སྐར་ཆེན།
རིག་པ་ནང་པར་འཆི་ཡང་བསླབ།།
ཚེ་འདིར་མཁས་པར་མ་གྱུར་ཡང་།།
སྐྱེ་བ་ཕྱི་མར་བཅོལ་བ་ཡི།།
ནོར་ལ་རང་ཉིད་ལེན་པ་འདྲ།།
ངེད་རང་སྒེར་གྱི་ངོས་ནས་ཚིགས་བཅད་འདིའི་འགྲེལ་བ་ཁ་ཤས་ཤིག་སྔ་མོ་ནས་བྐླགས་མྱོང་། ཚང་མས་འགྲེལ་རྒྱག་སྟངས་གཅིག་མཚུངས་ལྟ་བུ་ཞིག་འདུག
ད་ལོར་ཡང་རྒྱལ་སྤྱིའི་རྩོམ་རིག་ཟེར་བ་དེའི་ཡིག་རྒྱུགས་མ་སླེབས་སྔོན་ལ་ཚིགས་བཅད་འདིའི་འགྲེལ་བ་དག་བསྐྱར་ྐློག་བྱས་བ་ཡིན། ད་ལོར་ངེད་ཀྱིས་བྐླགས་པ་ཙམ་མ་ཡིན་པར་
ཚིགས་བཅད་འདིའི་སྒང་ལ་སོ་སོ་སྒེར་ངོས་ནས་བསམ་བློ་བཏང་བ་ཡིན། འགྲེལ་བ་སྔ་མ་དག་གིས་ངེད་ལ་གནས་ལུགས་ཤིག་ངོ་སྤྲོད་ཐུབ་ཀྱི་མེད་པའི་རྨོངས་འཆར་བྱུང་།
འོན་ཀྱང་། ཡིག་ཚད་ལ་ཚིགས་བཅད་འདི་སླེབས་འདུག་པ་མ་ཟད་ངེད་ཀྱིས་ཀྱང་མཁས་བ་དག་གིས་གང་འགྲེལ་བ་དེ་ཇི་མ་ཇི་བཞིན་བྲིས་བ་ཡིན། རྒྱུ་མཚན།
ཡིག་རྒྱུགས་བལྟ་མཁན་རྣམས་ལ་ངེད་ཀྱི་རྨོངས་འཆར་ལས་གཞུང་གི་འགྲེལ་བ་རྩིས་ཆེ། ངེད་ལ་ཡང་རང་གི་སྐར་གྲངས་གལ་ཆེ། ཡིག་རྒྱུགས་བཏང་ཚར་རུང་། ངེད་ཀྱི་བློ་བདེ་བོ་ཁྱོན་ནས་བྱུང་མ་སོང་། རྒྱུ་མཚན། ཡིག་རྒྱུགས་ལ་གང་བྲིས་བ་དང་ངེད་ཀྱི་རྨོངས་བློར་གང་ཡོད་པ་གཉིས་ལོགས་ཀ་རེད། དེ་རིང་འདི་དྲ་ཐོག་ལ་བཞག་ནས་དྲ་ཐོག་གི་མཁས་པ་ཚོའི་ས་ནས་འགྲེལ་བ་གསར་བ་ཞིག་རེག་རྒྱུར་རེ་སྒུག་བྱེད་འདོད་བྱུང་།
ཁྱེད་རང་གིས་འགྲེལ་བ་ཁ་ཤས་ཤིག་བཀླགས་པ་ཚང་མའི་འགྲེལ་གཅིག་མཚུངས་ཡིན་པ་ལྟར་འདི་ལ་འགྲེལ་བཤད་གཅིག་མ་གཏོགས་གཉིས་ཡོད་པ་མ་རེད།
སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་ལ་ཡིད་ཆེས་ཡོད་པའི་མཁས་དབང་ཞིག་ནས་སྐྱེ་བ་སྔ་ཕྱི་དང་སྦྱར་ནས་རིག་པ་ནངས་པར་འཆི་ཡང་བསླབ་དགོས་པའི་གདམས་པ་རྩ་ཆེན་འདིར་ཡིད་ཆེས་ཡོད་ན་གུས་རྟག་བརྩོན་པ་བསྐྱེད་ལ་ཉམས་སུ་ལོངས་དང་ཚེ་ཕྱི་མ་མི་ཤེས་ཀྱང་ཚེ་འདིར་མཁས་པའི་གོ་འཕང་ཐོབ་ངེས། ཡིད་ཆེས་མེད་ན་ཁ་བཙུམས་ཏེ་རང་གི་སྦྱང་བྱར་འབོངས། ཁྱེད་ལ་འདིར་འགྲེལ་བཤད་རྒྱག་པའི་འོས་བབ་མ་མཆིས།
སྐྱེ་བ་སྔ་ཕྱིའི་ལྟ་གྲུབ་ལ་བསམ་ཚུལ་མི་མཐུན་པ་ཡོད་ན་བསམ་ཚུལ་དང་རྒྱུ་མཚན་ལོགས་སུ་བྲིས་ནས་ཤོད་དང་བསམ་ཚུལ་མི་མཐུན་པ་བཤད་ན་དགའ་བསུ་ཡོད།
འདི་སྐྱེ་བ་སྔ་ཕྱི་ལ་ཡིད་ཆེས་ཡོད་མེད་དང་དེ་ལ་རྒྱུ་མཚན་ལོགས་སུ་འགྲེལ་རྒྱུ་ཡོད་མེད་ཀྱི་སྐད་ཆ་ཞིག་མ་རེད།
ངེད་ཀྱི་རྨོངས་འཆར་ལྟར་ན། ཚིག་བཅད་འདི་ལ་དུས་ཚོད་རིམ་བྱུང་གི་འགྲེལ་བ་དགོས་རྒྱུ་གལ་ཆེར་འདོད།
འོན་ཀྱང་། ད་ཕན་བོད་ཀྱི་མཁས་པར་གྲགས་པ་ཚོས་དེ་ལྟར་འཇོན་མི་འདུག འཇོན་མེད་པ་དེ་ལ་དགག་བྱ་མེད།
ད་དུང་ནོར་ལ་རང་ཉིད་ལེན་པ་འདྲ་ཟེར་བ་འདིའི་འགྲེལ་བཤད་སྔ་མ་དག་གིས་གནས་ལུགས་ཤོད་ཐུབ་མི་འདུག
དེ་ནས་ཁྱེད་ཀྱིས་བཏབས་པའི་དབྱིན་ཇིའི་གཏམ་དཔེ་དེའི་སྐོར་ལ་དྲི་བ་ཐུང་ཐུང་ཞིག་བཞག་ཡོད།་ དེ་ལ་ལན་ཞིག་འཇོག་རོགས།
དྲ་ཐོག་འདི་ནས་ཁ་བཙུམས་མ་བཙུམས་ཀྱི་སྐད་ཆ་བཤད་དགོས་མིན་ངས་མི་ཤེས། གཙོ་བོ་སོ་སོས་དཔྱོད། དེ་ཙམ་ཞུ།
མགོན་ཕྱག་གིས་བཤད་པ་རང་རེད། དེ་མིན་ན།
འོ་ན་སྐྱེ་བ་སྔ་ཕྱི་ཡོད་མེད་ལའང་དུས་ཚོད་རིམ་བྱུང་གི་འགྲེལ་དགོས་རྒྱུ་རེད་པས། ཅིག་ཅིག་ཅིག་བྱས་མི་འདུག་དང་མིག་མིག་མིག་འཇོན་མི་འདུག་ཟེར་བ་ལས་སླ་པོ་རེད། དེ་བས་རང་གིས་འགྲེལ་ཞིག་རྒྱོབས་དང༌། རང་འགྲེལ་ལ་བརྟེན་ནས་གཞན་འགྲེལ་ལོག་པའམ་ནོངས་པར་སྒྲུབ་ནུས་ན་འཇོན་པ་རེད། དེ་མིན་དེང་སྐབས་འཛམ་བུ་གླིང་ན་ང་ལས་མཁས་པ་མེད་ཅེས་སྒྲོག་རྒྱུའང་ཁའི་ནང་གི་སྐད་ཆ་ཙམ་རེད། ལས་སླ་པོ་རེད། དོན་གྱིས་ནི་ཅི་ཡང་མེད་པ་དེ་རེད། དེ་བས་རང་ཚིག་ལ་རང་གིས་དཔྱད་དགོས་གལ་ཆེ།
རིག་འབྱུང་བ་ཁྱོད་ཀྱིས་ད་དུང་ང་སྦི་རགས་འགའི་དོམ་ཆད་པ་སེམས་ལ་བཟུང༌།
དོན་གྲུབ་བཀྲ་ཤིས་ལགས། ཚིགས་བཅད་འདི་ལ། སློབ་སྦྱོང་དེ་ཞོགས་པར་འཆི་ཡང་ད་ལྟ་སློབ་དགོས་པ་རེད། གལ་སྲིད་ཚེ་འདི་ལ་མ་ཕན་ན་ཡང་། སྐྱེ་བ་ཕྱི་མའི་དུས་སུ། རང་གིས་རྒྱུ་ནོར་ཅིག་མི་གཞན་ལ་བཅོལ་བཞག་པ་དེ་སླར་ཡང་ཚུར་ལེན་པ་དང་མཚུངས་ཞེས་པའི་གོ་དོན་འདི་ལས་ཨེ་ཡོད་སྙམ། ཡིན་ན་ཡང་། འདིའི་སུམ་རྟགས་ལ་དྭོགས་པ་ཞིག་ཡོང་གི་ཡོད། ནོར་ལ་རང་ཉིད་ལེན་པ་འདྲ།། ཞེས་པའི་ལ་དོན་དེ་རེད། ལ་དོན་འདི་ནི་ཚིག་རྐང་གི་ཁ་སྐོང་ཕྱིར་བསྣན་པ་ཙམ་རེད་སྙམ། དེ་ནས་རང་ཉིད་ཅེས་པ་ནི་བྱེད་པ་པོ་ཡིན་པའི་དབང་དུ་བཏང་ཚེ། བྱེད་སྒྲ་དེ་ཡང་བསྡུས་པ་རེད། དེ་ནས། སྐྱེ་བ་ཕྱི་མ་བཅོལ་བ་ཡི།། ནོར་ལ་རང་ཉིད་ལེན་པ་འདྲ།། ཞེས་པའི་ཚིགས་རྐང་གཉིས་པོ་མཉམ་དུ་སྦྲེལ་ཚེ། རྗོད་པའི་གོ་རིམ་ནི་རིམ་བཞིན་བྱ་བའི་ཡུལ་དང་། བྱེད་པ་པོ། བྱ་ཚིག་སླེབས་ཡོད་པ་དང་། དེ་ནི། ངས་ཁྱོད་ལ་ཉོས་པའི་ཞྭ་མོ་དེ་ངས་ཚུར་ལེན་གི་ཡིན། ཞེས་པ་ལྟ་བུ་ཞིག་རེད། འདི་འདྲ་ལ་ནི་དབྱིན་སྐད་དུ་འབྲེལ་བ་ཅན་གྱི་རྗོད་པ་(relative clause)ཟེར་གི་འདུག་བསམས་བྱུང་།
དྲ་གྲོགས་ཚེར་མ་ལགས་ལ་སྦི་རག་གི་དོམ་ཆད་མིན་གྱི་སྐོར་ནས།
ངེད་ཀྱིས་སྐབས་དེའི་མཆན་བུའི་ཁོངས་སུ་གསལ་བོ་བཟོས་ཡོད།
འོན་ཀྱང་། ངེད་ཀྱི་མཆན་བུ་ལ་ཁྱེད་ཀྱིས་ལན་བཏབས་གནང་མི་འདུག
ངེད་ཀྱིས་ཀྱང་ཐབས་ལམ་གཞན་རྙེད་མ་སོང་། དགོངས་འགལ་མེད་པར་ཞུ།
བཀུར་འོས་དགེ་འདུན་རབ་གསལ་ལགས་ཀྱིས་བསམ་ཚུལ་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།
འདིར་ངེད་ཀྱིས་དོགས་སློང་འགའ་བྱེད་འདོད་བྱུང་།
ངེད་ཀྱི་རྨོངས་འཆར་ལྟར་ན། ཚིགས་བཅད་འདི་ལ་སྐབས་དེའི་སྤྱི་ཚོགས་གནས་སྟངས་དང་འབྲེལ་ནས་འགྲེལ་བ་ཞིག་དགོས་རྒྱུ་གལ་ཆེར་མཐོང་།
དེ་ནས་སློབ་སྦྱོང་དེ་ཞོགས་པར་འཆི་ཡང་ད་ལྟ་སློབ་དགོས་བ་རེད་ཟེར་བའི་རླབས་ཆེ་བའི་བསམ་བློ་འདིའི་འབྱུང་ཁུངས་དང་སྐབས་དེའི་ཤེས་ཡོན་ལམ་ལུགས་ལ་དཔྱད་ཞིབ་བྱེད་རྒྱུ་ཡོད་ཀི་འདོད།
དེ་མིན། སློབ་སྦྱོང་དེ་ཞོགས་པར་འཆི་ཡང་ད་ལྟ་སློབ་དགོས་བ་རེད་ལབ་ནས་དེ་རིང་སང་ཉིན་གྱི་བོད་པའི་བྱིས་བ་ཚོར་འགྲེལ་བཤད་བརྒྱབ་པ་ཡིན་ན།
མཁས་བའི་དགོངས་པ་རྟོགས་ཏེ་བློ་བསྐྱེད་རེག་རྒྱུ་ཕར་ཞོག འདི་ལ་ཁོང་དགོད་བྱེད་མི་སྲིད་པ་ཅི་ལ་ཡིན། དེ་ནས་དེང་རབས་ཀྱི་ཤེས་ཡོན་ལམ་སྲོལ་ཁྲོད་སློབ་སྦྱོང་དེ་ཞོགས་པར་འཆི་ཡང་ད་ལྟ་སློབ་དགོས་ཟེར་བ་འདི་གལ་ཆེར་ཇི་ཙམ་འཛིན་གྱི་ཡོད་མེད་དང་གནའ་བོའི་ལེགས་བཤད་འདིའི་བསྟན་དོན་དང་དེང་གི་ཤེས་ཡོན་ལམ་སྲོལ་གྱི་བར་ཐག་ལ་དཔྱད་ཞིབ་ཅིག་བྱེད་རྒྱུ་འདུག་གམ།
དེ་ནས་སྐྱེ་བ་སྔ་ཕྱིའི་སྐད་ཆ་འདི་རེད། གལ་སྲིད་ཚེ་འདི་ལ་མ་ཕན་ན་ཡང་། སྐྱེ་བ་ཕྱི་མར་ལེན་རྒྱུ་ཡོད་མེད་ཀྱི་ཐད་ནས། སྐྱེ་བ་སྔ་ཕྱི་ཡོད་ཚུལ་རིག་པས་བསྒྲུབས་ཏེ་ཁུངས་སྐྱེལ་དགོས་སམ་ཡང་ན་སྐྱེ་བ་སྔ་ཕྱིའི་གནས་སྟངས་དེ་་མི་རབས་སྔ་ཕྱིའི་གནས་སྟངས་ལ་སྦྱར་ཏེ་འགྲེལ་ན་དགེ་ཕན་ཆེ་བ་ཡོད་དམ། འདི་ལ་ཡང་དཔྱད་པ་གཏོང་རྒྱུ་འདུག་སྙམ།
དེ་ནས་། རང་གིས་རྒྱུ་ནོར་ཅིག་མི་གཞན་ལ་བཅོལ་བཞག་པ་དེ་སླར་ཡང་ཚུར་ལེན་པ་དང་མཚུངས་ཞེས་བའི་སྐད་ཆ་འདི་རེད། དེ་རིང་སང་ཉིན། རང་གི་རྒྱུ་ནོར་ཕར་བཅོལ་བ་དེ་ཚུར་ལ་ལེན་རྒྱུ་ཡོད་དམ་མེད། ཕར་གང་བཅོལ་བ་དེ་ཚུར་ལ་ཡང་དེ་མཚུངས་སུ་ལེན་རྒྱུ་ཡོད་དམ། དེ་ལས་མང་བ་ལེན་རྒྱུ་ཡོད། ཡང་ན་དེ་ལས་ཉུང་བ་ལེན་རྒྱུ་ཡོད། འདི་ལ་ཡང་བསམ་བློ་གཏོང་རྒྱུ་མེད་འགྲོ་བསམ། གཙོ་བོ་མཁས་པའི་ལེགས་བཤད་ཀྱི་རིན་ཐང་མ་ཤོར་བའི་སྒོ་ནས་རྒྱུ་མཚན་རྒྱབ་ལྗོངས་དང་བཅས་བའི་འགྲེལ་བཤད་ཅིག་ཡོད་ན་ཅི་མ་རུང་སྙམ། དེ་ཙམ་ཞུ།
འདི་རུ་ངེད་ཀྱིས་མཁས་དབང་གོང་མ་རྣམས་ཀྱི་མཁྱེན་ཡོན་ལ་དགག་བྱ་བྱེད་ཀྱི་མེད་པར་མ་ཟད་བྱེད་ཀྱང་མི་སྤོབས།
ངེད་ཀྱིས་མཁས་དབང་གོང་མ་རྣམས་ཀྱི་ལེགས་བཤད་རིན་པོ་ཆེའི་གཏེར་ལྟ་བུ་འདི་དག་ཕྱི་རབས་པ་དག་གི་རྒྱུད་ལ་འཇོག་ཐབས་ཀྱི་རྨོངས་འཆར་ཞིག་འདོན་གྱི་ཡོད།
དེ་རིང་སང་ཉིན། ང་དང་ང་འདྲ་བའི་བོད་རིགས་གཞོན་སྐྱེས་ཇི་སྙེད་ཅིག་གིས་མཁས་པ་སྔ་མ་དག་གི་ལེགས་བཤད་རྣམས་ལ་ངེས་ཤེེས་ཡག་པོ་ཞིག་རྙེད་ཐུབ་ཀྱི་མེད་པའི་ངང་ཚུལ་ཐབས་སྐྱོ་ཞིང་ཡིད་མུག་པ་འདི་ལ་ཡང་བསམ་བློ་ཞིག་ཏན་ཏན་གཏོང་རྒྱུ་འདུག་བསམ་པ་དེ་ཡིན། དེ་ཙམ་ཞུ།
འགའ་རེས་ལོག་བཤད་བྱས། འགའ་རེས་འགྲེལ་ལོག་རྒྱབ། ངའི་གཟའ་སྤེན་པ་དང་ཉི་མ་གཉིས་ཀྱང་ཡག་པོ་ཞིག་གཏོང་འཇུག་རྩིས་མ་རེད། རོང་སྐྱག་རྔ་ལོ་འདི་རིགས་པས།
ལ་དོན་གྱི་འཇུག་པ་དང་མི་མཐུན་པ་ཙམ་གྱིས་དགག་ཆོགཆོག་ཅིག་ཨེ་ཡོད། ལ་དོན་གྱི་འཇུག་ཡུལ་དང་ལ་སྒྲའི་འཇུག་ཡུལ་ལ་ཁྱབ་ཆེ་ཆུང་ཡོད་རེད། ནོར་ལ་ལེན་ལྟ་བུ་ལ་དོན་ཡིན་དགོས་པ་འདུག ཤ་ཟ་ཁྲག་འཐུང་ལྟ་བུ་ལ་དོན་སྦྱར་མི་དགོས་པ་འདི་འདྲ་ལ་ཤ་ལ་ཟ་ཞིང་ཁྲག་ལ་འཐུང་ཟེར་བ་འདི་འདྲ་ལ་ཡང་སེ་ཐུག་རྒྱུ་ཡོད་པ་འདི་དག་ཀྱང་ལ་དོན་གྱི་འཇུག་པ་ལས་མ་འདས། ཤ་ལ་ཟ། ཁྲག་ལ་འཐུང་། ནོར་ལ་ལེན། ས་ལ་རྐོ་འདི་ཚོ་འཇུག་ཡུལ་གཅིག་རེད། བྱ་བའི་ཡུལ་ཞིག་ལ་བྱ་བ་བྱེད་གི་ཡོད་པ་རེད། ལྷག་པར་དུ། ཤ་ཁྲག་ནོར་འདི་ཚོ་བཟའ་བྱ། བཏུང་བྱ། བླང་བྱ་ཡིན་པ་མ་ཟད་ཟ་ཡུལ། འཐུང་ཡུལ། ལེན་ཡུལ་ཡང་ཡིན་པ་རེད། ཞྦ་མོ་ཚུར་ལེན་གི་ཡིན་ཟེར་ན་ཚིག་གི་གྲུབ་ཚུལ་གཞན་ཞིག་རེད་ཨ་དྲིན་ཆེན་དགའ་ལྡན་པོ། ཞྦ་མོ་དེ་བླང་བྱ་ལས་ལེན་ཡུལ་མ་རེད།
དེ་བཞིན་ཚུར་ལ་ལེན་དང་ནོར་ལ་ལེན་ཡང་རྦད་དེ་མ་འདྲ་བའི་ཚིག་གྲུབ་གཉིས་རེད། ཚུར་ལ་ལེན། ཕར་ལ་སྤྲད། ཤར་ལ་འགྲོ་ལྟ་བུ་བྱ་བ་བྱེད་ཡུལ་ཁ་ཕྱོགས་ཤིག་སྟོན་གྱི་ཡོད་པ་དང་། ནོར་ལ་ལེན་ལྟ་བུ་གཙོ་བོ་ལེན་ཡུལ་ཞིག་ནས་བླང་བྱ་ཞིག་ལེན་གྱི་ཡོད་པ་སྟོན་གྱི་ཡོད་པ་རེད། འདི་གཉིས་ཇི་ལྟར་གཅིག་པ་རེད།
ཡང་བཤད་འདོད་པ་གཞན་ཞིག་ནི། ཚིགས་སུ་བཅད་པ་ཞིག་ཡིན་ན་ཕྲད་བསྡུས་བཞག་པ་དེ་འདྲ་མང་པོ་ཡོད་པ་རེད། སྙན་ངག་སོགས་ལ་མཚོན་ན་དབྱིན་ཡིག་ཀྱང་དེ་ལྟར་ཡིན་པ་འདྲ། རྩ་བར་ཡང་། ་་ཚིགས་སུ་བཅད་པའི་མཚམས་སྦྱོར་རྣམས།། ཅུང་ཟད་བསྡུས་པ་ཡོད་ན་ཡང་།། དེ་ནི་དེ་བཞིན་སྦྱར་བར་བྱ་་ཞེས་བྲིས་མི་འདུག་གམ། དེ་མིན་གསེར་ཏོག་སུམ་རྟགས་ནང་ལྟོས་དང་། འབྲུ་མང་བོ་སྡུད་པ། བ་གཉིས་པ་སྡུད་པ་སོགས་བསྡུ་བ་རྣམ་པ་དྲུག་ཟེར་བ་དེ་འདྲ་ཡང་ཡོད་པ་རེད། དེ་ཙམ་ཡིན།
ཨ་རོགས་རབ་གསལ། བ་ཟུར་འབྲི་སྟངས་ཅིག་ཤོད་དང་། ཨ་དྲིན་ཆེན་ནོ།
ལགས་སོ། མགོན་པོ། བ་ཟུར་ཆི་ཤེས་འབྲི་དགོས་ནོ་ངས་ཡུམ་ཤེས་གི་ན། དིའི་མོ་སྐད་ཆ་མ་འདྲི་ཨ། ཨ་ལ་རྩེད་མོ་ཡིན། ངས་ཧི་ཡིག་གི་མཛུབ་གནོན་དེ་ཚོ་སྤྱོད་གི་མེད། དེ་བས་མི་ཤེས་ཡ། ཝེ་ལི་ཟེར་ནོ་དེ་ན་ w མནན་ན་ཝ་ཟུར་ཡོང་གི་མོ།།།།།
བརྡ་སྤྲོད་ཀྱི་སྒང་ལ་ཁ་བསྐོར་ན། མགོན་ཕྱག་འདི་དཔའ་བོ་ཁེར་རྒྱུག་ཞིག་ཡིན།
དེ་ནས། མཆན་བུ་རེ་དང་མཉམ་དུ་གཞན་ལ་གསེག་རེ་འདྲི་རྒྱུ་འདི་ཡང་མགོན་ཕྱག་གི་ཡོན་ཏན་ཞིག་ཡིན།
མ་རེད་དམ།
ཧི་ཡིག་ཡིན་ན།
སློབ་གྲྭ ཞྭ་མོ། འབྲི་དགོས་ན་། m འདི་རྩེག་མ་ཆེད་ཡིན་དུས། ཞ མནན དེ་ནས་ m རྒྱབ་ དེས་རྗེས་ལ u མནན ་ན་རེད་ཡ། དཔེན་ན་ཞྭ འདི་བྲིས་ཡ། ; m u འདི་གསུམ་གཅིག་གི་རྗེས་ལ་གཅིག་རྒྱོབ་ར་ཞྭ་སྐྱེས་ཀི།
འོད་འཚེར་འཚེར་ལགས། ང་ལ་དྲི་བ་ཞིག་ཡོད། ཀུ་ཤུ་རྟགས་ཅན་གྱི་མཐེབ་གཞོང་སྒང་ནས་ཛ་དང་ཚ་གང་ན་ཡོད་པ་རེད་དམ། ཁ་སྔོན་མི་ཁ་ཤས་ཀྱིས་ལམ་སྟོན་བྱས་ནའང་ངས་རྙེད་མ་སོང་ཐལ། གནད་འགག་འདི་སེམས་བཟང་སུས་ཤེས་ན་ལན་རེ་སྟེར་རོགས། ཁ་དྲོ།།
གྲ་དམར་ཝ་ཞྭ་ཞིག་གོན་འདོད་ཡོད་ཀྱང་།། སྲོག་ཆགས་ཉམ་ཐག་ཅིག་སྲོག་ལེན་མ་ཕོད།།
ཨ་མས་ལས་པས་བཟོས་པའི་ཕྱིང་ཞྭ་གཉིས།། ཤེལ་སྒྲོམ་གྲུ་བཞིའི་ནང་ན་གཅེས་ཉར་བྱས་ཡོད།།
བལ་ཕྱང་སྤུས་ལེགས་འཇོག་མཁན་མང་ཙམ་འདུག་ཀྱང་།། ད་ལྟ་ཕྱིང་ཞྭ་བཟོ་མཁན་དཀོན་པོ་ཆགས་འདུག།
རྨ་ཆེན་སྦོམ་རས་ད་རུང་ཕྱིང་ཞྭ་བསྣབས་འདུག། མགོན་པོ་ཕྱག་གཉིས་ཀྱང་མཚམས་རེར་ཕྱིང་ཞྭ་གོན་འདོད།།
བོད་ཀྱི་ཞྭ་རིགས་གཅིག་པོ་འཚོལ་སྡུད་བྱས་ན།། ཞྭ་རིགས་མི་འདྲ་བརྒྱ་དང་དྲུག་ཅུ་མེད་འགྲོ།
འོད་འཚེར་འཚེར་གྱིས་ཞྭ་ཡིག་འབྲི་སྟངས་བསླབས་པ།། ཞྭ་མོ་བཟང་བོ་ཞིག་དང་ལག་ཡོང་མཉམ་བྱུང་།།
བཀའ་དྲིན་ལེགས་གསོལ་ཕྱིར་དུ་ཞྭ་རྩོམ་ཕྱིང་ཞྭ།། ལག་པ་གཉིས་ཀྱིས་བཏེགས་ནས་ཁྱེད་ལ་འབུལ་ཆོག། ཐུགས་རྗེ་ཆེ།
ངས་ཁྱེད་ལ་འགྲེལ་བཤད་མི་འདྲ་བ་ཞིག་རྒྱག་ཆོག།
རིག་པ་རང་གི་ཤེས་པ་དེ་ནང་པར་མཆི་མཁན་ཡིན་ཀྱང་གཞན་ལ་བསླབ་དགོས།
རང་གི་མི་ཚེ་འདིར་གཞན་པ་ཚོ་མཁས་པ་ཆགས་པར་མ་འགྱུར་ནའང་།
སྐྱེ་བ་ཕྱི་མར་རང་གི་གཞན་ལ་བཅོལ་བའི་ནོར་བུ་ལེན་པ་བཞིན།
གཞན་ཚོའི་ས་ནས་རིག་པ་ཚོར་བསླབ་ཆོག་པ་འདྲ་བ་སྟེ་ཡིན་ཞེས་སོ།།
བྱང་རྒོད་རྒྱལ་པོའི་རང་གི་ཤེས་རབ་ཀྱི་རྩལ་ལས་འགྲེལ།
ངས་ཁྱེད་ལ་འགྲེལ་བཤད་མི་འདྲ་བ་ཞིག་རྒྱག་ཆོག།
རིག་པ་རང་གི་ཤེས་པ་དེ་ནང་པར་མཆི་མཁན་ཡིན་ཀྱང་གཞན་ལ་བསླབ་དགོས།
རང་གི་མི་ཚེ་འདིར་གཞན་པ་ཚོ་མཁས་པ་ཆགས་པར་མ་འགྱུར་ནའང་།
སྐྱེ་བ་ཕྱི་མར་རང་གི་གཞན་ལ་བཅོལ་བའི་ནོར་བུ་ལེན་པ་བཞིན།
གཞན་ཚོའི་ས་ནས་རིག་པ་ཚོར་བསླབ་ཆོག་པ་འདྲ་བ་སྟེ་ཡིན་ཞེས་སོ།།
བྱ་རྒོད་རྒྱལ་པོའི་རང་གི་ཤེས་རབ་ཀྱི་རྩལ་ལས་འགྲེལ།
དེ་རིང་གི་ང་།
རང་ཉིད་བཅོས་མའི་བྲན་དུ་འཚུད་ཉིན་ནས།།
བཅོས་མའི་བྱེད་ལུགས་མ་གཏོགས་མི་བྱེད་པའི།།
བཅོས་མའི་རང་ལ་བལྟས་པའི་སྔ་དགོང་དུ།།
བཅོས་བསྒྱུར་བྱེད་འདོད་ཡོད་ཀྱང་དཀའ་རབས་འདུག།
དྲང་མོ་མ་གསང་ཁོག་པའི་སྙིང་གཏམ་དག།
དཀར་གཙང་ཤོག་ངོས་འབྲི་འདོད་ཆེ་ན་ཡང་།།
མི་ཡུལ་འདི་ན་རྫུ་འབག་ཤུགས་ཆེ་སྟབས།།
རྫུ་འབག་དེ་ལས་འགལ་ན་ཁེར་རྐྱང་ཡིན།།
ཁེར་རྐྱང་གྱུར་ཉིན་གྲོགས་དང་ཉེ་དུ་མེད།།
གྲོགས་དང་ཉེ་དུ་མེད་པའི་རྒྱལ་ཁམས་དུ།།
གསོན་ཡང་དོན་སྙིང་མེད་པའི་འཚོ་བ་དེར།།
རོལ་འདོད་ང་རང་མི་འདུག་ཅི་ལྟར་བྱེད།།
ཁ་ནས་བཤད་པ་ལས་དང་རྒྱུ་འབྲས་ཡིན།།
ལག་ནས་བྱས་པ་ལས་དང་རྒྱུ་འབྲས་འགལ།།
སེམས་ཀྱི་བསམ་པ་ལྷག་བསམ་རྣམ་དག་ཡིན།།
དོན་ལ་གོམ་པ་འདོད་ཆགས་འགྲན་སེམས་རེད།།
ལས་དབང་ཟེར་ནས་གཞན་ལ་འཆད་ཁུལ་བྱས།།
དོན་གྱི་རང་གི་ལས་ཙམ་མི་འཇོན་པའི།།
ལས་དབང་གོ་རིམ་ཇི་ཡིན་གང་ནས་ཤེས།།
འདི་ལྟར་རང་གཞན་ཀུན་ལ་མགོ་བོ་བསྐོར།།
བྱེད་ན་འདོད་པའི་ལས་དག་མི་འཇོན་ཡང་།།
ཁ་ལ་ཚོད་མེད་ཚིག་གི་རི་བོ་སྤུངས།།
དོན་ལ་ངེས་མེད་གྱང་ཁའི་རྩ་ལོ་བཞིན།།
རླུང་གིས་ངེས་མེད་རྒྱུ་བ་རང་གི་གཤིས།།
སེམས་ལ་གདོན་གཟུགས་ཟེར་ན་མི་ཤེས་མོད།།
བུད་མེད་རིག་ཚད་ཆགས་པའི་འབེན་དུ་བཙུགས།།
དོན་ལ་ཐོབ་པ་རང་གི་མཛའ་མོ་ཙམ།།
མི་ཁོམ་སེམས་འདི་རང་གི་བདག་པོ་ཉིད།།
བསམ་བློ་སྣ་དགུ་འཁོར་བའི་ཚོར་བ་ཡིས།།
དགེ་བའི་དོན་རེ་མེད་ཀྱང་ཉིན་མཚན་ཀུན།།
དྲ་ཚུགས་སོ་སོ་ཉུལ་ནས་ཡིག་འབྲུ་རེ།།
ཁྱི་ལྟིག་བཞིན་དུ་ག་ས་གར་ལ་སྟོར།།
སེམས་ཀྱི་དགའ་སའི་ཉེ་དུ་རྒྱང་དུ་བཞག།
ལུས་ཀྱི་བྲན་གཡོག་ཕྱི་རོལ་མི་ལ་བྱས།།
སྒོར་གྱི་བམ་ཁ་ཆེ་ཆུང་གོར་མོའི་གཟུགས།།
ནམ་ཞིག་སུ་ལ་དབང་མིན་སུ་ཡིས་ཤེས།།
དད་སའི་རྩ་གསུམ་བླ་མའི་བཀའ་དང་འགལ།།
དྲིན་ཆེན་ཕ་མའི་སྲུ་ཞུ་མ་འཁྱོངས་པར།།
རྒྱུས་མེད་རྒྱལ་ཁམས་མང་བོ་འགྲིམ་གྱུར་ཡང་།།
རང་གི་རིགས་ལ་དགོས་པའི་ལས་མ་འགྲུབ།།
བོད་ཀྱི་རིགས་སུ་སྐྱེ་བ་བདེན་པ་རེད།།
བོད་ཀྱི་སྐད་ཡིག་རང་མགོ་ཐོན་ཙམ་ཡང་།།
མི་ཤེས་བོད་རིགས་མིང་ཐོབ་ཞབས་འདྲེན་ང་།།
དེ་རིང་བོད་ཀྱི་མི་ལ་ངོ་རེ་ཚ།།
༡༦།༥།༠༩
རྩོམ་ཡིག་འདི་དྲ་ཐོག་འདིར་རན་པོ་ཡོད་མེད་མི་ཤེས། རན་པོ་ཡོད་ན་དྲ་གྲོགས་ལགས། དྲ་ཐོག་འདིར་འགོད་རོགས་ཞུ། མེད་ན་གད་སྙིགས་ཁྲོད་དུ་གཡུགས་ཀྱང་མི་སྐྱོན།
རིག་འབྱུང་ལགས། ཡང་བསྐྱར་འཚམ་པོ་མེད་རུང་ཨག་སྐད་རེ་རྒྱག་འདོད་བྱུང་། སྤྱིར་བཏང་ཁྱོད་ཀྱི་དྲི་བ་དེ་ཏོག་ཙམ་ནོར་འདུག ནོར་ས་དེ་བསླབ་བྱ་རྒྱག་ཡུལ་གྱི་སྟེང་རེད། སྔོན་མ་རང་རང་གི་དགེ་རྒན་བཀའ་དྲིན་ཅན་ཚོས་ང་ཚོར་སློབ་གསོ་བརྒྱབས་པ་རེད། ཡིན་ཡང་། འགྲེལ་དུས་མི་འདྲ་ས་རེ་ཡོད་སྲིད་པ་རེད། སློབ་གསོ་འདིའི་སྟེང་གི་གདམས་པ་ངོ་མ་དེ་ཚིག་རྐང་གི་ངོས་ནས་བཤད་ན། རིག་པ་ནང་པར་འཆི་ཡང་བསླབ་ཅེས་པ་དེ་རེད། ཁོང་རིགས་ཀྱིས་ང་ཚོ་རིག་པའི་རྗེས་སུ་འདེད་པར་འདོད་ནས་མཐའ་མ་དེར་སྐྱེ་བ་སྔ་ཕྱི་དཔེར་བཞག་ནས་གསུངས་པ་རེད། དཔེ་འཇོག་སྟངས་ནི་སྲོག་ལ་ཚད་བཙུགས་ནས་གསུངས་པ་རེད།
ཐ་ན་ཤི་སོང་རུང་ཁྱོད་ཀྱིས་སྦྱངས་པའི་ཤེས་རབ་དེ་ལ་ཡལ་བ་མེད། འདི་ཁྱོད་ལ་གཏན་དུ་བདག་པའམ་དབང་སོང་བ་རེད་ཅེས་པ་འདི་རེད། དེ་བས་མ་ཤི་བར་དུ་ཤེས་རབ་དེ་ང་ཚོ་ལ་བདག་གི་ཡོད་པ་ནི་ཨ་ཅང་ཅང་ཡིན་ཙང་། ཤི་འཐམ་རོ་འཐམ་བྱེད་པའི་ཀུན་སློང་འདི་སློང་གི་ཡོད་པ་རེད།
འདི་དགེ་རྒན་ཞིག་གིས་རང་གི་སློབ་བུ་དེ་རིག་པའི་ལམ་དུ་འདེད་སྐབས་ཀྱི་གདམས་པ་ཞིག་རེད་མ་གཏོགས། ཐད་ཀར་སྐྱེ་བ་སྔ་ཕྱི་ཁས་ལེན་མིན་གྱི་གནད་དོན་ཞིག་གི་སྟེང་ནས་སློབ་གསོ་བརྒྱབས་ཡོད་པ་མ་རེད་བསམ་གྱི་འདུག ལར་ནས་སྐྱེ་བ་སྔ་ཕྱིའི་གནད་དོན་གྱི་ཐོག་ལ་ལག་པ་འགྱོག་ཤེས་མཁན་གྱི་རིགས་ལ་མ་གཞི་ནས་སློབ་གསོ་འདི་འདྲ་གཏོང་གི་མ་རེད། འདི་གནད་གཅིག་རེད།
སྔོན་མ་ཡིན་ན་སློབ་གསོ་འདི་འགྲིག་གི་ཡོད་པ་རེད། བྱིས་པའི་སེམས་ཁམས་ཕར་ཞོག ཐ་ན་སྤྱི་ཚོགས་ཀྱི་སེམས་ཁམས་ལའང་འཚམ་གྱི་ཡོད་པ་རེད། དེང་སྐབས་སློབ་གསོ་ནི་སའི་གོ་ལའི་སྟེང་ལ་གཅིག་གྱུར་གྱི་རྣམ་པར་འཕེལ་གྱི་ཡོད་པ་རེད། དེ་བས་གདམས་པ་འདི་མི་ཚང་མར་འཚམ་གྱི་ཡོད་པའི་ངེས་པ་ཡོད་པ་མ་རེད། ལྷག་པར་དུ་དེང་རབས་ཀྱི་སློབ་གྲྭ་ཚད་ལྡན་ཅེས་པ་དག་གི་ནང་དུ་དེ་བས་ཀྱང་འཚམ་པོ་ཡོད་ཀྱི་མ་རེད་འདོད། བོད་ནང་དུའང་ང་ཚོར་ཁག་ཐེག་མེད་པའི་བགྲོ་གླེང་མང་པོ་ཞིག་བྱུང་དང་འབྱུང་བཞིན་པ་རེད།
ང་ཚོའི་དགེ་རྒན་ཚོས་ཚིག་འགྲེལ་དང་དོན་འགྲེལ་གཉིས་ཀ་བྱེད་ཀྱིན་ཡོད་པ་བཞིན། དེ་རིང་གི་བགྲོ་གླེང་བ་ཚོས་ཀྱང་ཕྱི་ནང་གཉིས་ཀ་ཕར་སློག་ཚུར་སློག་བྱས་ནས་གླེང་རྒྱུ་གལ་ཆེན་པོ་རེད།
བརྡ་སྤྲོད་ཀྱི་སྒང་ནས་བཤད་ན། རིག་པ་ནང་པར་འཆི་ཡང་བསླབ། །ཅེས་པ་འདིའི་ནང་གི་ནོར་འཁྲུལ་ནི་སློབས་ཞེས་པའི་སྐུལ་ཚིག་མི་གསལ་བ་དེ་ཕྱོགས་གཅིག་རེད་འདོད། གང་ཡིན་ཅེ་ན། ཚིག་རྐང་འདིའི་རྗེས་ཏག་ཏག་དེར་དཔེ་བཞག་ཡོད་པ་རེད། ཚེ་འདིར་མཁས་པར་མ་གྱུར་ཡང་། །སྐྱེ་བ་ཕྱི་མར་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་དང་མཚུངས། ། ཞེས་པ་དེ་རེད། དེའི་རྐྱེན་གྱིས་ཚིག་རྐང་ཕྱི་མ་གསུམ་ནི་དཔེ་ཡིན་སྟབས་སློབ་ཁྲིད་ཀྱི་སྐབས་སུ་གཙིགས་སུ་འཛིན་མི་རུང་། ལ་སྒྲ་ནི་ལ་དོན་གྱི་སྒྲ་རེད་ཅེས་ནའང་འགྲིག་པར་འདོད། བདེ་དང་མི་བདེ་ནི་ལ་སྒྲ་ཁོ་རང་གི་རྩ་ཚིག་ལྟར་གང་ཟག་རང་རང་གིས་གང་བདེར་སྦྱོར་དགོས་པ་རེད། དཔེར་ན། ནོར་དུ་རང་ཉིད་ལེན་དང་མཚུངས། ཞེས་བྲིས་ཡོད་ན། ནོར་དེ་རུ་ངོས་འཛིན་གྱིས་རང་གིས་ཁྱེར་ན་འགྲིག་གི་རེད་ཅེས་པ་དེ་དང་མཚུངས་པས་སོ།
བཀུར་འོས་ལུང་རིགས་ལགས་ཀྱིས་བསམ་ཚུལ་གནང་བར་བཀའ་དྲིན་ཆེ།
འདིར་དོགས་སློང་འགའ་བྱེད་འདོད་བྱུང་།
གོང་གི་ཚིགས་བཅད་འདིའི་སྒང་གི་སྐྱེ་བ་སྔ་ཕྱི་དེ་དཔེར་བཀོད་པ་རེད་དམ་ནོར་ལ་རང་ཉིད་ལེན་དང་མཚུངས་ཟེར་བ་དེ་དཔེར་བཀོད་པ་རེད། དེ་ལ་དཔྱད་རྒྱུ་འདུག་བསམ།
དེ་ནས་ཁྱེད་ཀྱིས་གསུངས་བ་ནང་བཞིན། ཐ་ན་ཤི་སོང་རུང་ཁྱེད་ཀྱིས་སྦྱངས་བའི་ཤེས་རབ་དེ་ཡལ་བ་མེད། འདི་ཁྱོད་ལ་གཏན་དུ་བདག་པའམ་དབང་སོང་བ་རེད་།ཟེར་བའི་སྐད་ཆ་འདི་ལ་གོ་བ་རྒྱག་སྟངས་གཞན་ཞིག་མེད་འགྲོ་སྙམ། ཉིད་ཀྱི་གོ་བ་ལེན་སྟངས་འདིའི་འགྲོས་དང་བསྟུན་ན་ཡང་། ཤེས་རབ་དེ་ཡལ་བ་མེད་པ་ཞིག་གམ་གཏན་དུ་བདག་པ་ཞིག་སྟོན་གྱི་ཨེ་ཡོད་བསམ། གཙོ་བོ་སྐྱེ་བ་སྔ་མའི་བག་ཆགས་དེ་སྐྱེ་བ་ཕྱི་མའི་རྒྱུད་ལ་སྨིན་སྟངས་ཀྱི་སྐད་ཆ་ཞིག་རེད་མ་གཏོགས་ཤེས་རབ་དེ་ཡལ་བ་མེད་པ་ཞིག་ག་ལ་ཡིན། བག་ཆགས་སྨིན་སྟངས་དེ་ཡང་བྱེད་པ་རྒྱུ་མཐུན་དང་འབྲེལ་བ་མེད་འགྲོ་བསམ།
ད་དུང་འདི་སྔ་མོའི་སྤྱི་ཚོགས་སུ་དགེ་རྒན་ཞིག་གིས་རང་གི་སློབ་བུ་རིག་པའི་ལམ་དུ་འདེད་སྐབས་ཀྱི་གདམས་པ་གཅིག་པོ་མ་ཡིན་པར་སྐྱེ་བ་སྔ་ཕྱི་ཁས་ལེན་མིན་གྱི་གནད་དོན་དང་འབྲེལ་བ་འདུག་སྙམ། འོན་ཀྱང་། དེང་གི་སྤྱི་ཚོགས་སུ་འདི་སྐྱེ་བ་སྔ་ཕྱིའི་གནས་སྟངས་ལ་ཐད་ཀར་སྦྱར་མ་དགོས་བར་རིག་པའི་ལམ་དུ་འདེད་ཐུབ་ན་དགེ་ཆེ་བསམ་པ་དེ་ངེད་ཀྱི་རྨོངས་འཆར་ཡིན།
དེང་རབས་སློབ་གྲ་ཚད་ལྡན་ཁག་གི་ནང་དུ་འཚམ་མ་འཚམ་དེ་ཡང་དུས་དང་བབ་བསྟུན་གྱི་འགྲེལ་བ་ཚད་ལྡན་ཞིག་རྒྱག་ཐུབ་མིན་ལ་ཡང་རེག་ལས་མེད་འགྲོ་བསམ།
གང་ལྟར། ངེད་ལ་ནི་ཁྱེད་ཚོའི་བསམ་ཚུལ་ལ་ཉན་གྱིན་ཉན་གྱིན་དོགས་སློང་ཇེ་མང་དང་ཇེ་མང་ལ་འགྲོ་གི་འདུག དེ་ཙམ་ཞུ།
རིག་པ་ནང་པར་འཆི་ཡང་བསླབ། །
ཚི་འདིར་མཁས་པར་མ་གྱུར་ཡང་། །
སྐྱེ་བ་ཕྱི་མར་བཅོལ་བ་ཡི། །
ནོར་ལ་རང་ཉིད་ལེན་པ་འདྲ། །
༼རིག་པ”ཞེས་པའི་ཐ་སྙད་ལ་དཔྱད་པ༽
ཐོག་མར་ཚིག་རྐང་གསུམ་པའི་“གྱུར”ཅེས་པ་འདས་ཚིག་ཡིན་པས། “ཡང”གི་ཚབ་ཏུ་“ཀྱང”ཞེས་དག་བཅོས་དགོས་པར་སྙམ།
འདིའི་“རིག་པ”ཞེས་པ་ནི་རིག་བྱའམ་ཤེས་བྱ་ལ་ཟེར་བ་ཡིན། འོན་ཀྱང་ཐ་སྙད་དེ་ལ་དོགས་པ་ཅུང་ཟད་དཔྱད་རྒྱུ་འདུག་སྙམ་སྟེ། རིག་པ་ཡིན་ན་བློ་ཡིན་དགོས་སམ་མི་དགོས། བཟོ་རིག་པ་དེ་རིག་པ་ཡིན་ནམ་མིན། ཅི་སྟེ་ཡིན་ན་བློ་དང་རིག་པ་ཤེས་པ་གསུམ་དོན་ཡིན་ནམ་མིན་ཞེས་དོགས་འདྲི།
ཡང་། རིག་པ་ཡིན་ན་བློ་ཡིན་མི་དགོས་ན། ཤེས་པ་ལའང་མི་དགོས་པར་ཁས་བླངས་དགོས་པར་འགྱུར་བས། དེ་ལ་དཔྱོད་ལྡན་རྣམ་པས་ལན་འདེབས་ཇི་ལྟར་མཛད་ལགས།
བཟོ་རིག་པ་ལ་“རིག་པ”ཞེས་པ་ནི་གོང་ཞུས་ལྟར། རིག་བྱ་ཡིན་པས་རྒྱུ་མཚན་གྱིས་ཡིན་ལ། དཔེར་ན་བསླབ་བྱ་ལ་བསླབ་པ། གདིང་བྱ་ལ་གདིང་བ། བཟའ་བྱ་ལ་བཟའ་བ། བཏུང་བྱ་ལ་བཏུང་བ། གྱོན་བྱ་ལ་གྱོན་པ་ཞེས་པ་ལྟ་བུས་མཚོན་ནོ། །
དེ་ལྟར་ན་ཤེས་བྱ་ལ་ཤེས་པ་མི་ཟེར་བའི་རྒྱུ་མཚན་ཅི་ལགས།
“ཚིག་རྐང་གཉིས་པའི་”ཞེས་ནོར་བཅོས།
དེང་སང་དྲ་སྟེང་དུ་བློ་བསྐྱེད་ཞུ་ཡུལ་གྱི་དཔྱོད་ལྡན་མང་དུ་སྣང་བས། གཤམ་དུ་འཁོད་པའི་ཚིག་འདི་རྣམས་ཀྱི་སྒྲ་བཤད་གང་ཡིན་ནམ་ཞེས་བཀའ་འདྲི་ཞུའོ། །
ཆོ་འཕྲུལ།
ཕྲག་དོག་དང་།
རྨ་སྒོ།
སྨོན་འདྲིན།
རྫུ་འཕྲུལ།
ཡི་དྭགས།
ཡི་རང་།
སོགས་མཐའ་ཡས་པ་ཞིག་ཡོད་ཀྱང་རེ་ཞིག་དེ་རྣམས་ལ་བློ་བསྐྱེད་ཅིག་གནང་རོགས།
དཀོན་མཆོག་ལགས།
ཁྱེད་ནས་ཀུ་ཤུ་རྟགས་ཅན་གྱི་ཛ་དང་ཚ་གཉིས་མཐེབ་གཞོང་གི་རེའུ་མིག་གང་དུ་ཡོད་མེད་བཀའ་འདྲི་ཞིག་འདུག་པར། ལན། ཀུ་ཤུའི་རྟགས་ཅན་གྱི་མཛུབ་གཞོང་ནི་ཝའེ་ལི་འབྲི་སྲོལ་ལྟར་རེད། དེ་ལ་ “ཛ”འབྲི་དགོས་ན། d དང z བསྣན་ན་“ཛ”འཆར།
tsh བསྣན་ན་“ཚ”འཆར་རོ། །