོབས་རྒྱལ་དང་བསོད་ནམས་སྟོབས་རྒྱལ་སོགས་སྤྱི་འཐུས་མུ་མཐུད་བྱེད་རྒྱུར་ཐང་ཆད་ནས་དགོངས་པ་ཞུ་སོང་། ཁོང་ཚོས་ང་ཚོར་མི་ལོ་ཉུ་ཤིའམ་མི་ཚེ་ཕྱེད་ཀར་སྤྱི་འཐུས་བྱས་པ་ཡིན། ད་ཁྱོད་ཚོ་བསྐྱར་འདེམས་བྱེད་རྒྱུར་ཐང་མི་ཆད་ནའང་ང་ཚོ་སྤྱི་འཐུས་ལ་འདུག་རྒྱུར་ཐང་ཆད་སོང་ཟེར་བ་དེ་རེད།
ལྡི་ལི་མ་ཇི་དྲི་ལ་ནས་པ་སངས་དངོས་གྲུབ་ཀྱིས།
ད་རེས་དྲ་ཐོག་ཏུ་བཀོད་པའི་སྤྱི་འཐུས་འདི་ཚོའི་ནང་དགོས་རྒྱུ་གཅིག་ཀྱང་མི་འདུག སྤྱིར་བཏང་མི་ལ་སྐྱོན་མེད་མཁན་དཀོན་པོ་རེད། ཡིན་ནའང་སྤྱི་འཐུས་ཀྱི་རྐུབ་སྟེགས་སླེབ་ཡོང་དུས་སྐྱོན་ཡོད་ཀྱང་སྐྱོན་དེ་མི་མངོན་པ་བྱས་ཏེ། སྤྱི་བའི་ལས་འགན་སྒྲུབ་དགོས་ཀྱང་། ཁྱོའི་ཁ་ཆག་ཡོད་ན་ངས་སྣ་རལ་རྒྱུ་ཡིན་ལབ་མཁན་འདྲ་པོ་བྱས་ནས་བོད་ཕྱི་ནང་གི་སྤུན་ཟླ་མང་པོ་ཞིག་གི་སྙིང་ལ་ཚ་ཤར་རྒྱག་བྱེད་ཀྱི་ལས་ཀ སྐབས་༡༤ཚོགས་དུས་བརྒྱད་པའི་ནང་ནས་མི་ལམ་དུ་བཤམ་ཚར་སོང་།
དྲ་གྲོགས་ཚོ་ད་དུང་འདིའི་རིགས་མང་།
དཔེར་ན་ཕྱི་ལོ་༢༠༠༨ལོར་ང་བལ་ཡུལ་ནང་ཡོད་སྐབས། ཟླ་བ་གཉིས་ཀྱི་རིང་ལས་འགུལ་ཁ་ཤས་ནང་སོང་བ་ཡིན། སྐབས་དེ་དུས་གཡུང་དྲུང་རྒྱལ་མཚན་གྱིས་ཛ་དྲག་ཚོགས་ཆུང་གི་ལས་འགན་ཁུར་གྱིན་འདུག སྐབས་དེར་ལས་འགུལ་ཞིག་གི་ཁྲོད་ནས་ཁོང་གིས། ལས་འགུལ་བ་ཚོས་ད་ནས་བཟུང་བོད་ཀྱི་རྒྱལ་དར་ཕྱར་མི་ཆོག་པ་དང་། རྒྱལ་དར་ཡོད་པའི་སྟོད་ཐུང་། ཁ་རས། སྐེ་དཀྲིས་སོགས་གྱོན་མི་ཆོག་ལབ་ནས་བཀའ་རྒྱ་བཏང་སོང་། སྐབས་དེར་ངའི་སེམས་ལ་སྡུག་བསྔལ་ཞིག་གི་ཟུག་གཟེར་ལངས་བྱུང་།
ད་དུང་ཨ་མདོའི་སྤྱི་འཐུས་སྒྲོལ་མ་འཚོ་མོ་ཟེར་བ་ཞིག་གིས། བལ་ཡུལ་ནང་གི་nepalཟེར་བའི་དེབ་ཞིག་ནང་གསར་འགོད་པའི་དྲི་བར་ལན་འདེབས་བྱས་པའི་ནང་། བོད་པ་རྒྱ་ཆ་དགུ་ཅུ་རྒྱ་མིའི་འོག་ནས་སྡོད་རྒྱུར་དགའ་བོ་ཡོད་པ་རེད་ལབ་འདུག སྐོབས་དེའི་བལ་ཡུལ་ནང་གི་ལས་འགུལ་བ་ཚོས་སྐད་ཆ་དེ་བློ་ལ་མ་སོང་བར་ལབ་གླེང་སྣ་ཚོགས་བྱས་པའང་གོ་ཐོས་བྱུང་། ཡིན་ནའང་ཨ་མདོ་བ་ཚོས་ཡང་བསྐྱར་སྒྲོལ་མ་འཚོ་མོ་ཟེར་པ་དེ་ད་དུང་སྤྱི་འཐུས་ཀྱི་འོས་གཞིའི་མཐོ་སར་བཀོད་འདུག་པ་འདི་ཚོ་མིག་ཡོད་བཞིན་དུ་དུང་གཡང་ལ་འཆོང་བ་དང་གཅིག་མཚུངས་མ་རེད་དམ། ཡང་མིན་ན་རྡ་སའི་སྐུ་ངོ་ཚོའི་སྤྱན་ལམ་དུ་བུ་མེད་རྣམ་པ་མཛེས་པོ་ཞིག་དགོས་ཡོད་འདྲ། དེ་ནས་བུ་མེད་འདིས་ད་དུང་སྤྱི་འཐུས་གྲོས་ཚོགས་ནང་བསྙོག་དྲ་ག་ཚད་བསླངས་ཡོད་པ་ཀུན་གྱིས་མཁྱེན་གསལ་རེད། ད་འདི་ཚོ་མཐོང་ཡོང་དུས་དངོས་གནས་སེམས་ས་ལ་ཟག་འགྲོ་ཡི་འདུག
དྲ་གྲོགས་ཚོ་ད་དུང་ང་ལ་འདི་འདྲ་བཤད་རྒྱུ་མང་པོ་ཡོད།
ང་ཚོས་འདིར་གཡུང་དྲུང་བོན་གྱི་བསྟན་པ་ལ་ངན་སྨས་བྱེད་ཀྱི་མེད། ང་ཚོས་བོན་པོའི་སྤྱི་འཐུས་གཉིས་དེས། བོན་པོའི་སྐུ་ཚབ་མཚོན་པ་ཞིག་མ་བྱས་བར། སྤྱི་ཚོགས་དང་ཆོལ་ཁའི་རྙོག་དྲ་ཞུགས་པ་མི་བཟང་ཟེར་བ་ཡིན། དཔེར་ན། གཡུང་དྲུང་རྒྱལ་མཚན་གྱིས་པྱོགས་གཅིག་ནས་བོན་པོའི་སྤྱི་འཐུས་བྱེད་པ་དང་ཕྱོགས་གཞན་ནས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་བྱེད་ཀྱིན་ཡོད་རེད། སྨོན་ལམ་མཐར་ཕྱིན་ཡང་ཕྱོགས་གཅིག་ན། བོན་སྤྱི་དང་། ཕྱོགས་གཞན་ནས་འཇུ་ཆེན་དང་བང་ཆེན་ཚགས་པར་སོགས་ཀྱི་བར་ནས་རྒྱུན་དུ་ཆབ་སྲིད་ཁྲབ་བསྡད་ཀྱིན་ཡོད་རེད། འདི་ཚོ་གཡུང་དྲུང་བོན་གྱི་དགེ་འདུན་པ་ཚོའི་ཐུགས་རེ་ཡིན་གྱི་མ་རེད་འདོད།
ཁང་རྡོར་གྱིས་གོང་དུ། སྨོན་ལམ་མཐར་ཕྱིན་རྣམ་དཔྱོད་དང་ཡོན་ཏན་ཆེ་རབས་བཤད་པ་མ་ཟད། ཐ་ན་ཁོ་བཀའ་བློན་ཁྲི་བ་ལ་འཚམས་པོ་ཡིན་ཚུལ་བཤད་བ་ནི། མང་ཚོགས་ཀུན་ཞེ་ཁྲེལ་ཞིང་བཞད་གད་ཀྱི་གནས་ལས་གཞན་ཅི་རེད། གྲོས་ཚོགས་ནང་ཁ་རྒྱགས་པ་བཤད་བ་ཙམ་གྱིས་ཡོན་ཏན་ཅན་ལ་རློམ་ན། བསོད་ནམས་སྟོབས་རྒྱལ་གྱི་གོང་ནས་སུ་འདུག
ངས་རྒྱུགས་སྤྲོད་གྲུབ་སོང་། ང་ཡང་ཁྱེད་ཚོར་ལྷན་གླེང་མོལ་ལ་ཞུགས་ཀྱི་ཡིན།
ཆོས་རྒྱུད་སྤྱི་འཐུས་མེད་ན་ཕན་ཆེ་བར་མཐོང་། ཆོས་ལུགས་མི་སྣའི་ཁྲོད་ཆེས་གཟེངས་སུ་ཐོན་པ་ཧ་ཅག་མང་པོ་ཡོད་ཀྱང་། དེ་དག་དངོས་སུ་སྤྱི་ཚོགས་སུ་ཐོན་ཏེ་སྤྱི་འཐུས་ལྟ་བུའི་ལས་རིགས་འདི་འདྲ་གཉེར་མཁན་ཆེས་ཉུང་ཉུས་ལས་བྱུང་མེད་ལ་ད་ལྟ་ཡང་དེ་བཞིན་ཡིན། དངོས་གནས་ཆོས་པའི་མཚན་ཉིད་ལྡན་མཁན་ཚོའི་སེམས་སུ་ལས་རིགས་འདི་འདྲ་ནི་ལས་གསུམ་གྱི་ནང་གི་ལས་ཐ་མ་བྱ་བ་ལས་ཀྱི་འཁོར་ལོ་ཞེས་པར་བརྩིས་ནས་བྱ་བའི་རིན་ཐང་སྤྲོད་ཀྱི་མེད། དེ་ནི་ང་ཚོའི་རིག་གཞུང་ཉམས་ལེན་བྱེད་སྟངས་ཀྱི་གོམས་གཤིས་དང་བག་ཆགས་ཆེས་མཐུག་པོ་ཞིག་ཡིན་པས་གློ་བུར་དུ་བསྒྱུར་ཐུབ་པ་མི་སྲིད་ལ་གཅིག་བྱས་ན། ཆོས་པ་ཚད་ལྡན་གྱིས་བོད་ཡུལ་མ་སྟོང་བར་དུ་འགྱུར་མི་སྲིད་པ་ཞིག་ཀྱང་རེད། དེའི་ཕྱིར་ང་ཚོའི་མིག་སྔར་ཡོང་ནས་སྤྱི་འཐུས་བྱེད་པར་བརྩོན་མཁན་དག་ནི་ཆོས་པ་རྣམ་དག་གི་ཚད་གཞིའི་ཐོག་ནས་བལྟས་དུས་མགོ་བདེ་དྲན་འཁྲུལ་དང་། གཡོ་སྒྱུ་ཕྱོགས་ལྷུང་གིས་ཚོས་ནས་ཡོད་པ་ཤ་སྟག་ཡིན་ཙང་། ཁྱིམ་པ་མི་ནག་གི་སྡེ་དང་ཁྱད་ཞེ་དྲག་མེད་པ་དེ་འདྲ་རེད། དཔེ་མཚོན་ཆུང་ངུ་ཞིག་དྲངས་ན་སྔར་ལོའི་གྲོས་ཚོགས་གཏོར་ཉེན་གྱི་གནས་སྟངས་དེའི་སྐབས་གཅིག་པོར་མཚོན་ཡང་ཁོང་ཚོར་ཁྱིམ་པ་མི་ནག་ལས་དམིགས་བསལ་གྱིས་བཟོད་པ་དང་ཆིག་སྒྲིལ་གྱི་ལྷག་བསམ་མེད་པར་ཕྱོགས་ཞེན་དང་འཐེན་འཁྱེར་གྱི་ཚོར་ཤུགས་ལས་ལས་དོན་འཕྲོ་བརླག་གཏོང་མཁན་ཞེ་གཅིག་ཡིན་པ་གསལ་བོར་བསྟན་སོང་། དེ་ལྟ་བུའི་ཆོས་པ་བཏགས་པ་བ་ཚོ་ཆེས་གུས་པར་འོས་པའི་ཆོས་རྒྱུད་ཆེན་པོ་ལྔ་བོ་སོ་སོའི་ཚབ་མཚོན་མི་སྣའི་ལྡིང་ཆར་སླེབས་ཡོང་དུས་དགེ་འདུན་གྱི་སྡེ་སྤྱིའི་མཚན་མཐོང་དང་ལ་རྒྱའི་ཞབས་འདྲེན་ཡིན་པ་མ་ཟད་ཁོང་ཚོ་དང་རིགས་འདྲ་བའི་སྡེ་ལ་ཕྱོགས་ཞེན་དང་འཐེན་འཁྱེར་བྱེད་པའི་གོམས་གཤིས་ཆགས་བཅུག་གི་འདུག སྤྱིར་ཆོས་པའི་སྡེ་འདིས་ཆབ་སྲིད་ལས་དོན་ཐད་ཇུས་རྟོག་བྱེད་པའི་འགྲོ་སྟངས་དེ་སྔར་རྒྱུན་བཞིན་གནས་ན་མཛད་སྤྱོད་ལོག་པའི་ཆོས་དཔོན་གཅིག་ཙམ་གྱིས་བོད་མི་སྤྱིའི་བདེ་འཇགས་བཀྲོགས་པ་དང་མཐུན་འབྲེལ་གཏོར་ཐུབ་པ་མ་ཟད། ཁོང་ཚོས་གཏོར་ཞིང་དཀྲུགས་པའི་གནས་སྟངས་དེ་མི་རབས་རིམ་བརྒྱུད་དུ་གནས་ཐུབ་པ་འདས་པའི་ལོ་རྒྱུས་ནས་གོ་བརྡ་གསལ་བོར་སྤྲད་ཡོད། ད་ལྟའི་བོད་མིའི་སྤྱི་ཚོགས་གནས་སྟངས་དང་། སླེབས་ཟིན་པ་དང་སླེབས་ནས་བསྡད་ཡོད་པ། མ་འོངས་པར་སླེབ་རྒྱུ་ཡིན་པ་གང་ལ་བསམས་ཀྱང་ཆོས་བརྒྱུད་སྤྱི་འཐུས་ཀྱི་འགྲོ་ལུགས་འདི་མེད་པ་བྱས་ན་འོས་འཚམས་དང་ལྷག་པར་དུ་༸གོང་ས་མཆོག་ཞལ་བཞུགས་པའི་སྐབས་སུ་ཐག་གཅོད་གནང་དགོས་པའི་ལས་དོན་གྱི་གྲས་ཤིག་རེད་འདོད།
ང་ཡང་མེ་ཏོག་དཀར་པོའི་རྗེས་སུ་འབྲེང་ནས་བསམ་འཆར་ཞིག་ཞུ་འདོད་བྱུང༌།
ནང་ནིང་གྲོས་ཚོགས་ཁང་དུ་བྱུང་བའི་རྙོག་ཁྲ་དེ་རིགས་ལ་ང་ཡང་ཧ་ལས་དགོས་པ་ཞིག་ཚོར་མ་བྱུང༌། དེ་ནི་རྒྱ་ནག་དགའ་རྒྱུ་ཕར་བཞག་རྒྱ་ནག་ལ་ཁ་སྐྱེང་དགོས་པ་ཞིག་བཟོས་པ་རེད། ཁོང་ཚོས་ནམ་རྒྱུན་བཙན་བྱོལ་བོད་གཞུང་ཟེར་བ་མི་སྣ་རེ་བཟུང་ཞིག་གིས་བདག་དབང་དུ་ཡོད་ཚུལ་དང༌། བོད་དོན་ཀྱི་འཐབ་རྩོད་དེ་ཉིད་ཀྱང་སྔར་གྱི་རོ་ལངས་རྒྱབ་འདོད་ཡིན་ཚུལ་སོགས་བཤད་དང་ཤོད་བཞིན་པར་རྐྱེན་ངན་གྲོགས་ཤར་དེ་ཡིས་འཛམ་གླིང་མི་མང་གིས་མིག་མཐོང་ལག་ཟིན་དུ་བྱུང་བའི་བཙན་བྱོལ་བོད་གཞུང་དེ་ཉིད་དམངས་གཙོའི་རྒྱལ་ཁབ་ཀྱིས་འགྲོ་ལུགས་དང་མཐུན་པར་བྱུང་བ་མ་ཟད་རྒྱ་ནག་རང་ཉིད་ལའང་སྔར་ལྟར་བཤད་པ་རྣམས་ལ་ངོ་ཚ་ཁ་སྐྱེངས་དང་ཕྱིས་སུ་དེ་ལྟར་ཤོད་རྒྱུར་སྟབས་མི་བདེ་བ་སོགས་བྱུང་བར་ཐེ་མི་ཚོམས་པས།
དེས་ན་དེ་དག་དེ་ཙམ་གྱིས་གནོད་འགལ་འགྲོ་གཞི་ཞིག་ཏུ་མ་མཐོང་། རྒྱ་གར་དང་ཐེ་ཝན་དེ་བཞིན་དམངས་གཙོའི་རྒྱལ་ཁབ་དེ་ཚོའི་གྲོས་ཚོགས་འཚོགས་འདུ་སོགས་ལ་གཟིགས་ན་ཤེས་ཐུབ་བོ། ཁ་བརྡ་ཚང་གི་སྒྲིགས་གཞིར་མི་གཤིས་ལ་དམའ་འབེབས་པའི་ཚིག་བརྗོད་མི་རུང་བའི་བཅའ་ཡིག་འདུག་ན་སུ་ལེགས་སུ་མི་ལེགས་ཀྱིས་སྐྱོན་བརྗོད་བྱེད་རྒྱུ་མིན། རང་གིས་ནི་མཐའ་དོན་འོས་བསྡུ་མ་བྱེད་པའི་ཟླ་བ་ཁ་ཤས་ཀྱི་སྔོན་ནས་འོས་མི་སུ་ཡིན་སེམས་ལ་བཞག་ཡོད་པས་དེ་ཙམ་གྱིས་བྲེལ་བ་མ་མཐོང་ངོ།
དེ་མིན་ན་འབྲས་སྤུངས་༼ལྷ་གདོང་ཁང་ཚན་ལ།༽ ལྷན་རྒྱས་སུམ་ཅུ་ཐམ་པ་ལ། བཀའ་གནང་ཉི་ཤུ་རྩ་དགུ་ཡོད།
ཅེས་པའི་གཏམ་དཔེ་དེ་གྲོས་ཚོགས་སུ་སྒྲོགས་བྱང་ཞུ་རྒྱུ་ལས་མེད།
གོང་གི་གོར་ཐིག་ནང་དུ་ཡོད་པ་དེ་ངེས་གཏན་ཞིག་མ་ངེས་པས་ནོར་བ་ཡོད་ན་བཟོ་བཅོས་གནང་རོགས།
ཁང་གསར་རྡོ་རྗེ་ལགས་སྤྱི་ཚོགས་ནང་དུ་དཀྲུགས་ཤིང་བཞག་ཟེར་བ་དེ་འདི་འདྲ་ཞིག་ལབ་མིན་འགྲོ
བོད་པའི་སྤྱི་ཚོགས་འདིར་ཡར་མཐུན་སྒྲིལ་ཡོང་ལ་མ་འབད་པ་ཕུ་ནུ་ནང་ཁུལ་དུ་ཁྲག་དྲི་ཁ་བའི་སྐད་ཆ་བཤད་ཀྱི་བྱུང་ན་ཁྱེད་སྐྱིད་པོ་འདུག་པས།
ཁྱེད་ཀྱི་དམིགས་ཡུལ་འགྲུབ་ཀྱི་རེད། བོད་པའི་སྤྱི་ཚོགས་འདི་འཐོར་ཆོག་ཆོག་ཡོད། གནས་སྟངས་འདི་འདྲ་ཞིག་ལ་བོད་མི་ཉམ་ཐག་ཚོའི་འཚོ་བའི་བདེ་སྡུག་མ་གླེང་པར་དཀྲུགས་ཤིང་བཞག་གང་ཐུབ་བྱོས་དང་བསམ་བློ་བ་དང་རྩོམ་པ་པོ་ཞིག་གི་དྲི་མ་ཙམ་ཡང་མི་ཁ་གི་འདུག
ཆོས་ལུགས་སྤྱི་འཐུས་དགོས་དང་མི་དགོས་ནས་བཤད་ན་དགོས་དང་དགོས། ཆོས་སྲིད་ཟུང་འབྲེལ་གྱི་རྒྱལ་ཁབ་ཞིག་བྱུང་ན་དེ་ནི་འཛམ་གླིང་གི་ཐུན་མོང་མ་ཡིན་པའི་དམངས་གཙོའི་རྒྱལ་ཁབ་གཅིག་པོ་དེ་ཆགས་པ་རེད། ད་ལ྄ྟ་ནི་ང་ཚོས་ག྄ྲྭ་ས྄ྒ྄ྲིག་བ྄ྱེད་པའི་ས྄ྒང་རེད།
ཆོས་ལུགས་སྤྱི་འཐུས་མི་དགོས་པའི་རྒྱུ་མཚན་ཆོས་ལུགས་སྤྱི་འཐུས་ཡིན་པའི་གྲྭ་བ་འགའ་ཞིག་གིས་སྤྱོད་ཚུལ་མི་ལེགས་པས་དང༌།་ འགའ་ཞིག་གིས་གྲྭ་བ་ཚོར་འོས་གཉིས་ཀྱི་ཐོབ་ཐང་རེག་ཚུལ་དང༌། འགའ་ཞིག་གིས་ཆོས་བྱེད་མི་སྣ་དེ་ཚོ་ཆབ་སྲིད་ཀྱི་ནང་དུ་མ་བཞུགས་ན་ལེགས་ཚུལ་སོགས་ཤོད་ཀྱིན་འདུག ངོས་ལ་བསམ་ཚུལ་དེ་རིགས་ལ་དྭོགས་གཞི་ཆེན་པོ་ཞིག་སྐྱེས་ཡོང་གི་འདུག གང་ཡིན་ཟེར་ན། དེ་ལྟར་ན་སྤྱིར་བོད་འདིར་གྲྭ་བ་མི་དགོས་ཚུལ་ཤོད་རྒྱུར་ཉེ་སར་ཤིག་ལ་སླེབ་འདུག གང་ཡིན་ཟེར་ན་གྲྭ་བ་འགའ་ཞིག་གིས་སྤྱོད་ཚུལ་མི་ལེགས་པས་སོ། ཉིན་གཅིག་གྲོང་ཆོག་ཏུ་ཕེབས་པའི་བླ་མ་རིན་པོ་ཆེ་དེ་ཚོར་གཉིས་བསྐལ་འབུལ་མི་རུང་ཟེར་སར་སླེབས་འདུག
ཉིན་གཅིག་ཤཀྱཱའི་དགེ་སློང་༸གོང་ས༸་མཆོག་ཀྱང་སྲིད་ཀྱི་འགན་འཁུར་ན་མི་འགྲིག་ཚུལ་གྱི་གནས་སྟངས་ཤིག་ཏུ་སླེབས་འདུག
དེས་ན་ངས་བསམ་ཚུལ་དེ་ཚོར་དྭོགས་གཞི་ཆེན་པོ་ཞིག་སྐྱེས་ཡོང་གི་འདུག
འཇིག་རྟེན་གཏམ་དཔེར།
གླིང་མདན་མ་དགྲ་བོས་འདོད་ལེ་མིན།
གླིང་མདན་མ་དཔའ་རྩ་རྒོད་པས་རེད།
སྟག་ཤ་རས་མདན་མ་འདོད་ལེ་མིན།
གླིང་མདན་མ་མདའ་ཁ་སྐྱོན་པས་རེད།
སྨད་བུ་མོས་མདན་མ་འདོད་ལེ་མིན།
གླིང་མདན་མ་ཤ་རྩ་སྔོ་བས་རེད།
བོད་ཆོས་འཐུས་ཁྱོད་ཚོས་འདོད་ལེ་མིན།
དཔོན་ཆོས་འཐུས་རིག་ལམ་ཡག་བས་རེད།
དཔོན་ལྐོག་ཟས་ཆོས་འཐུས་འདོད་ལེ་མིན།
བོད་ཆོས་འཐུས་རྒྱུ་འབྲས་དྲང་བས་རེད།
མི་གཡོ་ཅན་ཆོས་འཐུས་འདོད་ལེ་མིན།
དཔོན་ཆོས་འཐུས་དྲང་བདེན་ཚ་བས་རེད།
ཕྱོགས་ཞེན་གྱིས་ཆོས་འཐུས་འདོད་ལེ་མིན།
བོད་ཆོས་འཐུས་སྤྱི་སེམས་ཆེ་བས་རེད།
མི་སྡུག་ཅན་ཆོས་འཐུས་འདོད་ལེ་མིན།
ཆོས་དགེ་བ་དུག་ལ་རྩིས་པས་རེད།
གྲོས་ཚོགས་འདི་དོ་མཉམ་ཡོང་ཆེད་ཆོལ་ཁ་རེ་ལ་འཐུས་མི་བཅུ་རེའི་ཐོབ་ཐང་སྤྲད་པ་དང་། དེ་ནས་ཆོས་རྒྱུད་ཁག་ལ་འཐུས་མི་གཉིས་རེ་སོགས་གཙོ་བོ་གྲོས་ཚོགས་ནང་བོད་ཀྱི་ས་ཁུལ་ཚང་མའི་འཐུས་མི་དོ་མཉམ་ཡོང་རྒྱུར་དམིགས་པ་རེད། འོན་ཀྱང་ཆོས་འཐུས་ཚོས་ཕྱི་ལ་ཆོས་འཐུས་ཀྱི་མིང་ཁུར་ཁུལ་ཙམ་ལས་དོན་གྱིས་མདོ་སྟོད་སྤྱི་འཐུས་ལ་ཁ་བསྣོན་ཆགས་ཡོད་པ་རེད། ཡིན་ཡང་ད་དུང་ཁོ་ཚོས་འདོད་པ་ཁེངས་ཀྱི་མེད་པ་མ་ཟད། བོད་གཞུང་གིས་མོད་སྟོད་མི་མང་ལ་དྲང་པོ་མེད་ལུགས་ཀྱི་དཀྲུགས་ཤིང་རྒྱུན་མ་ཆད་བརྒྱབ་དང་བརྒྱག་བཞིན་པ་རེད། བོད་གཞུང་དང་མདོ་སྟོད་མི་མང་བར་རྙོག་དྲ་བཟོ་ཐབས་བྱེད་ཀྱི་ཡོད་རེད། དྲང་པོ་བསམ་བློ་བཏང་ན་བོད་གཞུང་གི་གནད་ཡོད་ཕལ་ཆེ་བ་མདོ་སྟོད་ཀྱི་མི་ལ་སྤྲད་ཡོད་པ་རེད། དཔེར་ན། ཨ་རིའི་དོན་གཅོད་བློ་བཟང་སྙན་གྲགས་ལགས། ཐེ་ཝན་དོན་གཅོད་ཟླ་བ་ཚེ་རིང་ལགས། དམིགས་བསལ་སྐུ་ཚབ་རྒྱ་རི་བླ་མ། བོད་གཞུང་གི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག ཚོགས་གཞོན་རྒྱ་རི་རྒྱ་སྒྲོལ་མ། ད་དུང་མདོ་སྟོད་སྤྱི་འཐུས་བཅུའི་སྒང་ལ་ཆོས་འཐུས་རྣམས་བསྡོམ་ན་གྲོས་ཚོགས་ཀྱི་འཐུས་མི་ཕྱེད་ཀ་མ་ཟིན་ཙམ་མདོ་སྟོད་ཀྱི་མི་ཆགས་ཡོད་པ་རེད། ད་དུང་བོད་གཞུང་གི་དྲུང་ཆེ་ཚོའི་ནང་ན་མདོ་སྟོད་ཀྱི་མི་ཚོད་ཡོད་པ་རེད། གནས་ཚུལ་འདི་ལ་མ་དགའ་བ་དང་ཕྲག་དོག་མེད། མི་འདི་ཚོ་ཤེས་ཡོན་དང་ལྷག་བསམ་ལྡན་པ་རྐྱང་རྐྱང་རེད། འདི་ལྟར་བོད་གཞུང་གི་གནད་ཡོད་མང་ཆེ་བ་མདོ་སྟོད་ཀྱི་མི་ཡིན་བཞིན་དུ། མདོ་སྨད་སྤྱི་བསྟན་འཛིན་མགོན་པོས་སྣེ་ཁྲིད་པའི་མདོ་སྟོད་སྤྱི་འཐུས་ཁག་ཅིག་གིས་ང་ཚོའི་སྤྱི་ཚོགས་ཀྱིས་མདོ་སྟོད་མི་མང་བསྡོད་བཟོ་མེད་པ་བཟོ་གི་ཡོད་པ་རེད་ཟེར་བདེན་པ་རེད་དམ། འདི་ནི་དཀྲུགས་ཤིང་གི་སྐད་ཆ་རང་རེད། དེ་འདྲ་བཤད་པ་གཏན་ནས་དྲང་པོ་མ་རེད། བོད་གཞུང་དང་མདོ་སྟོད་གཉིས་ཁག་ཁག་སོ་སོ་དབྱེ་རྒྱུ་མེད་བཞིན་དུ་སྤྱི་འཐུས་མིང་ཁུར་གཡུང་དྲུང་རྒྱལ་མཚན་སོགས་ཀྱིས་བོད་གཞུང་ཡག་པོ་ཡོད་པ་མ་རེད་ཟེར་ནས་དུས་དང་རྣམ་པ་ཀུན་དུ་དགྲ་དུ་ལྟ་བ་དང་། ཐོག་མཐའ་བར་གསུམ་དུ་གཏོར་ཨེ་ཐུབ་ལྟ་བཞིན་པའི་བོད་གཞུང་དེ་ག་བ་ཡོད་པ་རེད་དམ། གལ་སྲིད་བོད་གཞུང་གིས་དྲང་པོ་བྱེད་ཀྱི་མེད་ན་གོང་གི་མི་འདི་ཚོ་དྲང་པོ་མེད་པ་རེད། དེའི་ཕྱིར་མདོ་སྟོད་སྤྱི་འཐུས་ཚོས་དངོས་ཡོད་གནས་ཚུལ་ལ་མཐོང་བའི་ཐོག་ནས། དྲང་ཚུགས་ལྡན་པའི་མདོ་སྟོད་མི་མང་ལ་མགོ་སྐོར་མི་གཏོང་བ་དང་། ཡང་ན་མདོ་སྟོད་མི་མང་དང་བོད་གཞུང་བར་དཀྲུགས་ཤིང་བཟོ་ཨེ་ཐུབ་མི་ལྟ་བའི་རེ་བ་ཡོད། མདོ་སྟོད་མི་མང་ལོག་ལམ་ཁྲིད་རྒྱུའི་རེ་ངན་མ་བཅངས་བཟང་གི་རེད།
དྲ་གྲོགས་ཚོ། དྲ་ཐོག་འདི་ན་བཀྲ་ཤིས་ཟེར་བ་ཁ་ཤས་ཡོད་ས་རེད། གོང་གི་མཆན་ ༣༠ པར། ༼ང་ཆོས་ལུགས་རྙིང་མ་ཡིན། ཁྱེད་རང་གཉིས་གཟབ་གཟབ་བྱེད་ན་མ་གཏོགས༽ཟེར་གཁན་གྱི་བཀྲ་ཤིས་དེ་ང་མིན། ང་བཀྲ་ཤིས་ཚེ་རིང་སྐྱིད་ལ་དགའ་ནི་ཟིག་ཡིན།
xxxxx
xxxxx
ངས་བློ་ཕམ་བྱེད་དོན་གཙོ་བོ་བོད་གཞུང་གི་གནད་ཡོད་དཔོན་གནས་ཕལ་ཆེ་བ་མདོ་སྟོད་ཀྱི་མི་ཡིན་བཞིན་དུ་ད་དུང་བོད་གཞུང་དྲང་པོ་མི་འདུག་ཅེས་དཀྲུགས་ཤིང་བཟོ་མཁན་གྱི་བླ་རྒན་ཁྲམ་པ་འདི་ཚོ་ཡིན།
xxxxx
རེད། དྲ་གྲོགས་ཚོ། ངས་ཀྱང་དྲི་བ་འགའ་ཞིག་འབྲི་རྒྱུ་ཡིན།
༡༽ ཆོས་ལུགས་སྤྱི་འཐུས་འདི་ཚོ་ཆོས་ལུགས་ལ་བལྟ་མཁན་རེད་དམ་ཆབ་སྲིད་ལ་བལྟ་མཁན་རེད།
༢༽ ཆོས་བརྒྱུད་ཁག་གི་སྐུ་ཚབ་རེ་ཆབ་སྲིད་སྒྲུབ་རོགས་ལ་ཕེབས་ཡིན་ནམ་ཡང་ན་ཆོས་བརྒྱུད་ཁག་གི་སྐུ་རེ་ཆོས་ལུགས་ཀྱི་ཐོབ་ཐང་བལྟ་སྐྱོབ་བྱེད་དུ་ཡོང་བ་རེད།
༣༽ ཆོས་འཐུས་འདི་ཚོར་ཆོས་བརྒྱུད་ཁག་གི་ངོས་ནས་མཐོང་གང་འདྲ་ཞིག་ཡོད་རེད། ཁོང་ཚོས་ལས་འཆར་འདྲ་ཞིག་བཏོན་ན་དགོན་སྡེ་ཁག་གིས་ངོས་ལེན་ཡོད་རེད་ཡོད་མ་རེད།
༤༽ ད་ལྟའི་ཆོས་སྤྤྱི་འདི་ཚོས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་སྐོར་ལ་ཅི་ཡང་ཤོད་ཀྱི་མི་འདུག་པའི་རྒྱུ་མཚན་གང་རེདྱ
སྟག་སྨྱོན་ལགས་ཆོས་རྒྱུད་ཀྱི་སྤྱི་འཐུས་གཡང་དྲུང་རྒྱལ་མཚན་གྱིས་ཧན་མ་ལ་ཡའི་རི་རྒྱུད་ཀྱི་གཞི་ཆགས་སྐྱོ་པོ་ཚོའི་བདེ་སྡུག་སྤྱི་འཐུས་གྲོས་ཚོགས་ནང་དུ་གསུངས་བསྡད་པའི་མི་དམངས་དེ་ཚོ་བརྒྱ་ཆ་དགུ་ཐམ་དབུས་གཙང་གི་མི་རེད་དྭ། དེ་ཤེས་སོང་ངམ།
དབུས་གཙང་སྤྱི་འཐུས་སུ་ཡིས་དབུས་གཙང་མི་དམངས་ཉམ་ཐག་ཚོའི་བདེ་སྡུག་སྤྱི་འཐུས་གྲོས་ནང་དུ་བཤད་སོང་ངམ། གཅིག་གསུང་དང།
གཡང་དྲུང་རྒྱལ་མཚན་གྱིས་ཆོལ་ཁའི་ཕྱོགས་ཞེན་བྱས་ནས་དབུས་གཙང་དང་མདོ་སྨད་མི་དམངས་ཀྱི་བདེ་སྡུག་ལ་འགན་ཁུར་མ་སོང་ལབ་ཡ་ཡོད་པས། བསམ་བློ་ཡག་ཐོངས། སུ་ཡིས་དབུས་གཙང་མི་དམངས་ཉམ་ཐག་ཚོའི་བདེ་སྡུག་ལ་འཁན་གྱི་འདུག
ང་ཅོ་རིས་ངོས་ནས་ཡང་་མི་དམངས་ཀྱི་བདེ་སྡུག་ལ་འཁན་མ་ཁུར་པ་དང་བསམ་གཞི་མ་བྱས་ན་མདོ་སྟོད་མི་ཡིན་ནའང་དགག་པ་རྒྱག་ངེས་ཡིན་དྭ།
བཙན་བྱོལ་གཞུང་གི་ནང་དུ་མདོ་སྟོད་མི་པོ་ལས་བྱེད་ཡོད་པར་ཡག་མི་འདུག་བསམ་ན་་བཀའ་ཁྲིའི་འོས་ངེས་པ་ཏུ་བཀྲ་མཐོང་ལ་སྤྲོད་རོགས་། ངས་བཀྲ་མཐོང་ཡག་པོ་འདུག་བསམ་བཞིན་ཡོད།
དགག་པ་རྒྱག་དུས་རྒྱུ་མཚན་ཡོད་པའི་ཐོག་ནས་རྒྱག་དགོས་པ་ལས་ཕྱོགས་ཞེན་བྱས་ནས་དགག་པ་རྒྱག་པ་ཡིན་ན་ང་རང་ཚོ་ཚང་མ་ལ་གྱོང་རེད།
གཡང་དྲུང་རྒྱལ་མཚན་གྱིས་ཉིན་གྱི་མྱི་དང་མཚན་གྱི་ཁྱི་བྱས་ནས་ཧན་མ་ལ་ཡའི་རི་རྒྱུད་ཀྱི་དབུས་གཙང་མི་དམངས་ཉམ་ཐག་ཚོའི་ཆེད་དུ་དཀའ་ལས་རྒྱག་བསྡད་པའི་དྲིན་ལན་མཇལ་སྟངས་འདི་འདྲ་ཡིན་པས།
འདིར་ཇ་ལན་ཆུ་ཡི་མཇལ་་་་བཟང་ལན་ངན་གྱི་མཇལ་་ཟེར་ལེ་རེད་གོ
འཇམ་དཔལ་རྣོན་པོ་ལགས་སྤྱི་འཐུས་ཟེར་བ་དེ་སྤྱི་མི་ཡིན་པས་མི་སེར་ཉམ་ཐག་སྤྱི་ལ་ལྟ་མཁན་རེད།
དྲ་གྲོགས་ཚོས་བགྲོ་གླེང་གནང་བར་དགའ་བསུ་ཞུ།
འོན་ཀྱང་། དོན་མེད་དབྱེན་དཀྲུགས་ཀྱི་མཆན་བུ་རྣམས་ལ་ཁ་བརྡས་དགའ་བསུ་མི་ཞུ།
མི་སྒེར་ལ་དོན་མེད་ྐླན་ཀ་འཚོལ་བའི་རིགས་ཀྱི་མཆན་རྣམས་འདི་ནས་འགོག་གི་ཡིན་ལ།
ཐ་ན་རྩོམ་གྱི་མཆན་སྒོ་ཡང་རྒྱག་སྲིད།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།
བཟང་ལན་ངན་གྱིས་མཇལ་ཇ་ལས་ཆུ་ཡིས་མཇལ་མཁན་ཚོ་་་་་གཡང་དྲུང་རྒྱལ་མཚན་གྱིས་དབུས་གཙང་དང་མདོ་སྨད་མི་དམངས་ཀྱི་བདེ་སྡུག་ལ་བསམ་གཞི་མ་བྱས་པར་ལབ་ཡ་ཡོད་པས།
ཡོད་ན་ཁུར་ཤོག་་་་་དུག་ནད་ཅན་ཁྱེད་ཚོས་ཡག་པོ་བྱས་པར་མཐོང་གི་མ་རེད།
དེ་སོ་སོར་སྡུག་དྲགས་རེད་ད།
ད་དུང་ཁྱོད་ཚོས་བེ་རི་འཇིགས་མེད་དབང་རྒྱལ་སྤྱི་འཐུས་བྱས་ཆོག་པས་ཡོན་ཏན་ཚང་མེད་མདོག་མདོག་བཤད་མཁན་འདུག་པས་བདེན་པ་ཡིན་གྱི་རེད།
བྱས་ན་་་ངས་ཁྱོད་ཚོ་ལ་གཅིག་དྲི་ཆོག་པ་ཞིག སྤྱི་འཐུས་ལ་ཡོན་ཏན་ཚང་དགོས་པ་ཡིན་ན་་་རྒྱུ་ཆེན་རྒྱ་ནོར་ཚེ་དབང་གིས་ཡི་གེ་བོང་གི་མགོ་ཙམ་ཤེས་ཀྱི་མེད་པས་ཁྱོད་ཚོ་དབུས་གཙང་མི་དམངས་ཁོ་སྤྱི་འཐུས་གདམ་དོན་གང་ཡིན་ནམ།
སྙིང་རྗེ་ཁྱོད་ཚོ། ་ཧ་མ་གོ་མཁན་དེ་ཧམ་པ་ཚ། གཉིད་མ་ཁུག་མཁན་ལ་ནམ་ཐག་རིང་ཟེར་བ་དེ་མིན་ན་ག་རེ་རེད།
ཁྱེད་ཚོ་དེ་འདྲ་འཇོན་པོ་ཡོད་ན་་་སོ་སོར་གདམ་པའི་སྤྱི་འཐུས་ནང་དུ་ཡིག་རྨོངས་མི་ཡོང་བ་ཞིག་བྱེད་རོགས།
དགེ་བཤེས་བེ་རི་འཇིག་མེད་དབང་རྒྱལ་གྱི་སྐུ་ཡོན་ལ་རོ་ཁྱོད་ཚོ་འདྲ་པོ་གཅིག་གིས་ཚད་མཇལ་མདོག་འདི་དགོད་མོ་ཤོར་ཡ་རང་རེད་ད།
ཅོ་རི་ཡིན་ན་འདི་མི་ཅུང་རྣམ་དཔྱོད་ཅན་ཞིག་ཡིན་པ་འདྲ། ཁམས་པའི་གྲལ་ནས་ཨ་ཡོད་ནང་གི་ད་ཡོད་དང་སྒོ་ང་ནང་གི་སེར་རིལ་རེད་ཟེར་ནའང་མི་ཆོག་རྒྱུ་མེད་པ་འདྲ། ཁོའི་གཟུར་གནས་ཀྱི་སྐད་ཆ་ཁ་ཤས་ལ་སུས་ཀྱང་ཆ་འཇོག་བྱེད་རྒྱུ་འདུག་དྲན་ཡོད། རེད་མོད། ད་རེས་གཡུང་དྲུང་རྒྱལ་མཚན་གྱི་སྐོར་ལ་ཁོས་ཕྱོགས་གཅིག་གི་སྐད་ཆ་ལས་བཤད་ཀི་མི་འདུག་པ་ག་རེ་ཡིན་ནམ། ཆོས་བརྒྱུད་ཀྱི་ཞེན་ཁོག་ནི་ཡིན་རྒྱུ་མ་རེད། གཡུང་དྲུང་གིས་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་ལ་ཞེ་བོ་ཅིག་བྱས་པ་རེད་ཟེར་བ་ད་རེས་གོ་བ་དང་པོ་ཡིན། གཅིག་བྱས་ན་ཁོ་ལ་དམིགས་ཡུལ་གཞན་ཞིག་ཡོད་རྒྱུ་རེད། ངས་བལྟས་ན་མི་འདི་དང་གུང་ཐང་ཚུལ་ཁྲིམས། ད་དུང་ཨ་ཐར་དང་ཨ་ལོ་ཆོས་མཛད། གངས་ཅན་སོགས་ནི་གདན་གྲལ་གཅིག་གི་མི་རེད། བྱུང་ན་སྤྱི་ཚོགས་ཀྱི་གད་སྙིགས་གྲས་ལ་བརྫངས་བཞག་ན་ཡག་ཤོས་རེད། གཞན་གོང་དུ་སྟག་སྨྱོན་གྱིས”ངས་བློ་ཕམ་བྱེད་དོན་གཙོ་བོ་བོད་གཞུང་གི་གནད་ཡོད་དཔོན་གནས་ཕལ་ཆེ་བ་མདོ་སྟོད་ཀྱི་མི་ཡིན་བཞིན་དུ་ད་དུང་བོད་གཞུང་དྲང་པོ་མི་འདུག་ཅེས་དཀྲུགས་ཤིང་བཟོས”ཟེར་བ་འདི་ཁོས་བསྐྱར་བཟློས་ཤིག་བྱས་པ་ལས་ཡིན་རྒྱུ་ནི་༧གོང་ས་མཆོག་གིས་གསུང་སྐད་འདི་འདྲ་ཚར་ཁ་ཤས་ལ་ཤོར་ཡོད་པ་རེད། དེས་ཡང་ཆུ་སྒང་རྙིང་བ་ཡིན་ན་གཡང་དྲུང་རྒྱལ་མཚན་གྲངས་ཀི་བྱས་ཉེས་ལས་བྱུང་བ་རེད། འདིའི་གྲས་ཀྱིས་སྒེར་གྱི་ཁེ་ཕན་ཅུང་ཟད་ཙམ་གྱི་དོན་དུ་མདོ་སྟོད་མི་དམངས་མགོ་བོ་རྨོངས་སུ་འཇུག་གིན་ཡོད། འདི་ཚོས་བོད་སྤྱི་བའི་དོན་དག་ལས་ལུང་ཚན་ཕྱོགས་རེ་བ་ཞིག་གི་དོན་དག་རྩ་ཆེར་བརྩི་བཞིན་འདུག འདི་ཚོས་གནད་འགག་གི་སྐབས་སུ་རྒྱལ་ཁབ་བཙོངས་ནས་མི་དམངས་ཀྱི་ཤ་ཟོས་པའི་མ་ཚད་ཁྲག་འཇིབ་ཀི་རེད།
མི་དམངས་ཁུལ་དུ་དཔང་བསྒྲིགས་ཀྱི་ས་ཡིག་རྒྱག་ནས་ཁུར་ཡོང་མཁན་དེ་ཚོ་དགེ་བཤེས་ཚོ་མ་རེད་དྭ། སྤྱི་འཐུས་གྲོས་འཚོགས་གཏོར་ཐུབ་པས་ས་ཡིག་དེ་དགེ་བཤེས་ཚོས་རྒྱག་པ་མིན་བཞིན་དུ་ཁྱོད་ཚོས་ཅི་ཞིག་ལབ་བསྡད་ཀྱི་ཡོད་དམ།
ས་ཡིག་རྒྱག་མཁན་ཚོ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན་པས། xxxxx
དཀོན་ཅོག་སྐོམ་པོ་ལགས་ང་ཅོ་རི་དགེ་ལུགས་གཙང་མ་གཙང་རྐྱང་ཞིག་ཡིན་པ་མ་ཟད་དཔེ་ཆ་བ་ཞིག་ཡིན། སེམས་འཁྲུལ་མ་བྱས་ང་དྲང་བདེན་དགའ་དྲང་བདེན་ཡོད་མི་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན་པས་རེད།
ཨོ་་་་་་གོང་གི་མི་འདི་དག་ལས་ཡག་ཤོས་དེ་འདེམས་རོགས་ཟེར་ན། ངས་ནི་ཐེ་ཚོམ་མེད་པར་སྨོན་ལམ་མཐར་ཕྱིན་འདེམས་ས་རེད། མི་འདི་རྣམ་དཔྱོད་ཅན་ཞིག་རེད་པས། ཁོས་རང་གི་བྱས་ཉེས་ཁག་གཙང་སེལ་བྱས་ནས་མ་འོངས་པར་སྤྱི་མི་ཚད་ལྡན་ཞིག་ཡོང་གི་རེད་བསམས་ཡོད།
ངས་ལབ་པ་ཡིན་པ་ཡག་པོ་བྱས་པར་ཁྱེད་ཚོས་མཐོང་གི་མ་རེད། གཡང་དྲུང་རྒྱལ་མཚན་གྱིས་སྤྱི་འཐུས་གྲོས་འཚོགས་ནང་དུ་ཧན་མ་ལ་ཡའི་རི་རྒྱུད་གཞི་ཆགས་སྐྱོ་པོ་ཁག་ལ་ལྟ་སྐོར་ཕེབས་ནས་གཞི་མི་སྐྱོ་པོ་ཚོའི་བདེ་སྡུག་གླེང་དུས་ང་ཅོ་རི་ཡིད་སྨོན་ཞིག་ཤོར་མྱོང་ཡོད།
ཁྱེད་ཀྱིས་མ་ཤེས་ན་ཡར་མར་དྲིས་དང་་་་་དེ་ནས་ཤེས་ཡོང།
ཤེས་པའི་ཐོག་ནས་བཀའ་མོས་གནང་ན་ནོར་འཁྲུལ་ཡོང་གི་མ་རེད།
སྤྱི་འཐུས་ཟེར་བ་དེ་མི་སེར་ཉམ་ཐག་ཚོའི་ཕྱོགས་ལང་ནས་གཞུང་གི་བྱས་སྟངས་འགྲིག་མི་འདུག་ལབ་ཐུབ་མཁན་དེ་སྤྱི་འཐུས་ཚད་དང་བདེན་པ་ཞིག་ལ་ངོས་འཛིན་བྱེད་དགོས་པ་རེད་འདོད།
དེ་མིན་སྤྱི་རྒྱུ་སྒེར་བདག་བྱས་ནས་མི་སེར་ཉམ་ཐག་ཚོའི་བདེ་སྡུག་ལ་བསམ་གཞི་མི་བྱས་མཁན་སྤྱི་འཐུས་ཕྱུག་པོ་ཚོ་ནི་བོད་མི་རིགས་ཀྱི་ཆེད་དུ་དགོས་མཁོ་མེད།
དེ་འདྲ་ཡིན་དུས་ཆོས་རྒྱུད་ཀྱི་རྟོག་གེ་སྨྲ་བའི་སྤྱི་འཐུས་ཚོ་ནི་སྤྱི་འཐུས་ནང་གི་ཕུད་ལྟ་བུ་ཡིན་པས་ང་ཅོ་རི་ངར་བསྡད་པ་ཡང་རྒྱུ་མཚན་འདི་ཡིན།
ཅོ་རི་ལགས་ཁྱེད་རང་ཡོ་རོབ་ན་ཡོད་ཚེ་སྤྱི་ཚོགས་ཀྱི་མཐོང་ཐོས་ཉམས་མྱོང་འགྲིག་ཙམ་ཡོད་སྲིད། འོ་ན་ཟ་ཁང་གི་གཡོག་པོ་ཞིག་བྱེད་ནའང་སྐད་ཆ་བཤད་སྟངས་དང་རྣམ་འགྱུར་སྟོན་སྟངས་ཀྱི་སློབ་སྦྱོང་ངེས་ཅན་ཞིག་དགོས་པ་རེད། འོ་ན་ང་ཚོའི་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་དུ་གཡུང་དྲུང་རྒྱལ་མཚན་གྱི་ལུས་ངག་གི་རྣམ་འགྱུར་སྟོན་སྟངས་དེ་རོ་ལངས་བརྒྱག་གི་ཡོད་པ་ནང་བཞིན་སྐྱུགས་བྲོ་བོ་རེད་ལ། ཁོང་གི་སྐད་ཆ་བཤད་སྟངས་དང་རྣམ་འགྱུར་སྟོན་སྟངས་དེ་འདྲ་མ་རབས་ཡིན་པའི་རྒྱུ་མཚན་བཤད་ཐུབ་བམ། ཁོང་ལ་དམིགས་ཡུལ་ངེས་ཅན་ཞིག་མེད་ན། རྟག་པ་གྲོས་ཚོགས་ནང་སྤྱི་དོན་ལ་འཐུས་ཤོར་འགྲོ་གི་རེད་བསམ་པའི་སེམས་ཁུར་རྐང་གཅིག་མེད་པར་འཇིགས་འཇིགས་རྫིག་རྫིག་བྱེད་རྐྱང་བྱེད་དོན་ཅི་རེད། གཞན་པ་ཚོས་སྤྱི་དོན་ལ་འཐུས་ཤོར་འགྲོ་གི་རེད་བསམ་པ་དང་། གཞན་ཡང་ཁོ་ལ་སྤྱི་འཐུས་ཀྱི་མིང་ཞིག་ཁུར་ཡོད་ཙང་ཁོ་ལ་ཁ་གཏད་བཅག་ན་མདོ་སྟོད་མི་མང་ལ་གོ་ནོར་ཐེབས་སྲིད་བསམ་ན། མདོ་སྟོད་མི་མང་ལ་བརྩི་འཇོག་གི་ཐོག་ནས་གཡུང་དུང་རྒྱལ་མཚན་ལ་དམིགས་བསལ་བཏང་ནས་བཞག་པ་རེད། ཁོའི་བྱེད་སྟངས་སེང་གེ་ཞོན་པའི་ཝ་མོ་གཡོ་སྒྱུ་ཅན་དེ་དང་གཅིག་པ་རེད། གཞན་ཁོ་མི་སྒེར་ལ་ཞེད་ནས་བསྡད་པ་མ་ཡིན་པར། མི་ངན་འདི་འདྲའི་རྐྱེན་བྱས་ཏེ་ཆོལ་ཁའི་བར་གོ་ནོར་འཁྲུགས་རྐྱེན་མི་ལྷག་ཆེད་ཡང་ནས་ཡང་དུ་ཁོ་ལ་གུ་ཡངས་བཏང་ནས་བཞག་པ་རེད། གཞན་ཁོས་ཧི་མ་ལ་ཡའི་རྒྱུད་ཀྱི་བོད་མི་ཚོའི་ཆེད་དུ་ཡག་པོ་ཞིག་བཤད་མྱོང་ཡོད་ན་བསྔགས་བརྗོད་ཡོད། འོན་ཀྱང་ངས་ག་དུས་ཡིན་ན་མི་ཐུང་འདིས་སྤྱི་དོན་ལ་ཕོག་ཐུག་འགྲོ་རྒྱར་སེམས་ཁུར་འཛེམ་སོན་སྤུ་ཙམ་མེད་པར་ངར་ངར་རྫིག་རྫིག་རྐྱང་བཤད་ནས་གྲོས་ཚོགས་ཀྱི་དུས་ཚོད་འཕྲོ་བརླག་དང་བོད་མིའི་ཆིག་སྒྲིལ་ལ་ཉེན་ཁ་ཁོ་ན་བཟོ་བཞིན་པ་ལས་མཐོང་རྒྱུ་མི་འདུག གལ་སྲིད་ངས་མཐོང་སྣང་ནོར་ཡོད་ན་ཁྱེད་ཀྱི་དངོས་ཡོད་རྣམས་དྲ་ཐོག་ལ་འཇོག་རོགས། ངས་མི་ཐུང་འདིས་ཡག་པོ་ཞིག་བྱེད་ཀྱི་ཡོད་མཐོང་མྱོང་མེད།
ངས་འདིར་ལྟར་བཤད་པ་མདོ་སྟོད་མི་མང་ལ་དུང་ཞེན་དང་ཆོལ་ཁ་གསུམ་གྱི་བླ་སྲོག་གཅིག་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད། དེའི་ཕྱིར་མི་ངན་འདི་ཚོས་ཆོལ་ཁའི་མིང་སྤྱད་ནས་ཆོལ་གསུམ་བོད་རིགས་སྤུན་ཟླའི་ཆིག་སྒྲིལ་གྱི་ནུས་པ་གཏོར་བཤིག་གཏོང་བཞིན་པ་བློས་མ་བཟོད་པ་ཡིན། མདོ་སྟོད་མི་མང་ནི་སྔ་ཕྱི་བར་གསུམ་དུ་བོད་མི་རིགས་སྟོབས་ཤུགས་དང་སྤོབས་པའི་འབྱུང་ཁུངས་གལ་ཆེན་ཞིག་ཆགས་ཡོད་རེད། ཡིན་ནའང་ཐེངས་ཁ་ཤས་ལ་ནང་ཁུལ་དཀྲུགས་རྒྱུ་ལས་གང་ཡང་མི་འཇོན་པའི་མི་ངན་ཁ་ཤས་ཀྱི་མདོ་སྟོད་མི་མང་གི་མཚན་སྙན་རྩེད་སྤྱད་བྱས་མྱོང་བ་དང་། བོད་ཀྱི་རྩ་དོན་དོ་ཕོག་འགྲོ་བའི་ནག་ཉེས་བསགས་པ་མ་ཟད། མང་ཚོགས་ངན་བསྐུལ་ཡང་བྱས་མྱོང་ཡོད་པ་རེད། ཨ་ཐར་དང་གཡུང་དྲུང་རྒྱལ་མཚན་ལྟ་བུ་རེད། དེ་འདྲ་མིན་ན་ང་ཚོས་ག་རེ་བྱས་ནས་ཆིག་སྒྲིལ་ཆིག་སྒྲིལ་ཟེར་ནས་སེམས་ཁུར་བྱེད་དགོས་པ་རེད་དམ། མི་ངན་འདི་ཚོ་མིན་ན་ང་ཚོའི་ཆིག་སྒྲིལ་ལྷུན་གྱིས་གྲུབ་ནས་བསྡད་ཡོད་པ་རེད། དེ་ནས་དུས་ཚོད་མེད།
མཆན་ ༤༧ པ་སྟག་སྨྱོན་གྱིས་གང་བཤད་པ་དེ་བདེན་པ་ཚོར།
ཧཧཧཧཧ་སྟག་སྨྱོན་ལགས་དབུས་གཙང་མི་དམངས་ཉམ་ཐག་ཚོའི་ཆེད་དུ་དཀའ་ལས་རྒྱག་པ་མ་མཐོང་བ་ཁོའི་རྣམ་འགྱུར་ཙམ་ལ་ངན་སྨྲ་འདི་འདྲ་བྱས་ན་རྒྱུ་མཚན་དང་མཐུན་པ་མ་རེད།
ཁོང་ཡག་ན་སྡུག་ན་མདོ་དམངས་ཀྱིས་སྐོར་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་རེད། ང་ཚོང་མདོ་སྟོད་མི་དམངས་ཁོང་ལ་ཡིད་ཆེས་ཡོད།
ངས་དྲི་པ་རྣམས་ལ་ལན་རེ་ཡོད་ན་མུ་མཐུད་ནས་སྐད་ཆ་བྱེད་ཀྱི་ཡིན།
ཨེ་སྟག་སྨྱོན་ལགས་ཁྱེད་སྐྱེས་ཕོ་རབ་གཅིག་ཡིན་ན་ཁྱེད་རང་ཚོའི་དབུས་གཙང་མི་དམངས་ཧན་མ་ལ་ཡའི་རི་རྒྱུད་ཀྱི་གཞི་མི་ཉམ་ཐག་དེ་ཚོ་ག་འདྲའི་སྐྱོང་དགོས་མིན་སྐོར་ཡི་གེ་ཚིག་རེ་བྲིས་དང།
སོ་སོའི་མི་སེར་བདེ་སྡུག་ལ་མི་ལྟ་མཁན་མི་ཞིག་ཡིན་ན་མི་དེར་སྐྱེས་ཕོ་རབ་ཞེས་ང་ཚོ་ཁམས་པའི་ངོས་ཟེར་ལེ་མ་རེད་གོ
དེ་སེམས་ལ་ཞོག
སྐྱ་བོ་མི་ནག་ཚོས་ཆོས་བརྒྱུད་ཅིག་གི་སྐུ་ཚབ་་ཡོང་གི་མ་རེད། མི་སྐྱ་ཚོ་ཆོས་བརྒྱུད་སྤྱི་འཐུས་ནང་ནས་མར་དོན་རོགས་ཀྱིས། མི་སྐྱ་ཆོས་བརྒྱུད་སྤྱི་འཐུས་ནང་དུ་ཞུགས་པ་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད། ཆོས་སྤྱི་ཆོས་ལ་དགའ་མཁན་བསྟན་པ་ལ་ཤ་ཞེན་ཅན་དང་ལྷག་བསམ་ཅན་དེ་འདྲ་ཞིག་ངེས་པར་དགོས་ཀྱི་འདུག ད་ལྟའི་ཆོས་སྤྱི་འདི་ཚོར་ལྟ་གྲུབ་ལངས་ཕྱོགས་གསལ་བོ་མེད་པཱ། ད་ལོ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་སྒོ་འབྱེད་མཛད་སྒོའི་སྐབས་སུ་རྒྱ་རི་སྒྲོལ་མས་ཟེར་ན་ཆོས་བརྒྱུད་སྤྱི་འཐུས་ཚོས་ཆོས་བརྒྱུད་ཁག་གི་ལོ་ཤེས་ཀྱི་ཡོད་རེད། སྤྱི་འཐུས་གཞན་པ་ཚོས་ཆོས་འབྱུང་ལོ་རྒྱུས་ཤེས་ཀྱི་མེད་ཚུལ་གྱི་གཏམ་བཤད་ཅིག་བྱས་འདུག ད་བྱས་ན་རྒྱ་རི་པུ་ཕྲུག་རྙིང་མའི་སྤྱི་འཐུས་རེད། ཁྱེད་ཀི་པུ་ཕྲུག་གིས་རྙིང་མའི་ཆོས་འབྱུང་ལོ་རྒྱུས་ཤེས་ཀྱི་ཨེ་རེད། ??????
རྒྱ་རི་ཚང་འདིས་ཁ་མྱི་ལ་འཁོར་ནས་གཅིག་བཤད་དུས་ཡིན་མདོག་ཁ་བོ་མང་པོ་བཤད་ཀྱི་འདུག་ག ཁོ་རང་ཚོའི་རང་ཐོག་ལ་བབ་དུས་གཡོ་སྒྱུ་འཁྲབ་ཀྱི་འདུག་ག ཁ་བཤད་དང་ལག་ལེན་མི་མཐུན་པའི་སྐད་ཆ་དེ་འདྲ་ཡིད་ཆེས་མེད་ལ་ངོས་ལེན་མེད། རྒྱ་རི་སྒྲོལ་མས་ཁ་ནས་མང་གཙོའི་ལྟ་གྲུབ་བཤད་ཀྱི་འདུག་ག ལྐོག་ནས་རྙིང་མའི་སྤྲུལ་སྐུ་རེ་ཟུང་ལ་ཐབས་རྣམ་པ་སྣ་ཚོགས་ཀྱི་་སྒོ་ནས་རྒྱ་རི་པུ་ཕྲུག་རྙིང་འཐུས་ལ་སླེབས་ཐགས་ག་རེ་བྱས་ཡོད། དེ་ལ་མང་གཙོའི་ལམ་ལུགས་ཟེར་གི་རེད་པས། ལས་ཀ་དེ་ཚོ་མི་ཚང་མས་ཤེས་ཀྱི་ཡོད་རེད་དཱ།
ངོ་མ་ཡིན། ཁ་ནས་མང་གཙོའི་ལྟ་གྲུབ་ཤོད་མཁན། མང་གཙོའི་ལག་ལེན་ལ་འདེབས་ཀྱི་ཡིན་ཟེར་མཁན་ཞིག་གི་ངོས་ནས་དམང་གཙོའི་ལམ་ལུགས་དང་མི་མཐུན་པའི་ལས་ཀ་བྱས་ཡོང་དུས་འགྲིག་གི་མི་འདུག་ཟེར་གྱི་ཡིན། མི་ལ་མང་གཙོ་བཤད་རྐྱང་རྐྱང་བཤད། རང་གིས་མང་མང་གཙོ་དང་མི་མཐུན་པ་རྐྱང་རྐྱང་བྱས་བསྡད་ན་ཡག་པོ་མ་རེད།
དགེ་ལུགས་སྤྱི་གཉིས་ལ་མཚོན་ན་རི་བོ་དགེ་ལུགས་པའི་ཚབ་མཚོན་ཐུབ་པའི་མི་སྣ་ཞིག་མ་རེད་ཟེར་གྱི་ཡིན།
ས་སྐྱ་སྤྱི་འཐུས་མི་སྐྱ་དེ་ད་ལོ་དགོངས་པ་ཞུས་འདུག གྲ་པ་དེས་དཔལ་ལྡན་ས་སྐྱའི་སྐུ་ཚབ་ཡོང་བཟོ་མི་འདུག
བཀའ་བརྒྱུད་པ་ལ་མི་མེད་ན་མེད་ས་ནས་སྡོད། མི་ཡོད་ན་མཉམ་མེད་བཀའ་བརྒྱུད་པའི་སྐུ་ཚབ་ཡོང་ངེས་ཤིག་ལོངས་ཤོག ད་ལྟའི་བཀའ་བརྒྱུད་སྤྱི་འཐུས་མི་སྐྱ་དེ་གཉིས་ལ་འཇོན་ཐང་ག་རེ་ཡོད་རེད། ཀརྨ་པ་ལ་ཝེ་ཟ་ཞིག་ཞུན་གོ་མི་ཆོད་པ་དེ་རེད།
རྙིང་འཐུས་གྲ་པ་དེ་ལ་བཤད་ཀི་གང་ཡང་མེད། རྒྱ་རི་ཚང་གི་མི་སྐྱ་དེ་འདྲ་རྙིང་མའི་ཚབ་ཡོང་གི་རེད་པས། མ་གཞི་རྙིང་མ་པ་འདིས་ཆབ་སྲིད་སྒྲུབ་ཀྱི་མིན་ཟེར་གི་ཟེར་གི་ཆབ་སྲིད་འཁྲབ་ཀི་འདུག་ག རྒྱལ་བའི་བཀའ་ལས་རྒྱ་རི་སྒྲོལ་མའི་རྐུབ་གཙོ་ཆེར་འཛིན་མཁན་ཆབ་སྲིད་སྤྲུལ་སྐུ་འདུ་ག
བོན་པོའི་སྤྱི་འཐུས་གཡང་དྲུང་རྒྱལ་མཚན་དགོངས་པ་ཞུས་ཚར་འདུག ཁོ་ད་ལོ་མདོ་སྟོད་ནང་ལ་ལངས་འདུག མདོ་སྟོད་ནང་ན་ཁོ་ཡག་པོ་རེད་འོས་བླུགས་རོགས་ཟེར་ཁག་གཅིག་འདུག ཁོ་ཡག་པོ་མ་རེད་མར་གཡུག་རོགས་ཟེར་མཁན་ཁག་གཅིག་འདུག སྨོན་ལམ་མཐར་ཕྱིན་ཅང་མི་ཤེས།
གྲྭ་བ་ཆབ་སྲིད་ལས་སྣེར་འདེམས་མི་རུང་ཟེར་བ་དེ་དམར་ཤོག་པའི་ལྟ་གྲུབ་རེ་ཡིན་ན་མ་གཏོགས་མང་གཙོའི་ལུགས་ལ་སྐྱེ་སེར་དབྱེ་བ་མེད་པར་སྤྱི་དམངས་སུ་ཡིན་ཡང་བདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་ཡོད་པ་དང་། སྤྱི་ཚོགས་ཀྱི་ལས་འགུལ་ནང་ཞུགས་པའི་ཐོབ་ཐང་ཡོད་ཡོད་པ་རེད། ཆོས་དང་མཐུན་མི་མཐུན་དེ་ཁོ་རང་ཚོའི་ཐག་གཅོད་རེད་མ་གཏོགས་ང་ཚོས་ཡར་བཀའ་སློབ་གནང་དགོས་ཀྱང་དགོས་གི་མ་རེད་ལ་ཤེས་ཀྱང་ཤེས་གི་མ་རེད།
རེད། རེད། སྤོབས་པས་བཤད་པར་རྒྱབ་སྐྱོར་ཡོད། གྲྭ་བས་ཆབ་སྲིད་ཀྱི་ལས་ཀ་བྱས་མི་ཆོག་ཟེར་མཁན་ཡོད་ན་ངོ་རྒོལ་ཡོད། བོད་མི་རིགས་འདི་ཆབ་སྲིད་ཀྱིས་དཀའ་ངལ་འཕྲད་ནས་གཉའ་གནོན་མྱོང་མཁན་ཞིག་ཡིན་པས་གྲྭ་བ་ཕར་ཟད་མདང་སྐྱེ་བྱིས་པ་ཚུན་གྱིས་ཆབ་སྲིད་སློབ་སྦྱོང་དང་ལས་ཀ་བྱེད་དགོས་རྒྱུ་གནད་འགག་རེད། ཡིན་ནའང་ཆོས་འཐུས་ཟེར་བ་འདི་དགོས་མིན་དང་ཡག་སྡུག་ད་རུང་བཤད་དཀའ་མོ་རེད། འདི་ཅུང་ཡ་མཚན་དང་དམིགས་བསལ་ཞིག་རེད་འདུག
འོ་སྤོབས་པ་མཐའ་ཡས་ལས་སོགས་ཀྱིས་གསུངས་པར་རྒྱབ་སྐྱོར་100་ཡོད།
༸གོང་ས་༸མཆོག་གིས་དབུས་པའི་གྲྭ་བཙུན་ཚོས་བོད་ཀྱི་བསྟན་དོན་ལ་ཞབས་འདེགས་བླ་མེད་ཞུས་ཡོད། གཟིགས་དང་བོད་དུ། དགོངས་དང་བཙན་བྱོལ་དུ། གྲྭ་བ་ཚོ་མེད་ན་བོད་ཀྱི་རིགས་གཞུང་ག་ན་ཡོད། ད་ལྟ་དྲྭ་རྒྱ་དང་ཚོགས་པ་ག་གེ་མོ་ནང་གི་རྩོམས་འབྲི་མཁན་དང་འགན་ཁུར་མཁན་མང་པོ་ཞིག་གྲྭ་བའམ་གྲྭ་ལོག་དེ་ཚོ་རེད། ག྄ྲ་བ་མེད་ན་ག྄ྲྭ་ལོག་མེད། ཆོས་ལུགས་ཀྱི་སྤྱི་འཐུས་མེད་ན་ཆོས་ལུགས་དང་ཆོས་རྒྱུད་ཀྱི་དབར་ལ་འབྲེལ་བ་བྱེད་དགོས་བྱུང་ཚེ་བོད་གཞུང་གིས་ཕྱག་བསྐྱོང་ས་ཁག་པོ་རེད། བོད་དོན་གྱི་སྐོར་ལ་ཤུགས་རྒྱབ་མཁན་གཙོ་བོ་ནི་གྲྭ་བཙུན་དེ་ཚོ་རེད། དང་པོ་ཆོས་ལུགས་ཀྱི་སྤྱི་འཐུས་མི་དགོས། དེ་ནས་ཆོས་དོན་ལྷན་ཁང་ཟེར་བ་སོགས་མི་དགོས། དེ་ནས་གྲྭ་བཙུན་གྱི་དབུ་ཁྲིད་དེ་ཚོ་མི་དགོས། དེ་ནས་ག྄ྲྭ་བ་མི་དགོས། དེ་ནས་༸གོང་ས༌༸མཆོག་མི་དགོས། དེ་ནས་༸གོང་ས༸་མཆོག་གི་ཡང་སྲིད་ངོས་འཛིན་མི་དགོས། དེ་ནས་ཆོས་མི་དགོས།
དེ་ནས་དམར་ཤོག་རང་བཞིན་གྱིས་གྱུར་བ་རེད། དེ་ནས་བོད་ལ་བལྟ་ས་གང་ཡང་མེད། ཁ་ཆེའི་རྒྱལ་ཁབ་ནང་བཞིན་གྱིས་སྣུམ་གྱི་གཏེར་གྱི་ཐོན་ཁུངས་ནི་མེད།
ཉི་ཧོང་ལས་སོགས་ལྟ་བུའི་ཚན་རིག་གིས་བཟོ་ལས་འཛུགས་སྐྲུན་ཡར་རྒྱས་ནི་མེད།
རྒྱ་གར་ལྟ་བུའི་འབྲུ་རིགས་ཀྱི་འབྱུང་ཁུང་འོས་པའི་ས་ཆ་ནི་མེད། ཨོས་ཏྲི་ལ་ཡ་ལྟ་བུའི་ནོར་ཕྱུག་ནི་མེད་ཡོད་པ་དེའང་གངས་སྡིབ་གཅིག་གིས་སྟོང་ཉེན་ཡོད།
ར྄ྒ྄ྱལ་ཁབ་གཞན་མ་ལ྄ྟ་བུའི་ཉ་རིགས་ལས་སོགས་ཆུ་གནས་ཀ྄ྱི་འབུ་རིགས་འཚོང་ར྄ྒ྄ྱུའི་ར྄ྒ྄ྱ་མཚོ་ནི་མེད།
ད་ཆོས་དེ་ཚོ་མེད་ན་མགོ་སེར་ལས་སོགས་ནུབ་ཕྱོགས་ཀྱི་མི་རྣམས་མིག་མཐོང་ས་ལ་མེད། དེ་མེད་ན་དཔལ་འབྱོར་ཡོང་ཁུངས་གང་ཡང་མེད། དེ་ནས་སླར་སྔར་ལུགས་བཞིན་སྡོད་རྒྱུ་རེད། སྔར་ལུགས་བཞིན་སྡོད་དགོས་ཚེ་གཞོན་སྐྱེས་ཚོ་ནི་ཕྱི་ལོགས་ཀྱི་གྲོང་ཁྱེར་ལ་ཕྱིན་འགྲོ་གི་རེད། དེ་ནས་རྒན་བཟོ་ཁང་ལྟ་བུའི་རྒྱལ་ཁབ་ཞིག་ཏུ་འགྱུར་ཉེན་ཆེ་བར་མཐོང་ངོ།
སྤྱིར་ཆོས་རྒྱུད་སྤྱི་འཐུས་ནི་ང་ཚོ་ལ་དགོས་པ་ཞིག་རེད་དེའི་སྐོར་ལ་ཞུ་ཡ་མིན། ད་གོང་མིང་ནང་ནས་སུ་དོར་དགོས་པ་དང་སུ་ཞིག་ཡང་སྐྱང་འོས་བླུག་དགོས་པ་དེ་ཁོ་བོས་འདི་འདྲ་ཞིག་དྲན་སོང་། རྒྱ་རི་བུ་ཕྲུག་ལ་ཆོས་རྒྱུད་སྤྱི་འཐུས་ཀྱི་དྲི་ཙམ་ཡང་མེད་ན་དེ་དོར་དགོས་པ་ཞིག་རེད། དེ་མན་ས་སྐྱ་སྤྱི་འཐུས་པད་མ་འབྱུང་གནས་ཟེར་བ་དེ་དོར་བསམ་ཡོད་དེ་ངས་དོར་མ་དགོས་པ་ཁོ་རང་རང་བཞིན་གྱི་ཕྱིར་མཐོན་སོང་། ད་གཞན་པ་རྣམས་ང་ལ་དགོས་པ་ཞིག་ཡིན།
སངས་རྒྱས་རྒྱ་མཚོ་ལགས། ཁ་བརྡར་ཕེབས་པར་དགའ་བསུ་ཞུ།
ལ་སྟོད་བུ་ཡི་མཆན་བུ་༧༡པ་དེ་ལ་རྒྱབ་སྐྱོར་དང་། ཆོས་ལུགས་ཆོས་བརྒྱུད་ཀྱི་སྤྱི་འཐུས་མི་རེ་རེས་འཐུས་པ་དང་། ཇོ་ནང་སོགས་ཀྱི་མཚན་ཐོག་ནས་སྤྱི་འཐུས་ཁ་གྲངས་ཁ་གསབ་བྱས་ན་དོན་ལྡན་དུ་འགྱུར་ངེས་འདུག་སྙམ།
ཡཱ། ད་འོ་ན་དེ་ལ་ཐག་ཆོད་བ་ཡིན། ཆོས་རྒྱུད་སྤྱི་འཐུས་གཉིས་ནས་གཅིག་ཉུང་འཕྲི་བྱ་རྒྱུ། ཇོ་ནང་གི་སྤྱི་འཐུས་གཅིག་ཡར་འཇོག་རྒྱུ། མདོར་ན། ཁྱོན་ས་ཇོ་བཀའ་རྙིང་དགེ་བོན་བཅས་ཀྱི་ཆོས་ལུགས་སྤྱི་འཐུས་ཁྱོན་ ༦ བདམ་རྒྱུ། ད་ལྟའི་ཆོས་རྒྱུད་སྤྱི་འཐུས་ཚང་མ་བསྐྱར་དུ་འོས་འདེམས་མི་ཆོག ལྷ་རབ་ཆོས་རྒྱུད་སྤྱི་འཐུས་དེ་རབ་ཏུ་བྱུང་བ་ཞིག་ཡིན་དགོས། ཐག་གཅོད་གཙང་མ་ཡིན་དཱ།
གངས་ལྷ་ལགས་ཀྱིས་རབ་བྱུང་ན་ཆོས་བརྒྱུད་སྤྱི་འཐུས་དེ་རབ་བྱུང་ཞིག་ཡིན་དགོས་ཟེར། ངས་བལྟས་ན་སྔགས་པ་ལ་ཡང་ཐོབ་ཐང་འདི་ངེས་པར་དགོས་པར་འདོད། ཨོ་རེད་སྔགས་པ་ཟེར་དུས་རྙིང་མ་པ་ཞིག་ཡིན་ཡིན་པ་རེད། གཅིག་བྱས་ན་ཁྱེད་ཀྱི་སྣང་བར་མི་འགྲོ་བ་ཡིན་སྲིད།
ཆོས་བརྒྱུད་སྤྱི་འཐུས་བཅུ་ལས་ལྔ་ངེས་པར་དུ་ཨ་ནེ་ཡིན་དགོས་པ་དང་གཞན་ལྔ་སྔགས་པ་དང་རབ་བྱུང་ཁྱད་མེད་བྱུང་ན་ཡག་པོ་ཞིག་ཡོང་གི་རེད། མི་སྐྱ་མི་དགོས་ཕར་གཡུག་ཞོག འདི་ངའི་བསམ་ཚུལ་ཡིན། རབ་བྱུང་ན་ཆོས་བརྒྱུད་རེའི་སྤྱི་འཐུས་ཨ་ནེ་རེ་དང་གྲ་པ་ཆ་བྱས་ན་ཡག་གི་ཡ།
འཇམ་དཔལ་རྣོན་པོ་འདི་ཇོ་མོ་ལ་མཉེས་མཁན་ཞིག་ཡིན་ས་རེད། ཨ་ལ་རྩེད་མོ་ཡིན། ད་ཉུང་དུ་གཏོང་དཀའ་ས་རེད། བཅུའི་ཐོག་ལ་ཡང་ཇོ་མོ་ལྔ་བརྒྱབ་ན་ ༡༥ དེ་ནས་ཡང་འདྲ་མཉམ་དགོས་ཞེས་ ༥ བརྒྱབ་ན་ ༢༠ ཨ་ཨ། ད་འདི་བྱ་བཙོག་གི
དེ་རིང་དུས་ཚོད་མང་པོ་མེད། གོང་གི་མཆན་རྣམས་བམ་ཀློག་ཅིག་བྱས་པ་ཡིན། བསམ་ཚུལ་ཁ་ཤས་ཞུ་གི་ཡིན།
༡༽ དྲྭ་རོགས་ཅོ་རི་ཉི་མ་ལགས། ངས་གླེང་གཞི་འདི་འཁྱེར་ཡོང་ན་ལེགས་དང་མ་ལེགས་སྐོར་ལ་བསམ་བློ་གང་ཙམ་བཏང་བ་ཡིན། དེང་སྐབས་བཀའ་བློན་ཁྲི་པ་ལས་སྤྱི་འཐུས་ཀྱི་སྐོར་བཤད་མཁན་ཧ་ཅང་ཉུང་ཉུང་རེད། དེར་བརྟེན་སྤྱི་འཐུས་ཀྱི་སྐོར་འདི་ཆེད་དུ་འཁྱེར་ཡོང་བ་ཡིན། ང་ལ་དམིགས་ཡུལ་གཞན་ཅི་ཡང་མེད། ད་ཡོད་སྤྱི་འཐུས་ཚོར་དྲྭ་ཐོག་ནས་བསྐྱར་ཞིབ་ཅིག་བྱས་ཏེ། འབྱུང་ཉེའི་སྤྱི་འཐུས་ཀྱི་སྤུས་ཚད་ཡར་རྒྱས་གཏོང་ཐུབ་ན་དྲན་པ་ཡིན། དེའི་ཆེད་དུ་དང་པོ་ཆོས་རྒྱུད་ཀྱི་སྤྱི་འཐུས་འདི་དག་འཁྱེར་ཡོང་བ་ཡིན། ཉིན་ཤས་ལས་མ་འགྱངས་བར་ཆོལ་ཁའི་སྤྱི་འཐུས་དེ་ཚོར་ཡང་བགྲོ་གླེང་བྱས་ན་ཡག་པོ་འདུག་དྲན་བཞིན་ཡོད།
༢༽ བཀའ་བློན་ཁྲི་པར་ལངས་མཁན་མང་ཆེ་བར། འཆར་གཞི་བསྟན་རྒྱུ་མེད་པ་ནང་བཞིན། སྤྱི་འཐུས་ཚོ་ལའང་དེ་བས་ཡོད་མ་རེད། སྤྱི་འཐུས་སྐབས་བདུན་པའི་སྐབས་ལ། སྤྱི་འཐུས་ཤིག་གིས་ང་སྤྱི་འཐུས་ལ་བདམས་ན་འདི་དང་འདི་བྱེད་ཀི་ཡིན་ཞེས་ཁས་ལེན་བྱས་པ་བྱུང་འདུག འོན་ཀྱང་ཁས་ལེན་དེ་ཚོ་མང་ཆེ་བ་ལག་ལེན་དུ་འཁེལ་ཐུབ་པ་དེ་འདྲ་རེད་མི་འདུག གང་ལྟར་ད་ཕན་སྤྱི་འཐུས་ཚོས། ང་སྤྱི་འཐུས་སུ་བདམས་ན། འདི་དང་འདི་་བྱེད་ཀི་ཡིན་ཞེས་ཁས་བླངས་པ་ཡོད་མ་རེད། ང་ཚོས་ཁོང་ཚོ་ལ་ཡིད་ཆེས་བྱས་ཏེ་བསྐོས་བཞག་པ་རེད། སྤྱི་འཐུས་སུ་སླེབས་རྗེས་སུའང་། སོ་སོས་བདམས་པའི་སྤྱི་འཐུས་ཀྱིས་ག་རེ་ག་རེ་བྱེད་ཀི་ཡོད་མེད་ལ་དོ་སྣང་བྱེད་ཀི་ཡོད་མ་རེད། རྙོག་དྲ་ཆེན་པོ་ཞིག་བཟོས་རྗེས་གཞི་ནས་ཧང་སངས་སངས་བྱེད་བཞིན་ཡོད་རེད། འོན་ཀྱང་རྙོག་གླེང་བཟོ་མཁན་མང་བོ་ཞིག།གཞན་སྡེས་བལྟས་ན། ཕུང་ཁྲོལ་ཀུན་གྱི་གཞི་རུ་མཐོང་ཡང་། རང་སྡེས་དཔའ་བོ་ལ་བརྩི་བཞིན་ཡོད། དཔེར་ན། མདོ་སྨད་ཀྱི་བསྟན་འཛིན་མགོན་པོས་རྒྱུ་མཚན་ཡོད་དང་མེད་ཀྱི་རྙོག་དྲ་མང་བོ་ཇི་ཙམ་བཟོས་ཀྱང་མདོ་སྨད་པ་ཚོས་ཁོ་སྤྱི་འཐུས་སུ་འདེམས་བཞིན་ཡོད། མདོ་སྟོད་ཀྱི་བསོད་ནམས་སྟོབས་རྒྱལ་ཡང་དེ་བཞིན་རེད། དབུས་གཙང་གི་ཀརྨ་ཆོས་འཕེལ་ཡང་དེ་བཞིན་རེད། འདིས་ཅི་མཚོན་པ་རེད། ཚང་མས་བསམས་དགོས་བ་ཞིག་རེད།
༣༽ ཆོས་རྒྱུད་ཀྱི་སྤྱི་འཐུས་ཟེར་དུས། ཆོས་རྒྱུད་དེ་དང་དེའི་བཟང་པོའི་ཡོན་ཏན་གྱི་ཆ་ཞིག་ནི་ངེས་པར་དུ་མཚོན་དགོས། དེ་ཡང་། ཆོས་སྤྱི་དང་བྱེ་བྲག་ནང་ཆོས་ཟེར་དུས། སེམས་རྒྱུད་ཞི་ཞིང་དུལ་བ་ཞིག་གི་རྣམ་པ་ཤར་ཡོང་གི་ཡོད་རེད། དེ་ཡིན་དུས། ཆོས་རྒྱུད་སྤྱི་འཐུས་རྣམ་པར། ནང་དུ་ལུང་དང་རྟོགས་པའི་ཡོན་ཏན་ཇི་ཙམ་ཡོད་མེད་སུས་ཀྱང་བརྗོད་དཀའ་ཡང་། གྲོས་ཚོགས་ནང་བཀའ་མོལ་གནང་སྐབས། ཀུན་སྤྱོད་ཞི་ཞིང་དུལ་ལ་བཀའ་མོལ་རྣམས། རྒྱུ་མཚན་དཔང་པོར་བཞག་སྟེ་དྲང་པོར་བརྗོད་དགོས་པ་ལས། ཁ་ངན་ཚིག་ངན་གྱི་ཐོ་ཅོ་ཧ་ཅང་ཆེན་པོ་དང་། ལག་པ་ཤུགས་ཆེན་གཡུག་པ། སྐེད་གཟེར་གྱིས་འགྱིངས་པ་ལྟ་བུ་ནི། བདག་རང་གི་ལྟ་སྟངས་བྱས་ན། ཤཀྱ་ཐུབ་པ་དང་གཡུང་དྲུང་གཤེན་རབ་གཉིས་ཀའི་བསྟན་པ་གཉིས་ཀའི་ཞབས་འདྲེན་ལས་ཞབས་འདེགས་སུ་གཏན་ནས་མི་འགྲོ་སྙམ།
ཤཀྱ་ཐུབ་པ་དང་གཡུང་དྲུང་གཤེན་རབ་གཉིས་ཀའི་བསྟན་པའི་ཞབས་འདྲེན་ལས་ཞབས་འདེགས་སུ་གཏན་ནས་མི་འགྲོ་སྙམ། ཞེས་བཅོས་རོགས།
༤༽ ང་རང་གི་རེ་བ་ལྟར་ན། ཆོལ་ཁའི་སྤྱི་འཐུས་རྣམས་ཆོལ་ཁའི་ཕྱོགས་རིས་ཆགས་སྡང་གི་དབང་དུ་འགྲོ་བའི་ཉེན་དང་གོ་སྐབས་ཧ་ཅང་མང་བས། དེ་འདྲའི་སྐབས་སུ་ཆོས་ལུགས་ཀྱི་སྤྱི་འཐུས་ཚོས་རིས་མེད་དང་རྒྱུ་མཚན་དཔང་བཞག་གནང་ན། སྤྱི་ཚོགས་ཧྲིལ་བོ་ཕྱོགས་ལྷུང་དུ་འགྲོ་བ་ལས་སྐྱོབས་ཐུབ་པའི་ནུས་པ་ལྡན་སྙམ།
༥༽ གོང་དུ་མཆན་འབྲི་མཁན་ཚོས། སྔ་ལོ་གྲོས་ཚོགས་འཐོར་སྐབས། ཁམས་པ་ཚང་མས་ཕྱོགས་གཅིག་བྱས་པ་འདྲ་བོ་ཞིག་བཤད་འདུག ཞིབ་པར་གཟིགས་ན། མདོ་སྟོད་སྤྱི་འཐུས་ནང་ནས་རྒྱ་རི་སྒྲོལ་མ་དང་ཆོས་སྐྱོང་དབང་ཕྱུག དབུ་དཀར་ཚང་གཡུ་སྒྲོན་སོགས་ཀྱིས་གྲོས་ཚོགས་ནས་ལངས་ཏེ་ཕྱི་ལ་སོང་མེད། གལ་ཏེ་སྐབས་དེར་ཆོས་རྒྱུད་སྤྱི་འཐུས་རྣམ་པས་ཆོས་ལུགས་སྤྱི་འཐུས་དང་བོད་གངས་ཅན་གྱི་སྤྱི་མིའི་གོ་ས་ལ་བཞུགས་ཡོད་ཚེ། དགྲ་དགའ་གཉེན་སྡུག་གི་གནས་ཚུལ་ཐབས་རྡུགས་དེ་རྩ་བ་ནས་ཡོང་མི་ཤེས་པ་ཞིག་རེད། ཞིབ་ཏུ་བསམ་ན། སྐབས་དེའི་ཆོས་ལུགས་སྤྱི་འཐུས་ཁ་ཤས་ཀྱི་གནང་སྟངས་དེ། ཆོལ་ཁའི་སྤྱི་འཐུས་མང་པོ་ཞིག་ལས་ཧ་ཅང་གིས་ཞན་པ་བྱུང་ཡོད།
༦༽ དྲྭ་རོགས་ཁ་ཤས་ཀྱིས། དམངས་གཙོའི་རྒྱལ་ཁབ་གཞན་དག་གི་གྲོས་ཚོགས་ནང་། རྩོད་གླེང་རྣོ་ངར་ཅན་བྱུང་བ་དང་ཐ་ན་གཞུ་རེས་ཀྱང་བྱུང་བ་དེ་ཚོ་དཔེར་དྲངས་ཏེ། ང་ཚོའི་གྲོས་ཚོགས་འཐོར་བ་དེ་ཧ་ལམ་རྒྱུན་ལྡན་གྱི་གནས་ཚུལ་ཡིན་པ་འདྲ་བོ་ཞིག་བཤད་འདུག དེང་སྐབས་སྤྱི་འཐུས་ལ་ལས་ཀྱང་དེ་བཞིན་དུ་བརྗོད་ཀི་འདུག འོན་ཀྱང་ངས་བལྟས་ན། བཤད་སྟངས་འདི་ཚོ་ནི། ཞྭ་དཔེ་ལྷམ་འགེབས་བྱས་པ་རང་རེད། དང་པོ། རྒྱལ་ཁབ་གཞན་དང་ང་ཚོའི་གནས་སྟངས་བསྡུར་ས་མེད། ལྷག་པར་དུ་ ༢༠༠༨ ལོའི་བོད་གཞིས་བྱེས་གཉིས་ཀི་གནས་སྟངས་དེ་བསྡུར་ས་མེད། ལོ་རྒྱུས་ཐོག་ནམ་ཡང་བྱུང་མྱོང་མེད་པའི་ས་བྱི་ཞི་རྒོལ་ཆེན་མོ་བྱུང་སྟེ། བོད་ཆོལ་ཁ་གསུམ་དང་གཞིས་བྱེས་གཉིས་རྡོག་རྩ་གཅིག་སྒྲིལ་ཡིན་པ་འཛམ་བུ་གླིང་ལ་བསྟན་ཚར་མ་ཐག་དེར། ཁྱོད་ལ་དགོས་ན་གཡའ་ཟེར་བ་ལྟར། གྲོས་ཚོགས་ཀྱིས་ཞབས་འདྲེན་དེ་འདྲ་ཞིག་ཞུས་བ་རེད། ལུང་པ་གཞན་ལ་ཡིན་ན། ནམ་རྒྱུན་མི་འཆམ་པ་ཞིག་ཡིན་ནའང་། ས་བྱི་ལོ་ལྟ་བུའི་ཛ་དྲག་གི་སྐབས་སུ་ཚང་མ་གཅིག་ལ་བསྒྲིལ་ཡོང་གི་རེད། གཉིས་ནས། འཛམ་བུ་གླིང་གི་གྲོས་ཚོགས་གང་ན། གང་ཟག་གཅིག་གི་གནམ་གྲུའི་གླ་ཆའི་དོན་དུ་གྲོས་ཚོགས་འཐོར་བའི་ལོ་རྒྱུས་འདུག རང་རེའི་སྤྱི་ཚོགས་ནང་དངོས་སུ་གནས་པའི་རྩོད་གཞི་ཆེན་པོ་རང་བཙན་དང་དབུ་མའི་ལམ་ལྟ་བུའི་ཆེད་དུ་རྙོག་དྲ་ལངས་ནས་གྲོས་ཚོགས་འཐོར་ན། གཞན་གྱི་ངོ་ན་འཐོར་རིན་ཡོད་པའི་བྱ་བ་ཆེན་པོ་ཞིག་རེད། ད་དོན་ཆུང་མི་གཅིག་གི་གནམ་གླའི་ཆེད་དུ་གྲོས་ཚོགས་འཐོར་བ་དང་དེ་ཡང་རྒྱུན་ལྡན་ཡིན་པ། དམངས་གཙོའི་ཁྱད་ཆོས་སུ་བགྲང་ན། ངས་བལྟས་ན་ནོར་འཁྲུལ་ཆེན་པོ་རེད། གསུམ་ནས། སྤྱི་ཚོགས་ཀྱི་ནང་མང་ཚོགས་ཁྲོད་དུ་དེ་འདྲའི་འགལ་བ་ཛ་དྲག་ཡོད་ན་གྲོས་ཚོགས་ནང་འགལ་བ་དེ་འདྲ་ཞིག་སླེབས་པར་གནད་འགག་དེ་ཙམ་མེད། སྤྱི་ཚོགས་ཀྱི་འགལ་བ་དེ་གྲོས་ཚོགས་ནང་གཙང་མ་བཟོ་ཐབས་བྱེད་དགོས་པ་དེ་འགྲོ་སྟངས་རེད། ཡིན་ནའང་། སྤྱི་ཚོགས་ནང་ང་ཚོ་ཆོལ་གསུམ་མི་དམངས་དམ་ཚིག་འོ་ཆུ་བཞིན་དུ་འདྲེས་ནས་ཡོད་པའི་སྐབས་ལ། སྤྱི་འཐུས་རྣམ་པ་སྤྱི་དང་བྱེ་བྲག་སངས་རྒྱས་ཀྱི་ན་བཟའ་བཞེས་པའི་དགེ་འདུན་པ་རྣམ་པས། རྙོག་དྲ་དེ་འདྲ་ཞིག་བསླངས། དགྲ་དགའ་གཉེན་སྡུག་གི་ཞབས་འདྲེན་དེ་འདྲ་ཞིག་ཞུས་ཡོང་དུས། ད་དུང་ང་ཚོས་འདི་དམངས་གཙོའི་ཁྱད་ཆོས་རེད་ཟེར་ན། ལྷ་ཁང་མེས་འཚིག་ཀྱང་འཛུམ་ཤིག་ཤིག ཞལ་ཟས་ཁྱིས་ཟོས་ཀྱང་དགོད་འཚེར་འཚེར་ཟེར་བ་དེ་ཆགས་པ་རེད། དོན་དུ། འདི་ལ་མགོ་རུལ་བ་རྣ་བས་མ་ཚོར་བ་ཟེར་བ་རེད། ངན་བྱས་ངོ་ལ་འཁྱེར་བ་ཟེར་བ་རེད།
༧༽ འོན་ཀྱང་། ངས་འདི་ལྟར་བཤད་དུས། གྲོས་ཚོགས་ནང་རྩོད་གླེང་བྱས་མི་ཆོག་ཟེར་བ་མིན། རྩོད་གླེང་ལོས་བྱེད་དགོས། འོན་ཀྱང་ཆུང་ངུའི་དོན་དུ་ཆེན་པོ་བློས་གཏོང་བ་འདི་ཡག་པོ་མ་རེད་ཟེར་བ་ཡིན། ཐུགས་རྗེ་ཆེ།
ཨ་རོགས། ཁང་གསར། དུས་ཚོད་མེད་ཟེར་ཀྱིན་ཟེར་ཀྱིན་ལ་མཆན་རིང་བོ་ཀློག་མི་ཚར་བ་ཞིག་བྲིས་འདུག་ག འོན་ཀྱང་རྒྱུ་མཚན་ཡག་པོ་དང་གསལ་པོ་འདུག མངོན་པར་བསྟོད།
ད་དངོས་གནས་དུས་ཚོད་མེད། གཅིག་འགྲོ་དགོས་ཐུག་སོང་། དྲྭ་རོགས་ཚོས་བགྲོ་གླེང་ལྷུག་པོ་གནང་རོགས། རྗེས་སུ་ཁོམ་པ་བྱུང་བ་དང་ཡོང་གི་ཡིན། ཆོས་རྒྱུད་སྤྱི་འཐུས་དགོས་དང་མི་དགོས་དེ་ཞེ་དྲག་མ་གླེང་ན་ལེགས་སྙམ། ད་ལྟ་ཁ་ཚ་དགོས་ཐུག་ ཆོས་རྒྱུད་སྤྱི་འཐུས་ཀྱི་དམིགས་བསལ་ལས་འགན་དང་ཁྱད་ཆོས། ད་ཡོད་ཆོས་རྒྱུད་སྤྱི་འཐུད་ཀྱི་སྐྱོན་ཆ་དང་ལེགས་ཆ་དེ་ཚོ་གླེང་ཐུབ་ན་ཡག་པོ་འདུག
གོང་གི་གྲྭ་ཆས་གྱོན་མཁན་དག་ལ་མངོན་པར་མ་བསྟོད་ན་དེ་དག་ནི། རང་གི་འདོད་ཐོག་ལ་མ་སོང་ན། གྲོས་ཚོགས་མཇུག་སྐྱོང་མི་ཐུབ་པར་བྱེད་མཁན་གྱི། གསར་བཏོད་པ་སྐྱབས་ཡུལ་དགེ་འདུན་གྱི་སྡེ་ཡིན་སྟབས་བོད་མི་སྤྱིའི་བསོད་ནམས་ལ་གནོད་ངེས་རེད། དེ་ཕྱིར་ངས་ཁོང་རྣམ་པ་ལ་རྗེས་སུ་ཡི་རིང་དང་། ཁྱེད་ཅག་སྤྱི་འཐུས་ནམ་ཡིན་གྱི་བར་དུ་གྲོས་ཚོགས་ཀྱི་ལས་དོན་མཐའ་དག་ལམ་ལ་འགྲོ་རུ་མི་འཇུག་པའི་གསོལ་བ་གྲངས་མེད་འདེབས་པ་དང་ལྷན། མནབ་བཟའ་དང་མི་འཚམས་པའི་གཤིས་ཀ་དེ་རིགས་མཐུན་མཐའ་དག་ལ་འབྱར་བར་ཤོག་ཅེས་སྐྱབས་འཇུག་ཞུ་གི་ཡོད།
ཀ་ཡེ་ཕྱི་རྒྱལ་ཁག་གི་བོད་མི་ཚོ།།
ཁ་ལ་བདག་པོ་ཅུང་ཟད་མི་བརྒྱག་པར།།
ག་དུས་ཡིན་ན་རྙོག་དྲ་རྐྱང་ཤོད་པ།།
ང་ཚོ་བོད་མིའི་གཤིས་འདི་སྡུག་པ་ལ།།
ཅ་དག་མེད་པའི་ཡིག་རྫུན་ལ་བརྟེན་ནས།།
ཆ་མེད་ནུབ་ཕྱོགས་ཀུན་ཏུ་སྐྱབས་བཅོལ་ཏེ།།
ཇ་ཆང་ལྟོ་གོས་འགྲིག་ཙམ་བྱུང་བ་དང་།།
ཉ་ཉོག་གཏམ་ངན་བཤད་རྒྱུར་འགྲན་དོན་ཅི།།
ཏྰ་ལའི་བླ་མ་དགོངས་གྲངས་བདུན་ཅུ་རེད།།
ཐ་ཤལ་རྒྱ་མིས་བོད་ལ་ཐུབ་ཚོད་བཏང་།།
ད་ནི་ནང་འཁྲུགས་བརྒྱག་ཚོད་མ་རེད་གདའ།།
ན་ནིང་སྤྱི་འཐུས་འགའ་རེའི་སྤྱོད་པར་ལྟོས།།
པ་མགོ་འདི་ཚོར་རེ་བ་མི་འདུག་ཀྱང་།།
ཕ་རོལ་རྒྱ་དམར་གཞུང་ལའང་ངོ་རེ་ཚ།།
བ་གླང་ལྟ་བུའི་སྤྱི་འཐུས་ཁྲེལ་མེད་ཚོས།།
མ་རབས་རྐྱང་རྐྱང་བཤད་ནས་བསྡད་འདུག་གདའ།།
ཙ་རི་མདོ་སྟོད་མདོ་སྨད་ལ་སོགས་པ།།
ཚ་ཚ་ནང་རྩོད་བརྒྱབ་ནས་མི་འདུག་པར།།
ཛ་དྲག་དཀའ་སྡུག་ཅན་གྱི་དུས་ཚོད་འདིར།།
ཝ་སྤྱང་ངན་པའི་རིགས་ལ་དབང་མ་བསྐུར།།
ཞ་ལོང་ལྟ་བུའི་སྤྱི་འཐུས་ནུས་མེད་ཚོས།།
ཟ་ཉལ་གཏོང་གསུམ་ཙམ་ལས་མི་འཇོན་པས།།
འ་ཅག་བོད་མིའི་ནུས་པ་འདོན་རན་རེད།།
ཡ་རབས་ཕོ་རྒོད་ཡོད་ན་འཇོན་རན་རེད།།
ར་རྫི་ལུག་རྫི་ལྟ་བུའི་སྤྱི་འཐུས་ཚོས།།
ལ་ལུང་ཀུན་ཏུ་དཀྲུགས་ཤིང་བརྒྱག་པ་ལས།།
ཤ་ཚ་ལྡན་པའི་སྤྱི་མི་མི་ཡོང་བས།།
ས་ཕྱོགས་ཀུན་ཀྱི་བོད་མིས་གཟབ་གཟབ་བྱོས།།
ཧ་ཧ་རྩེད་མོའི་ཆེད་དུ་བྲིས་པ་མིན།།
ཨ་མའི་བུ་ཚོའི་སེམས་ལ་ཉར་རོགས་གྱིས།།
དུས་ཚོད་མེད་པས་ལྷུག་འབྲི་མ་ཐུབ་པར་དགོངས་དག་ཞུ། ཉུང་མཐར་བདུན་གཅིག་གཉིས་ཤིག་ལ་དྲ་ཐོག་ཏུ་ཡོང་ལོང་མེད། དེ་བར་ཚེ་རིང་། བཞུགས་གོ།།
གྲྭ་བ་ཆབ་སྲིད་དུ་ལོང་ལོས་ཆོག་ཀྱང་། གྲྭ་ཆས་གྱོན་ནས་ཆབ་སྲིད་པ་ཞིག་བྱེད་རྒྱུ་འདི་ནི། སངས་རྒྱས་བསྟན་པའི་ཞབས་འདྲེན་འགྲོ་དང་མི་འགྲོ་ཐེ་ཚོམ་རེད། སྔོན་གྱི་དུས་དང་ད་ལྟའི་དུས་ཐ་དད་རེད། སྔོན་བོད་ནི་ལུང་ཁུག་རེད། གང་བྱས་ན་ཆོག་པ་ལྟ་བུ་རེད། ཆོས་ལུགས་དང་ཆོལ་ཁའི་ཆབ་སྲིད་པ་སུ་ཡིན་རུང་། གྲྭ་སྐྱ་སེར་སུ་ཡིན་ནའང་རུང་། གྲོས་ཚོགས་སུ་སྒྲིགས་ཆས་གཅིག་མཚུང་གྱོན་རྒྱུ་བྱུང་ན། ཤིན་ཏུ་ལེགས
ཀ་ཡེ་ཕྱི་རྒྱལ་ཁག་གི་བོད་མི་ཚོ།།
ཁ་ལ་བདག་པོ་ཅུང་ཟད་མི་བརྒྱག་པར།།
ག་དུས་ཡིན་ན་རྙོག་དྲ་རྐྱང་ཤོད་པ།།
ང་ཚོ་བོད་མིའི་གཤིས་འདི་སྡུག་པ་ལ།།
ཅ་དག་མེད་པའི་ཡིག་རྫུན་ལ་བརྟེན་ནས།།
ཆ་མེད་ནུབ་ཕྱོགས་ཀུན་ཏུ་སྐྱབས་བཅོལ་ཏེ།།
ཇ་ཆང་ལྟོ་གོས་འགྲིག་ཙམ་བྱུང་བ་དང་།།
ཉ་ཉོག་གཏམ་ངན་བཤད་རྒྱུར་ཞེད་སྣང་མེད།།
ཏྰ་ལའི་བླ་མ་དགོངས་གྲངས་བདུན་ཅུ་རེད།།
ཐ་ཤལ་རྒྱ་མིས་བོད་ལ་ཐུབ་ཚོད་བཏང་།།
ད་ནི་ནང་འཁྲུགས་བརྒྱག་ཚོད་མ་རེད་གདའ།།
ན་ནིང་སྤྱི་འཐུས་འགའ་རེའི་སྤྱོད་པར་ལྟོས།།
པ་མགོ་འདི་ཚོར་རེ་བ་མི་འདུག་ཀྱང་།།
ཕ་རོལ་རྒྱ་དམར་གཞུང་ལའང་ངོ་རེ་ཚ།།
བ་གླང་ལྟ་བུའི་སྤྱི་འཐུས་ཁྲེལ་མེད་ཚོས།།
མ་རབས་རྐྱང་རྐྱང་བཤད་ནས་བསྡད་འདུག་གདའ།།
ཙ་རི་མདོ་སྟོད་མདོ་སྨད་ལ་སོགས་པ།།
ཚ་ཚ་ནང་རྩོད་བརྒྱབ་ནས་མི་འདུག་པར།།
ཛ་དྲག་དཀའ་སྡུག་ཅན་གྱི་དུས་ཚོད་འདིར།།
ཝ་སྤྱང་ངན་པའི་རིགས་ལ་དབང་མ་བསྐུར།།
ཞ་ལོང་ལྟ་བུའི་སྤྱི་འཐུས་ནུས་མེད་ཚོས།།
ཟ་ཉལ་གཏོང་གསུམ་ཙམ་ལས་མི་འཇོན་པས།།
འ་ཅག་བོད་མིའི་ནུས་པ་འདོན་རན་རེད།།
ཡ་རབས་ཕོ་རྒོད་ཡོད་ན་འཇོན་རན་རེད།།
ར་རྫི་ལུག་རྫི་ལྟ་བུའི་སྤྱི་འཐུས་ཚོས།།
ལ་ལུང་ཀུན་ཏུ་དཀྲུགས་ཤིང་བརྒྱག་པ་ལས།།
ཤ་ཚ་ལྡན་པའི་སྤྱི་མི་མི་ཡོང་བས།།
ས་ཕྱོགས་ཀུན་ཀྱི་བོད་མིས་གཟབ་གཟབ་བྱོས།།
ཧ་ཧ་རྩེད་མོའི་ཆེད་དུ་བྲིས་པ་མིན།།
ཨ་མའི་བུ་ཚོའི་སེམས་ལ་ཉར་རོགས་གྱིས།།
བགྲོ་གླེང་ལྷུགས་པོ་བྱུང་འདུག ད་ལྟའི་ཆོས་རྒྱུད་སྤྱི་མཐུས་འདིས་དཀྲུགས་རབས་དང་གཡོས་རབས། ཁོས་ཕུང་རབས་དང་དཀྲོགས་རབས་སོགས་བཤད་ན་དགོས་པ་ཆེར་མ་མཐོང་། ཕལ་ཆེར་ནི་ཁ་སྔོན་གྲོས་ཚོགས་མཇུག་སྡོམ་མ་ཐུབ་པའི་སྐབས་སོགས་སུ་མིག་གིས་མཐོང་བྱུང་བ་འདི་དག་རེད། སྤྱི་འཐུས་ལས་གནས་ནས་གཡུགས་གཞག་ན་སེར་སྣ་ཤོར་དགོས་པ་སུའང་མཐོང་མ་བྱུང་།
སྤྱིར་ན་ལས་ཀ་གང་བྱས་ཀྱང་དུས་ཚོད་རིང་དྲགས་ན་ལས་ཀ་ཉོབས་ཏོ་ཆགས་ནས་ཐུར་ཤོར་འགྲོ་རྒྱུ་ཉག་ཅིག་རེད། སྤྱི་འཐུས་རྣམ་པའི་ལས་ཡུན་རིང་ནའང་དེ་བཞིན་དུ་ལྡབ་ལྡིབ་དང་རབ་རིབ་ཆགས་འགྲོ་རྒྱུ་རེད། དེས་ན་ད་ལྟའི་སྤྱི་མཐུས་འདི་དག་ཡང་བསྐྱར་མི་དགོས་པར་གསར་པ་འགའ་ཞིག་ཆོས་རྒྱུད་སོ་སོ་ནས་རང་རང་ཆོས་རྒྱུད་ཀྱི་ངོ་ཚབས་ཡོང་ངེས་རེ་ངོ་སྤྲོད་བྱས་ན་མཇུག་ཏུ་དངོས་གཞི་འོས་བླུགས་སྐབས་ཕན་ཐོག་རེ་འབྱུང་རྒྱུ་རེད་སྙམ།
ཁང་གསར་རྡོ་རྗེ་ལགས། ངས་ཀྱང་ན་ཉིན་གྱི་གྲོས་ཚོགས་ནང་གི་རྙོགས་དྲ་དེ་ལ་དགའ་བསུ་ཞུས་མེད། ངས་བཤད་འདོད་པ་ནི་རྣ་བའི་ཐོས་པའི་ལྡིང་སྒྲ་དང་། མིག་གིས་མཐོང་བའི་རྔ་ཆུང་གཉིས་འཚམས་གི་མིན་འདུག་ཟེར་བ་འདི་རེད། མིག་བགྲད། ཁ་གདངས་ནས་ལྟ་དགོས་པའི་གནད་དོན་ཆེན་པོ་ཞིག་གཏན་ནས་མ་རེད། གྲོས་ཚོགས་འཐོར་འདུག་ཟེར། འདི་སྤྱི་འཐུས་ཚོར་ཐག་གཅོད་དེར་འདོད་པ་མེད་པ་ཡིན་ན་གྲོས་ཚོགས་ནས་ཕྱིར་འཐོན་ཏེ་གྲོས་གཞིར་མོས་མཐུན་མེད་པའི་རྣམ་པ་སྟོན་ཆེད་རེད། འདིས་གྲོས་ཚོགས་ལ་ངོ་རྒོལ་གཏན་ནས་མི་མཚོན་པ་མ་ཟད་རང་གི་ཐོབ་དབང་བེད་སྤྱོད་གཏོང་ས་དང་གཏོང་ཐུབ་པ་གསལ་པོར་མངོན་པ་བྱུང་ཡོད། ཆུང་ངུའི་ཆེད་དུ་ཆེན་པོ་མི་གཏོང་དགོས་ན་གྲོས་ཚོགས་གི་རྙོགས་དྲ་གཅིག་ལ་ཧ་ལམ་ལོ་གཉིས་ཙམ་རྫོགས་རྒྱུ་མེད་པ་ཅིག་ཅིག་མག་མག་མ་བཤད་དགོས།
དེ་ནས་རྣ་བ་ཀླགས་ཏེ་ཉོན་ཅིག ཆོས་རྒྱུད་སྤྱི་འཐུས་མེད་ན་གྲོས་ཚོགས་ནང་རྩོད་གླེང་སོགས་གང་ཡང་འབྱུང་གི་མེད་པའི་འགན་ཁུར་ཐུབ་མཁན་སུ་ཡོད། སྨོན་ལམ།། བསོད་ནམས་སྟོབས་རྒྱལ་སོགས་མེད་ན་ང་ཚོའི་གྲོས་ཚོགས་ནང་འདས་པའི་ལོ་ཤས་ནང་བྱུང་བའི་དཀའ་རྙོགས་རིགས་ལྟ་བུ་གཏན་ནས་མི་འབྱུང་ཞེས་འགན་ཁུར་མཁན་ཡོད་ན་ལག་པ་རྐྱོངས་དང་། ཆོས་བརྒྱུད་སྤྱི་འཐུས་ཚོ་མེད་པ་ངས་བཟོ་ཆོག
ཨ་ཙི་ཀུ་རེ་ཡིན། ཡང་ཚང་མ་ཀུ་རེ་མིན་ད།
མེ་ཏོག་ལགས། དགོངས་དག དྲང་མོ་བཤད་ན་ཁྱེད་ལ་ཆོས་རྒྱུད་ཀྱི་སྤྱི་འཐུས་ཀྱི་མེད་པ་བཟོ་པའི་ནུས་པ་གང་ཡང་མེད་ཅིང་། ཁྱེད་ཀྱིས་མོས་མཐུན་མེད་ན་མོས་མཐུན་མེད་མཁན་གྱི་མི་ཞིག་ཇེ་མང་ཆགས་པ་ལས་གཞན་གྱི་ནུས་པ་གང་ཡང་མེད་པས་གཞན་ལ་དགག་པ་རྒྱག་རྒྱུའི་ཆེད་དུ་སྐད་ཆ་དེ་ལྟར་བཤད་ན་དོན་ངོས་དང་མི་མཐུན་པས་མ་གསུངས་ན་ལེགས། འོན་ཀྱང་ཆོས་རྒྱུད་ཀྱི་སྤྱི་འཐུས་མེད་ན་སྙོགས་དྲ་མེད་པའི་འགན་འཁུར་མཁན་དཀའ་ཡང་སྙོགས་དྲ་ཉུང་དུ་འགྲོ་བ་ཐེ་ཚོམ་མེད་པ་ཞིག་རེད། འོན་ཀྱང་དགེ་འདུན་གྱི་སྤྱི་འཐུས་མེད་པ་ཡིན་ན་ལྡོག་ཕྱོགས་ཀྱི་གྲུབ་འབྲས་གང་ཞིག་བྱུང་མིན་སྐོར་བཤད་ཐུབ་ན་དགེ་མཚན་ལྡན་པ་སྣང་། དེས་བོད་ལ་ཕན་ཐོགས་པ་སྨོས་མེད་རེད། ལྡོག་ཕྱོགས་ཀྱི་འབྲས་བུ་ཞེས་བའི་དོན་ནི་དགེ་འདུན་གྱི་སྤྱི་འཐུས་སྟོང་ན་སྐྱོན་ཆ་ཅི་ཞིག་འབྱུང་བའི་སྐོར་བཤད་ཐུབ་ན་ལེགས་པ་སེམས།
དྲ་བདག་ལགས།
དགོངས་པ་བཞེས་རོགས།
གོང་གི་བོན་ནག་ཚང་ཟེར་བའི་མིང་འདི་བོན་པོ་ཚོ་ལ་བརྙས་བཅོས་ཤིག་མིན་ན། ང་དང་ངའི་གྲོགས་པོ་ཚོས་མིང་ཁ་ཤས་བེད་སྤྱོད་རྒྱག་འདོད་ཡོད་པའང་རྗེས་སུ་དཀྲུག་ཤིང་དུ་མ་དགོངས་ཤིག ཀུན་སློང་ངན་པ་བཟུང་ཞིང་རྐང་བཙུགས་ནས་བོན་ལ་གཟས་ཏེ་པའི་མིང་འདིར་ངོས་ལེན་ཡོད་ན་ང་ཚོར་འདི་འདྲ་བའི་མིང་མང་པོ་གྲ་སྒྲིག་ཡོད། རེ་བ་ཡིན། བསམ་ཤེས་ཤིག་ཡོད་ན།
ཨ་ནུ་ཐང་།
ངས་མཆན་བུའི་ཡིག་མཐའ་མ་ན་གང་བྲིས་འདུག་དེར་གཅིག་གཟིགས།
དེ་ནས་ཆོས་བརྒྱུད་ཀྱི་སྤྱི་འཐུས་མེད་ན་རྙོགས་དྲ་ཆུང་དུ་འགྲོ་བའི་ཁས་ལེན་ཁྱེད་ཀྱིས་བྱེད་ཐུབ་བམ།
ཁ་བདེ་པོ་ཙམ་བཤད་པ་རེད།
ཚིག་རྩུབ་ཙམ་རེད་སོང་། དགོངས་དག
ཆོས་དང་སྲིད་གཉིས་ངོ་བོ་ཐ་དད་ཡིན་པས་ན། ཆོས་པས་སྲིད་ལ་ཐེ་བྱུས་མ་བྱས་ན་ལེགས། ཡུལ་གྱི་ནང་ཆོས་པ་ཡོད་བ་ཨ་རི་དང་རྒྱ་གར་སོགས་མཚུངས་ཀྱང་། རྒྱ་གར་དང་ཨ་རིའི་གྲོས་ཚོགས་ན། ཧིན་དུའི་ཆོས་ཀྱི་གྲུབ་མཐའ་ཁག་དང་ཡི་ཤུའི་གྲུབ་མཐའ་སོགས་ཀྱི་སྤྱི་འཐུས་མེད་པ་འདི་ལ་བསམ་འོས་པ་ཞིག་རེད།
ཆོས་ལུགས་སྤྱི་འཐུས་རྣམས་ཀུན་སྤྱོད་ཞི་ཞིང་དུལ་བ་ཞིག་དགོས་བ་དེ་ལ་འཐད་པ་ཡོད།
ཆོས་བརྒྱུད་སྤྱི་འཐུས་ཟེར་བ་དེ་མདོར་བསྡུས་ན་བོད་མི་རིགས་ཕོངས་ལ་སྦྱོར་བྱེད་ཀྱི་སྡོམ་ཐག་རེད། ད་བར་དུ་དད་པ་དང་དུངས་ཞེན་གྱིས་བཟི་བའི་མི་རིགས་འདི། ལྷ་སྲས་ཨུ་དུམ་བཙན་སྐུ་གྲོངས་པ་ནས་མར་ནས་མར་དུ་རྒུད་པའི་ལྟས་ངན་པ་ཐམས་ཅད་འདིས་དྲུད་འོང་བ་རེད། འདས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་ཡིན། ང་ནི་གོང་གི་ཆོས་འཐུས་འདི་དག་ལས་གཅིག་ལའང་འདོད་པ་མེད།
ངས་ཀྱང་འདི་ལྟར་གླེང་ན་འདོད། ཆོས་རྒྱུད་སྤྱི་འཐུས་དག་གིས་ཆོས་མཐུན་གྱི་རྣམ་འགྱུར་ཙམ་ཡང་སྟོན་མི་ཐུབ་ཀྱང་། གྲྭ་ཆས་གྱོན་མཁན་དེ་དག་ནི་ཁོངས་སོ་སོའི་ནང་ནས་དྲག་འདེམས་བྱས་པའི་དགེ་འདུན་པ་སྤྱིའི་སྐུ་མ་གསུང་འཚབ་ཀྱང་ཡིན་པས། རྒྱུན་ལྡན་གྱི་རྣམ་འགྱུར་དེ་ཅིག་སྟོན་ཐུབ་ན་ཡང་འགྲིག་བསྡད་ཡོད་པ་རེད། སྟེགས་བུ་དེ་འདྲ་ཞིག་གི་ཐོག་ནས་རང་གཤིས་ངོ་མ་དེ་སྟོན་དགོས་པའི་རྒྱུ་མཚན་ཡོད་དམ། ཕ་བཟང་མ་བཟང་གི་རྒྱུ་མཚན་ནི་དེ་བས་ཀྱང་བགྲང་དགོས་པ་ཞིག་མིན། དེ་ནི་སྤྱི་དོན་གླེང་སའི་གྲོགས་ཚོགས་རྭ་བ་ཞིག་ཡིན།
མེ་ཏོག་དཀར་པོ་ལགས། སྤྱིར་བཏང་དམངས་གཙོའི་སྤྱི་ཚོགས་ནང་ལྟ་བ་མི་མཐུན་པ་དང་བསམ་ཚུལ་མི་མཐུན་པ་ཡོང་གི་རེད། ཡོང་དགོས་པ་རེད། ཡིན་ནའི་རྒྱུ་མཚན་བགྲང་སྟེ་མི་མཐུན་པ་དེ་ཚོ་སྦྱང་བཤད་བྱེད་དགོས། དེ་ནས་རྒྱུ་མཚན་གང་དུ་ཆེ་ན། དེ་ལ་མོས་ཤོག་འཕེན་དགོས། དམངས་གཙོ་ཟེར་ན་དེ་འདྲ་རེད་མ་གཏོགས། མོས་མཐུན་མེད་པ་དང་ཕྱི་ལ་ཐོན་འགྲོ་རྒྱུ་དེ་དམངས་གཙོ་མ་རེད། ལྷག་པར་རང་གི་ཕྱོགས་གཏོགས་རྣམས་ཤོར་ཉེན་ཡོད་བ་མཐོང་དུས། ཕྱི་ལ་ཐོན་ཏེ་གྲོས་ཚོགས་གཏོང་བ་དེ་ཉུང་གཙོ་རེད་མ་གཏོགས་དམངས་གཙོ་མ་རེད།
ཅི་རེད། ངའི་མཆན་དེ་ཚོར་དག་མཆན་ཐོབ་རྒྱུར་སྒུག་ཡོད་ཟེར།
རྒྱུ་མཚན་གྱི་ཆ་ནས་ཤོར་བའི་རྟགས་སུ། དེའི་རྗེས་ཀྱི་གྲོས་ཚོགས་ནང་། རྒྱ་གར་ནང་ནས་འདེམས་ཐོན་སྤྱི་འཐུས་ཤིག་ཕྱི་རྒྱལ་ལ་སོང་ན། གནམ་གླ་སྤྲོད་རྒྱུ་མིན་པའི་ཐག་གཅོད་དུས་ཁ་ཁར་བསྡད་མ་སོང་ངམ།
ཡང་དགེ་ལུགས་པས་ཤུགས་རྒྱག་གི་འདུག་ག ཆོས་བརྒྱུད་སྤྱི་འཐུས་མེད་པར་བཏང་ནས་དགེ་ལུགས་པས་བཟུང་དགོས་བསམ་ཤག སྙིང་རྗེ་་་་དེའི་ཤུགས་ལ་དཀའ་ངལ་ཅི་འཕྲད་ཡོང་སེམས་ལ་མ་ཤར་བ་འདྲ། དང་པོ་དོལ་རྒྱལ་དེ་གཙང་སེལ་ཞིག་བྱོས། དེ་ནས་ཆོས་ལུགས་ཕན་ཚུན་དགོས་མི་དགོས་ཀྱི་རྙོག་ཁྲ་དེ་སློངས། དེའི་ནང་ནས་མདོ་སྨད་པ་ཚོས་་་་་་་་ སྤྱིར་བཏང་ཆོས་བརྒྱུད་སྤྱི་འཐུས་མི་དགོས། ཇོ་ནང་ལ་སྤྲད་ན་གནས་སྐབས་ཁ་བཙུམ་ནས་བསྡད་ཀྱི་ཡིན་ཟེར་མདོག་འདུག ཧ་ཧ།
མདོ་སྨད་པ་ཚོར་ཆོས་བརྒྱུད་སྤྱི་འཐུས་མི་དགོས། རྩོམ་གྱི་སྤྱི་འཐུས་དགོས། རྩོམ་རྒྱག་ཤེས་མཁན་ཞིག་ཡིན་ན། གྲོས་ཚོགས་སུ་ཁ་གཅིག་ཀྱང་མ་གྲགས་པར་ཁོ་རང་སྒེར་གྱི་རྩོམ་ཉོག་འདྲ་བྲིས་ནས་བསྡད་ན་ཐེ་ཇུས་མེད་པར་བལྟ།
ཤིང་ལ་འཛེར་ཅི་ཡང་མེད་པ་དང་། མི་ལ་སྐྱོན་གང་ཡང་མེད་པ་ནི་འཇིག་རྟེན་ན་ཡོད་རབས་མེད་པས་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལའང་དེ་ལས་འདའ་ག་ནས་ཐུབ། འོན་ཏེ་སྤྱི་འཐུས་གྲོས་ཚོགས་ཀྱི་དཀྱིལ་འཁོར་དེའི་ནང་དུ་ཆབ་སྲིད་ཀྱི་གོ་རྟོགས་གང་ལེགས་ཡོད་པ་དང་། སྐད་ཆའང་སྤུས་དག་བཤད་ཐུབ་ཀྱི་འདུག་པས་སྤྱི་འཐུས་ཚད་ལྡན་ཞིག་མཐོང་གི་ཡོད། གཞན་སྤྱི་འཐུས་ཉུང་དུ་བཏང་ན་སྤུས་ཚད་མཐོ་རུ་འགྲོ་བས་ཡག་པོ་ཡོང་སྲིད།
སྨོན་ལམ་མཐར་གྱི་ཆབ་སྲིད་གོ་རྟོགས་ཨེ། དབུ་མའི་ལམ་གྱི་གོ་རྟོགས་ནི་ཁོ་ལ་མི་འདུག རྟག་པར་དབུ་མའི་ལམ་ལ་ཁ་གཏད་གཅལ་འདུག་གི་རེད། རང་བཙན་ནི་ཁོས་རྩོད་ཀྱི་མི་འདུག ད་ཁོའི་གོ་རྟོགས་དེ་ཅི་རེད། ཁ་བདེ་བོ་བཤད་རྒྱུ་དེ་ཨེ་རེད།་སྐད་མཐོན་པོ་བཤད་རྒྱུ་དེ་ཨེ་རེད། འཇུ་ཆེན་གྱི་རྐུབ་ལ་རྒྱུག་རྒྱུ་དེ་རེད་དམ། ཇ་དུར་གྱི་གཡོག་པོ་བྱ་རྒྱུ་དེ་རེད། གསལ་བོ་གསལ་བོ་ཤོད་དང་།
མི་ན་ཚ་འདུག་ལབ་ཀྱིན་ལབ་ཀྱིན་སོ་སོའི་ཁོག་པར་ན་ཚ་ཡོད་མཁན་མང་པོས་རིག་གནས་གསར་བརྗེའི་སྐབས་ཀྱི་འཐབ་རྩོད་ནང་བཞིན་གྱི་སྐད་ཆ་བཤད་འདུག ཆོས་བརྒྱུད་སྤྱི་འཐུས་རྣམས་ཀྱི་རྐང་མཐིལ་ལ་ཟ་འཕྲུག་ལངས་ཡོད་ཀྱི་རེད།
ཚང་མས་བརྒྱ་བཤད་སྟོང་གླེང་བྱས་འདུག་ཀྱང་། གནས་ལུགས་ཀྱི་སྐད་ཆ་ཤོད་མཁན་ཁང་གསར་རྡོ་རྗེ་ཟེར་མཁན་འདི་རེད་འདུག མི་འདིས་ཧ་གོ་ནས་སྐད་ཆ་བཤད་ཀྱི་འདུག གཞན་རྣམས་ཀྱིས་ཟེར་སྒྲོས་ཐོས་སྒྲོས་ལ་འཐམ་ནས་ཁྱི་རྒན་ཟུག་ཟུག་བྱེད་ཀྱི་འདུག ད་དུང་གང་ཡང་མི་ཤེས་པའི་གངས་ལྷ་ཞེས་པ་འདི་ཚོས་སོ་སོའི་རང་ངོ་མ་ཤེས་པར་མི་ལ་མཛུབ་མོ་འཛུགས་རྒྱུ་འདི་ཚོ་གད་མོ་ཤོར་ཡག་རང་རེད།
ཆོས་བརྒྱུད་ཀྱི་སྤྱི་འདི་དག་ཚང་མའི་ནང་གི་རྩེ་ཕུད་དེ་བོན་པོ་སྨོན་ལམ་མཐར་ཕྱིན་ཞེས་པ་འདི་རེད། འདིས་ག་དུས་ཡིན་ཡང་ཡིད་གཟབ་བྱས་ནས། དོ་སྣང་བྱས་ནས། མགོ་ཚོས་པ་བྱས་ནས་སྐད་ཆ་བཤད་ཀྱི་རེད་ལ། གནད་འགག་ཅན་གྱི་སྤྱི་འཐུས་སྒེར་གྱི་གྲོས་ཆོད་བཞག་པ་ཡང་མང་པོ་མཐོང་མྱོང་། སྤྱི་འཐུས་ཟེར་དུས་འདི་འདྲ་དགོས་པ་རེད། གཞན་མ་གཏོགས་ཨ་ཅརྱ་ལ་སོགས་པ་ནང་བཞིན་གྲོས་ཚོགས་ནང་དུ་གཉིད་ཁུག་ནས་འདུག་གི་མ་རེད་ལ། བེ་རི་འཇིགས་མེད་ནང་བཞིན་སྙན་ངག་བྲིས་ནས་འདུག་གི་མ་རེད། མི་འདི་ནི་ལྗིད་ཁོག་ཡོད་མཁན་ཞིག་རེད།
ཆོས་བརྒྱུད་དགོས་དང་མི་དགོས་པ་ཞེས་པ་ནི། ངའི་ངོས་ནས་བཤད་ན་གལ་ཆེན་པོ་ཡིན་པར་བསམ་གྱི་ཡོད། རྒྱབ་ཁབ་གཞན་གྱི་མང་གཙོའི་འགྲོ་ལུགས་དང་མི་མཐུན་ཚུལ་བཤད་པ་ནི། སྐྱག་ལབ་རང་རེད། ང་ཚོ་ལ་དམིགས་བསལ་གྱི་འགྲོ་སྟངས་དགོས་ངེས་རེད་ལ། དམིགས་བསམ་མི་བྱེད་རང་བྱེད་ཀྱང་ཆགས་པ་མང་པོ་ཡོད་རེད། མ་གཏོགས་ང་ཚོ་ལྟ་བུའི་སྐྱག་ཤོར་ཚོས་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་ལས་དབང་ལ་བསྡོམས་ཚིག་འགོད་རྒྱུ་ཧམ་པ་ཆེ་དྲགས་པ་རེད།
མི་ལ་ན་ཚ་འདུག་ལབ་ཀྱིན་་་་་་་་་་
ཆོས་བརྒྱུད་སྤྱི་འཐུས་དགོས་དང་མི་དགོས་་་་་
དམིགས་བསལ་མི་བྱེད་རང་བྱེད་་་་་་་༼གོང་གི་དེ་ཚོ་ལྟར་བཅོས་རོགས༽
ཆོས་བརྒྱུད་ཀྱི་སྤྱི་འཐུས་འདི་དག་ཚང་མའི་ནས་་་་་་་ཞེས་བསྒྱུར་རོགས། དགོངས་དག མང་པོ་ནོར་འདུག
ལྷག་བསམ་ལགས། ད་རེས་ཆོས་འཐུས་མི་དགོས་ཟེར་ནས་ཤུགས་རྒྱག་འདུག་མཁན་དེ་དགེ་ལུགས་པ་མ་རེད། ཆོས་འཐུས་མི་དགོས་ཟེར་བ་ལ་གནད་དོན་གཅིག་ཡོད་རེད། གང་རེད་ཟེར་ན། ཆོས་འཐུས་མི་བཅུའི་ནང་ནས་ས་སྐྱ་སྤྱི་འཐུས་པདྨ་འབྱུང་གཅིག་པུ་མ་གཏོགས་ཚང་མ་ཁམས་པ་རེད། ས་འཐུས་པདྨ་འབྱུང་གནས་ཀྱང་ད་ལོ་དབུས་གཙང་སྤྱི་འཐུས་ནང་དུ་ལངས་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་ཚར་འདུག འོ་དེ་རེད། ཆོས་འཐུས་བཅུ་ག་ཁམས་པ་ཡིན་ན་དེ་བས་ད་ཆོས་འཐུས་མི་དགོས་ཟེར་ནས་བཤད་ཀི་རེད། གཞན་རྒྱུ་མཚན་མང་པོ་ཡོད་མ་རེད། ཆོས་འཐུས་མི་དགོས་ཟེར་མཁན་ཁོང་ཚོས་ཅིག་ཅིག་ཉིས་ཉིས་ཟེར་ནས་རྒྱུ་མཚན་མང་པོ་བགྲང་རྒྱུ་རེད་མོད་རྡོག་རྡོག་དེ་ག་རང་རེད། ད་རེས་དགེ་ལུགས་པ་རེད་ཟེར་རྒྱུ་མེད།
མདོ་སྟོད་སྤྱི་འཐུས་བཅུའི་ཐོག་ལ་ཆོས་འཐུས་བཅུ་བསྣན་ན་ཁམས་པའི་སྤྱི་འཐུས་ཉི་ཤུ་ཆགས་ཡོང་གི་རེད། ད་མ་འགྲིག་པ་རེད་ཡ། ལ་ལ་ཞིག་རྒྱུ་མཚན་དེ་ལ་བརྟེན་ནས་འཕག་འཚགས་རྒྱག་གི་ཡོད་རེད།
96 གངས་ལྷ་ལ། རྒྱ་གར་དང་ཨ་རི་སོགས་ཀྱི་གྲོས་ཚོགས་དཔེ་ལ་བཞག་པ་ལེགས་ཀྱང་འདིར་མི་མཚུངས་ས་ཞིག་ནི་ང་ཚོའི་གཞུང་ཆོས་སྲིད་གཉིས་ལྡན་གྱི་གཞུང་ཞིག་རེད། ཨ་རི་སོགས་ནི་རིས་མེད་ཀྱི་རྒྱལ་ཁབ་བམ་ཆོས་མེད་སྲིད་གཞུང་རེད། དམར་ཕྱོགས་དང་མི་འདྲ་བ་ནི་འཐུས་མི་སོགས་ཆོས་ལུགས་གང་ལ་དད་པ་བྱེད་དང་མ་བྱེད་རང་དབང་རེད། ཡིན་ནའང་གཞུང་གིས་ཆོས་ལུགས་ཀྱི་ཚབ་གཏན་ནས་མི་མཚོན་པ་རེད། རྒྱུ་མཚན་དེར་བརྟེན་ཆོས་བརྒྱུད་སྤྱི་འཐུས་ཞིག་གྲོས་ཚོགས་ནང་དགོས་པ་ཞིག་བྱུང་བ་རེད། འོན་ཐག་རིང་ཨ་རི་ཕ་ཡུལ་གཉིས་པ་རྒྱ་གར་ལས་གཞན་པ་གཅིག་ང་ཚོའི་དཔེ་ལྟ་ཡུལ་ཡོད་པ་སྟེ། འབྲུག་གི་གྲོས་ཚོགས་རེད། དེའི་ནང་གྲྭ་རྡོག་གཅིག་ཀྱང་མེད། སྤྱིར་འབྲུག་ཡུལ་ཆོས་སྲིད་གཉིས་ལྡན་གྱི་རྒྱལ་ཁབ་ཁས་ཆེ་ཞིང་། ཆོས་དང་ཆོས་པར་གུས་བཀུར་སོགས་གཞུང་དམངས་ཚང་མར་ཡོད་མོད། འོས་ཀྱི་སྐོར་ལ་གྲྭ་པ་འོས་གཞིར་ཕར་བཞག་འོས་ཀྱང་འཕེན་ཆོག་གི་ཡོད་མ་རེད། རྒྱུ་མཚན་ནི་ཁྱེད་རྣམ་པས་ཁ་ན་ན་་བཤད་པ་གྲྭ་པ་ལ་ཁ་གཏོང་དགོས་པ་དང་མ་དད་པ་ཡོང་བའི་ཉེན་ཁ་རེད། མདོར་ན་རྣམ་པ་ཇི་ལྟར་ཡང་ཀུན་སློང་བཟང་པོ་ཞིག་གིས་སྒྲིག་གཞི་དེ་འདྲ་གཏན་འབེབས་བྱས་པ་རེད།
འཐུས་བཞི་བཅུ་ལྷག་ཙམ་ལས་གྲུབ་པའི་འབྲུག་གི་གྲོས་ཚོགས་དང་ང་ཚོའི་གྲོས་ཚོགས་གཉིས་ལ་ཕྱོགས་མང་པོ་ནས་མཐུན་པའི་ཆ་ཡོད་པར་འདོད།
༩༩ ལྷག་བསམ་ནས་ལྷག་བསམ་ཡིན་མིན་མི་ཤེས་ཏེ། དོགས་པ་ཁོག་སློང་བྱས་འདུག
སྔ་མོ་སྔ་མོ་སྐྱེས་ནས་ཤི་བའི་ཆིག་སྒྲིལ་ཚོགས་པ་ཟེར་བ་ཞིག་གི་ལོ་རྒྱུས་སྐྱུར་མོ་ཞིག་གི་དྲན་གསོ་བྱས་བྱུང་།
ཐོག་མར་གསལ་བཤད་ཞིག་ཞུ་རྒྱུ་ཡོད། ཁོ་བོའི་སྨྱུག་མིང་ལྟ་བུ་ལ་གྱེར་ནག་ཚང་ཞེས་འབོད་བཞིན་ཡོད། དྲ་གྲོགས་ཕལ་ཆེར་ཞིག་གིས་མཁྱེན་མདོག་ཁ་བོ་རེད། གོང་གི་མཆན་ཨང་༩༡༽ བོན་ནག་ཚང། ཟེར་བའི་མིང་རྫུན་དེ་ཁོ་བོ་མིན་པ་ཚང་མས་དགོངས་འཇགས་ཞུ། མ་ཟད་ཁོ་བོས་ཁ་བརྡ་གཙོ་སྐྱོང་ཁང་ལ་སྙན་ཞུ་ཐེངས་གཉིས་ལ་ཞུས་ཟིན་པ་ཡིན། རྗེས་སུ་ཁོ་བོ་གྱེར་ནག་ཚང་ལ་འགན་སྤུ་རྩེ་ཙམ་ཡང་མེད་པར་གྱིས།
ཆུ་ཚོད་ཀྱིས་དབང་གིས་བསམ་འཆར་མང་པོ་ཞིག་ཞུ་ཁོམ་མེད་པས་གོང་གི་ལ་སྟོད་ཚང་དང་སྤོབས་པ་གཉིས་ཀྱི་དགོངས་འཆར་ལ་རྒྱབ་སྐྱོར་ཡོད། དྲ་གྲོགས་ཚང་མས་འགན་འཁུར་དང་ཤ་ཚ་བའི་དགོངས་འཆར་རེ་ཡོད་ན་ང་ཚོའི་གཞུང་སྒེར་ཚང་མ་ལ་ཕན་ཐག་ཆོད་རེད། བཀའ་དྲིན་ཆེ།
དེ་མིན་མི་སྒེར་ལ་ཚིག་མཚོན་སྣུན་ན་ཕན་ཐོག་ཆེར་མ་མཐོང་བས་དགོངས་འཇགས་ཞུ།
ལྷག་བསམ་ཡིན་ན་འདིས་དགོས་རྒྱུའི་ཁ་བཤད་དུས་མི་དགོས་རྒྱུ་རྐུབ་བཤད་ནས་སྡོད་མཁན་ཞིག་རེད་འདུག སྐབས་རེར་དགེ་ལུགས་པར་ཁ་གཏོང་གི་འདུག ཡང་ལན་རེར་ཨ་མདོ་བ་ཅིག་ཅིག་ཉིག་ཉིག་ཟེར། གང་ལྟར་མི་འདིའི་ཆོས་ལུགས་མིན་ན་ཆོལ་ཁའི་ཟིང་ཞིག་བསློང་རྒྱུའི་ཀུན་སློང་ཡོད་འདྲ། ཁ་ཉིན་ཁོས་ཧ་ལམ་མ་སོང་ན་རྒྱ་ལ་མགོ་འདོགས་ཞུ་གི་ཡིན་མདོག་མདོག་ཡང་བཤད་ཐལ། དེ་ནས་བཟུང་ང་མི་འདི་ལ་ཡིད་ནག་གཏིང་ནས་ཆད་ཐལ། གང་ལྟར་ཁོ་རྟག་པར་ནང་ཁུལ་ལ་སྡང་སྡོད་མཁན་ཞིག་ནི་རེད།
དཀོན་མཆོག་སྐམ་པོ། དང་པོ་རང་ལ་ཚུར་གཅིག་ལྟོས་དང་། མཆན་ ༢༩ ཡུལ་གྱར་ནང་རྙིང་མའི་གདན་ས་ཆེ་ཤོས་དེར་ཁྱེད་ཀྱིས་ཅི་ཞིག་བཤད་ཡོད། འདིས་ཆོལ་ཁ་དང་ཆོས་ལུགས་ཀྱི་ཟིང་མ་སློང་ན་ལྷག་བསམ་གྱིས་བཤད་པ་དེས་ཅི་ཞིག་ཟིང་སློང་རྒྱུ།
མང་པོ་མི་བཤད།
གྲོགས་པོ་ཚོ།
ལྷག་བསམ་ཤེས་འདོད་ཡོད་ན་འདི་ལྟར་ཏེ།
༡༨༣༽ ལྷག་བསམ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༤ གི་ཆུ་ཚོད་ ༥ སྐར་མ་ ༠༥
ཆོས་ལུགས་དེ་སྒེར་དོན་ཞིག་རེད་དམ། བོད་དོན་དེ་སྤྱི་དོན་ཞིག་ཡིན་ན། བོན་གྱི་བདེན་དོན་ཡང་སྤྱི་དོན་ཡིན། བོད་ཡུལ་འདིར་སྒོར་མོའི་ཆེད་དུ་བོད་དོན་སྐྱུར་མཁན་མང་བ་ལ་བལྟས་ན། ང་ཚོ་ནི་ཆོས་ལུགས་ཀྱི་དོན་དུ་བོད་དོན་སྐྱུར་ངེས་ཡིན། བན་བོན་གྱི་འཐབ་རྩོད་ཅན་གྱི་བོད་དོན་དེ་ང་ཚོར་མི་དགོས། ནམ་ཡང་མི་དགོས། དེ་ལས་རྒྱ་མི་དགའ། དབུས་མའི་ལམ་བེད་སྤྱོད་མི་དགོས་པའི་ངང་ནས་རྒྱ་ལ་མགོ་སྒུར་ན་དགའ།
༡༨༤༽ ལྷག་བསམ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༤ གི་ཆུ་ཚོད་ ༥ སྐར་མ་ ༡༦
བོན་པོ་དེ་དགེ་ལུགས་ལས་བལྟས་ན་བོད་ནང་དུ་གྲངས་ཉུང་རེད་འདུག འོན་་ཀྱང་བོན་པོ་དང་རྙིང་མ། ས་སྐྱ་དང་བཀའ་བརྒྱུད་བཞི་ཀ་མཉམ་དུ་བསྡོམས་ན་དགེ་ལུགས་རང་ཉིད་གྲངས་ཉུང་ཡིན་པ་ཤེས་པར་བགྱིས། ད་ལྟའི་དྲ་ཐོག་འདིར་བོན་ལ་བརྙས་མཁན་ཕལ་ཆེ་བ་དགེ་ལུགས་པ་ཤ་སྟག་ཡིན་པ། དེ་བས་ཕལ་ཆེ་བ་ཨ་མདོ་བ་ཡིན་པ། དེ་བས་ཀྱང་ཕལ་ཆེ་བ་་་་་་ ད་བཞག་ཞོག མ་གཞི་ཨ་མདོ་ནས་རིས་མེད་ཀྱི་སྐྱེས་ཆེན་ཞེ་དྲགས་བྱུང་མྱོང་མེད་པའང་རིགས་རུས་ཀྱི་སྐྱོན་ཞིག་ཡིན་ས་རེད། ཕྱོགས་ཞེན་གྱིས་ཁེངས་བསྡད་པའི་སྐྱོན་ཞིག་ཡིན་ས་རེད། ཆོས་ཀྱི་དོན་དུ་རྒྱ་དམག་དང་སོག་དམག་དྲངས་ནས་ནང་གསོད་ག་ཚོད་བྱས་པ་གོང་དུ་ལྕང་སྐྱ་སོགས་གླེང་བ་བཞིན་ད་དུང་ཡང་གུང་ཐང་སོགས་ཀྱང་གླེང་རྒྱུ་ཡོད། དེ་བས་གསང་བའི་རྣམ་ཐར་ཟེར་བ་དེ་ཚོ་ག་རེ་རེད། ད་དུང་བོད་དོན་ཆེད་དུ་མཐུན་སྒྲིལ་ཡིན་ན་གཅིག ཁྱོད་ཚོའི་བོད་དོན་གྱི་ཕྱི་ཐུམ་དེ་བཤུས་ན་དགེ་ལུགས་ལས་གཞན་ཞིག་མངོན་རྒྱུ་ཞིག་ཡོད་དམ། ག་རེའི་བོད་དོན།
༢༠༧༽ ལྷག་བསམ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༤ གི་ཆུ་ཚོད་ ༡༧ སྐར་མ་ ༡༨
མཐུན་ཤེས་ན་ཁམས་ཕྱོགས་སུ་རིས་མེད་ཀྱི་སྐྱེས་ཆེན་མང་པོ་བྱོན་པ་རེད། མཐུན་མ་ཤེས་ན་ཨ་མདོ་ནས་བན་བོན་གྱི་དམག་མང་པོ་བརྒྱབ་པ་རེད།
ད་ཁང་རྡོར་གྱིས་བཟོས་པའི་བགྲོ་གླེང་ས་མཚམས་དེ་འཐོར་སོང་། ཁོས་ད་ལྟའི་ཆོས་ལུགས་སྤྱི་འཐུས་ཀྱི་བཟང་ངན་དང་ཁྱད་ཆོས་ལས་འགན་ཁོ་ན་གླེང་ན་ལེགས་ཟེར་ཡང་། ད་ཆོས་ལུགས་ཀྱི་རྙོག་དྲ་དང་ཆོས་ལུགས་སྤྱི་འཐུས་དགོས་མི་དགོས་སྒང་ལ་ཤོར་ཚར་སོང་། སྤྲང་པོ་འདུག་ས་ལ་མ་འཆམ་ཟེར་ན་དེ་དངོས་གནས་རེད་འདུག སྤྲང་པོ་ང་ཚོས་ཉི་མ་འདི་ལྟར་འཕུད་རྒྱུ་ཡིན་པ་འདྲ།
པདྨ་འབྱུང་གནས་འགྲིག་ཤག གཞན་ཚོ་གང་འདྲ་ཡིན་ན། བོན་སྤྱི་གྲ་གཟུགས་ཙམ་ལས་སེམས་པ་ཡག་པོ་མི་འདའ། དཀྲུག་ཤིང་ཚ་པོ་ཡོད་ས་རེད། བོན་གྱིས་འཐུས་མི་ལེགས་པ་ཞིག་གཏོང་གནང་ཞུ།
མེ་ཏོག་ལགས། ངས་མཆན་ཉེར་དགུ་བར་དཀྲུགས་ཤིང་གི་སྐད་ཆ་ག་རེ་བཤད་འདུག ངས་དོན་དངོས་ཞིག་བཤད་པ་ཡིན། ལོ་རབས་དགུ་བཅུའི་སྟོད་དུ་ང་རྣམ་གྲོལ་གླིང་ན་ཡོད། དེའི་དུས་འབྲུག་དང་ཧི་མ་ལ་ཡའི་རི་བརྒྱུད་པའི་མི་འབོར་བརྒྱ་ཆའི་དགུ་བཅུ་ལ་སླེབས་ཡོད་རེད། ད་དུང་ཡང་དེ་བཞིན་ཡིན་རྒྱུ་རེད་ཟེར་ཁུལ་ལས་དམིགས་ཡུལ་གཞན་མེད་ཡ།
རེད་དགེ་འདུན་སྤྱིའི་གྲངས་ཀ་ལ་བསམ་ན་ཧི་མ་ལ་ཡའི་རི་རྒྱུད་མང་གི་རེད། བོད་པ་གང་ཡོད་ཀྱི་ནང་ནས་ཁམས་པ་མང་གི་རེད། ད་ཁྱེད་གཉིས་རྩོད་ཡ་ག་རེ་འདུག
ངའི་རེ་བ་ལ་ཆོས་འཐུས་ཨ་ནེ་ཞིག་སླེབས་ན་བསམ་ཡོད།
xxxxxx
ཕྱི་ལོ་༢༠༠༧ ལོར་གྲྭ་བཙུན་ཞིབ་འཇུག་ཚོགས་ཆུང་གིས་བཏོན་པའི་སྙན་ཐོའི་ནང་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གི་གྲྭ་བཙུན་གྱི་ནང་ནས་བརྒྱ་ཆ་%70 ལྷག་བོད་ནས་སླེབས་པ་ཡིན་པ་དང་། བརྒྱ་ཆ་%7 ལྷག་ཧི་མ་ལ་ཡའི་རྒྱུད་དང་སོག་པོ་སོགས་རེད། བརྒྱ་ཆ་%7 ལྷག་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་སྐྱེས་པ་རྣམས་རེད། སྤྱིར་གྲྭ་བཙུན་གྱི་གྲངས་འབོར་ཐོག་ནས་ཧི་མ་ལ་ཡའི་རི་རྒྱུད་ནས་མང་པོ་ཡོད་ཀྱང་། བརྒྱ་ཆ་མང་ཤོས་ལོ་གསུམ་གྱི་ནང་ནས་ཟིན་མི་ཐུབ་པ་དངོས་ཡོད་གནས་ཚུལ་རེད། འདི་ལ་དོགས་པ་གང་ཡང་ཡོད་པ་མ་རེད།
འཁྲུག་པ་རྒྱག་དགོས་དོན་མེད། ཞི་མིས་ཙི་ཙི་ཟ་བ་ལ། །ཟ་ལུགས་མི་འདྲ་བཅོ་བརྒྱད། ། ཟེར་བའི་དཔེ་ལྟར་སྐད་ཆ་བཤད་ནའང་བཤད་སྟངས་ཞིག་དགོས་རེད།
མཆན་ཨང་༡༡༢ཅན་གྱི་ལྷག་བསམ་དེ་ང་མིན་ནོ། །དེ་ནི་ཕལ་ཆེར་ཨ་ནུ་ཐང་ཡིན་ས་རེད། གང་ལྟར་ང་ནི་བོན་པོ་དགེ་ལུགས་པ་ཁ་ཤས་ཀྱི་བྱེད་སྟངས་ལ་འདོད་པ་མེད་པ་ཞིག་ཡིན། གཉིས་སུ་ཨ་མདོ་བ་ཕལ་ཆེར་གྱི་བྱེད་སྟངས་ཀྱང་ལྐུགས་རྟགས་འདྲ་ཞིག་འདུག ཆོས་ལུགས་སྤྱི་འཐུས་མི་དགོས་གླེང་མཁན་དགེ་ལུགས་པ་ཡིན་པས་མ་ཚད་ཨ་མདོ་བ་ཡིན་ཚུལ་ནི་ད་ལྟ་འདི་ན་མཆན་གྱི་ནང་ཆོས་ལུགས་སྤྱི་འཐུས་དབུས་གཙང་མི་གཅིག་དང་མདོ་སྟོད་མི་དགུ་ལ་ཤོར་ནས་སྐད་ངན་ཤོར་བ་དེས་ཁུངས་སྐྱེལ་ཐུབ། ད་དུང་གོང་དུ་ཆིག་སྒྲིལ་ཚོགས་པ་དྲན་གྱི་འདུག་གསུངས་པ་དེ་བདེན་པ་རེད་དོ། །ཆིག་སྒྲིལ་ཚོགས་པ་ལང་དོན་ཡང་འདི་ཚོའི་བྱེད་སྟངས་ལ་ཐུག་པ་མིན་ནམ། ད་དུང་ཕུགས་སུ་ལ་ཐུག་མིན་བལྟས་ན་ཤེས་ཡོང་། ད་དུང་སྤྱི་བའི་དོན་ཡིན་ན་གཅིག མ་གཞི་ཨ་མདོ་དེ་ཚོ་རང་ཚུགས་མེད་པར་དབུས་གཙང་གི་རྐུབ་ལྡག་ནས་སྡོད།
ཆོས་འཐུས་རྣམས་དྲང་པོ་དང་ཁ་རེ་ཁ་ཐུག་ཉམས་ཆུང་གི་རྒྱབ་ལ་ལངས་གི་འདུག་ ཐུགས་རྗེ་ཆེ་ཞུ་འོ་
ས྄ྤ྄ྱི་འཐུས་ཤིག་ཡིན་ཕ྄ྱིན། མི་དམངས་ལ་འགན་ཁ྄ྱེར་ཐུབ་པ་དང༌། མི་དམངས་བསམ་པ། མི་དམངས་ཀ྄ྱི་ཁེ་ཕན་ཨང་དང་པོར་འཇོག་མཁན་ཞིག་དགོས་ཀ྄ྱི་རེད། དེ་བས་མི་དམངས་་ས྄ྤ྄ྱི་ཡོངས་ཀ྄ྱི་འཚོ་བའི་གནས་བབས་མཐོང་ནས་འབ྄ྱོར་ཕ྄ྱུག་གི་ཕ྄ྱོགས་སུ་ཁ྄ྲིད་མ་ཐུབ་ན་ཡང༌། འབ྄ྱོར་འབ྄ྲིང་གི་ཕ྄ྱོགས་སུ་ཁ྄ྲིད་ས྄ྟོན་ཐུབ་པ་དང༌། འགན་ཁུར་ཐུབ་པ་ཞིག་དགོས་ཀ྄ྱི་འདུག
ཁོ་རེ་གངས་ལྷ། ཁྱོས་ཟེར་ན་ཆབ་སྲིད་ཡིན་ན་དབུ་མའི་ལམ་ཡིན་དགོས། དེ་མིན་ན་ཏན་ཏན་རང་བཙན་ཡིན་དགོས་
བསམ་གྱི་ཡོད་པ་འདྲ། སྤྱིར་གྲོས་ཚོགས་ནམ་འཚོགས་ལ་དབུ་མ་དང་རང་བཙན་རྩོད་ཀྱི་ཡོད་པ་མ་རེད། དེ་དག་གྲོས་གཞི་ལ་སླེབས་ཀྱི་མ་རེད། གང་ཞེ་ན། ལམ་དབུ་མ་གཞི་ལ་བཞག་ཟིན་པའམ་གཏན་འབེབས་ལྟར་སོང་ཟིན་པས་རེད། སྤྱིེར་ཚོགས་ཐོག་གི་གྲོས་གཞི་གང་གི་སྐབས་ཡིན་ནའང་དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱི་རིག་པ་གང་བཏོན་པ་དེ་དངོས་གནས་དྲང་གནས་ཀྱིས་སྐབས་དོན་ལ་ཕོག་གི་འདུག སྐབས་དོན་ལ་འཁེལ་གྱི་འདུག གོ་སྟོབས་གོ་རྟོགས་གཉིས་ཚོགས་རེད། དེ་མིན་རྨོ་བོ་ཁ་ཤས་འདུག་ག དེ་ཚོ་ག་རེ་རེད། དེ་ཚོས་གང་ཤོད་ཀྱི་ཡོད་པ་དེ་སྒྲ་སྤྱི་ལྟ་བུ་ཞིག་ལས་བསྟན་དོན་ཡོད་པ་མ་རེད། དེ་ཚོ་གང་དུ་དབྱུག་དགོས་པ་རེད། ཁྱོད་ཚོའི་གུ་དོག་གི་ཞེན་འཁོག་སྐམ་པོ་དེ་སུ་གང་དང་འདྲ་གི་མ་རེད། དེ་འདྲ་ག་རེ་ཡིན་ན།
དོན་ངོ་མའི་ཐོག་ནས་སྐད་ཆ་བཤད་ན་རྙིང་མ་སྤྱི་འཐུས་རྒྱ་རི་བུ་འཕྲུག་དང་ས་འཐུས་པདྨ་འབྱུང་གནས་གཉིས་གྲོས་ཚོགས་ར་བ་ནས་ཕྱིར་ཕུད་དགོས་ངེས།
མོ་རེ་ནག་ཤོས་སྲས་མོ།སྨོན་ལམ་མཐར་ཕྱིན་གྱིས་རིག་པ་གང་བཏོན་པ་དེ་དངོས་གནས་དྲང་གནས་ཀྱིས་སྐབས་དོན་ལ་ཕོག་གི་འདུག་ཨེ། སྐབས་དོན་ལ་འཁེལ་གྱི་འདུག་ཨེ། གོ་སྟོབས་གོ་རྟོགས་གཉིས་ཚོགས་རེད་ཨེ། མོ་རེ་སྐྱག་པས་རྐུབ་མ་བཀྱག སྐབས་དོན་༢༠༠༨ ལོར་རྒྱ་ནག་ལ་ཁ་རྡུང་གཏོང་དགོས་སར་མ་བཏང་བར་བོད་མི་ནང་ཁུལ་ལ་ཁ་རྡུང་བཏང་སོང་། དེ་སྐབས་དོན་ལ་ཕོག་པ་རེད་པས། བཤད་དགོས་བ་སྤྲུལ་སྐུ་ངོས་འཛིན་གྱི་དབང་ཆ་དེ་རྒྱས་འཕྲོག་འགྲོ་བ་ལ་ཅི་ཡང་མ་བཤད་བར། བཤད་མི་དགོས་པ་ཆོལ་ཁའི་ཕྱོགས་ཞེན་ག་ཚོད་བཤད་སོང་། དེ་སྐབས་དོན་ལ་འཁེལ་བ་རེད་པས། བྱ་དུར་བཟང་བོའི་སྒེར་ནད་རྒྱུན་འཛིན་བྱས་ཏེ་ནམ་ཡིན་ནའང་འཁྲུག་སློང་བྱེད་བ་འདི་གོ་སྟོབས་ཆེ་བ་རེད་ཞན་པ་རེད། བྱ་ར་བྱེད་དགོས་ས་དོལ་བ་རྒྱལ་དང་རྒྱ་ནག་གི་ངན་སྤྱོད་དེ་ཚོར་མ་བལྟས་བར། ནམ་ཡིན་རུང་རྒྱལ་བ་རིན་པོ་ཆེས་མ་འགྲིག་མདོག་མདོག་དང་ཟམ་གདོང་རིན་པོ་ཆེ་རྫུན་མཁན་རེད་ཁུལ་འདི་གོ་རྟོགས་ཆེ་བས་ཡིན་ནམ། ད་དུང་ལྡི་ལི་མན་ཇུ་ཀྲི་ལ་གཏོར་གྲབས་བྱེད་དུས། ད་སེམས་ཅན་གཞན་མང་བོའི་དོན་བྱེད་ཁུལ་དེ། བོད་མི་ལ་བརྩེ་བ་དངོས་གནས་ཡོད་ན་ཅིག་བྱེད་དགོས་བའི་དུས་རེད་ཅེས་༸རྒྱལ་བ་རིན་པོ་ཆེ་ལ་ཟུར་ཟ་བྱས་སོང་ང། དེ་ཚོ་གོ་སྟོབས་དང་གོ་རྟོགས་གཉིས་ཚོགས་ཡིན་པའི་རྟགས་ཡིན་ནམ་ཡང་ན་གཉིས་ཀ་མ་ཚོགས་པའི་མཚན་མ་ཡིན་ནམ།
ལྷ་སྨོན་པ་ལགས། ༢༠༠༧ ལོའི་སྙན་ཞུའི་སྐོར་མི་ཤེས། ང་ཚོས་འདི་ན་མཚན་གཞི་དགོན་པ་གཅིག་ལ་དཔེར་བརྗོད་བྱས་ནས་བསམ་ཚུལ་ཐུང་ཐུང་རེ་བྲིས་པ་རེད་འདུག།
ཁྱོད་ཚོས་མི་དགོས་ཟེར་ཚད་ཚང་མ་མི་དགོས་པར་བྱས། དེའི་ཤུལ་དུ་ཡང་དེ་འདྲ་ཞིག་འཁྲིད་ཡོང་རྒྱུ་རེད།
ཆོས་བརྒྱུད་ཀྱི་སྤྱི་འཐུས་དགོས་མིན་སྐོར་ལ་གླེང་སློང།
(འདི་བང་ཆེན་ཐོག་ནས་འཁྱེར་ཡོང་བ་ཡིན། བགྲོ་གླེང་གི་ཆེད་དུ་)
ཟླ་འདིའི་ཚེས་༣༠ ཉིན་སྦེལ་ཀོབ་བདེ་སླར་མི་མང་ཚོགས་ཁང་དུ། བོད་རྒྱལ་ཡོངས་གཞུང་མང་ཚོགས་ཆེན་གྱི་ཚོགས་ཆུང་ཁག་གི་བསམ་འཆར་ཕྱོགས་བསྡོམས་ བྱུང་བ་ཁག་མཐའ་མའི་གཏན་འབེབས་བྱེད་སྐབས། འོས་བསྡུའི་སྐབས་གང་ཟག་གཅིག་ལ་འོས་བསྡུའི་ཐོབ་ཐང་གཅིག་ལྷག་སྤྲོད་མི་ཆོག་ པའི་སྒྲིག་གཞི་བཟོ་དགོས་པ་དང་། ཆོས་བརྒྱུད་ཀྱི་སྤྱི་འཐུས་མེད་པ་བཟོ་དགོས་པའི་བསམ་ཚུལ་བྱུང་ཡོད་པ་རེད། བསམ་ཚུལ་དེ་ལ་ཆོས་བརྒྱུད་ཁག་གི་སྐུ་ཚབ་རྣམས་ཀྱིས་བསམ་ཚུལ་དང་གསལ་བཤད་བྱེད་ འདོད་བྱས་ཡོད་པར་གོ་སྐབས་མ་ཐོབ་པའི་གནས་ཚུལ་བྱུང་བ་དང། དེ་བཞིན་སྐབས་དེར་ས་གནས་མི་འབོར་ལ་གཞིག་པའི་སྤྱི་འཐུས་འདེམས་དགོས་པའི་སྐོར་ ཀྱི་བསམ་འཆར་བྱུང་བ་བཅས་ཀྱི་རྐྱེན་པས་མི་མང་ནང་གླེང་སློང་མང་པོ་བྱུང་ཡོད་པ་ རེད།
གནས་ཚུལ་འདིའི་ཐོག་ལ་ཆོས་བརྒྱུད་ཁག་གི་སྐུ་ཚབ་དང་། དེ་བཞིན་སྤྱི་འཐུས་ཁག་ཅིག་ལ་བཅར་འདྲི་བྱས་པ་ཡིན། ༡ དགེ་ལུགས་སྤྱི་འཐུས་བེ་རུ་འཇིགས་མེད་དབང་རྒྱལ་ལགས་ཀྱིས། “ཚོགས་ཆུང་ཁ་པའི་ནང་གི་དགོངས་འཆར་ཅིག་གི་ནང་ལ་ཆོས་ལུགས་སྤྱི་འཐུས་རེ་རེ་ བཟོ་དགོས་ཀྱི་འདུག་ཟེར་བ་དང་། མི་གཅིག་གིས་འོས་གཉིས་བླུག་པ་དྲང་པོ་མི་འདུག་ཟེར་བ་དེ་རེད། བསམ་ཚུལ་དེ་སྔོན་མ་ནས་ཁ་ཤས་ཀྱིས་བཤད་ཀྱི་ཡོད་རེད། ངས་བལྟས་ན་དགོངས་འཆར་དེ་ཁག་ཅིག་གིས་བསམ་པ་རྣམ་དག་གིས་རེད། ཁག་ཅིག་གི་རྒྱབ་ལོག་ལ་གནས་ཚུལ་གཞན་དག་ཅིག་གིས་ཆེད་དུ་སྤེལ་གྱི་ཡོད་རེད། གང་ལྟར་ངའི་བསམ་ཚུལ་ལ་ད་ལྟའི་སྤྱི་ཚོགས་འདི་ནང་བཞིན་བྱས་ནས་སོང་ན་དགེ་མཚན་ ཆེ་ཡི་རེད། ད་ལྟ་ང་ཚོའི་ཆོལ་ཁ་དང་ཆོས་ལུགས་ཀྱི་སྒྲོམ་གཞི་མ་ཞིག་པ་ཞིག་བྱེད་དགོས་ཀྱི་ ཡོད་ན། ལམ་ཁ་འདི་ལས་དྲག་ཞིག་རག་གི་མ་རེད། ༧གོང་ས་སྐྱབས་མགོན་ཆེན་པོས་རྩ་ཁྲིམས་འདིའི་ཐོག་ལ་དམ་སྦྲུག་བརྒྱབ། ཞལ་བཞེས་ཀྱིས་ཐག་གཅོད་གཏན་འབེབས་གནང་ཚར་པ་རེད། རྩ་ཁྲིམས་ཡང་དག་པ་རེད་དྲན་ཡོད། འོན་ཀྱང་ནམ་ཞིག་ང་ཚོའི་བསམ་བློའི་རྣམ་དཔྱོད་ཆེ་རུ་སོང་ནས་ཆོས་ལུགས་ཀྱི་དབང་ སྒྱུར་བྱེད་པའི་བག་ཆགས་དེ་ཟད་ནས། ཁྲིམས་ལུགས་ཀྱིས་དབང་བསྒྱུར་བྱེད་པའི་བསམ་བློའི་རྣམ་དཔྱོད་སླེབས་པའི་སྐབས་ ང་ཚོས་ལམ་ཁ་གསར་པ་དང་། སྒྲིག་གཞི་གསར་པ་ཞིག་གི་ཐོག་འགྲོ་ན་ཏག་ཏག་ཡིན་རྒྱུ་རེད་མ་གཏོགས། ད་ལྟ་ང་ཚོའི་སྤྱི་ཚོགས་ཀྱི་སྒྲོམ་གཞི་གང་གི་ཐོག་ཏུ་ཡོད་པ་དེ་ཧ་གོ་མཁན་ཞིག་ གིས་འདི་བསད་ཀྱི་མ་རེད་ལ། བཤད་ནའང་ཁག་པོ་རེད་དྲན་གྱི་འདུག་”ཅེས་འགྲེལ་བརྗོད་གནང་སོང་།
༢ རྣམས་གླིང་དགོན་པའི་སྐུ་ཚབ་ཨོ་རྒྱན་ལགས་ཀྱིས། “ཆོས་བརྒྱུད་ཁག་གི་སྐུ་ཚབ་ཐམས་ཅད་ཀྱིས་ངོས་ལེན་རྩ་བ་ནས་ཞུ་ཐུབ་པ་མི་འདུག གནས་ཚུལ་དེ་མི་གཅིག་གི་བསམ་ཤོག་ཡར་ཁྱེར་ཡོང་བ་རེད་མ་གཏོགས་དེ་ཚོགས་ཆུང་གི་ ངོས་ནས་བསམ་ཚུལ་རེད་མི་འདུག་ལ། དེ་ཡང་དགག་བྱ་དང་བསམ་ཚུལ་བཤད་རྒྱུའི་གོ་སྐབས་མེད་པ་བྱས་ནས་ཚོགས་གཙོས་ཀྱང་ གཙོ་སྐྱོང་ཡག་པོ་བྱས་མ་སོང་། དེར་ང་ཚོ་བློ་ཕམ་ཡོད། མདོར་ན་ཆོས་བརྒྱུད་ཀྱི་སྤྱི་འཐུས་མི་དགོས་ཞེས་པའི་གཞི་རྩ་དེ་བསྟན་པ་ཆབ་ སྲིད་ལ་ཐིག་གི་ཡོད་པ་རེད། དེ་མེད་པ་བྱས་ན་བོད་ནང་ལ་ཆོས་ལུགས་ལ་ཐོབ་ཐང་དང་རང་དབང་མི་འདུག་བཤད་པ་དེ་ལ་ ང་ཚོས་ཁ་གཏད་གཅོག་ཁག་པོ་ཆགས་ཡོད་རེད་བསམ་གྱི་ཡོད་”ཅེས་འགྲེལ་བརྗོད་གནང་སོང།
༣ གཡུང་དྲུང་བོན་གྱི་སྐུ་ཚབ་དགེ་འདུན་པ་ཉི་མ་གྲགས་པ་ལགས་ཀྱིས། “ང་ཚོར་༸སྐྱབས་མགོན་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ཆོལ་ཁ་ཆོས་ ལུགས་རིས་སུ་མ་ཆད་པའི་སྒོ་ནས་གྲོས་ཚོགས་ཤིག་ཡོད་པ་རེད། ༧སྐྱབས་མགོན་རིན་པོ་ཆེས་དགོངས་པ་ཆེར་བཞེས་ཀྱིས་ཆོས་ལུགས་ཁག་ལ་སྤྱི་འཐུས་ ཀྱི་གོ་སྐབས་དང་། ཐོབ་ཐང་གནང་བཞག་པ་དེ་ལས་སླ་པོ་བྱས་ནས། མི་གཅིག་གཉིས་ཤིག་གི་བསམ་འཆར་སླེབས་པ་དང་ཧ་གོ་མ་གོ་བའི་ཐོག་ནས་མང་ཚོགས་ནས་ ལག་པ་བཀྱག་ནས་ཐག་གཅོད་ཅིག་བྱེད་པ་ཏག་ཏག་བསྡད་ཨེ་ཡོད་བསམ་གྱི་འདུག གཉིས་ནས་ཆོས་བརྒྱུད་སྤྱི་འཐུས་རྣམ་པ་ཚོར་འོས་ཀྱི་ཐོབ་ཐང་ཡོད་མེད་ཀྱི་སྐད་ཆ་ མ་རེད། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་གཉིས་ཀྱི་ནང་ནས་ཆོས་རེད། ང་ཚོ་བོད་པའི་སྤྱི་ཚོགས་དེ་གཙོ་བོ་ང་ཚོ་ཆོས་སྲིད་ཟུང་འབྲེལ་རེད། དེའི་ངོ་བོ་མཚོན་པ་ལ་ཆོས་བརྒྱུད་སྤྱི་འཐུས་དགོས་པ་དེ་རེད། ཁ་རྩང་གི་བསམ་ཚུལ་དེ་ཡང་ཚོགས་ཆུང་ཞིག་གི་བསམ་ཚུལ་ཞིག་མ་རེད། མི་གཅིག་གི་བསམ་ཚུལ་ཙམ་རེད། རྡོག་རྡོག་ཁོ་ཚོས་དགེ་འདུན་པ་ཚོས་འོས་གཉིས་བླུག་གི་ཡོད་པ་རེད། དེ་འགྲིག་གི་མ་རེད་ཟེར་གྱི་ཡོད་པ་རེད། ང་ཚོས་དེ་ཐོབ་ཐང་ཞིག་དང་འོས་ཤོག་ཤིག་གི་གནད་འགག་མ་རེད། དེ་ཐུན་མོང་མ་ཡིན་པའི་ཆོས་སྲིད་ཟུང་འབྲེལ་གྱི་གནད་དོན་ཞིག་རེད། སྐབས་དེར་ང་ཚོས་ཆོས་བརྒྱུད་ཁག་གི་སྐུ་ཚབ་ཚོས་གསལ་བཤད་ཞུ་རྒྱུའི་གོ་སྐབས་ ཞུས་པ་རེད་དེ་གོ་སྐབས་རག་ཡོད་པ་མ་རེད་”ཅེས་གསུངས་སོང།
༤ བཀའ་བརྒྱུད་པའི་སྐུ་ཚབ་དཀོན་མཆོག་སྨོན་ལམ་ལགས་ཀྱིས། “ང་ཚོས་ནམ་རྒྱུན་ཆོལ་ཁ་ཆོས་ལུགས་ཀྱི་སྤྱི་འཐུས་གྲུབ་པ་དེ་མང་ཚོའི་ཁྱད་ཆོས་ ལ་བཤད་བསྡད་ཡོད་རེད། འདས་པའི་ནང་ཆོལ་ཁ་ཆོས་ལུགས་ཀྱི་སྤྱི་འཐུས་མི་དགོས་པའི་བསམ་ཚུལ་བྱུང་མྱོང་བ་ རེད། ད་ཐེངས་མི་རེ་ཟུང་གི་བསམ་ཚུལ་ལ་སླེབས་པ་དེ། ཆོལ་ཁ་ཆོས་ལུགས་ཀྱི་སྤྱི་འཐུས་དགོས་ཀྱི་མི་འདུག་ཟེར་མཁན་གྱིས་གོ་སྐབས་འདྲ་ བོ་བཟུང་ནས་བྱུང་བ་མིན་ནམ་བསམ་སོང་། གཞན་པ་ཆོས་ལུགས་ཀྱི་སྤྱི་འཐུས་ཚོ་ཆོས་ལུགས་ཆོལ་ཁའི་ནང་ཕར་ཚུར་ཡོང་གི་འདུག་ པས། མི་མང་གི་བསམ་ཚུལ་འདྲ་མི་འདྲ་རེད། མདོ་དོན་ཆོས་བརྒྱུད་ཀྱི་སྤྱི་འཐུས་མི་དགོས་པའི་བསམ་ཚུལ་དེ་འདྲ་རེད། མི་ཁ་ཤས་ཀྱིས་གནས་ཚུལ་དེ་ནས་སྲིད་ཀྱི་འགྱུར་བ་ཆེན་པོ་ཞིག་གཏོང་དགོས་བསམ་པ་ ཡིན་རྒྱུ་རེད་དེ། ད་ཐེངས་ལག་པ་བཀྱག་སྟངས་ལ་བལྟས་ན་རི་བོང་ཅར་འགྲོག་གི་ཚུལ་དུ་བྱས་ནས་ལག་པ་ བཀྱག་པ་མ་གཏོགས། གནས་ཚུལ་ཧ་གོ། དོན་རྟོགས་ནས་ཡིན་པ་ངས་ངོས་འཛིན་བྱེད་ཀྱི་མེད་”ཅེས་གསུངས་སོང།
དྲི་བ། ད་ཐེངས་ཚོགས་ཆུང་ཁག་གི་བསམ་འཆར་ཕྱོགས་བསྡོམས་གཏན་འབེབས་བྱེད་པའི་སྐབས་ཆོས་ བརྒྱུད་ཀྱི་སྤྱི་འཐུས་མི་དགོས་པའི་བསམ་ཚུལ་དང་། མི་གཅིག་ལ་འོས་གཅིག་གི་ཐོབ་ཐང་ལས་ལྷག་མི་དགོས་པའི་སྒྲིག་གཞི་བཟོ་དགོས་པའི་ བསམ་ཚུལ་དང་། དེ་བཞིན་ས་གནས་མི་འབོར་ལ་གཞིག་པའི་བསམ་ཚུལ་སོགས་བྱུང་པར་ཁྱེད་རང་གིས་དགོངས་ ཚུལ་དང་རྒྱབ་སྐྱོར་བྱེད་དོན་གང་ཡིན་སྐོར་དྲིས་པ་ཡིན།
༢ སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱིས། “ད་ལྟ་དེ་བསམ་འཆར་རེད་མ་གཏོགས། གནད་དོན་དེ་སྤྱི་འཐུས་ཀྱིས་བཅའ་ཁྲིམས་བསྐྱར་བཅོས་བྱེད་དགོས་རེད་མ་གཏོགས་ འགྲོ་རྒྱུ་ཡོད་པ་མ་རེད། ངས་དམིགས་བསལ་རྒྱབ་སྐྱོར་བྱས་པ་མེད།” ཅེས་དང་། “ང་བར་ཞུགས་བྱས་པ་ཡིན། རིམ་པས་རིམ་པས་འགྱུར་བ་ཞིག་འགྲོ་ན་མ་གཏོགས་ད་ལྟའི་ཆ་ལ་འདི་རང་གནས་ཀྱི་རེད་ བསམ་གྱི་ཡོད། ད་ལྟ་ང་ཚོའི་གོམས་གཤིས་རེད། སྲོལ་རྒྱུན་གྱི་ཆ་ནས་གྲྭ་པ་བླ་མ་ལ་འོས་མང་པོ་ཞིག་ཡོད་རེད། དེ་མ་བསྡད་ན་ཡང་མ་འགྲིག་པ། ད་ལྟ་ཁག་པོ་ཞིག་རེད། མང་གཙོ་རང་གི་ཐོག་ནས་བསམ་བློ་བཏང་ན་མི་གཅིག་ལ་འོས་གཅིག་མ་གཏོགས་གཞན་ཁྱད་ མཚར་ཞིག་འདུག” ཅེས་དང་། ཡང་ཁོང་གིས། “ཆོལ་ཁའི་འོས་བླུག་སྟངས་ཡང་དེ་རང་རེད། ང་ཚོས་ངོས་ནས་བྱེད་དགོས་རྒྱུ་ལ་བསམ་བློ་གཏོང་དགོས་ཀྱི་འདུག་ཨ། མང་གཙོ་རང་གི་བསམ་བློ་བཏང་བ་ཡིན་ན་མི་འབོར་ལ་ལྟོས་པའི་མི་དགོས་ཀྱི་འདུག ད་ང་ཚོ་མདོ་སྟོད་མི་ཉུང་བ་དང་། མདོ་སྨད་མི་ཉུང་བ་ཡོད་རེད་དེ། དབུས་གཙང་དང་གཅིག་པ་གཅིག་པ་འགྲོ་ཡི་ཡོད་རེད། དེ་ལ་ཡང་རྒྱུ་མཚན་ཞིག་འདུག་ཨ། ད་ལྟའི་བཙན་བྱོལ་གྱི་གཞུང་འདི་མ་འོངས་པའི་བོད་གཞུང་གི་ངོ་བོ་མཚོན་ནས་བསྡད་ ཡོད་རེད། མ་འོངས་པ་ང་ཚོས་ག་རེ་བྱེད་དགོས་ཡོད་མེད་ཀྱི་ངོ་བོ་དེ་ད་ལྟ་འཛིན་དགོས་ཡོད་ན་ དེ་ག་རང་གནས་རྒྱུ་རེད། དེ་མིན་ང་ཚོ་བཙན་བྱོལ་གཞུང་གི་འཕྲལ་སེལ་གྱི་བཙན་བྱོལ་གཞུང་གི་བསམ་བློ་བཏང་ ན་མི་འབོར་གྱི་ཐོག་ནས་སོང་ན་ཡག་པོ་འདུག ངས་ཏག་ཏག་དཀར་པོ་ནག་པོ་ཞིག་ལབ་ཐུབ་པ་མི་འདུག་”ཅེས་གསུངས་སོང།
༢ སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱིས། “ས་གནས་མི་འབོར་ལ་གཞིགས་པའི་སྤྱི་འཐུས་སྐོར་ལ་ད་ལྟའི་ཆོལ་ཁ་ཆོས་ལུགས་ཀྱི་ ཐོག་ཏུ་ས་གནས་མི་འབོར་ལ་གཞིག་པའི་སྤྱི་འཐུས་དགོས་ཟེར་ན་ལྷག་མ་རེད་བསམ་གྱི་ ཡོད། དེ་ལས་ཕྱི་རྒྱལ་ཁག་ནས་སྤྱི་འཐུས་ཁ་སྣོན་བྱེད་དགོས་རྒྱུ་གལ་ཆེན་པོ་རེད། གཞན་པ་མི་གཅིག་གིས་ཆོལ་ཁ་ལས་ཆོས་བརྒྱུད་ལ་འོས་བླུག་རྒྱུའི་ཐོབ་ཐང་མེད་པ། ཡང་དགེ་འདུན་པ་ཚོར་ཆོལ་ཁ་དང་ཆོས་བརྒྱུད་གཉིས་ཆ་ཡོད་པ། འདིའི་སྐོར་མི་ཚང་མར་ཆོལ་ཁ་དང་ཆོས་ལུགས་གཉིས་ཆར་བླུགས་རྒྱུ་དང་། དེ་བཞིན་ཆོས་ལུགས་སྤྱི་འཐུས་ནང་སླེབ་མཁན་དེ་ཡང་སེར་མོ་ཡིན་དགོས་མ་རེད། མི་སྐྱ་ཡང་ཡོང་ཆོག་གི་རེད། དེའི་ཐོབ་ཐང་ཚང་མར་དགོས་པ་དེ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་”ཅེས་འགྲེལ་བརྗོད་ གནང་སོང་།
དྲི་བ། ད་ཐེངས་ཚོགས་ཆུང་ཁག་གི་བསམ་འཆར་ཕྱོགས་བསྡོམས་གཏན་འབེབ་བྱེད་པའི་སྐབས་ཁྱེད་ རང་གིས་ཚོགས་ཆུང་ནང་སྤྱི་མོས་དང་མང་མོས་མ་བྱུང་བའི་བསམ་ཚུལ་སྒྲོགས་སྦྱང་ བྱས་ཡོད་པ་དང་། དེ་བཞིན་ཆོས་བརྒྱུད་རེར་སྤྱི་འཐུས་གཅིག་ལས་མི་དགོས་པའི་བསམ་ཚུལ་དང་། མི་གཅིག་ལ་འོས་གཅིག་གི་ཐོབ་ཐང་ལས་ལྷག་མི་དགོས་པའི་སྒྲིག་གཞི་བཟོ་དགོས་པའི་ བསམ་ཚུལ་དང་། དེ་བཞིན་ས་གནས་མི་འབོར་ལ་གཞིག་པའི་འོས་བླུག་དགོས་པའི་བསམ་ཚུལ་སོགས་བྱུང་བར་ མི་མང་ནང་གླེང་སློང་ཆེན་པོ་བྱེད་ཀྱི་འདུག་པས་དེའི་སྐོར་དགོངས་ཚུལ་གང་ཡོད།
༡ སྤྱི་འཐུས་པདྨ་འབྱུང་གནས་ལགས་ཀྱིས། “དེ་ངས་སྙན་ཐོ་སྙན་གསན་ཞུས་པའི་སྐབས་ལ་གསལ་བཤད་བྱས་ཡོད། ང་ཚོའི་ཚོགས་ཆུང་གི་སྙན་ཐོ་དེ་ཐ་མ་མ་རེད། དེ་རྗེས་སྙན་ཐོ་ཚང་མ་ཕྱོགས་བསྒྲིགས་བྱེད་ཀྱི་ཡོད་རེད། ང་ཚོའི་ཚོགས་ཆུང་ནང་ལ་རྒྱབ་སྐྱོར་ཉུང་བ་ཡོད་ཀྱང་གཞན་ནས་གནས་ཚུལ་འདིའི་ཐོག་ རྒྱབ་སྐྱོར་ཆེན་པོ་ཡོང་མི་སྲིད་པ་མ་རེད། དེ་ཡིན་པས། མང་བ་ཡོད་ན་རེད། ཉུང་བ་ཡོད་ན་རེད། གང་ལྟར་སྤྱི་མོས་མང་མོས། དགག་བྱ་དང་རྒྱབ་སྐྱོར་འདི་འདྲ་འདུག་ཅེས་ངས་གསལ་བཤད་བྱས་ཡོད། དེ་ནས་མི་གཅིག་ལ་འོས་གཅིག་ཟེར་བ་དེ་རེད། དེ་ཚོགས་ཆུང་ནང་དགོངས་འཆར་བྱུང་བ་བཞིན་སྙན་ཐོའི་ནང་སླེབས་པ་རེད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོས་ཚོགས་ཆུང་གི་ཚོགས་གཙོས་འགྲེལ་ བཤད་རྒྱོབ་གསུངས་པ་ཡིན་པས་ངས་འགྲེལ་བཤད་བརྒྱབ་པ་རེད། ངས་འགྲེལ་བཤད་བརྒྱབ་པ་དེ་ལོ་རྒྱུས་དང་བཅས་ཞུ་ཡི་ཡིན། ༡༩༩༡ ལོར་བཅའ་ཁྲིམས་གཏན་འབེབ་གནང་བའི་སྐབས་ལ་སྤྱི་འཐུས་གཅིག་གིས་མི་གཅིག་ལ་འོས་ གཅིག་འདི་མང་གཙོའི་ལྟ་གྲུབ་དང་མཐུན་པ་རེད། དེ་འདྲ་ཡིན་པས་ང་ཚོས་ཀྱང་མང་གཙོའི་ལྟ་གྲུབ་དང་མཐུན་པ་ཞིག་བཟོ་དགོས་ཀྱི་ འདུག་གསུངས་པ་རེད། དེ་དུས་གྲོས་འཆར་དེ་ངས་བཀག་པ་ཡིན། ཅེས་སྐབས་དེའི་གནས་ཚུལ་འགྲེལ་བརྗོད་དང་བཅས་མུ་མཐུད་གསུང་དོན། ངས་གྲྭ་པ་ཚོར་འོས་བཅུ་གཉིས་བླུག་རྒྱུ་ཡོད་པ་དེ་མེད་པ་བཟོ་འདོད་ཡོད་མ་རེད། མུ་མཐུད་ནས་འཇོག་དགོས་ཡོད། འཇོག་ན་འཇོག་སྟངས་རེད། རྒྱུ་མཚན་བཤད་ནས་འགྲོ་དགོས་རེད། ངའི་རྒྱུ་མཚན་འདི་རེད། མི་གཅིག་གིས་འོས་༡༢ བླུག་གི་ཡོད་རེད། གཅིག་གིས་༡༠ དང་། གཅིག་གིས་༢ དང་། གཅིག་གིས་༡ བླུག་གི་ཡོད་རེད། དེར་བརྟེན་ད་ཐེངས་ཁ་ཤས་ཀྱིས་གསལ་པོ་མ་ཤེས་ནས་དེ་བྱས་པ་རེད་བཤད་ཀྱི་འདུག དོན་ངོ་མ་ངས་གྲྭ་པ་ཚོས་འོས་ཤོག་༡༢ བླུག་པ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་རེད་གཏོགས་བཀག་གི་ཡོད་མ་རེད་”ཅེས་གསུངས་ སོང་།
མེ་སོར་གསར་འགོད་པས།
གོང་གི་བསམ་ཚུལ་ལ་གཞིགས་ན། ཟམ་གདོང་བླ་མས་ད་རེས་ཚོགས་ཆེན་ལ་ཆོས་ལུགས་སྤྱི་འཐུས་ཀྱི་སྒང་ལ། ཆོས་ལུགས་རེ་ནས་སྐུ་ཚབ་ ༦ རེ་སྐད་གཏོང་བཅུག་པ་དེ་ལ་ཇུས་ཆེན་པོ་ཡོད་ས་རེད།
གོང་གསལ་བསམ་ཚུལ་ཁག་ལ་གཟིགས་དང་། ཆོས་ལུགས་སྤྱི་འཐུས་ཚོས་མཁྲེགས་འཛིན་ཆེན་པོ་ག་ཚོད་བྱེད་ཀྱི་མི་འདུག་གམ། ད་བོད་ཀྱི་ཆབ་སྲིད་འདི་ལ་ཡར་རྒྱས་འགྲོ་དཀའ་ཙམ་རེད།
སྙིང་མིག་ནས།
སྤྱིར་ཆོས་བརྒྱུད་ཀྱི་སྤྱི་མཐུས་དགོས་མིན་ཐད་བསམ་ཚུལ་མི་མཐུན་པ་དུ་མ་ཞིག་བྱུང་བཞིན་ཡོད་པ་ནི།
སྤྱི་ཚོགས་འདིའི་ནང་དུ་ངེས་པར་དུ་ཡོང་སྲིད་པའི་དྭོགས་འདྲི་ཞིག་རེད།
བོད་གངས་ཅན་གྱི་ཆོས་དང་རིག་གཞུང་འཛིན་སྐྱོང་གནང་བ་ལ་གཞན་གྱི་བསྒྲུན་དུ་མི་ནུས་པའི་ཆོས་རྒྱུད་ཁག་གི་མཐུས་མི་ཞིག་མི་དགོས་པ་ཐག་བཅད་ན་ཅུང་ཟད་ཨི་འགྷགྲིག་ན།
རྙོག་འཛིང་གི་གཞི་ལས་དགེ་མཚན་ཆེ་བར་མ་མཐོང་ངོ།
འོན་ཀྱང་མི་དགོས་ཐག་ཆོད་ནི་རྒྱ་རི་བུ་ཕྲུག་མི་དགོས།
ཤེས་ཡོན་ནི་ཁོ་ལ་མེད་ཅིང་།
འཇོན་ཐང་ནི་ཁོ་ལ་མེད།
ཐ་ན་སྐད་ཆ་ཙམ་ཡང་འགོ་མི་འཚོས་མཁན་ཁོ་འདྲ་བ་དག་སྤྱི་མཐུས་བཞག་པ་ནི་དངོས་གནས་ངོ་ཚ་དགོས་པ་ཞིག་རེད།
འདི་ཚོ་ཚང་མ་བྱེད་མཁན་རྙིང་མའི་ཆོས་སྡེ་ཆེ་ཁག་དེ་ཚོ་རེད་གཟབ་གཟབ་མཛད་དགོས།
ད་རྣམ་པ་ཚོས་བགྲོ་གླེང་འདི་ཟང་ངེ་ཟིང་ངེ་ཧ་ཅང་བདུད་མོའི་སྐྲ་ལྟ་བུ་ཞིག་བཟོས་འདུག
༡༽ ཆོས་རྒྱུད་ཀྱི་སྤྱི་འཐུས་དགོས་མ་དགོས་སྐོར་ལ། ད་རེས་བགྲོ་གླེང་ཞེ་དྲག་མ་བྱས་ན་དྲག་དྲན་ཏེ། སྔོན་དུ་གསལ་པོ་ཞུས་ཡོད། རྒྱུ་མཚན་ནི། ད་ལྟ་དུས་སུ་བབས་མེད། འོན་ཀྱང་རྣམ་པ་ཚོས་ཨུ་ཚུགས་ཀྱིས་དེའི་སྐོར་གླེང་འདུག ད་ངས་ཀྱང་གཅིག་བཤད། ང་ལ་ད་དུང་ཡང་འདིའི་ཐད་ལ་ཐག་ཆོད་པའི་ལྟ་བ་མེད། ཆོས་ལུགས་སྤྱི་འཐུས་འདི་ཐོག་མར་ཡོང་དུ་འཇུག་དུས་༸རྒྱལ་བ་རིན་པོ་ཆེས་དགོངས་པ་རྒྱ་ཆེན་པོ་བཞེས་ཡོད་རེད། སྤྱིར་བཏང་ང་ཚོའི་གཞུང་གི་སྒྲོམ་གཞི་དེ་གཙོ་བོ་བོད་གཞིས་བྱེས་གཉིས་ཀ་མཚོན་ཐབས་ཤིག་རེད། རྒྱ་གར་སོགས་སུ་གནས་འཁོད་བོད་པ་མཚོན་ཐབས་གནང་ན། ཧ་ཅང་ཁག་པོ་རེད། དེར་བརྟེན་བོད་གཞིས་བྱེས་གཉིས་ཟེར་དུས། ཆོལ་ཁ་གསུམ་དང་ཆོས་ལུགས་ཁག་ལྔ་ཙམ་གང་རུང་གི་ནང་དུ་མ་བསྡུས་པ་ཞིག་ཧ་ལམ་ཡོད་མ་རེད། རྩ་བའི་གནད་འགག་དེ་རེད། ཆོས་ལུགས་སྤྱི་འཐུས་ཁ་ཤས་ཀྱི་སྤྱོད་ཚུལ་ལ་བརྟེན་ནས་ཆོས་ལུགས་སྤྱི་འཐུས་ཞེས་པ་རྩ་བ་ནས་མི་དགོས་ལབ་ནའང་རྒྱུ་མཚན་ལྡན་པ་མ་རེད། ཆོལ་ཁའི་སྤྱི་འཐུས་ཀྱིས་ཀྱང་རྙོག་དྲ་བཟོ་བཞིན་ཡོད།
༢༽ ད་ལྟ་ང་ཚོས་ཆོས་ལུགས་སྤྱི་འཐུས་ཀྱིས་ཡང་སྙིང་ནུས་པ་གང་ཞིག་འདོན་བཞིན་ཡོད་མེད་ངོ་འཕྲོད་མི་འདུག དེ་ངོ་འཕྲོད་དགོས་པ་དེ་གལ་ཆེན་རེད། ༡༩༥༩ སྔོན་ལ། བོད་གཞུང་དགའ་ལྡན་ཕོ་བྲང་ཟེར་དུས་ཡོངས་གྲགས་སུ་དགེ་ལུགས་པའི་གཞུང་ལ་བརྩི་བ་རེད། བཀའ་རྒྱུད་པ་སོགས་ཀྱི་གང་ཟག་ལ་ལས། བོད་གཞུང་ལ་དགའ་རྒྱུ་བཞག་སྟེ་སེམས་གཏིང་ནས་མི་དགའ་ཞེ་འཛིན་བྱེད་ཀྱིན་ཡོད། ༡༩༦༠ ནས་ད་ལྟའི་ཆོས་ལུགས་ཆོལ་གསུམ་དང་བཅས་པའི་དམངས་གཙོའི་གཞུང་བཙུགས་རྗེས་ཀྱི་དེ་རིང་། བོད་མི་རྣམས་དང་བོད་ཀྱི་ཆོས་པ་རྣམ་པ། རྒྱལ་སྤྱིའི་སྤྱི་ཚོགས་བཅས་ཚང་མས། བོད་གཞུང་འདི་ནང་པའི་གྲུབ་མཐའམ་ཆོས་རྒྱུད་བྱེ་བྲག་ཅིག་གི་གཞུང་ཡིན་པའི་ངོས་འཛིན་བྱེད་ཀྱི་མེད་པར། ཆོས་ལུགས་ཆོལ་གསུམ་དང་བཅས་པའི་སྤྱི་གཞུང་ལ་ངོས་འཛིན་གྱིན་ཡོད། དེ་འདྲའི་ངོས་འཛིན་ཐོབ་པར་ཆོས་ལུགས་ཁག་ལྔའི་སྤྱི་འཐུས་ཡོད་པ་འདིས་གལ་ཆེའི་ནུས་པ་ཐོན་ཡོད། འདི་ནི་༸གོང་ས་ཏཱ་ལའི་བླ་མའི་རླབས་ཆེན་གྱི་མཛད་རྗེས་ཤིག་ཀྱང་རེད། དེང་སྐབས་བོད་གཞུང་གིས་ཆོས་ཚོགས་ཀྱི་ཚོགས་ཆེན་འཚོགས་སྐབས་དང་སྤྱི་འཐུས་ཚོགས་སྐབས་ཆོས་ལུགས་ཁག་ལྔ་ནས་འཐུས་མི་དགའ་བཞིན་སྤྲོ་བཞིན་དུ་ཕེབས་ཏེ། ནུས་པ་ཆེན་པོ་འདོན་བཞིན་པ་འདི་ང་ཚོ་དགའ་དགོས་པ་ཞིག་རེད། ང་ཚོ་བོད་པའི་ཆིག་སྒྲིལ་གྱི་ནུས་པ་ཡང་གཙོ་བོ་ཆོས་ལུགས་ཀྱི་མཐུན་ལམ་ནས་ཡོང་གི་ཡོད་པ་དེ་གསལ་པོ་རེད།
༣༽ མང་དང་ཉུང་དེ་གནས་ཚུལ་གཅིག་རེད། མཚོན་བྱ་དང་མཚོན་བྱེད་དེ་གནས་དོན་གཅིག་རེད། སྐབས་རེ་དངོས་ཡོད་མང་ཉུང་ལ་བལྟ་དགོས།་སྐབས་རེ་མཚོན་བྱ་དང་མཚོན་བྱེད་དེ་གལ་ཆེ་བས་དེ་ལའང་གཟིགས་དགོས། གྲངས་འབོར་གྱི་དབང་དུ་བྱས་ན། ཆོས་ལུགས་ཀྱི་ནང་ནས་དགེ་ལུགས་པ་མང་ཤོས་རེད། ཆོལ་ཁའི་དབང་དུ་བྱས་ན་བཙན་བྱོལ་ནང་དབུས་གཙང་བ་མང་ཤོས་རེད། འོན་ཀྱང་ང་ཚོས་མང་ཉུང་འདི་རྩ་བར་བཟུང་ན་དགེ་སྐྱོན་ག་རེ་འདུག མང་ཉུང་ལ་མ་བལྟས་པར། ཚང་མར་ཆོལ་ཁའི་སྤྱི་འཐུས་བཅུ་རེ་དང་ཆོས་ལུགས་རེ་ལ་སྤྱི་འཐུས་གཉིས་རེ་བཟོས་ན་དགེ་མཚན་ག་རེ་འདུག དེ་ལ་བསམས་དུས། མཚོན་བྱ་དང་མཚོན་བྱེད་ཀྱི་གནས་དོན་འདི་གལ་ཆེར་བརྩིས་པ་འདི་གལ་ཆེའི་འཐབ་ཇུས་ཤིག་རེད། འདི་ཚོ་ལ་བསམས་དུས་ང་རང་༸རྒྱལ་བ་རིན་པོ་ཆེའི་ཐབས་ཇུས་ལ་ཧང་སངས་ཀྱི་འདུག
༤༽ དེ་རིང་ང་ཚོས། སེར་མོ་བ་ཚོས་འོས་གྲངས་གཉིས་མང་བ་འཕེན་ཆོག་པ་དེ་དང་། ཆོས་ལུགས་སྤྱི་འཐུས་ཀྱིས་ན་ནིང་སྤྱོད་ངན་བརྩེས་པ་དེ་ཙམ་རྒྱུ་མཚན་དུ་བྱས་ནས། ཆོས་ལུགས་སྤྱི་འཐུས་རྩ་བ་ནས་མེད་པ་བཟོས་ཚེ། དེ་ནི་རྒྱུ་མཚན་འདེང་ངེས་ཤིག་མ་རེད། ང་ཚོས་གཤམ་གསལ་གྱི་ཞོར་སྐྱོན་ལ་བསམ་བློ་གཏོང་དགོས།
ཀ༽ བོད་གཞུང་འདི་དགེ་ལུགས་པའི་གཞུང་ཞིག་མིན་པའི་རྣམ་པ་མངོན་ཉེན།
ཁ༽ བོད་གཞུང་དང་ཆོས་རྒྱུད་བྱེ་བྲག་བར་རྙོག་དྲ་བྱུང་སྐབས་འབྲེལ་ཟམ་མེད་པ།
ག༽ བོད་གཞུང་གི་སྲིད་ཇུས་རྣམས་བོད་གཞུང་དང་ཐད་ཀའི་འབྲེལ་བ་དེ་ཙམ་མེད་པའི་ཆོས་སྡེ་ཁག་གི་ནང་ཁྱབ་མི་ཐུབ་པའི་ཉེན་ཁ།
ང༽ རྒྱ་ནག་གཞུང་གིས་བོད་ནང་གི་བླ་སྤྲུལ་རེ་ཟུང་བེད་སྤྱོད་ཀྱིས་བོད་གཞུང་ལ་ཁ་གཏད་གཅོག་སྐབས། བཙན་བྱོལ་གཞུང་གིས་བོད་ཀྱི་ཆོས་ལུགས་ཁག་ཚང་མའི་ཚབ་བྱས་ཏེ་ལན་འདེབས་མི་ཐུབ་པའི་ཉེན་ཁ་སོགས་སོ།།
༥༽ ངས་དགེ་བཤེས་སྨོན་ལམ་མཐར་ཕྱིན་སྐོར་ལ་ལེགས་ཆ་ཉེས་ཆ་གཉིས་ཀ་ནས་ཕྲན་བུ་ཞིག་བཤད་པ་དེ་ལ་གངས་ལྷ་སོགས་ཀྱིས་མང་བོ་ཞིག་བཤད་འདུག སྤྱིར་བཏང་ང་རང་གི་གཤིས་ཀ་དེ། གང་ཟག་ལ་བཟང་ཕྱོགས་ངན་ཕྱོགས་གཉིས་ཀ་ནས་བལྟ་དགོས་མཁན་ཞིག་ཡིན། ངས་ཚང་མ་དཀར་པོ་དང་ཚང་མ་ནག་པོར་ལྟ་འདོད་མེད། ཐ་ན་ལི་ཐང་ཨ་དར་ལ་ཆ་བཞག་ནའང་། ཁོང་གི་ནོར་འཁྲུལ་ནོར་འཁྲུལ་རང་དང་བྱས་རྗེས་རྣམས་བྱས་རྗེས་རང་དུ་བལྟ་གྱིན་ཡོད། དེ་མིན་ཆགས་སྡང་གང་རུང་གིས་མི་གཅིག་ལ་བལྟས་ཚེ། མི་དེའི་བཟང་ཆ་ཞན་ཆ་ཕྱོགས་ཡོངས་ནས་མཐོང་དཀའ་བ་ཡིན། སྨོན་ལམ་མཐར་ཕྱིན་གྱི་སྐད་ཆ་ལ་རྒྱུ་མཚན་ཡོད་པ་དང་ཞིབ་ཆ་ཡོད་པ། གཏན་ཚིགས་ཡོད་པ་དེ་ཧ་ཅང་གསལ་བོ་རེད། སྤྱིར་བཏང་བྱས་ན། ཁོང་གི་སྐད་ཆ་མང་ཆེ་བ་རྒྱུ་མཚན་གཙོ་བཟུང་འདྲ་བོ་ཞིག་རེད། དེ་ཚོ། སྤྱིར་བཏང་གི་མིས་མཐོང་ཐུབ་མིན་མི་ཤེས། ང་ལྟ་བུ་ཞིག་ལ་ཆ་བཞག་ན། ཉེ་ལམ་ནས་བོད་གཞུང་གི་ལས་དོན་དང་བཙན་བྱོལ་གྱི་གནས་སྟངས་ལ་དོ་སྣང་གཏིང་ཟབ་བྱེད་དུས། ཁོང་གི་སྐད་ཆ་དེ་ཚོ། གནས་སྟངས་གང་ཙམ་མགོ་ཚོས་བའི་སྐད་ཆ་ཡིན་པ་ཤེས་ཀྱི་འདུག འོན་ཀྱང་། ཁོ་རང་གི་གྲོགས་འདྲིས་བྱེད་སའི་མི་སྣའི་ཁོར་ཡུག་ཆུང་དྲག་པ་ཡིན་ནམ། ཡང་ན། བསམ་བློའི་ནང་ལ་ཆབ་སྲིད་ཀྱི་གཞུང་ལུགས་བརྟན་པོ་ཆགས་མེད་པས་ཡིན་ནམ། སྐད་ཆ་རྣམས་སྐབས་ཐོག་སྐབས་ཐོག་གི་དོན་རྣམས་གོ་རིམ་བསྒྲིགས་ཏེ་ར་སྤྲག་གཏོང་བ་ལྟ་བུ་ལས། གཞུང་ལུགས་དང་ཁྲིམས་ལུགས་ཀྱི་གཞི་རྩའི་ཐོག་ནས་དཔྱད་པ་གཏོང་ཐུབ་ཀྱི་མི་འདུག
ཀརྨ་ཆོས་འཕེལ་ལྟ་བུར་ཆ་བཞག་ན། གནས་ཚུལ་ཤེས་མང་ཉུང་བྱས་ན། ཕལ་ཆེར་སྨོན་ལམ་མཐར་ཕྱིན་ལས་ཤེས་ཉུང་བ་ལྟ་བུ་ཞིག་རེད། འོན་ཀྱང་ཆབ་སྲིད་དང་ཁྲིམས་ལུགས་ཀྱི་ལྟ་ཚུལ་གང་ཙམ་རྙེད་ཡོད་པའི་རྟགས་འདུག་ག
ཡ་ད་མང་སོང་། མུ་མཐུད་བགྲོ་གླེང་གནང་རོགས། ཁ་ངན་ཚིག་ངན་མ་སྨྲ། ང་རང་ཚོ་ག་ཚོད་ཐག་རིང་ཡང་སྤུན་ཟླ་རེད། ཤ་ཁྲག་གཅིག་གི་སྤུན་ཟླ་རེད། ཕན་ཚུན་གུས་ཞབས་ཏོག་ཙམ་བྱས་ན་ཅི་སྐྱོན།
ད་འགྲོ་རན་སོང་། ཚང་མས་རང་འདོད་ལྟར་བགྲོ་གླེང་གནང་རོགས། གཙོ་བོ་རྒྱུ་མཚན་དཔང་བཞག་གནང་རོགས།
དེ་ངོ་མ་རེད་
དོན་མེད་དབྱེན་དཀྲུགས་ཀྱི་མཆན་རྣམས་འགོག་གིན་ཡོད་ལ།
མཆན་རྒྱག་མཁན་རྣམས་ཀྱང་གཏན་འགོག་བྱེད་སྲིད།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུངགིས།
དཔལ་ལྡན་ཁ་བརྡ་ལྷན་ཁང་གི་བཀའ་ལ་དྭངས་ལེན་དང་། གལ་ཏེ་བཀའ་ལ་བརྩི་འཇོག་མི་བྱེད་མཁན་ཡོད་ཚེ་གཏན་འགོག་བྱེད་པར་ཡིད་རངས་ཞུ།
སྨོན་ལམ་མཐར་ཕྱིན་ལས་དྲག་ཅིག་ངས་ནི་མཐོང་མ་སོང་། མི་བརྟན་པོ། སྐད་ཆ་མང་པོ་མི་བཤད་མཁན། ཡར་མར་ཐེ་གཏོགས་མང་པོ་མི་བྱེད་མཁན། སྐད་ཆ་གང་བཤད་ཀྱང་གཏིང་ཟབ་པོ། རྒྱུ་མཚན་ཡོད་པ། ཕྱོགས་ལྷུང་གི་རྣམ་པ་ཆེར་མེད་པ། གནད་དོན་ཆུང་ཚགས་རིགས་ལ་དོག་འགྲོག་མི་བྱེད་མཁན། སྤྱི་པའི་ཚབ་བྱེད་མཁན་གྱི་མི་ཟེར་བ་དེ་འདི་འདྲ་ཞིག་ལོས་ཡིན་སྙམ་པ་ཞིག་འདུག དངོས་གནས་ཡིན། ཁོང་ནི་སྤྱི་འཐུས་གྲོས་ཚོགས་ནང་འདིར་ང་རང་ཆེས་དགའ་ས་དེ་ཡིན། རྙིང་མའི་སྤྱི་འཐུས་ཚེ་རིང་ཕུན་ཚོགས་ཡག་པོ་ཡོད། ཁོང་གི་ཚབ་གསར་པ་དེའི་སྐོར་ལ་གང་ཡང་བཤད་རྒྱུ་མེད། ཡག་པོ་ཞིག་ཡིན་མདོག་ཁ་པོ་འདུག གཞན་པ་ཚོ་ལ་དགའ་བསུ་ཆེར་མེད།
དྲྭ་གྲོགས་ཚོས་ཀྱང་སྤྱི་མཐུས་སྨོན་ལམ་མཐར་ཕྱིན་སྐོར་མང་དུ་གླེང་སློང་གནང་བཞིན་འདུག
ངོས་ནས་ཀྱང་ཁོང་གི་གཤིས་ཀའི་སྐོར་ནས་བཤད་འདོད་ཡོད།
ཁོང་ནི་བློ་རིག་གྲུང་ཞིང་ཞལ་ལྕེ་བདེ་བ།
གནད་དོན་བཟང་ངན་གང་ཡིན་ཀྱང་ཏན་ཏན་འགོས་འཚོས་མཁན།
སྤྱི་དོན་ལ་ཟོལ་མེད་ཀྱི་ལྷག་བསམ་དཀར་པོས་འབད་བརྩོལ་རྣལ་མར་གནང་མཁན་ཞིག་ཡིན་པར་རྒྱུན་ལྡན་ངོས་འཛིན་བྱེད་བཞིན་ཡོད།
མ་གཞི་དེང་སང་ཁ་འཕྲད་ལ་དོད་ཚད་ཀྱིས་མདོ་སྟོད་སྤྱི་མཐུས་བསོད་ནམས་སྟོབས་
རྒྱལ་ལ་ངན་སྨྲས་ཇི་སྙེད་བྱེད་བཞིན་འདུག་ཀྱང་།
བསོད་ནམས་སྟོབས་རྒྱལ་དང་སྨོན་ལམ་མཐར་ཕྱིན་གཉིས།
གྲོས་ཚོགས་རྭ་བ་དེས་ནང་ལ་མེད་ན།
བཟང་ངན་གྱི་བྱ་བ་ཕལ་ཆེར་དབྱེ་ཐག་མི་ཆོད་པར་གཅིག་ངོ་གཅིག་གིས་སྲུང་བའི་གྲོས་ཚོགས་ཤིག་ཏུ་མི་འགྱུར་ན་སྙམ་པའི་བློ་འཚབས་ཆེས་ཆེར་ཡོད།
སྤྱིར་སྨོན་ལམ་མཐར་ཕྱིན་ལ་ཆ་མཚོན་ན་ཐེང་གཅིག་མ་གཏོག་དངོས་སུ་མཐོང་མ་མྱོང་ཡང་།
བརྙན་འཁོར་དང་གསར་ཤོག་སོགས་ལས་ཁོང་གི་ཆ་རྒྱུས་མི་ཉུང་བ་ཞིག་མངའ་སོང་།
མ་འོངས་པར་ཁོང་ངེས་པར་བཀའ་ཁྲི་དང་མིན་ན་བཀའ་བློན་ཞིག་ཐོབ་པའི་རེ་བ་སྙིང་ནས་ཡོད།
དྲང་་གཏམ་ཐོས་ན་དགའ་བའི་གྲོགས་བཟང་ལ།།
སླད་མེད་ཚིག་གི་བདུད་རྩི་ཞལ་སྐྱེམ་འབུལ།།
སྐྱིད་སྡུག་ལས་ཀྱིས་བསྐོས་པའི་མི་ཡུལ་ན།།
སྐྱོ་བའི་སྙན་ངག་རྒྱ་མཚོའི་རླབས་དང་འགྲོགས།།
ཆོས་ལུགས་སྤྱི་འཐུས་ཚོ་ནང་ རྙིང་མའི་སྤྱི་འཐུས་བསོད་ནམ་བསྟན་འཕེལ་དང་བོན་པོ་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་གཉིས་ལས་གཞན་སུ་ལའང་མོས་མཐུན་མེད།།
དྲ་གྲོགས་ཚོ་ལ་བཀྲ་ཤིས་བདེ་ལེགས་ཡོད། ཁྱེད་ཚོས་དངོས་གནས་བོད་སྤྱི་པའི་དོན་ལ་བསམ་ནས་བགྲོ་གླེང་ཡག་པོ་ཞེ་དྲག་གནང་བཞག ཆོས་འཐུས་རྙིང་པ་བཅུའི་ནང་ནས་སུ་དགོས་པ་དང་སུ་མི་དགོས་པ་གཙོ་བོ་གླེང་གི་འདུག ཆོས་འཐུས་རྙིང་པའི་ནང་ནས་ས་འཐུས་པདྨ་འབྱུང་གནས་དང་རྙིང་འཐུས་རྒྱ་རི་པུ་ཕྲུག་གཉིས་དངོས་ནས་མ་རབ་ཞེ་དྲག་རེད་འདུག རྒྱུ་མཚན་གང་ཡིན་ཟེར་ན་ཁ་སང་ལྷོ་ཕྱོགས་སྤེལ་ཀོབ་ཏུ་བོད་རྒྱལ་ཡོངས་ཚོགས་ཆེན་ཐོག་ཆོས་འཐུས་དགོས་མིན་གྱི་གྲོས་ཆོད་ཅིག་སྡེ་ཚན་དང་པོ་ཀ་སྡེ་ནས་ཁུར་ཡོང་འདུག དེ་ལས་ཆོས་བརྒྱུད་ཁག་གི་སྐུ་ཚབ་རྣམས་ཀྱིས་བསམ་ཚུལ་བརྗོད་སྐབས་སུ་སྨ་བརྗོད་ལ་རང་མེད་གནས་ཚུལ་ཞིག་ཀྱང་བྱུང་བཞག
སྐབས་དེར་ས་འཐུས་པདྨ་འབྱུང་གནས་དང་། རྙིང་འཐུས་རྒྱ་རི་པུ་ཕྲུག་གཉིས་ཆོས་འཐུས་མི་དགོས་ཟེར་མཁན་གྱི་ཕྱོགས་སུ་ལངས་འདུག འདི་ལ་བློ་ཕམ་ཡོད། པདྨ་འབྱུང་གནས་དགོངས་པ་ཞུས་ཚར་འདུག རྒྱ་རི་བུ་ཕྲུག་གིས་ད་ལྟ་བར་མི་ལོ་བཅོ་ལྔའི་རིང་རྙིང་འཐུས་ཀྱི་མིང་ཐོག་ནས་ཁེ་བཟང་ཟོས་པས་མ་ཚད་ད་ཡང་བསྐྱར་ཆོས་འཐུས་མི་དགོས་པར་འདོད་མཁན་ཁག་ལ་རྒྱབ་སྐྱོར་ཀྱང་བྱས་འདུག
འདི་དྲང་མོ་མི་གཞན་པ་ཚོས་ཆོས་འཐུས་དགོས་མིན་བསམ་ཚུལ་བཤད་དུ་ཆུག་ཀྱང་ཆོས་འཐུས་རྙིང་པ་ཞིག་གི་ངོས་ནས་སྐད་ཆ་འདི་འདྲ་བཤད་པ་ལ་བློ་ཕམ་ཡོད། ད་རུང་རྙིང་མའི་སྐུ་ཚབ་རྣམས་ཀྱིས་བཞེས་ལག་མཆོད་སར་ཡོང་སྟེ་སློབ་གསོ་རྒྱག་ཁུལ་བྱས་འདུག སྐད་ཆ་འདི་རྫུན་མ་མ་རེད། ཡིད་མ་རྙིང་མའི་སྐུ་ཚབ་ཚོར་སྐད་ཆ་དྲིས།
རྒྱ་རི་བུ་ཕྲུག་ད་ལོ་ཡང་རྙིང་འཐུས་ནང་དུ་ལངས་འཆར་གྲ་སྒྲིག་ཨང་སར་འདུག འདི་རྙིང་མ་པས་ཤེས་དགོས་པ་རེད་རྒྱ་རི་བུ་ཕྲུག་ཆོས་བརྒྱུད་སྤྱི་འཐུས་མི་དགོས་ཟེར་ནས་རྒྱབ་སྐྱོར་བྱེད་མཁན་གྱི་མི་ངན་ཞིག་ལ་རྙིང་མ་པས་གང་བྱས་ནས་རྙིང་མའི་སྤྱི་འཐུས་འདེམས་པ་རེད།
ཁོ་ལ་འོས་མ་བླུགས་རོགས། གང་ཡིན་ཟེར་ན་ཁོ་ཆོས་ལུགས་སྤྱི་འཐུས་མི་དགོས་ཟེར་མཁན་གྱི་རྒྱབ་སྐྱོར་བ་ཡིན་པའི་ཕྱིར་རོ།
འདི་དྲང་མོ་མ་རེད། ཡིད་མ་ཆེས་ན་ཆོས་ལུགས་ཁག་གི་སྐུ་ཚབ་ཚོར་སྐད་ཆ་དྲིས།
ཆོས་བརྒྱུད་སྤྱི་འཐུས་མི་དགོས་ཟེར་མཁན་ཡིན་ན་ཁོ་ལ་འོས་བླུགས་དགོས་མིན་བལྟ་རྒྱུ་རེད།
རང་གི་ཅི་བཤད་རང་གིས་མ་ཚོར་རང་ལུགས་མེད་པའི་ར་མ་ལུག།
མགོ་བོ་རུལ་བ་སྣ་ཡིས་མ་ཚོར་མི་ཚོགས་ཁྲོད་དུ་སག་ནས་ཅི།།
ཆོས་བརྒྱུད་སྤྱི་མཐུས་མི་དགོས་དགོངས་ན་ཆོས་བརྒྱུད་སྤྱི་མཐུས་ཅིའི་ཕྱིར་ལང།
ཅུང་ཟད་རྣལ་དུ་ཕབས་ནས་བཞུགས་ན་རྒྱ་གྲོང་དཀྱིལ་ན་མི་མཛེས་སམ།།
ལགས་རེད་། ཏག་ཏག་རེད་།
སྤྱི་འཐུས་དང་། གཞུང་ཞབས་མང་པོས་བྱས་ཉེས་ཤོར་བ་རྣམས་ཐེར་འདོན་བྱས་མཁན་གཙོ་གྲས་རྣམས་ཆོས་བརྒྱུད་ཁག་གིས་སྤྱི་འཐུས་རྣམས་ཡིན། ཆོས་བརྒྱུད་ཁག་གི་སྤྱི་འཐུས་རྣམས་ཀྱིས་གཞུང་དངུལ་སྒེར་ཟས་བྱས་པའི་ནག་ཉེས་གང་ཡང་གོ་རྒྱུ་མེད། ཞིབ་འཇུག་ཡག་པོ་གནང་གལ་ཆེ།
ཨོོ། ཆོས་ལུགས་སྤྱི་མཐུས་མི་དགོས་ཟེར་བ་ཁས་མཚར། ཡང་ན་ང་མ་མིན་པའི་གཞན་མི་དགོས་ཟེར་ཡིན་གྱི་རེད། གལ་སྲིད་ཆོས་ལུགས་སྤྱི་མཐུས་མི་དགོས་ན་ལོ་བཅོ་ལྔར་ཆོས་ལུགས་སྤྱི་མཐུས་ག་རེ་བྱས་བཟོས་པ་ཡིན་ནམ། བཙན་དབང་གིས་ནི་ཨི་ཡིན་ན། སྤྱིར་ཆོས་སྤྱི་སེར་མོ་བ་རྣམས་ལ་གོང་ནས་སྐྱོན་བརྗོད་མང་པོ་གནང་འདུག་ཀྱང་། ངས་བལྟས་ན་ཁོང་རྣམ་པར་ཁ་གསལ་གཏིང་གསལ་དང་གཡོ་སྒྱུ་མེད་པར་དྲང་པོའི་ལམ་ནས་རང་གི་ལངས་ཕྱོགས་གསལ་པོ་བཟོ་མཁན་ཞིག་དུ་མཐོང་། ཁ་ཅིག་གིས་ཚོགས་རའི་དཀྱིལ་དང་། མང་ཚོགས་ཀྱི་མདུན་ནས་དྲང་ཚུལ་དང་སྒམ་ཚུལ་སྟོན་ཅིང་། ལྐོག་ནས་དཀྲུག་ཤིང་དང་རང་གི་གོ་གནས་དང་རྐུབ་སྟེགས་ཀྱི་ཆེད་དུ་གཡོ་སྒྱུས་ཐབས་ལམ་སྣ་ཚོགས་སྟོན་མཁན་ཨ་ཅེ་ཝ་མོ་ལྟ་བུ་དེ་ཚོ་རྙོག་གྲའི་རྩ་བ་རེད། དེ་ཚོ་མང་ཚོགས་ནས་ངོས་འཛིན་གསལ་པོར་གནང་ནས་ཕྱིར་སྟོན་དགོས། ང་ཚོར་༧གོང་ས་མཆོག་བཀའ་དགོངས་དང་། བོད་མི་མང་གི་ལས་དོན་གཡོ་སྒྱུ་དང་ངོས་ལྐོག་རྒྱབ་མདུན་མེད་པར་སྒྲུབ་མཁན་ཞིག་ངེས་པར་དུ་དགོས་གལ་ཆེའོ་ལོ་ལོ་ཚོ།
ཁང་གསར་འདི་བསམ་ཚུལ་རྒྱུ་མཚན་ཅན་ཤོད་མཁན་ཞིག་ཡིན་ཤག་བྱས་ཀྱང་། ཁང་པ་གསར་པར་བསྡད་ནས་སྐད་ཆ་རྙིང་དྲི་འཐུལ་ལེ་ཞིག་ཤོད་མཁན་ཡིན་ས་རེད།
༡༽ ཆོས་རྒྱུད་སྤྱི་འཐུས་ཡོད་པ་དེས། གཞུང་དགེ་ལུགས་པའི་མིན་པ་མཚོན་ཨེ། ཆོས་ལུགས་སྤྱི་འཐུས་ཚང་མ་མེད་པ་བཟོས་ན། དེ་བས་ཀྱང་ཆོས་ལུགས་བྱེ་བྲག་གི་མ་ཡིན་པ་མཚོན་ས་མ་རེད་དམ།
༢༽ གཞུང་དང་ཆོས་ལུགས་བར་རྙོག་དྲ་བྱུང་དུས་ཆོས་ལུགས་སྤྱི་འཐུས་ཀྱིས་འབྲེལ་ཟམ་བྱེད་ཐུབ་ཨེ། ད་ཕན་འབྲེལ་ཟམ་ག་རེ་བྱེད་ཐུབ་སོང་། དོལ་རྒྱལ་གྱི་རྙོག་དྲ་ལངས་དུས་ཆོས་ལུགས་སྤྱི་འཐུས་འདི་ཚོས་ག་རེ་འཇོན་སོང་། ཀརྨ་པའི་ཡང་སྲིད་གཉིས་ཆགས་དུས་ཆོས་རྒྱུད་སྤྱི་འཐུས་ཀྱིས་ག་རེ་ཐུབ་སོང་། ད་ལྟ་ཇོ་ནང་གི་རྙོག་དྲ་དེ་ལ་འདི་ཚོས་ཅི་ཞིག་བྱེད་ཐུབ་ཀྱི་འདུག དངོས་གནས་གཞུང་དང་ཆོས་ལུགས་བར་ལ་རྙོག་དྲ་བྱུང་ན། འདི་ཚོ་རྙོག་དྲ་བཟོ་མཁན་གཙོ་བོ་དེ་ཆགས་ངེས་རེད་མ་གཏོགས་རྙོག་དྲ་སེལ་མཁན་དེ་ཆགས་ཀྱི་མ་རེད།
༣༽ གཞུང་གི་སྲིད་བྱུས་ཆོས་སྡེ་ཁག་ལ་འདི་ཚོས་ཁྱབ་བསྒྲགས་བྱེད་ཐུབ་ཨེ། ད་ཕན་ཆོས་རྒྱུད་སྤྱི་འཐུས་འདི་ཚོས། རང་ཕྱོགས་ཀྱི་ཐོབ་ཐང་དང་ཁེ་ཕན་རྩོད་བསྡད་པ་མ་གཏོགས། གཞུང་གི་སྲིད་ཇུས་རང་རང་གི་དགོན་སྡེའི་ནང་ལ་ཇི་ལྟར་སྤེལ་སོང་། ལར་ནས། ཆོས་རྒྱུད་དེ་དང་དེའི་སྤྱི་འཐུས་ཀྱི་མིང་འཛིན་མཁན་མང་ཆེ་བ། རང་རང་གི་དགོན་སྡེ་ལ་སོང་ན། ཆེ་མཐོང་ཡོད་པའི་མི་མ་རེད་པ། དཔེར་ན། དགེ་ལུགས་སྤྱི་འཐུས་སེ་ར་ལ་སོང་ན། སེ་རས་མཐོང་བཞག་གི་མ་རེད། ས་སྐྱའི་སྤྱི་འཐུས་ས་སྐྱ་ཆོས་སྒར་ལ་སོང་ན། དགེ་བཤེས་སྤྱིར་བཏང་ཞིག་གི་མཐོང་ལས་ཡོད་མ་རེད། དེ་འདྲའི་ནུས་པ་མེད་པའི་མི་དེ་ཚོས་གཞུང་གི་སྲིད་ཇུས་ཇི་ལྟར་བསྒྲགས་ཐུབ་ཀྱི་རེད། ལྷག་པར་དུ། ཆོས་ལུགས་སྤྱི་འཐུས་འདི་ཚོ་མང་ཆེ་བས་གཞུང་གི་སྲིད་བྱུས་ཡག་པོ་ཤེས་ཀྱི་མེད་པཱ། གཞུང་ལ་ཡིད་ཆེས་མེད་པཱ། འདི་ཚོས་ཇི་ལྟར་ཕན་ཐོགས་ཐུབ་ཀྱི་རེད། གཉིད་ལམ་སྐྱིད་པོ་མ་གཏོང་ལོ།། ཁྱད་རང་གི་སྐད་ཆ་དེ་ཚོ་གཞུང་ལུགས་ཀྱི་སྐད་ཆ་རེད། བཤད་དུས་འདྲ་ཆགས་པོ་ཡོད་ཀྱང་དོན་ལ་དག་དག་ལྡོག་ཕྱོགས་རེད་ལོ།།
xxxxxx
xxxxxx
ད་ཡོད་ཀྱི་ཆོས་འཐུས་མི་ངན་འདི་ཚོའི་བྱས་ཉེས་དང་དཀྲུགས་ཤིང་ལ་མི་མང་ཡིད་ཆད་པ་དང་། ཆོས་འཐུས་འདི་ཚོས་བཀྲ་ཤིས་པ་ཞིག་བཟོ་ས་མ་རེད་སྙམ་པའི་ཞེད་སྣང་སྐྱེས་བཅུག་པ་དངོས་ཡོད་རེད། འོན་ཀྱང་འདི་ནི་ད་ལྟའི་ཆོས་འཐུས་ཀྱི་མིང་ཁྱེར་མཁན་སྒེར་སོ་སོ་ཡག་པོ་མེད་པ་མཚོན་པ་དང་། མི་མང་གིས་ཀྱང་ཆོས་ལུགས་སྤྱི་འཐུས་ཡག་པོ་འདེམས་ཐུབ་མེད་པ་མཚོན་པ་ལས། ཆོས་ལུགས་སྤྱི་འཐུས་དགོས་མ་དགོས་ལ་འབྲེལ་ཆེན་པོ་མཐོང་མ་སོང་། མི་མང་སོ་སོས་སྤྱི་འཐུས་འདེམས་སྟངས་མ་ནོར་ན་ཆོས་ལུགས་སྤྱི་འཐུས་ཡོད་ན་་ཕན་པ་ལས་གནོན་བསྐྱལ་མི་སྲིད། སོ་སོས་འདེམས་ནོར་ན་སྔོན་མ་ནང་བཞིན་རེད། རང་གིས་བསྐོལ་བའི་ཐུག་པ་ཞིམ་པོ་མེད་ཀྱང་འཐུང་དགོས། ཟེར་ལེ་རེད་དོ།
xxxxx
དྲ་གྲོགས་རྣམས་ལ་མཚམས་འདྲི་ཞུ་བཞིན་ཡོད་།
ཤེས་གསལ་ལྟར་བོད་ཀྱི་ཆོས་ལུགས་ཆེན་པོ་ལྔ་ལ། ཆོས་ལུགས་སུ་སོའི་སྐྱབས་མགོན་རེ་ཡོད་། སྐྱབས་མགོན་རྣམས་ནས་སུ་སོའི་ཆོས་བརྒྱུད་རྒྱུན་འཛིན་གནང་བཞིན་ཡོད་ལ་འགན་དང་དབང་ཆ་ཡང་ཚང་ཡོད་པས་། ཆོས་ལུགས་ཀྱི་སྤྱི་འཐུས་དགོས་ཡས་གལ་ཆེན་པོ་མཐོང་གི་མེད་འདུག མ་གཞི་ནས་ཆོས་རིགས་ལས་ཁུང་ནས་ཆོས་བརྒྱུད་ཁག་ལ་འབྲེལ་བ་གནང་ན་དེ་དགའ་རེད་བ་། སྙམ།
ཡ་ཡ་ད་ངས་རྟགས་བསལ་ཞིག་གཏོང་།
རྒྱ་རི་བུ་ཕྲུག་ཆོས་ཅན། བཀའ་སྤྱི་གཉིས་ཀ་མི་འོས་ཏེ། རྒྱ་རི་ཚང་གི་མི་ཡིན་པའི་ཕྱིར། དཔེར་ན་རྒྱ་རི་སྒྲོལ་མ་བཞིན། རྟགས་མངོན་སུམ་གྱིས་གྲུབ། ཁྱབ་པ་རང་གིས་ཞེ་འདོད་ཀྱིས་གྲུབ།
འོ་ལགས་སོ།
xxxxx
xxxxxx
གེ་རག་ས་རེད་ད།
ཁྱེད་ཅག་གིས་ཆོས་རྒྱུད་སྤྱི་འཐུས་དགོས་མི་དགོས་ཤོད་ཡག་ལས། ད་ཡོད་ཀྱི་འཐུས་མིའི་མིང་འཛིན་འདི་ཚོ་མེད་ན་མི་འགྲིག་པའི་དགོས་པ་དང་ཕན་ཁེ་ཤོད་དང་། མེད་ན་གང་ལ་གནོད། ཡོད་པས་གང་ལ་ཕན།
ཡོད་མེད་གཉིས་གི་དགོས་པ་བསྡུར། མིག་གིས་ལྟོས། རྣ་བས་ཉོན། ག་རེ་མཐོང་སོང་། ག་རེ་ཐོས་སོང་།
དེ་ནས་ཏོག་ཙི་ཧ་གོ་ཡོང་གི་རེད། ཚོད་ཚོད་་ཚོད་ལ་ཅིག་བཤད་ལས། ས་ཡ་དྲུག་པོའང་ལོང་བ་རྐྱང་རྐྱང་མིན་པས་བརྙན་འཕྲིན་མཐོང་ཡོད་ཤག་རེད།
འདིར་ཟིན་བྲིས་རྣམས་ལ་མཁས་པའི་རྣམ་དཔྱོད་ལྡན་མཁན་ཁང་གསར་རྡོ་རྗེ་མ་གཏོགས། xxxxxཁང་གསར་རྡོ་རྗེས་གསུང་པར་བསྟོད་བསྔགས་ཡོད།
བགྲོ་གླེང་ལྷུག་པོར་གནང་འདུག ཞིབ་ཀློག་ཅིག་བྱས་ནས་བསམ་འཆར་འདྲ་དགོས་ན་ཕུལ་རྒྱུ་ཡིན།
བསུབ་དགོས་པ་དེ་ཚོ་བསུབ་འདུག ཐུགས་རྗེ་ཆེ། ང་ལ་དགོས་པ་དེ་ཚོ་ཡིན།
ལྷ་རྒྱལ་ལོ།
ཁང་གསར་མཁས་པ་ཨེ། ངས་བྲིས་པའི་དྲི་བ་དེ་ཚོ་ལ་ལན་ད་བར་རྒྱག་ཐུབ་མ་སོང་། མཁས་པ་དེ་འདྲ་ཅིག་ལ་ཟེར་རམ།
གོང་དུ་ལྷག་བསམ་ཞེས་པ་ཞིག་ནས་ཡང་ཆོས་ལུགས་དང་ཆོལ་ཁའི་ཕྱོགས་ཞེན་མེ་ལྟར་འབར་ཏེ་བཤད་དོན་
“མཐུན་ཤེས་ན་ཁམས་ཕྱོགས་སུ་རིས་མེད་ཀྱི་སྐྱེས་ཆེན་མང་པོ་བྱོན་པ་རེད། མཐུན་མ་ཤེས་ན་ཨ་མདོ་ནས་བན་བོན་གྱི་དམག་མང་པོ་བརྒྱབ་པ་རེད”ཅེས་འགན་འཁུར་མེད་པའི་དཀྲུགས་ཤིང་གི་ཚིག་ངན་ཞིག་བསྐྱོན་འདུག་པ་དེ་སྣང་བ་མ་འགྲོ་བ་རང་རེད།
བོད་བླ་་མའི་དུས་རབས་ཀྱི་ཡིད་སྐྱོ་བའི་གནས་ཚུལ་ལ་ཁྱོད་ཀྱིས་གཞིགས་ཨེ་མྱོང་། ས་སྐྱ་པ་དང་འབྲི་གུང་པའི་དམག་འཁྲུག་དང་། ས་སྐྱ་པ་དང་ཕག་གྲུའི་དམག་འཁྲུག ཕག་གྲུ་དང་རིན་སྤུངས་པའི་དམག་འཁྲུག རིན་སྤུངས་པ་དགེ་ལེགས་པའི་དམག་འཁྲུག བཀའ་རྒྱུད་པ་དང་དགེ་ལུགས་པའི་དམག་འཁྲུག གཙང་པ་སྡེ་སྲིད་དང་དགེ་ལུགས་པའི་དམག་འཁྲུག རྒྱལ་དབང་ལྔ་པ་དང་བེ་རི་བོན་སྐྱོང་རྒྱལ་པོའི་དམག་འཁྲུག ཡང་ལྔ་པ་དང་བཀའ་རྒྱུད་པའི་དམག་འཁྲུག ལྔ་པ་དང་ཇོ་ནང་པའི་འཁྲུག་འཛིང་། དགའ་ལྡན་ཕོ་བྲང་གི་ནང་འཁྲུག་སོགས་ཀྱང་གང་བརྒྱབས་པ་རེད། ཁམས་ཕྱོགས་སུ་བོན་སྐྱོང་བེ་རི་པའི་སྒང་ལ་སོག་དམག་དྲངས་ནས་ལོ་ངོ་གཉིས་ལ་མི་གསོད་ཁྲག་སྦྱོར་གྱི་འཁོར་ལོ་བསྐོར་བ་དེ་སུ་རེད། ས་གནས་གང་ཡིན་ངོ་ཤེས་པར་གྱིས།
མ་ཟད་ཁམས་ཕྱོགས་སུ་ཡང་ཀརྨ་ཀཾ་ཚང་བཀའ་རྒྱུད་པའི་གྲུབ་མཐའ་འཛིན་པའི་དགོན་སྡེ་བརྒྱ་དང་སུམ་ཅུ་རྩ་བརླག་ཏུ་བཏང་བ་མ་ཡིན་ནམ།
དེ་མིན་ཕྱི་ལོ་༡༦༤༡ལོར་ལྷ་སའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་སུ་གུ་ཤྲི་ཧན་གྱིས་བར་ཁམས་བེ་རི་བོན་སྐྱོང་རྒྱལ་པོ་བཅོམས་ཟིན་པའི་ཡིག་འཕྲིན་དགའ་ལྡན་ཕོ་བྲང་ལ་ཕུལ་འབྱོར་བྱུང༌ནས་དེ་མུར་ཕྱག་མཛོད་བསོད་ནམས་རབ་བརྟན་གྱིས་མུ་མཐུད་དུ་དབུས་པར་དཔུང་འཇུག་ཡོང་དགོས་པའི་འབོད་སྐུལ་གྱི་ཆ་འཕྲིན་བརྫངས་ནས་བེ་རིའི་ཡུལ་སྡེ་ཐམས་ཅད་གཏོར་ཕམ་བཏང༌། ཁམས་སྡེ་དགེ་དང་སྨར་ཁམས་ཕྱོགས་ཀྱི་དགོན་སྡེ་མང་པོ་རྩ་མེད་དུ་བཏང་བ་དང་བཅོམ་བསྒྱུར་བཤིག་གསུམ་དང༌། མེ་བསྲེགས་རྒྱུ་འཕྲོག་གི་སྡིག་ལས་སྣ་ཚོགས་སྤེལ་སོགས་ཤིན་ཏུ་མང་བས་དེ་དག་ཚང་མ་ཆོས་ལུགས་ཀྱི་ཕྱོགས་ཞེན་དང་རུ་ཏྲ་མ་ཡིན་ཟེར་རྒྱུ་ཡིན་ནམ། ཡང་ན་དེ་ཁམས་ཕྱོགས་ཡིན་པས་ཁྱོད་ཀྱིས་ཁས་ལེན་མི་ཐུབ་བམ། ཨ་མདོ་ཕྱོགས་ནས་ཀྱང་དེ་ལས་ལྷག་ཅིག་གིས་ཁྲག་འཁོར་བསྐོར་མ་མྱོང་བས་དགོངས་འཇགས་ཞུ།
སྤོབས་པ་མཐའ་ཡས་ལགས། ཡོས་ལ་བབ་རྒྱུ་རྩམ་པ། གཏམ་གྱི་དོན་རྩ་ལྡོག་སྒྲིལ་གླིང་སྟེགས་འདིར་ངེད་གཉིས་བསམ་ཚུལ་དང་འདོད་ཕྱོགས་གཅིག་མཚུངས་སུ་འཁུམས་པས་བཀྲ་ཤིས་བདེ་ལེགས་ཡོད།
ངེད་བོན་པོ་ཚང་གིས་ཆོས་ལུགས་སྤྱི་འཐུས་ཀྱི་འོས་གཞིའི་ས་བོན་ད་ལོ་ཡང་མུ་མཐུད་དུ་དགེ་བཤེས་སྨོན་ལམ་མཐར་ཕྱིན་བདམས་ཟིན་པ་ཡིན། འདིར་ལྷག་བསམ་ཟེར་བ་དེས་ཨ་མདོ་པས་ཆོས་ལུགས་སྤྱི་འཐུས་མི་དགོས་པར་བཤད་པ་ཡང་འཁྲུལ་བ་དང་དཀྲུགས་གཏམ་རེད། ཁོ་བོ་སོགས་ཨ་མདོ་བ་ཁྱུ་གཅིག་གིས་འདི་ན་ཆོས་ལུགས་སྤྱི་འཐུས་དགོ་ཞེས་སྐད་འབོད་ཞུ་བཞིན་ཡོད། དངོས་གནས་ཆོས་ལུགས་སྤྱི་འཐུས་མི་དགོས་ཟེར་མཁན་ཚོས་ཡང་བོད་བླ་མའི་དུས་རབས་ཀྱི་དམག་འཁྲུག་བསླངས་འདོད་པ་རེད། དེ་ཚོའི་ནང་ལ་ཁམས་པ་དང་དགེ་ལུགས་གཉིས་ཀྱི་གཞི་མཐུན་པ་ཚོ་གཙོ་བོ་རེད། ཨ་མདོ་པ་ཁག་ཅིག་གིས་འདོད་པ་ལ་ཨ་མདོ་ཚོས་མི་དགོས་པར་འདོད་པ་རེད་ལབ་ན་རིག་ལམ་མེད་པའི་གླང་རྒན་གྱི་གཏམ་དུ་འཁུམས་སོ་ཞུས་པ་ཡིན།
ཁྱེད་ཚོས་འདི་འདྲ་མི་བཤད་པ་ངའི་རེ་བ་ཡིན། རིས་མེད་བསྟན་པའི་མངའ་བདག་༸གོང་ས་ཐམས་ཅད་མཁྱེན་པའི་བཀའ་དྲིན་འོག་དེང་སང་ཚང་མ་སྐྱིད་པོ་རེད། གནའ་རབས་དེ་ཚོ་ཡར་བསྔོགས་ན་ཡག་པོ་ཡོད་མ་རེད། དགྲ་དགའ་གཉེན་སྡུག་གི་སྐད་ཆ་རྐྱང་རྐྱང་རེད།
དྲ་བར་འཁྱམས་པའི་གསར་བུ་ཚོ་ཚང་མས་ཐུགས་བསམ་ཡག་པོ་བཞེས་རོགས།
བསམ་བློ་བཞི་གསུམ་བཅུ་གཉིས་བསྐོར། བློ་རྩེ་ཉི་ཤུ་རྩ་ལྔ་འཁོད། བློ་སྒོ་དགུ་བཅུ་གོ་དགུ་བཀྲམས། སྔ་བསམ་ཕྱི་མནོ་བཏང་ཡག་གིས་སྤྱི་འཐུས་གང་དགོས་དང་སུ་ཡག་ལ་དགོངས་འཆར་གནོང་། དེ་མིན་ཆོལ་ཁའི་ཕྱོགས་འཛིན་གྱི་གཏམ་ངན་དེ་ཚོ་མ་འཁུར་རོགས་ཞུ།
ལྷག་པར་དུ་མང་ར་བ་ལྷག་བསམ་ཁྱེད་གཉིས་ཀ་བོན་པོ་རེད།
གོང་གི་མཆན་དེའི་འཕྲོ་ཆད་འདུག
ངེད་གཉིས་བོན་པོ་ཡིན་པ་ཁྱོད་ཀྱིས་གསལ་བཤད་མ་བྱས་ཀྱང་ངས་ཧ་གོ་བཞིན་ཡོད།
རྟེན་རྙིང་པ་ལ་རྟེན་བཤད་གསར་པ་དགོས་ནི་མ་རེད།
དགོངས་དག་ ཁྱེད་གཉིས ངེད་གཉིས་ཞེས་བཅོས་རོགས་ཞུ
ཆོལ་ཁའི་ཕྱོགས་ཞེན་མ་ཁྱེར་ན་ཧྲ་ནི་རེད། དྲིན་ཆེན་ཚོ། ཆོས་ལུགས་སྤྱི་འཐུས་ཁྱོད་ཚོ་ལ་མི་དགོ་ན་ཡོད་ནི་རེད། དེ་ནི་གོང་ས་ཆེན་པོས་ཆོས་ལུགས་ཁག་ལ་གསོལ་རེས་གནང་བཞག་རྒྱུ་ཞིག་རེད།
བརྗེ་བོ་རྒྱག་དགོས་མིན་ཡང་ཆོས་རྒྱུད་སོ་སོའི་དབང་ཆ་རེད། མི་སྐྱ་ཚོ་ལ་བྱུས་གཏོགས་ཡོད་ནི་མ་རེད། མ་དགའ་ན་སྡུག་གྱོང་རེད།
ལྷག་བསམ། དོན་མེད་ལ་རྙོག་གླེང་མ་བྱེད། རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་ཡང་ཨ་མདོ་རེད། རྗེ་བློ་བཟང་གྲགས་པ་ཡང་ཨ་མདོ་རེད། ཁྱོད་ཀྱང་རྗེ་མཉམ་མེད་ཆེན་པོའི་རྗེས་འཇུག་ཅིག་རེད། ཨ་མདོ་ན་སྨན་རིའི་གསེར་ཁྲི་དང་གཡུང་དྲུང་གླིང་གི་གསེར་ཁྲི་འཛིན་མཁན་མང་པོ་ཡོད་རེད་དཱ། ཁྱོད་གང་ནས་རེད། ༸གོང་ས་སྐྱབས་མགོན་ཆེན་པོ་ཡང་ཨ་མདོ་ནས་རེད། པཎ་ཆེན་སྐུ་གོང་མ་ཡང་ཨ་མདོ་ནས་རེད། བོད་ཀྱི་བླ་མ་ཚོའི་ཁྲོད་དུ་ཁོང་གཉིས་ལས་ལྷག་པའི་བོད་ཆབ་སྲིད་ཀྱི་དོན་ལ་སྐུ་ངལ་བསྐྱོན་མཁན་ཞིག་ཨེ་ཡོད། རག་སྡི་ནགས་ཆུ་ནས་རེད། བྱམས་པ་ཕུན་ཚོགས་ཆབ་མདོ་ནས་རེད། འཕགས་པ་ལྷ་ཡང་ཆབ་མདོ་ནས་རེད། པན་ཆེན་རྫུན་མ་དེ་ཡང་་་་་་་་་་། ཡ་ཡ་ཡ་ད་དུང་མང་པོ་ཡོད་ཀྱང་མི་བཤད།
དྲ་གྲོགས་མང་པོ་ཞིག་གི་དགོངས་ཚུལ་གསུངས་པ་ལེགས་གུས་པས་བསམས་ན་མཆན་འབྲི་བ་རྣམས་ནས་བློ་གཟུ་བོར་གནས་པས་ཐོག་ནས་ལན་དང་དགག་པ་གང་བཏབ་ན་ལེགས།
བོད་ནང་ལ་རྒྱ་ཞེན་ཅན་གྱི་གླུ་པ་དང་གླུ་མ་ཚོས་རང་སྲོག་དཔང་དུ་གཙུག་ནས་ཆོལ་གསུམ་གཅིག་བསྒྲིལ་དང་མཐུན་འབྲེལ་ཀྱང་གླེང་ཡང་།
འདིར་འབྱོར་བའི་བདག་མེད་རེ་གཟུང་གིས་ང་དང་ཁོ་ཨམ་མདོ་དང་ཆབ་མདོ་ཞེས་པའི་གཏམ་ཀྱང་གླེང་ན་ལས་དོན་གཞན་ཞིག་གཉེར་བཞིན་མེད་དམ།
སྟོན་འགག་སྔོན་པོ་གྱོན་པའི་གྲྭ་བ་དེར༎
དམིགས་བསལ་ཚིག་འགའ་མ་བཤད་རང་བཤད་རེད༎
སྤྱི་འཐུས་གྲོས་ཚོགས་ནང་ལ་རྐུབ་བཙུགས་ཏེ༎
ཐ་ཤལ་མི་ཡིས་སྤྱོད་ཚུལ་མང་བསྟན་སོང་༎
ད་དུང་རབ་བྱུང་ཞིག་གོས་ཀྱིས་གཏུམས་ནའང༌༎
ཞེ་སྡང་སྦྲུལ་གྱི་ལྕེ་གཉིས་དུག་མདའ་གཟན༎
མིག་ཤེལ་སྒོ་འདྲ་གདོང་ལ་འདེགས་པ་དེ༎
མཁས་རྟགས་མ་ཡིན་བླུན་རྟགས་རང་ཡིན་ནོ༎
ཕུར་བ་སྐྱབས་ཀྱིས་སྐད་ཆར་སྐྱག་དྲི་ཁ༎
མཁས་པ་ཚང་མ་ཨ་མདོ་ཡིན་ཞེས་སྨྲ༎
ཁ་གཅིག་མཁས་པ་ཁམས་ན་མང་མདོག་བགྲང་༎
གཉིས་ཀའི་བསམ་ཚུལ་བྱིས་པ་ལོ་བརྒྱད་རེད༎
ཁྱེད་གཉིས་སློབ་སྦྱོང་བྱས་པའི་གྲུབ་འབྲས་དེ༎
ཞེན་ཕྱོགས་འཐབ་འཛིང་བྱེད་པའི་ཆེད་ཡིན་ནམ༎
ཡང་ན་མི་རིགས་མཐུན་སྒྲིལ་གཏོར་ཆེད་ཡིན༎
ཁྱེད་གཉིས་ཡི་གེ་ཤེས་པའི་དགོས་མཚན་དབེན༎
དེ་ལས་སྐྱག་ཁ་ནག་པོ་བཙུམ་ནས་སྡོད༎
གལ་སྲིད་འཇོན་ཐང་ངར་མ་ཡོད་གྱུར་ན༎
དམར་ནག་སྲིན་པོའི་ཕྱོགས་ལ་ཚིག་མདའ་ཕོངས༎
དེ་ནི་མི་རིགས་དཔའ་པོར་བརྩི་ངེས་ཡིན༎
འདི་ཚོའི་ནང་ནས་བོན་པོའི་སྤྱི་འཐུས་དེ༎
སྔོན་ཆེད་གྲོས་ཚོགས་རྐུབ་སྟེགས་བཙན་བཟང་གིས༎
དམངས་ལ་ཕན་པའི་བྱ་བ་སྒྲུབ་ཆོག་མོད༎
དེ་ལས་ལྡོག་སྟེ་རྒྱགས་གཏམ་མང་བཤད་ཡོད༎
དེ་དང་བསྟུན་ནས་ད་རེའི་གྲོས་ཚོགས་ནང་༎
རྐུབ་སྟེགས་འཛིན་པའི་རེ་བ་མ་བཅིངས་རོགས༎
ནངས་ནིང་གྲོས་ཚོགས་རྙོག་དྲ་སླངས་པའི་སྐབས༎
འཕགས་འཚགས་རྒྱགས་མཁན་ཨང་གི་དང་པོ་རེད༎
དེ་འདྲ་དེ་ཡིས་གྲོས་ཚོགས་ཆེན་མོ་ནང་༎
མི་དམངས་ཡིད་ཀ་ལོགས་པའི་གཏམ་ངན་ལས༎
ཕན་པའི་བྱ་བ་སྣེ་གཅིག་སྒྲུབ་མི་ནུས༎
དེ་ལས་སྔ་བོར་དགོངས་པ་ཞུས་ན་ལེགས༎
གཏམ་ལ་ནས་ཆང་རུལ་པའི་སྐྱུར་དྲི་དང་༎
ཚིག་ལ་ནང་དོན་དབེན་པའི་འཁྱོག་བཤད་དངོས༎
རྒྱབ་ལ་སྟོན་པའི་ན་བཟའ་གྱོན་པ་ཙམ༎
ཁ་ལག་ཞེ་སྡང་རལ་གྲིས་ནང་མེས་ཉིད༎
དེ་འདྲ་དེ་ཡིས་བོད་ཀྱི་གྲོས་ཚོགས་ནང་༎
མི་ཆེན་དཔོན་པོའི་རྫིག་ཉམས་འདོན་བཅུགས་ན༎
རང་ཅག་བོད་པའི་མ་འོངས་འདུན་ལམ་དེ༎
ཇི་ལྟར་ཡར་རྒྱས་གཏོང་ཞེས་དྲི་རྟགས་ཤིག།
ངོ་ཅུང་ཙམ་ཤེས་པ་ནི་འདི་ཚོ་རེད། ངོ་མི་ཤེས་པ་ཞིག་ལ་ཆ་རྒྱུས་མེད། ད་སུ་བླུགས་དགོས་སམ།
ཨ་ལ་ལ། སྐར་མདས་སྙན་ངགས་སྐ་མདའ་འདྲ་ཞིག་བྲིས་འདུག་ཨང་། སྙན་ངགས་ཟེར་བ་འདི་བཙིར་ནས་ཡོང་རྒྱུ་ཞིག་མ་རེད་ལ་དག་ཆ་མེད་ན་དེ་བས་ཀྱང་ཐབས་ཟད། སྙན་ངགས་སྐར་མདའ་འདྲ་བ་འདི་ཁོང་མ་གཏོགས་སུས་ཀྱང་འབྲི་ཤེས་རྒྱུ་མ་རེད། མཁས་པ་རེད་ཡ། ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ།
ཅིའི་ཕྱིར་ཆོས་ལུགས་སྤྱི་འཐུས་དགོས་སམ། ཆོས་དོན་བཀའ་བློན་གྱི་སྟངས་འཛིན་འོག་ནས་ཆོས་བརྒྱུད་ཆ་ཚང་གི་འཐུས་མི་ཡོད་པའི་ལྷན་ཁང་ཞིག་བཙུགས་ན་ཅིས་མི་འགྲིག
སྤྱི་འཐུས་ཚོས་ཐུགས་བསམ་བཞེས་དགོས་འདུག
དངོས་གནས་བཤད་ན་ཁྱེད་རྣམ་པ་ཚོ་མདོ་དབུས་ཁམས་གསུམ་གྱི་བོད་མི་མང་གིས་ཡིད་ཆེས་དང་བློ་དད་བྱེད་ས་གཙོ་བོ་ཞིག་ཆགས་ཡོད་པ་རེད། མ་ཟད་རང་ཉིད་དང་པོ་འོས་མིའི་ནང་དུ་ལངས་པའི་སྐབས་ལ་ཡང་ཞི་བདེའི་ཐོག་ནས་བྱ་བ་དྲང་བདེན་དང་ལྷག་བསམ་བྱ་རྒྱུ་ཅེས་རང་ཉིད་ཀྱིས་ཁས་ལེན་དང་དམ་བཅའ་ཡག་པོ་བཞག་ཡོད་འགྲོ། ཡོད་ན་འགལ་བར་མི་བྱ་རྒྱུ་གལ་ཆེ།
འགའ་ཞིག་གིས་སྤྱི་འཐུས་ནང་ལ་ཆོས་ལུགས་སྤྱི་འཐུས་མི་དགོས་ཟེར་མཁན་འདུག་མ་ཟད་ལྷག་པར་དུ་དགེ་མདུན་པ་མི་དགོས་ཟེར་མཁན་འདུག་དེ་ནི་ནོར་འཁྲུལ་རེད་གང་ཡིན་ཟེར་ན་ང་ཚོ་བོད་ལ་ཡོད་ན་མེད་ན་ཆོས་རང་རེད་ཆོས་བཤད་མཁན་དགེ་མདུན་པ་རེད། དཱ་མི་དགོས་ཟེར་གྱི་འདུག་ཡ་མཚན་རེད། དུས་ད་ལྟར་པར་དུ་ང་ཚོ་བོད་ཟེར་ཡ་འདི་མི་གཞན་པའི་བརྩི་མཐོང་བྱེད་དགོས་པ་དང་སྙན་གྲགས་ཆགས་དགོས་པའི་རྒྱུ་མཚན་ཅི་རེད། གོང་ས་མཆོག་གཙོ་བོ་བྱེད་པའི་ཕྱི་རྒྱལ་རྒྱལ་ཁབ་མང་པོ་ཞིག་གི་ནང་ལ་ཕེབས་ནས་བོད་ཀྱི་ཆོས་དང་རིགས་གཞུང་ངོ་སྤྲོད་བྱེད་པ་དང་དེ་ཡང་བོད་མི་མང་གིས་སྐྱིད་སྡུག་མཉམ་མྱོང་ཐོག་ནས་བཀའ་སློབ་གནང་ནས་ལྷག་པར་དུ་ནང་པ་སངས་རྒྱས་པའི་ཆོས་ཟེར་ཡ་འདི་རྩ་ཆེན་པོ་ཞིག་ཡིན་པ་དང་འགྲོ་བ་སེམས་ཅན་ལ་ཕན་ཐོགས་པ་ཞིག་ཡིན་པས་ཆ་ནས་ང་ཚོ་བོད་མི་མང་ལ་རོགས་རམ་དང་རྒྱབ་སྐྱོར་ཡོད་པ་རེད་མ་གཏོགས་གཞན་ང་ཚོ་ལ་ཅི་གང་མེད། དགེ་མདུན་པ་མེད་ན་ཆོས་བཤད་མཁན་སུ་ཡོད་ཕོ་རྒན་མོ་རྒན་དེ་ཚོ་ཡིན་ན་བཤད་མི་ཤེས་ཁོ་ཐག་རེད། ཕོ་གཞོན་མོ་གཞོན་དེ་ཚོ་ཡིན་ན་མགོ་སེར་ཚོ་མཉམ་དུ་རྒྱུགས་ནས་དུས་ཚོད་མེད་པ་རང་རེད་མཐའ་མ་བོད་མི་མང་ཚོ་ཁ་ནང་ལ་མཛུབ་མོ་བཅུག་གནས་བསྡད་ཡེ་ཡིན་པས་གོང་དུ་གཞི་བཟུང་ཐོག་ནས་ཕྱིན་པ་ཡིན་ན་མཐའ་མ་འདི་འདྲ་མ་གཏོགས་ཐར་ལམ་གལ་གང་མེད། འདི་འདྲ་སོང་ཙམ་ཚང་མའི་བསམ་བློ་ལེགས་སུ་གཏོང་རོགས།
ལྷག་པར་དུ་ཆོས་ལུགས་སྤྱི་འཐུས་མི་དགོས་ཟེར་མཁན་དེ་ཚོ་བསམ་བློ་གཏོང་རོགས་གནང་ཞུ་རྒྱུ།
བཀའ་རྒྱུད་སྤྱི་འཐུས་འཁོར་ཚ་བསོད་རྣམས་དགྲ་འདུལ་མི་དགོས་རྒན་པོ་འདི་ལ་ཤེས་བྱ་ཡོན་ཏན་གལ་གང་མི་འདུག་མ་ཟད་རྒན་པོ་འདི་ཉེན་ཁ་འདུག་ཚང་མའི་གཟིགས་དཱ།
ཁ་བརྡ་ཚང་ལགས
གོང་གིས་སྤྱི་འཐུས་ཚོ་འདྲ་པར་བསྒྲིགས་གཏང་འདི་རྒྱུ་མཚན་ཀ་རི་ལ་རྟེན་ནས་བསྒྲིགས་པ་ཡིན་ཚིག་འགའ་ཞིག་གསུང་རོགས་གནང་མ་གཏོགས་འགྲིག་གི་མི་འདུག
གོང་གི་འདྲ་པར་གྱི་གོ་རིམ་ཕྲན་གྱིས་བསྒྲིགས་པ་ཡིན། ངས་ས་སྐྱ་དང་བཀའ་རྒྱུད་གཉིས་ལས། ས་སྐྱ་སྔོན་ལ་བྱུང་བ་རེད་དྲན་ནས་བསྒྲིགས་པ་ཡིན། འོན་ཀྱང་ད་ལྟ་གཞུང་འབྲེལ་དྲྭ་ཚིགས་ལ་བལྟ་དུས་རྙིང་མ་དང་པོ་དང་། དེ་ནས་རིམ་པ་བཞིན་བཀའ་རྒྱུད། ས་སྐྱ། དགེ་ལེགས། བོན་བཅས་བསྒྲིགས་དགོས་པ་འདྲ། ངས་ས་སྐྱ་དང་བཀའ་རྒྱུད་གཉིས་བསྒྲིགས་ནོར་བྱས་བར་དགོངས་དག་ཞུའོ།།
སྐྱོན་བརྗོད་གནང་བར་ཐུགས་རྗེ་ཆེ།
བོན།
རྙིང་།
བཀའ།
ས།
དགེ
ལོ་རྒྱུས་དང་སྦྱར་ན་འདི་འདྲ་རེད། རང་འདོད་ལྟར་བྱེད་ན་གང་དྲན་རེད།
གོ་རིམ་སྒྲིག་སྟངས་དེ་བྱུང་སྔ་ཕྱི་ལྟར་བྱས་ན། དངོས་གནས་བོན་དང་པོར་འཇོག་དགོས་པ་འདྲ། ཡིན་ནའང་ད་ལྟའི་བོན་པོའི་སྤྱི་འཐུས་གཉིས་ཀྱི་སྤྱོད་ཚུལ་དབང་གིས་ངས་འདིར་དང་པོར་བཞག་ནའང་གཞན་དག་གིས་ཁས་ལེན་དཀའ། ལར་ནས་བོད་གཞུང་གི་གཞུང་འབྲེལ་སྒྲིག་སྟངས་དེ་ལམ་སྲོལ་ཞིག་ཆགས་ཟིན་པ་རེད། འདིར་གཞུང་འབྲེལ་གྱི་གོ་རིམ་དེ་ཀ་གཞི་རུ་བཟུང་ནས་བཀོད་ཡོད། དེ་རིང་སློབ་སྦྱོང་ཡག་པོ་ཞིག་ཤེས་སོང་། ཐུགས་རྗེ་ཆེ།
http://is.gd/eY4x4
ཁང་གསར་ལགས།
ཁྱོད་ཁ་བདེ་བོ་འདུག་དངོས་གནས་བཤད་ན་བོད་གངས་ཅན་ལྗོངས་ལ་ཆོས་ལུགས་བྱུང་སྔོན་མ་བོན་པོ་རེད་དེ་ནས་རྙིང་མར་བཀའ་རྒྱུད་ས་སྐྱ་དགེ་ལུགས་རེད་ཆོས་དང་ལོ་རྒྱུས་གཉིས་ཐོག་ནས་ཕྱིན་པ་ཡིན་ན་ལམ་ཁ་འདི་ལྟར་རེད། ཁྱོད་ཀྱིས་གཞན་པའི་གང་ཟག་ཚོ་ཁས་ལེན་མི་འདུག་ཟེར་ན་འགྲིག་གི་ཡོད་དམ་སྤྱི་གཏང་མི་སུམ་ཅུ་ལ་བསམ་པ་སུམ་ཅུ་ཡོད་པ་མཛོ་དྲུག་ཅུ་ལ་རྭ་ཅོ་དྲུག་བཅུ་ཡོད་པ་ཤེས་མ་སང་ཨེ། གནས་ཚུལ་ཅུང་ཟད་ཙམ་རེད་དེང་ཆོས་དང་ལོ་རྒྱུས་གཉིས་ཐོག་ནས་ཕྱིན་པ་ཡིན་ན་སྙན་པོ་འདུག་ཨ།
ཁང་གསར་རྡོར་རྗེ། བོན་པོ་རྗེས་སུ་འཇོག་དགོས་པའི་རྒྱུ་མཚན་འདི་འདྲའི་ཐབས་ཆགས་ཤིག ཁྱོད་ཀྱིས་ཆོལ་ཁའི་སྤྱི་འཐུས་ཀྱང་དེ་ལྟར་མི་བསྒྲིགས་དོན་གང་རེད། སྤྱིར་བཏང་གོ་རིམ་བསྒྲིགས་སྟངས་ཙམ་རྩོད་འདོད་མེད་མོད། གླད་མེད་ཚོས་ཁ བདེ་བོ་དང་དོན་ལོག་པ་རྐྱང་བྱས་བསྡད་ན་ཡན་པོར་གཏོང་ཉན་མི་འདུག
ད་བོན་པོ་ཚོ་ལ། ཙོག་ས་བྱུང་དུས་ཉལ་ས་དང་། ཉལ་ས་བྱུང་དུས་རྐྱོང་ས་ཟེར་བ་ལྟར། ཆོས་རྒྱུད་ཀྱི་མིང་སྔ་ཕྱིའི་གོ་རིམ་ཙམ་ལའང་ཁྱོད་རྗེས་མ་དང་ང་སྔ་མ་རྩོད་ཀྱི་འདུག འདི་ཚོ་ལ་བསམས་ན། གང་དུ་སུ་དང་འགྲོགས་པའི་ཚེ།། བདག་ཉིད་ཀུན་ལས་དམན་ལྟ་ཞིང་། །སོགས་ཆོས་དང་བོན་གྱི་ལྟ་བའི་དྲི་ཙམ་ཡང་མི་འདུག འདི་ནི་ཆོས་ལུགས་སྤྱི་འཐུས་མི་དགོས་པའི་རྒྱུ་མཚན་གཅིག་རེད།
གངས་ལྷ་ལགས། བསམ་བློ་ཞིབ་གནང་བགྱིས་གལ་ཆེ། བོན་པོ་ཚོས་་་་་་་་ཞེས་ནང་མཐུན་མེད་པའི་དབྱེན་དཀྲུག་གི་བྱ་བའི་མགོ་མ་བསླངས་ན་ཡག་ལེ་རེད། ང་ཚོ་ཁམ་པའི་མི་ལ་ལས་སླ་བོ་ཡོད་ལེ་མ་རེད་ད
ཁང་གསར་རྡོ་རྗེ་ལགས་ཀྱིས་རྒྱུ་མཚན་ཐབས་ཆག་ཅིག་བགྲངས་འདུག དེ་ཙམ་གྱིས་ཁྱོད་ཀྱི་མི་གཤིས་རྟོགས་སོང་། མི་མང་ན་རོ་མང་ལེ་རེད། ཧ་ཅང་སྐྲག་དགོས་དོན་ཡོད་བ་མ་རེད། སྤྱི་སེམས་ཡོད་མཁན་གྱི་སྡར་མ།
གངས་ལྷས་༼ད་བོན་པོ་ཚོ་ལ༽་ཞེས་པ་དང་ཁྱུང་སྲས་ཀྱིས་༼ང་ཚོ་ཁམ་པའི་མི་ལ་ལས་སླ་བོ་ཡོད་ལེ་མ་རེད་ད༽ཟེར་བ་འདི་གཉིས་ནི། ༼ཤ་རྒྱ་མ་གང་ལ་ཡང་ལྗིད་ཅིག་མི་འདུག༽ སུ་ཡིན་ཀྱང་ཕྱོགས་ཞེན་གྱི་སྐད་ཆ་དྲ་ཐོག་ནས་མ་བཤད་ན་ཡག་པོ་འདུག སྤྱིར་ན་ཕྱོགས་ཞེན་འདི་བོད་མི་ནང་ཁུལ་ལ་དགོས་པ་ཞིག་གཏན་ནས་མ་རེད། དེ་བས་དྲ་གྲོགས་ཚོས་བོད་མི་ནང་ཁུལ་དུ་ཕྱོགས་ཞེན་ཀྱི་བསམ་བློ་འཁྱེར་བ་དང་ལྟ་ཚུལ་འཛིན་པ། སྐད་ཆ་བཤད་པ་སོགས་མ་གནང་ན་སྙམ་པའི་རེ་བ་ཞུས་པ་ཡིན།
དྲྭ་གྲོགས་ཚོ། ད་ཆོལ་ཁ་དང་ཆོས་ལུགས་ཀྱི་གཏམ་ཉོག་དེ་དག་མ་གླེང་ན་བཟང་། གླེང་གླེང་ན་ང་ཚོ་སྐབས་བབས་ཀྱི་བརྗོད་བྱ་དང་ཐག་རིང་ཐག་རིང་ཞིག་ཏུ་འཁྲིད་རྒྱུ་རེད། ཁ སྔོན་ཡང་གནས་ཚུལ་དེ་བྱུང་སོང་ང་། ཐུགས་བསམ་ཡག་པོ་བཞེས་རོགས། རྒྱལ་ཁབ་གཅིག་ མི་རིགས་གཅིག རིག་གཞུང་གཅིག བསམ་བློ་གཅིག མདུན་ལམ་གཅིག སྐྱིད་སྡུག་གཅིག ཕུགས་འདུན་གཅིག གཅིག་གཅིག་གཅིག འདིའི་ཐོག་ཏུ་གཉིས་མ་བཤད་རོགས།
ངས་མཆན་ཟང་ཟིང་ཞིག་བྲིས་པ་དེས་ཁྱེད་ཅག་གི་ཐུགས་ལ་གནོད་ན་དགོངས་དག
འདི་དང་ཆོལ་ཁའི་སྤྱི་འཐུས་སྐོར་གྱི་ཟིན་བྲིས་ནང་བཀོད་པའི་འདྲ་པར་དང་མིང་ཡིག་གི་གོ་རིམ་དེ། སྤྱི་འཐུས་ལྷན་ཁང་རང་གིས་བཏོན་པའི་དཔེ་དེབ་གཞི་རྩར་བཟུང་བ་ཡིན། བོད་གཞུང་གི་དྲྭ་རྒྱར་བཀོད་པའི་གོ་རིམ་དེ་ཀ་ཡིན། འདི་ལ་མོས་མཐུན་མེད་ན། གྲོས་ཚོགས་ནང་གསུངས་ཏེ་འགྱུར་བ་ཞིག་གཏོང་དགོས་རེད་མ་གཏོགས། བདག་ལ་གཤེ་ཞིང་སྡིགས་པས་ཅི་ཡང་མི་ཕན་ནོ།།
ལར་ནས། སྤྱི་འཐུས་ཀྱི་གདན་ཐོབ་མཚན་གཞུང་དང་། སློབ་དེབ་ནང་གི་སློབ་ཚན་གྱི་རིམ་པ་སྒྲིག་སྟངས་དེ་ཚོ་ཚང་མ་ན། རྙིང་བཀའ་ས་དགེ་སྔོན་ན་བཀོད་རྗེས། བོན་བཀོད་དང་དགོད་བཞིན་འགོད་འགྱུར་གྱི་སྤྱི་འགྲོས་ཤིག་འདུག་པ་འདིའི་རྒྱུ་མཚན་ཅི་ལགས། དེ་གསལ་པོ་ཞིག་བཟོ་ཐུབ་ན། རྗེས་ཕྱོགས་ནས་བདག་དང་བདག་འདྲ་བ། ཆོས་ལུགས་ཀྱི་གནས་ཚུལ་དེ་ཙམ་མི་ཤེས་པ་ཚོ་ལ་ཕན་ངེས།
དེ་ཙམ་ཡིན། ཁ་དྲོ། བཀྲ་ཤིས།
ཁང་གསར་ནས་གསལ་བཤད་གནང་བར་ཡག་པོ་རེད། ཐུགས་རྗེ་ཆེ། ཡིན་ན་ཡང་གོང་ཞུས་ལེ་ནང་བཞིན་རེད། ཁྱོད་ཀྱིས་རྒྱུ་མཚན་ཐབས་ཆག་ཅིག་བཀོད་འདུག་ག་ དེ་ཡག་པོ་མ་རེད། སྡར་མའི་རྟགས་མཚན་ཕྱི་ལ་མངོན་ལེ་རེད་ལོ།
དངོས་གནས་བོན་དང་བོན་པོར་བརྙས་བཅོས་བྱེད་སྟངས་འདི་ཡིས་བོད་དོན་བདེན་མཐའ་གསལ་གྱུར་འགལ་རྐྱེན་ཆེན་པོ་ཞིག་རེད་བསམ།
གླང་དར་བཤད་དུས་བོན་དཀར་བོན་ནག་བཤད། མཁར་རྨེའུ་ལ་ལྷ་བླ་མ་ཡི་སྐོར་གྱི་ཡིག་ཆ་ཞིག་རྙེད་པར་དོག་པ་ཡོད་ཚུལ་དང་ཁོས་རྫུན་ཡིན་ཚུལ་སོགས་རང་གི་མིག་གིས་མཐོང་མ་མྱོང་ཡང་ལམ་སེང་ཅིག་ཅིག་མིག་མིག་ཤོད་པ་ནི་མཁར་རྨེའུ་ལ་མི་དགའ་བ་མ་ཡིན་པར་བོན་པོར་ངན་སྨྲ་བྱེད་འདོད་ཀྱི་ཀུན་སློང་རེད།
ཨོ་རྒྱན་པདྨས་མཛད་པར་གྲགས་པའི་བོན་ཆོས་རྣམ་དབྱེ་ཞེས་པ་དེའང་རྫུན་ནམ་དེ་ལ་ཡིད་ཆེས་མེད་རབས་བཤད།
སྤྱི་འཐུས་བཤད་དུས་བོན་པོའི་སྤྱི་འཐུས་ལ་དམའ་འབེབས་བྱེད།་
སྤྱི་འཐུས་ཀྱི་པར་སྒྲིགས་དུས་བོན་པོའི་སྤྱི་འཐུས་ཀྱི་པར་དེ་འཇུག་ཤོས་སུ་བཞག
ད་དུང་རྒྱུ་མཚན་ཡོད་རབས་བཤད།
རྒྱུ་མཚན་ལ་དཔྱད་ན་རྡོ་རྗེ་གདན་དུ་༧གོང་ས་༧་མཆོག་དང་བླ་ཆེན་ཁག་གྲལ་བཞུགས་གནང་པའི་སྐུ་པར་དེ་ལ་གཟིགས་དང།་དེ་ཡང་བོད་གཞུང་གིས་བཀོད་སྒྲིགས་བྱས་པ་ཞིག་རེད།
ད་ཁ་བརྡའི་དྲྭ་རྒྱའི་ནང་དུ་བོན་གྱི་སྐོར་ཅུང་ཙམ་ཞིག་གནས་ཚུལ་ཐོན་ཚེ་དེ་མ་ཐག་ངན་སྨྲ་བྱེད།
དགོངས་པ་ཞིག་བཞེས་དང་དེ་ཚོ་འབྲི་མཁན་སུ་དང་སུ་རེད་འདུག་རྟག་པར་ཁྱི་བཞིན་དྲྭ་རྒྱ་ག་བ་ག་སར་ཉུལ་ནས་མཆན་བུ་རྒྱག་མཁན་དེ་ཚོ་རེད།
བོད་དོན་བདེན་མཐའ་སེལ་འདོད་ཡོད་ན་བྱེད་སྟངས་དེ་འདྲ་རང་ཡིན་ནམ།
མི་རིགས་མཐུན་བསྒྲིལ་དགོས་ན་གནང་ལུགས་དེ་ལྟར་ཡིན་ནམ།
ཆོས་ལུགས་མཐུན་བསྒྲིལ་དགོས་ན་བྲིས་ལུགས་དེ་ལྟར་ཡིན་ནམ།
ཁྱེད་ཚོས་བོན་གྱི་སྤྱི་འཐུས་གཉིས་ལ་ངན་སྨྲས་བྱེད་སྟངས་དེ་ཡིས་བོན་པོ་ཚོས་སླར་ཡང་ཁོ་རང་གཉིས་སྤྱི་འཐུས་སུ་ངེས་པར་དུ་འདེམས་དགོས།
དྲྭ་རྒྱ་འདིར་བོན་གྱི་སྤྱི་འཐུས་གཉིས་ལ་དགག་པ་བྱེད་པའི་རྒྱབ་ལྗོངས་ནི་ཁོང་གཉིས་ལ་མིན་པར་བོན་པོར་ངན་སྨྲ་བྱེད་ཀྱིན་འདུག་པས་ཁོང་གཉིས་བོན་སྤྱིར་བཞུགས་འདོད་ཡོད་ཚེ་སླར་ཡང་ཁོང་གཉིས་ངེས་པར་དུ་འདེམས་དགོས་གལ་ཏེ་མུ་འཐུད་ནས་བོན་པོར་ངན་སྨྲ་བྱེད་ཚེ་ཁོང་གཉིས་ལ་འོས་འཕེནས་དགོས་ཀྱིས་ངས་ཀྱང་ངེས་པར་དུ་རྒྱུད་བསྐུལ་བྱེད་ཀྱི་ཡིན།
ཡ་ཡ་ཡ་་་་་་
ལ་སྟོད་ཚང་ཕེབས་གནང་བར་བཀྲ་ཤིས་བདེ་ལེགས་ཡོད། སྐུ་ཚེགས་ཞེ་དྲག་བསྐྱོན་གནང་སོང་།
སྐུ་རླུང་མ་གནང་དང་ད་དྲ་འབུ་འདིའི་རིགས་དང་ཁོག་ངན་ཞེ་འཁོན་ཅན་འདིའི་རིགས་ལ་གླགས་ཁེལ་ས་མ་རེད།
ད་ལོ་བོན་པོ་ཚོས་དགེ་བཤེས་འདི་གཉིས་ངེས་པར་འོས་ལ་འདེམས་དགོས་པ་རེད།
དགེ་བཤེས་སྨོན་ལམ་མཐར་ཕྱིན།
དགེ་བཤེས་གཡུང་དྲུང་རྒྱལ་མཚན། གཉིས་ཡིན་ད བོན་པོའི་སྤྱི་འཐུས་ཀྱི་འོས་གཞི།
བོན་པོ་འོག་ཏུ་འཇོག་དགོས་པའི་རྒྱུ་མཚན་ཁང་གསར་གྱིས་བཀོད་པ་དེ་ཐབས་ཆག་དང་སྡར་མ་ཡིན་ན། ཁྱུང་སྲས་ཁྱོད་ཀྱིས་བོན་པོ་འོག་ཏུ་འཇོག་དགོས་པའི་རྒྱུ་མཚན་ཐབས་ཆག་མ་ཡིན་པ་དང་དཔའ་བོ་ཡིན་པ་ཞིག་འདིར་བཀོད་དང་། ཁྱོད་ལ་ཁང་གསར་གྱིས་བཤད་པའི་རྒྱུ་མཚན་ལས་གཞན་ཅི་ཞིག་བཤད་རྒྱུ་འདུག་ང་ཚོས་བལྟ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་གཞིས་བྱེས་གཉིས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་འདེགས་འབུལ་ཞིག་སེར་སྨད་གྲྭ་ཚང་དེ་ཞུས་ཡོད་པ་དང། བརྟན་བཞུགས་གྲལ་སྒྲིག་ཆ་ཚང་སེར་སྨད་གྲྭ་ཚང་ནས་ཞུས་ཡོད་ཀྱང། རྒྱ་རི་སྒྲོལ་མ་མཆོག་ནས་མཇུག་བསྡུ་གསུང་བཤད་སྐབས་། སེར་བྱེས་གྲྭ་ཚང་ནས་རོག་པ་ཡག་པོ་བྱེད་སོང་ཐུགས་རྗེ་ཆེར་ཡང་ནས་ཡང་དུ་གསུང་ཡོད་ཀྱང་། ཉམ་ཆུང་སེར་སྨད་གྲ་ཚང་ནི་མིང་ཙམ་ཡང་བརྗོད་མེད་པ་རེད། གྲྭ་ཚང་སྨད་ཀྱི་གྲྭ་པ་རྣམས་བློ་ཕམ་བྱེད་གི་ཡོད་པ་རེད།
རྒྱ་རི་སྒྲོལ་མ་མཆོག་ནས་བཀའ་ཁྲིའི་འོས་ཐོབ་པའི་ཆད་དུ་སེར་བྱེས་གྲྭ་ཚང་ལ་དཔོན་ལེན་བཤད་པ་མ་རེད་པས།
རྗེ་སུ་ཚོགས་གཙོ་དང་ཚོགས་གཞོན་གཉིས་ནས་སེར་སྨད་གྲྭ་ཚང་ལ་དགོངས་དག་ཞུ་ཡོད་པ་རེད།
བོན་པོས་སྤྱི་མཐུས་ལ་གཡུང་དྲུང་རྒྱལ་མཚན་ཟེར་བ་ད་ལྟ་མདོ་སྟོད་ཀྱི་ཚོགས་གཙོ་དེ་སྤྱི་མཐུས་ལ་འོང་མི་ཉན་དེ་མིན་གང་དང་སུ་འོང་ན་ཡག་པོ་རེད།
གཙོ་བོ་བོན་པོ་རང་གི་འདོད་པ་རེད་མ་རྟོག་གཞན་ཆོས་རྒྱུད་སུ་ལ་འགན་ཡོད་པ་མ་རེད།
ང་ཚོ་རྙིང་མ་འདྲ་ཡིན་ན་རྙིང་མའི་སྤྱི་མཐུས་ལ་བོན་པོ་ལ་འགན་གང་ཡང་མེད་པ་ནང་བཞིན་རེད།
ཡིན་ནའང་གཡུང་དྲུང་རྒྱལ་མཚན་ཟེར་བ་དེ་ངོ་མ་ཆོལ་ཁའི་ཕྱོགས་གཞེན་དང་ཆོས་ལུགས་ཀྱིས་མཐུན་ཁྱེར་ཧ་ཅིང་གི་ཆེན་པོ་ཡོན་མཁན་ཞིག་རེད་འདུག་པའི་མི་དེ་ལ་སྤྱི་མཐུས་སོགས་གང་གི་ཐོབ་ཐང་མ་སྤྲད་ན་ཡག་པོ་འདུག་
བོད་ཀྱི་བུ་ཆུང་ལགས།
ངོ་མ་རེད་བོན་པོའི་སྤྱི་འཐུས་བོན་པོས་བདམས་ཀྱི་རེད།
དྲྭ་རྒྱ་འདིར་བོན་པོའི་སྤྱི་འཐུས་ལ་དམིགས་བསལ་གྱིས་དགག་པ་བྱེད་པ་དེ་ཡིས་ད་ཡོད་བོན་པོའི་སྤྱི་འཐུས་གཉིས་ཏེ་སླར་ཡང་འོས་ཐོབ་རྒྱུར་ཤུགས་རྐྱེན་སླེབས་འདུག་བོན་པོ་མང་པོ་ཞིག་གིས་ཁོང་ཚོར་སྐྱག་སྐྱག་གིས་སླར་ཡང་ཁོང་གཉིས་ལ་འོས་བླུག་གི་ཡིན་ཅེས་ཤོད་ཀྱི་འདུག
ཁང་གསར་རྡོ་རྗེས་བཤད་པ་རྣམས་ལ་རྒྱུ་མཚན་འདུག ཆོས་བརྒྱུད་སྤྱི་འཐུས་དགོས་མི་དགོས་བཤད་ན་ཇི་སྲིད་བོད་གཞུང་ཆོས་རིག་ལས་ཁུངས་འོག་ཏུ་ཆོས་དོན་ལྷན་ཚོགས་དངོས་སུ་མ་བཙུགས་པ་དེ་སྲིད་དུ་དགོས་ངེས། ད་བར་དབུས་གཞུང་གི་སྒྲིག་འཛུགས་མཐོ་ཤོས་གྲོས་ཚོགས་ནང་དུ་ཆོས་བརྒྱུད་སོ་སོའི་འཐུས་ཚབ་མི་སྣ་ཡོད་པ་འདིས། དེ་སྔའི་ ༡༩༥༩ གོང་ལྟར་མ་ཡིན་པར་ཆོས་བརྒྱུད་ཚང་མ་བོད་གཞུང་གི་མངའ་འོག་ཏུ་གནས་ཤིང། ཆོས་བརྒྱུད་ཁག་འབྲེལ་འདྲིས་མཐུན་ལམ་ཡོང་བ་སོགས་བོད་མིའི་གོང་བུ་གཅིག་གྱུར་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད། འོན་ཀྱང་ཆོས་བརྒྱུད་སྤྱི་འཐུས་ཚོར་གྲོས་ཚོགས་ནང་དུ་རང་ཉིད་ཆོས་བརྒྱུད་དེ་དང་དེའི་སྤྱི་འཐུས་ཡིན་པའི་ཆ་ནས་དམིགས་བསལ་གྱིས་སྒྲུབ་དགོས་པ་དང་སྒྲུབ་ཐུབ་པའི་ལས་དོན་ཆེན་པོ་གང་ཡང་མེད། དེ་མེད་པའི་ཁར་མི་དགོས་པའི་རྙོག་དྲ་མང་པོ་ཞིག་བཟོས་ནས་འདུག་པ་འདི་ཆོས་བརྒྱུད་སྤྱི་འཐུས་ཚོར་གཏན་ནས་མི་མཛེས་ལ་ཆོས་བརྒྱུད་སོ་སོར་ཡང་ཕན་ཐོགས་ཁྱོན་ནས་མེད། དེར་བརྟེན། མ་འོངས་པར་བོད་གཞུང་དང་འབྲེལ་ནས་ཆོས་བརྒྱུད་སོ་སོའི་ལས་དོན་བསྒྲུབ་ས་ནི་ཆོས་དོན་ལྷན་ཚོགས་འདི་ཡག་ཤོས་ཡིན་ལ། དེ་ལྟར་བྱས་ཚེ་གོང་བུ་གཅིག་གྱུར་གྱི་དགོས་པ་དགེ་མཚན་དེ་དག་ཀྱང་ཞར་ལ་འོང་ངེས་ཡིན།
གནས་སྐབས་ཆོས་བརྒྱུད་སྤྱི་འཐུས་དགོས་ངེས་ལ་སོང་ད་རེས་འོས་འདེམས་གང་ལེགས་དགོས་ངེས་ཀྱང་གསར་པ་སུ་འདེམས་ནི་འདིར་བཤད་དུ་མེད་ལ། རྙིང་པ་ཚོའི་ནང་ནས་་བེ་རི་འཇིགས་མེད་དང་སྨོན་ལམ་མཐར་ཕྱིན་གཉིས་བསྐྱར་འདེམས་བྱས་ན་འགྲིག་གམ་སྙམ། རྒྱུ་མཚན་ནི། ཆོས་བརྒྱུད་སྤྱི་འཐུས་ལ་མ་མཐའ་ཡང་ཆོས་བརྒྱུད་སོ་སོའི་ཤེས་ཡོན་གང་ལེགས་དགོས་པ་ནི་མེད་མི་རུང་བ་ཡིན་པས། ཁོང་གཉིས་ལ་དེ་གང་ལེགས་འདུག གཞན་ལ་དེ་ཡོད་བཟོ་མི་འདུག
འཇིགས་མེད་ལགས་ཀྱིས་གཅིག་ཆད་འདུག གཞན་དག་ལ་དེ་ཡོད་བཟོ་མིན་འདུག་སྟེ། ངས་ཧ་མ་གོ་བའི་ཕྱིར། འདི་བསྣན་དང་དེ་ནས་ཏག་ཏག་རེད་འགྲོ་ས་འདུག
ལ་སྟོད་བུས་གསུངས་པ་ལ་རྗེས་སུ་ཡི་རངས་ཡོད། ངས་ནི་བོན་པོའི་སྤྱི་མཐུས་སྔར་གྱི་གཉིས་པོ་ལ་འོས་བླུགས་ཐག་ཆོད་ཡིན།
འོ་ཡ༌༌༌་ད་ཡིན་ན་སྤྱི་འཐུས་མ་འདེམས་ཐག་གཅོད་ཡིན། མ་ཤེས་པའི་ཁར་མིག་འཁྲུལ་ལྟ་བུ་རེད། འབྲི་ཀློག་ཤེས་ཚད་དང་། དཔལ་འབྱོར་ལྡན་ཚད། མིང་དང་གོ་གནས་ཡོད་ཚད་ཀྱི་རང་གི་ལོ་རྒྱུས་ཁྱབ་བསྒྲགས་བྱེད་ཀྱིན་འདུག གཅིག་ལས་གཅིག་ལྷག་བསམ་ཆེ་མདོག་ཁཱ
གངས་ལྷ་ལགས་ཉལ་ས་དང་རྐྱོང་ས་རྩོད་མི་དགོས་དང་པོ་ཁྱེད་རང་གི་ཨ་མའི་ཁྱོད་སྔོན་སུ་སྐྱེས་དགོས་པའི་རྒྱུ་མཚན་བཤད་ཡ་ཅི་ཡོད། མ་ཟད་ཁྱོད་ལ་ནང་པ་སངས་རྒྱས་པའི་ཆོས་
དང་ལྟ་བའི་དྲི་མ་ག་ཚོད་ཡོད་དམ། རིག་གནས་ཅུང་ཟད་ཙམ་
འབྲི་ཤེས་དུས་མཁས་པ་ཡིན་དྲན་བྱུང་ངམ། དེ་ཡང་ཁྱེད་རང་
ཚོ་གིས་དགེ་འདུན་པ་ཚོ་ལ་གཟིགས་ད། མི་རེ་གི་སྐྱེ་དམན་རེ་
ཁྲིད་ནས་ཕྱིན་ཡོད་པ་འདྲ་དེ་ཚོ་རིགས་ལ་དགེ་འདུན་པའི་མཚན་ཉིད་ཚང་ཡོད་དམ། བསམ་བློ་སྟངས་གང་དྲན་དྲན་
མ་ཡིན་པ་ཆོས་ལུགས་ཕྱོགས་ཞེན་ཁུར་བསྡད་པ་ཡིན་ན་ཕན་ཐོག་ཅི་ཡང་མེད།
ཁང་གསར་ལགས་ཁྱོད་ཀྱིས་བོན་པོ་སྤྱི་འཐུས་འོག་ལ་འཇོག་དགོས་པའི་རྒྱུ་མཚན་ཐབས་ཆག་ཞིག་གསུང་གསུངས་ཡིན་ན་ཡང་ག་དུས་ཡིན་ན་མི་གཞན་ལ་རེ་བ་འདོད་ན་ལེགས་སུ་མི་རུང་རང་ཉིད་དཔེ་བདེ་སོགས་ལ་མང་ཙམ་གཟིགས་ན་ཡག་པོ་ཡོད་འགྲོ་ལྷག་པར་དུ་ལོ་རྒྱུད་ཕྱོགས་ལ་མང་ཙམ་གཟིགས་ན་ལེགས
གྲོགས་པོ་ཚོ་ཁ་ནས་ཚིག་ཙམ་བཤད་ནས་གཡུང་དྲུང་བོན་ལ་ག་དུས་ཡིན་ན་བརྙས་བཅོས་སྟངས་པ་དང་དབང་ཡོད་བྱེད་བསྡད་པ་མ་ཡིན་པ་དེ་ལ་ཞིབ་འཇུག་བྱས་པ་ཡིན་ན་རང་གཞན་གཉིས་ལ་ཕན་ཐོག་ཡོད་པ་ང་ཡིད་ཆེད་ཡོད།
ཏག་ཏག་རེད་ བོན་པོ་སྤྱི་འཐུས་བོན་པོས་ལུས་བདམས་ དགེ་བཤེས་སྨོན་མཐར་ཁོང་རང་དྲག་ དེ་མིན་ལ་སྟོད་བུ་འདི་དགའ་རབ་གཅིག་ཡོད་པ་འདྲ་
བདུད་ནག་བུ་གི་སྐད་ཆ་བདེན་
ལ་སྟོད་བུ་ཁྱེད་དྲ་ཐོག་ཏུ་ཡང་ཡང་ཕེབས་རོགས་གནང་
ས་སྐྱའི་ལེགས་བཤད་ལས།
བྱེ་བྲག་སྦྱངས་པའི་དོན་ཤེས་ན༎
དེ་ཡང་དེ་ལ་མཁས་པ་འོ༎
སྤྱིར་བཏང་སྙན་ངག་ཅེས་པ་མ་བཙིར་པར་བཞུར་བ་རེད་ཟེར་ན་ཧ་ཅང་གི་ཐལ་ལོ།
དང་པོ་བཙིར་བ་ལས་བཞུར་ག་ནས་སྲིད།
ཁྱེད་རང་དངོས་ནས་བསམ་གྱི་མི་ཁྱད་པ་རེད།
སངས་མ་རྒྱས་པར་དུ་ནོར་འཕྲུལ་དང་སྐྱོན་ཡོད་པ་བཤད་ག་ལ་དགོས།
ཁྱེད་ཀྱིས་གཞན་དག་གི་སྐྱོན་ཁབ་ཀྱི་རྩེ་ཙམ་བཙལ་ནས་འདུག་གི་ཡོད་པ་འདྲ།
གཞན་སྐྱོན་འཚོལ་ན་རྫོགས་མཐའ་མེད།
དེ་བས་རང་ལམ་རང་གིས་དེད་ན་མ་ི་ལེགས་སམ།
འཇམ་རྒྱལ་ལགས་ཁྱེད་ནས་གུས་པར་དྲྭ་ཐོག་ཏུ་ཡང་ཡང་ཕེབས་རོགས་ཤེས་གསུངས་པར་ཐུགས་རྗེ་ཆེ།
ངོས་རང་ཡང་དྲྭ་ཐོག་ཏུ་བཀོད་པའི་གནས་ཚུལ་དང་ལོ་རྒྱུས་སོགས་ལ་དོ་སྣང་ཆེན་པོ་ཡོད།
འོན་ཀྱང་དྲྭ་ཐོག་འདིར་ལོ་རྒྱུས་དང་བདེན་པའི་གནས་ཚུལ་ཞིག་གི་སྟེང་དགག་བཞག་བྱེད་པ་དང་བསམ་ཚུལ་ཤོད་རས་བྱེད་དུས་མི་གཤིས་དང་དེ་ཡི་ཆོས་རྒྱུད་དེ་ཡི་ཆོལ་ཁ་སོགས་ལ་དམའ་འབེབས་བྱེད་པ་ལས་དངོས་ཡོད་གནས་སྟངས་ཀྱི་སྟེང་ལ་འགྲོ་མཁན་ཁག་པོ་ཞིག་འདུག
སྐབས་རེར་བསམ་དུས་དྲྭ་ཐོག་འདིར་ཡུན་རིང་སྤྱད་ན་སྙིང་ནད་དང་ཁྲག་ནད་སོགས་ལུས་སེམས་ལ་གནོད་པའི་ནད་ན་ཚའང་ཡོང་མི་སྲིད་པ་ཞིག་རེད་མི་འདུག་བསམ།
ཕྱོགས་རིས་དང་སྐྱོན་བརྗོད་ཀྱིས་གཏམ་གྱིས་བཟི་བའི་གཏམ་ཤུགས་ཆེ་བས་སོ།
དགོངས་དག་འདི་ཁྱེད་ལ་ཞུས་པ་མིན་སྤྱི་ཡོངས་ཀྱི་ཆ་ནས་ཞུས་ཡོད།
ཨོ་ལ་སྟོད་ལགས་དངོས་གནས་སྐུ་གཟུགས་འཕྲོད་གཞེས་ཡག་གནང་ན་དགའ་ཡི་རེད།དྲྭ་ཐོག་ཏུ་བཤད་ཚད་བདེན་པར་གཟུང་དགོས་ཡག་ཡོད་མེད།
ལ་སྟོད་བུ་ཁྱེད་བདེན་ འོན་ཀྱང་ཁྱེད་རང་ཉིད་ཀྱི་ཤེས་པ་རྣམས་གསུངས་ཡ་འདི་ ཕན་པ་ལས་གནོད་པ་ག་ལ་ཡོད་། ཕྱོགས་རེས་འདི་ལ་ཐར་ཐབས་ཤིག་ག་ལ་ཡོད་ སྔར་ཡང་འདིས་ཕུང་ལ་ད་ཡང་འདིས་ཕུང་ བོད་པ་ཚང་ལ་ཡག་ཤོས་ཆོས་དང་རིག་གཞུང་ཡོད་རེད་ སྡུག་ཤོས་ཕྱོགས་རེས་ཡོད་རེད་ ཨ་ཁ་ བྱེད་ཐབས་ཅི་ཡོད་ ད་གཡུགས་ཤོག་ སྐུ་ཚེ་རིང་།
ང་རང་གི་བསམ་ན་བོད་གཞུང་གི་སྤྱི་འཐུས་དེ་ཚོའི་ནང་ནས་འཇོན་མཁན་དག་ནི་ཆོས་ལུགས་ཀྱི་སྤྱི་འཐུས་དེ་ཚོ་རེད་འདུག་བསམ། ཆོས་སྲིད་གང་ལ་ཐུག་ཀྱང་ཤེས་ལྡན་ཡིན་པ། ཕར་ལ་བཤད་ཤེས་པ། ཚུར་ལ་ཉན་ཤེས་པ། གནད་འགག་ཐུག་ན་བཀའ་ཤག་ལའང་སྐྱོན་གཏོང་ཕོད་པ། སྙིང་ནད་ཁོན་སེམས་མེད་པ། དྲང་པོ་དྲང་བཞག ཁ་རུ་ཁ་ཐུག ཆབ་སྲིད་སྣེ་མང་མགོ་ཚོས་པ། དངོས་གནས་ཆོས་ལུགས་སྤྱི་འཐུས་ཀྱི་ཡོན་ཏན་བརྗོད་ཀྱི་མི་ལང་རེ་ཞིག་འདི་ཙམ་ཡིན།
གངས་ལྷ་ལགས་མཐོང་ཡ་མི་འདུག་ཨ།
རྒྱུས་མེད་ཀྱི་མི་ཡུལ་ལ་སླེབས་དུས། དླ་ཉིན་མོ་ནི་འཁོར་བའི་ལས་ལ་གཡེང་། མཚན་མོ་ནི་གཏི་མུག་གཉིས་ཀྱིས་ནོན། འཕྲལ་གྱིས་ཕྱི་མར་ནི་སྡུག་པའི་ལས་བྱེད་དོན་མེད་སྣ་ཚོགས་ཀྱི་ངོས་ནས་མི་ཚེ་སྐྱེ་བ་ཡིན་པལ་ཨ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ད་དུང་བཤད་ཡ་ཅི་ཡོད་དམ། དེ་ཡང་ལུང་ལས་
ད་ལྟ་མི་ལུས་ཐོབ་པའི་དུས། འཇིག་རྟེན་འདིར་བདེན་སྣང་བ་ལ།
ཚིམས་པ་མེད་པར་སྤྱོད་པ་ནི།
རྒྱལ་པོ་བཟང་སྐྱོང་གཏམ་རྒྱུད་འདྲ།
སྒྱུ་མས་སྒྱུ་མ་བྲིད་པ་ལ།
བརྟག་ན་སྙིང་པོ་ཅི་འདྲ་ཡོད།
མི་རྟག་དེ་ལ་དཔེ་བླང་ནས།
ཡིད་ལ་བསམ་ཞིང་ངག་ལ་བརྗོིད།
བསམ་བློ་ཡག་པོ་བཟུང༌།
http://www.tibetexpress.net/bo/view-all-blogs/viewpost/4161
བདུད་ནག་བུ། སྨན་རི་ཁྲི་འཛིན་ཁྲི་ལ་བཞུགས་དུས། ཁོང་གི་ཡབ་ཡུམ་གཉིས་ཀྱི་གོང་ལ་བཞུགས་ཀྱི་ཡོད་རེད། གཤམ་དུ་བཞུགས་ཀྱི་ཡོད་རེད།
ལར་ནས། བོད་ཀྱི་ཆོས་རྒྱུད་ཆེན་པོ་བཞི་དང། གཡུང་དྲུང་བོན་གཉིས་ཀྱི་བར་ལ་ཨ་མ་དང་བུ་ཕྲུག་གི་འབྲེལ་བ་མེད་པཱ།
གངས་ལྷ་ཟེར་བ་ལགས།
ཅོལ་ཆུང་གི་གཏམ་དེ་འདྲ་མ་གསུངས་རོགས་གནང་།
གཡུང་དྲུང་བོན་དང་ཆོས་རྒྱུད་གཞན་རྣམས་ཀྱི་བར་ལ་མ་བུ་ལྟ་བུའི་འབྲེལ་བ་མེད་པ་ཙམ་ཡང་མ་རྟོགས་སམ། གངས་ཅན་པའི་ཕ་ནོར་དེ་གཡུང་དྲུང་བོན་ལ་འཇོག་བཞིན་ཡོད་པ་དྲན་དབང་ཐམས་ཅད་ཞལ་གཅིག་གྲག་མ་རེད་པས།
ཧ་༌༌༌༌༌༌༌༌༌༌གངས་ལྷ་ལགས་བོན་དང་ཆོས་གཉིས་མ་བུ་ལ་འབྲེལ་བ་ཡོད་པར་ཐལ་བོན་མ་ཡིན་པ་གང་ཞིག་ཆོས་བུ་ཡིན་པའི་ཕྱིར། ཡིན་སྟེ་ཆོས་བོན་ལས་འབྱུང་བ་ཡིན་པའི་ཕྱིར།
ད་ཡང་ཆོས་ལུགས་རྩོད་རྒྱུ་ཡིན་པ་འདྲ། སྐུ་མཁྱེན་་་་་་དེ་ལྟར་མ་གནང་རོགས།
དེ་རིང་སྤྱི་འཐུས་གྲོས་ཚོགས་ཀྱིས་མི་དམངས་ཀྱི་མངོན་འདོད་རེད་ཟེར་ནས་ཡིག་འཁྱར་རེ་ཟུང་ལ་ཡིད་རྟོན་ཁུལ་གྱིས་བཅའ་ཁྲིམས་ལ་འགྱུར་བ་བཏང་སྟེ་ཡང་བསྐྱར་ཟམ་གདོང་བླ་མ་བཀའ་ཁྲིར་སྡོད་རྒྱུའི་རེ་བ་བརྒྱག་བཞིན་འདུག འདི་ནི་སླེབས་ལ་ཉེ་བའི་བཀའ་ཁྲིའི་འོས་འདེམས་ཐད་དཀའ་ངལ་འཕར་མ་ཞིག་རྐང་བཙུགས་ནས་སྤྱི་འཐུས་ཚོས་ཡང་བསྐྱར་བཟོས་པ་ཞིག་རེད། འདི་ནི་ཁྲིམས་ཀྱིས་དབང་བསྒྱུར་ལས་གང་ཟག་གིས་དབང་བསྒྱུར་ལ་སླར་ཡང་རོ་ལངས་བརྒྱག་འདོད་པས་རེད། གང་ཟག་རེ་ཟུང་ལ་ལྟོས་ནས་བོད་ཀྱི་བཅའ་ཁྲིམས་ལ་བཟོ་བཅོས་བརྒྱག་དགོས་ན་བཟོ་བཅོས་བརྒྱག་ཚོད་ཡོད་ཀྱི་མ་རེད། ལར་ནས་མི་དམངས་ཀྱི་མངོན་འདོད་ཟེར་བ་མི་དམངས་དམངས་ཀྱི་མངོན་འདོད་ཡིན་དགོས་པ་ལས་ཡིག་འཁྱར་རེ་ཟུང་གི་མི་དམངས་ཀྱི་མངོན་འདོད་མཚོན་མི་ཐུབ།
མི་དམངས་ཀྱི་མངོན་འདོད་མིན་ན། བཅའ་ཁྲིམས་ལ་བཟོ་བཅོས་བྱས་ཀྱང་ཟམ་གདོང་རིན་པོ་ཆེ་ལ་བཀའ་ཁྲིའི་འོས་ཐོབ་ཀྱི་མ་རེད། དེས་ན། བཅའ་ཁྲིམས་ལ་བཟོ་བཅོས་བྱས་པས་ཁ་ཤས་ལ་བཀའ་ཁྲིའི་གོ་ས་མ་ཐོབ་དོགས་བྱེད་དགོས་མི་འདུག ཡང་བསྐྱར་ཟམ་གདོང་རིན་པོ་ཆེ་བཀའ་ཁྲིར་འཁོད་ཐུབ་ཀྱི་ཡོད་ན། མི་དམངས་ཀྱི་མངོན་འདོད་ཡིན་པའི་རྟགས་རེད།
གངས་ལྷ་ལགས། བཀའ་ཁྲི་རྒྱ་རི་སྒྲོལ་མའི་ཐོབ་ན་ཡག་མེད་འགྲོ་ཁོང་ཐོབ་པ་ཡིན་ན་ཁྱོད་ལ་ཁོང་གིས་སྐྱག་པ་ཟ་ཡེ་ཉུང་ཙམ་ཞིག་དང་གཅིན་པ་བཏུང་ཡ་ཉུང་ཙམ་ཞིག་སྤྲོད་རྒྱུ་ཡོད་པ་འདྲ། མ་ཟད་རྒྱ་རི་སྒྲོལ་མ་བཀའ་ཁྲིའི་འོས་ཤོག་ཐོབ་པ་ཡིན་ན་ཁོང་གིས་ལས་ཁང་ནང་ལ་གད་བརྒྱབ་མཁན་ཞིག་བསྡད། ཤེས་སང་ངམ། དཔེར་ན་མི་ཚང་གཅིག་གི་སྒོ་ཁྱི་དང་འདྲ།
ཨོ། ད་བདུད་ནག་བུའི་རང་མདོག་བསྟན་ཡོང་གི་འདུག་ག ལྷོད་ལྷོད་གྱིས། རྒྱ་རི་སྒྲོལ་མ་ལ་བཀའ་ཁྲིའི་འོས་ཐོབ་སོང་ན། བོད་སྤྱི་ལ་ཕན་མ་གཏོགས་གནོད་ཡོང་གི་མ་རེད།
རྒྱ་རིའི་སྒོ་ཁྱི་ལགས
རྒྱ་རི་ཚང་གིས་མདོ་སྟོད་དུམ་བུ་གཉིས་བཟོ་པ་ཤེས་མ་སོང་ངམ་ད་དུང་རྒྱ་རི་སྒྲོལ་མའི་དམིགས་ཡུལ་གཙོ་ནི་བོད་ཆོས་ཁ་གསུམ་སྟེ་དུམ་བུ་འགའ་ཞིག་སྟངས་དགོས་དྲན་གནས་བསྡད་ཡོད་པ་འདྲ། ཁྱོད་ཅི་ཤེས་གི་ཡོད་སྙིང་རྗེ་ལགས། རྒྱ་རི་ཚང་གིས་རྐུབ་ལ་བརྒྱུག་ནས་བསྡད།
རྒྱ་རི་ཚང་འདིས། ༸རྒྱལ་བ་རིན་པོ་ཆེའི་གསུང་གི་གསུང་ཚབ་དང་སྐུ་ཡི་སྐུ་ཚབ་གནང་དང་གནང་བཞིན་པ་རེད། གལ་ཏེ་རྒྱ་རི་ཚང་འདི་མེད་ན། མདོ་སྟོད་དེ་བས་ཀྱང་དུམ་བུར་འགྲོ་ངེས་རེད། ད་ལྟ་ཏོག་ཙམ་བལྟ་ཟོ་ཡོད་པ་དེ་རྒྱ་རི་ཚང་གི་དྲིན་རེད་ལོ།
རྒྱ་རིའི་སྒོ་ཁྱི་ལགས་ཁྱེད་ཀྱིས་བསྐོར་པའི་འཆན་བརྒྱད་ནང་དུ་དགེ་བཤེས་སྨོན་ལམ་མཐའ་ཕྱིན་ལ་ཡོན་ཏན་འདི་རེད་ཟེར་བ་ངས་ནི་མཐོང་མ་སོང་ཟེར་ཁྱེད་མཐོང་གིས་མ་རེད་གང་ཡིན་ཟེར་ན་རྒྱ་རི་ཚང་རྐུབ་ལ་བརྒྱུག་དགོས་དུས་དུས་ཚོད་སྟོན་པ་ཡོད་མ་རེད་ལོ། དེ་ཡང་ཁྱེད་མ་མཐོང་ན་མེད་པའི་ཁྱབ་པར་ཐལ།
ཀརྡོ་རབ་འབྱམས་པས་འདི་ ལྟར་༸་གོང་ས་མཆོག་ལ་ཁ་ངཏད་བརྒྱབ་འདུག ཚིག་འདི་༸གོང་ས་མཆོག་གི་གསུང་ལ་ཁ་བསྒྱུར་བྱས་ཏེ་དོལ་རྒྱལ་ལ་བསྟོད་པ་བྱས་པ་རེད་བཞག
# ༡༠༩༽ ཀརྡོ་རབ་འབྱམས་པ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༡༥ གི་ཆུ་ཚོད་ ༢༠ སྐར་མ་ ༡༣
སྨོན་ལམ་བཟང་པོས་༧རྒྱལ་བའི་བསྟན་པ་ལ། །
འཁུར་བླང་དཀར་ཕྱོགས་གཟུགས་ཅན་གཟུགས་མེད་སྡེ། །
བསམ་སྦྱོར་བཟང་བའི་འཇུག་པ་མ་ལུས་པ། །
མཆོག་གསུམ་བདེན་པས་རྩེ་མོར་རྒྱལ་གྱུར་ཅིག །
གདོད་མའི་དུས་ནས་ཤ་ཁྲག་གཅིག་པ་ཡི༎
གདོང་དམར་བོད་རིགས་ཚང་མས་གཅིག་སྒྲིལ་གྱིས༎
འཐབ་ཕྱོགས་གཅིག་ཉིད་ཡོད་པ་རྒྱ་ནག་རང༌༎
དེ་ལ་ང་ཚོས་ཐ་གཅིག་རྒོལ་ལན་སྤྲོད༎
དེ་བས་ནང་ལོག་ཕན་ཚུན་ཚིག་ངན་གྱིས༎
གཅིག་གིས་གཅིག་ལ་གསོད་ཐབས་བྱས་པ་སྟེ༎
གཞན་གྱིས་བལྟས་ན་བགད་མོ་ཤོར་པའི་གནས༎
དེ་འདྲ་མ་གནང་མཐུན་སྒྲིལ་ལག་རྡང་སྦྲེལ༎
དྲ་གྲོགས་ཚོ
རང་གིས་མ་མཐོང་བ་ཐམས་ཅད་མི་འདུག་གསུང་མི་ཉན། རང་ལ་གནོད་པ་བྱེད་མཁན་ཐམས་ཅདབདུད་རེད་ཟེར་ན་མི་འགྲིག ཅི་ཡིན་ནམ།
བཙན་པོ་ལྷ་སྲས་དར་མ་ཆོས་ཅན་གླང་མགོ་ཡིན་སྟེ་ཆོས་ཀྱི་བསྟན་པ་ནུབ་པའི་ཕྱིར་ཟེར་ན།
དམ་སྲི་སྲོང་བཙན་རྒམ་པོ་ཆོས་ཅན་དམ་སྲི་ཡིན་སྟེ་བོན་གྱི་བསྟན་པ་ནུབ་པའི་ཕྱིར་རིག་པ་འགྲིག
གལ་ཏེ་བཅའ་ཁྲིམས་ལ་བཟོ་བཅོས་བྱས་ན་མི་འགྲིག་རྒྱུ་མཚན་གང་ཡིན་ཟེར་ན་བཟོ་བཅོས་བ་རྣམ་པའི་དམིགས་ཡུལ་ཟམ་གདོང་མཆོག་བསྐྱར་དུ་བཀའ་ཁྲི་ལ་སྐོར་ཡེ་རེད་ལོ་གཅིག་གཉིས་ཀྱི་རྗེས་ལ་རྒན་པོ་ཤི་ཚར་དུས་སླར་ཡང་ཁོང་གིས་རྣམ་ཤེས་སྟེ་བཀའ་ཁྲི་ལ་སྐོར་ཡེ་ཨི་རེད། རྣམ་པ་ཚོ་ཐུགས་བསམ་བཞེས་རོགས་གནང་མ་གཏོགས་རྩ་བ་ནས་འགྲིག་གི་མི་འདུག་ལྷག་པར་དུ་བོད་ཀྱི་དབུ་ཁྲིད་རྣམ་པ་ཚོ།
སླར་ཡང་ཟམ་གདོང་བཀའ་ཁྲི་འདུག་ཆེད་བཅའ་ཁྲིམས་ལ་བསྒྱུར་བཅོས་བཏང་བ་དེ་བསམ་ཚུལ་གང་ཡོད།
ཝེ། མགོ་མི་ཚོས་མཁན་ཚོ། ཅིག་བཤད་ཀི་མ་འདུག་ལོ། གྲོས་ཚོགས་གྲོལ་ཚར་རེ་ལོ། ད་བཅའ་ཁྲིམས་ལ་འགྱུར་བ་གཏོང་མི་གཏོང་གི་དུས་ཚོད་རྫོགས་ཚར་བ་རེ་ལ་ཟམ་གདོང་རིན་པོ་ཆེ་ལ་གྲོས་གཞི་དེར་མོས་མཐུན་མེད་པས་མ་ཚད་དགག་བརྒྱབ་ཚར་སོང་།
སྔོམ་མ་རྒྱ་བློ་གྲོས་རྒྱལ་མཚན་གྱིས་ཁོ་བཀའ་ཁྲིའི་འོས་གཞིར་འདུག་རྒྱུ་མིན་པའི་ཁྱབ་བསྒྲགས་སྐབས། ད་ལྟའི་བཀའ་ཁྲི་ཟམ་གདོང་རིན་པོ་ལ་ད་དུང་མུ་མཐུད་དེ་བཀའ་ཁྲི་གནང་འདོད་ཡོད་ལུགས་དང་། ད་ལྟའི་སྤྱི་འཐུས་ལྷན་ཚོགས་ལ་བཅའ་ཁྲིམས་ལ་འགྱུར་བ་གཏོང་འདོད་མེད་ལུགས་ཀྱི་གཏམ་བཤད་བྱས་པའི་རྫུན་རྐུབ་ཀྱང་ད་རེས་ཟམ་དགོང་བླ་མའི་གཏམ་བཤད་དེས་བརྟོལ་ཚར་བ་རེད་ལོ།
དངོས་གནས་བཤད་ན་ཟམ་གདོམ་རིན་པོ་ཆེ་ཁོ་རང་མི་གཅིག་གི་བསམ་བློ་གཏོང་དགོས་པ་ཞིག་རེད་འདུག་མ་གཏོགས་ང་ཚོ་ལ་རྩོད་པ་བརྒྱབ་ཡེ་མ་གཏོགས་ལྷག་ཡོད་མ་རེད།
ཚང་མའི་མཁྱེན་གསལ་ལྟར།
བོད་མི་མང་སྤྱི་འཐུས་ཀྱི་མཚན་ཉིད་གང་འདྲ་ཞིག་དགོས།
དང་པོ་དེ་དགོངས་པ་བཞེས་དགོས།
གོང་ལ་ཆོས་ལུགས་སྤྱི་འཐུས་རྣམས་ཀྱི་ཐད་བསམ་ཚུལ་འདྲ་མིན་དང་སྐྱོན་བརྗོད་འདྲ་མིན་མང་དག་ཞིག་ཡོད་པ་ལས། དེའི་ཁོང་སུ་ས་སྐྱའི་སྤྱི་འཐུས་པདྨ་འབྱུང་གནས་ལ་སྐྱོན་བརྗོད་ཅུང་ཉུང་ཉུང་ལས་མི་འདུག་པ་ནི། ཁོ་བོར་སྐྱོན་མེད་ནས་མ་ཡིན་པར་ཁོ་བོ་ནི་རང་ཉིད་ཀྱི་ཁེ་ཕན་ཁོ་ནའི་ཆེད་ཞན་ལ་ངོ་དགའ་སྤྲེལ་ལད་བཤད་ཐུབ་་མཁན་ཡིན་པའི་མཚན་མ་ཉག་ཅིག་ཕྱིར་མངོན་པ་ཞིག་རེད། ས་སྐྱའི་སྤྱི་འཐུས་པདྨ་འབྱུང་གནས་ཞེས་པའི་གང་ཟག་དེའི་སྐོར་སྤྱི་ཚོགས་ཁྲོད་ལབ་སླེང་མང་དག་གཅིག་འདུག་པར་ཞིག་ན་ཁོ་བོ་ནི་ལྟག་བསམ་གྱིས་སྤྱི་འཐུས་དུ་ཡོང་བ་མ་ཡིན་པར་རང་ཉིད་ཀྱི་འཚོ་བ་ཁོ་ནའི་ཕྱིར་ཡིན་ཟོ་འདུག། དེར་བརྟེན་རྒྱ་ཆེའི་མི་དམངས་རྣམས་པས་ཁོ་བོའི་བྱ་ངན་རྣམས་ཚང་རྟོལ་ནས་དྲ་ཐོག་དུ་འགོད་པའམ་ཡང་ན་སྦྱར་ཡིག་སྦྱར་བ་སོགས་ཀྱི་ཐབས་ལམ་ནས་ཁོར་བོ་སྐབས་རྗེས་མའི་སྤྱི་འཐུས་ཀྱི་སྐུབ་སྟེགས་དུ་མ་སླེབས་པ་བྱེད་རྒྱུ་ནི་རང་མི་རིགས་ལ་ལྷགས་བསམ་དང་རང་མི་རིགས་ཀྱི་རྩ་ཆེའི་རིགས་གཞུང་ལ་དོན་གཉེར་ཡོད་མཁན་དག་གི་དོར་དུ་་མེད་པའི་འགན་འཁྲི་ཞིག་རེད། གལ་སྲིད་ཁྱེད་ལ་ད་དུང་བོད་སྥྱི་པའི་དོན་དུ་ལྷགས་བསམ་ཕྲན་བུ་ཞིག་ཡོད་ཚེ་སྤྱི་འཐུས་འོས་གཞི་ལས་ཕྱིར་འཐེན་བྱས་ནས་ས་སྐྱའི་དགོན་སྡེ་ཁག་གི་ཐབ་ཚང་དུ་ཕྱག་ལས་ལོ་འགའ་གནང་ན་བཟང་ལ་དེ་སྔོན་ཁྱེད་ཀྱིས་ཕུ་སྤྲུག་མདའ་སྤྲུག་གིས་རང་དོན་ཁོང་བཅངས་ཀྱི་སྡིག་པ་ཆེན་པོ་སྲིད་ན་དཔེ་མེད་པ་ཞིག་བསག་ཡོད་པ་དེ་ཐམས་ཅད་བྱང་མ་ཐུབ་ཀྱང་ཕྲན་བུའི་ཕན་ངེས་རེད། ཨོྃམཎིཔདྨེཧཱུྃ། ཡང་སེམས་ཅན་ཞིག་གི་སྡིག་བཏུང་གི་ཕྱེད་དུ་མ་ལབ་ཁག་མེད་ཀྱི་སྐད་ཆ་འགའ་བཤད་ཐལ་དུ་སོང། ཕན་པར་འགྱུར་ཅིག་ལས་ངན་པད་འབྱུང་།