ཡོང་ཁུངས། བོད་ཀྱི་དུས་བབ།
རྒྱ་གཞུང་གིས་གསེར་རྟ་བླ་རུང་སྒར་གྱི་སྤྱིའི་མི་འབོར་ལ་ཚོད་འཛིན་བྱས་ཏེ་འདི་ལོ་ཁོ་ནར་ཞིང་ཆེན་གཞན་ནས་ཡིན་པ་ ༦༠༠ བཅས་ཁྱོན་གྲྭ་བཙུན་ ༡༢༠༠ ཕྱིར་འཕུད་གཏོང་རྒྱུ་དང་ཁང་པ་ ༡༥༠༠ གཏོར་རྒྱུ་ཡིན་འདུག
དེ་རིང་སྤྱི་ཚོགས་དྲ་ལམ་དུ་གནས་ཚུལ་ཐོན་པ་ལྟར་ན། སྐབས་ ༦ པའི་བོད་ཁུལ་ལས་སྒྲུབ་གྲོས་མོལ་ཚོགས་འདུ་དང་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུ་གཉིས་ཀྱི་ཐོག་གཏན་འབེབས་བྱུང་བ་ལྟར། གསེར་རྟ་བླ་རུང་སྒར་དག་སྒྲིག་བཅོས་སྐྱོང་ཟེར་བའི་བྱ་འགུལ་འོག དཀར་མཛེས་ཁུལ་འཐབ་ཕྱོགས་གཅིག་གྱུར་ཁང་དང་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཁང་། ཁུལ་སློབ་གསོ་ཁང་། ཁུལ་ཉེན་རྟོག་ལས་ཁུངས། ཁུལ་གྲོང་སྡེ་འཛུགས་སྐྲུན་ལས་ཁུངས། གསེར་རྟ་རྫོང་སྲིད་གཞུང་དང་སྒར་གྱི་འབྲེལ་ཡོད་མི་སྣ་བཅས་ཀྱི་མཉམ་འབྲེལ་འགན་ལེན་བྱས་ཏེ། ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༣༠ ཉིན་ནང་ཚུན་དུ་བླ་རུང་སྒར་གྱི་གྲྭ་བཙུན་སྤྱིའི་གྲངས་འབོར་ ༥༠༠༠ ལ་ཚོད་འཛིན་བྱས་ཏེ། འདི་ལོ་ཁོ་ནར་གྲྭ་བཙུན་ ༡༢༠༠ ཕྱིར་འཕུད་གཏོང་རྒྱུ་དང་། དེའི་ནང་ཉུང་མཐར་ཞིང་ཆེན་གཞན་ནས་ཡིན་པའི་མི་ ༦༠༠ ཡོད་དགོས་པ། དེ་བཞིན། ཕྱི་ལོ་ ༢༠༡༣ ནས་ད་ལྟའི་བར་ཕྱིར་འཕུད་བཏང་བའི་གྲྭ་བཙུན་གྱི་ཁང་པ་དང་སྒྲིག་འགལ་གྱིས་གསར་རྒྱག་བྱས་པའི་ཁང་པ་སོགས་ཁྱོན་ཁང་པ་ ༡༥༠༠ འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༣༠ ཉིན་གྱི་ཡར་སྔོན་དུ་གཏོར་བཤིག་ལེགས་འགྲུབ་ཡོང་དགོས་པ། གཞན་ཡང་། སྒར་གྱི་འབྲེལ་ཡོད་མི་སྣའི་སྣེ་འཁྲིད་འོག་སྒར་གྱི་གྲྭ་བཙུན་ཚོར་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལ་སྲུང་བརྩི་བྱེད་པའི་དམ་བཅའི་ཡི་གེ་འབྲི་རུ་འཇུག་དགོས་པ་མ་ཟད། གསང་བའི་བརྙན་ལེན་འཕྲུལ་ཆས་བཙུགས་ཏེ་ནང་འོང་བཀག་རྒྱ་འཛུགས་སྐྲུན་དགོས་སྐོར་སོགས་ཀྱི་བཀའ་རྒྱ་བཀྲམས་ཡོད་འདུག
དེ་ཡང་བཀའ་རྒྱའི་ནང་། ལས་འགན་གཙོ་བོ་ནི་ཕྱི་ལོ་ ༢༠༡༦ ལོར་མི་ ༢༢༠༠ ཕྱིར་འགྲོ་དགོས་པ་དང་། དེའི་ནང་ནས་དགེ་བསྙེན་ ༡༠༢༩ ལོགས་སུ་དགར་རྒྱུ་དང་། དོན་དངོས་ཐོག་གྲྭ་ཇོ་ ༡༢༠༠ ཕྱིར་འཕུད་དགོས་ལ། དེའི་ནང་དུ་མ་མཐའ་ཡང་ཞིང་ཆེན་གཞན་པའི་གྲྭ་བཙུན་ ༦༠༠ ཡོད་དགོས། ཕྱི་ལོ་ ༢༠༡༧ ལོར་ཁྱོན་མི་གྲངས་ ༥༠༠༠ ལ་ཚོད་འཛིན་ཐུབ་དགོས་པ་དང་། གལ་ཏེ་ ༢༠༡༧ ཟླ་ ༩ ཚེས་ ༣༠ ཉིན་མི་གྲངས་ ༥༠༠༠ ལ་ཚོད་འཛིན་མ་ཐུབ་པ་ཤེས་ཚེ། དངོས་ཡོད་མི་གྲངས་ཀྱི་མིང་ཐོ་དང་བསྟུན་ནས་ ༢༠༡༧ ལོར་ཕྱིར་འཕུད་མི་གྲངས་ཇེ་མང་དུ་གཏོང་དགོས། སྲིད་གཞུང་ནས་ཕྱིར་འཕུད་གཏོང་དགོས་པའི་གྲྭ་བཙུན་རྣམས་ཀྱི་མིང་དང་ཁང་པའི་གྲངས་ཀར་དངོས་བཤེར་ནན་མོ་བྱེད་རྒྱུ་དང་། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡༥ ཡི་སྔོན་དུ་འདི་ལོར་ཕྱིར་འཕུད་གཏོང་དགོས་པའི་གྲྭ་བཙུན་རྣམས་ཀྱི་མཚན་ཐོ་གོང་རིམ་ལ་སྤྲོད་དགོས་པ་མ་ཟད། ཚད་ལྡན་གཅིག་དང་དོན་གནས་གསུམ་གྱི་ལས་འགན་ལེགས་འགྲུབ་བྱུང་རྗེས། རྒྱུན་སྡོད་པ་ ༥༠༠༠ དང་དེ་མིན་རྣམས་ཀྱི་མིང་ཐོར་ཞིབ་བཤེར་བྱས་ནས་གོང་རིམ་ལ་སྤྲོད་དགོས་པ་དང་། འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༣༠ ཉིན་གྱི་སྔོན་ལ་གྲྭ་བཙུན་ ༡༢༠༠ ཕྱིར་འཕུད་ཀྱི་ལས་གཞི་ལེགས་འགྲུབ་བྱུང་དགོས་པ་དང་། སྒར་སྤྱིའི་མི་གྲངས་འབོར་ ༥༠༠༠ ནང་ཞིང་ཆེན་གཞན་གྱི་མི་ ༡༠༠༠ ལས་ཡོད་མི་ཆོག་སྐོར་བརྗོད་འདུག
ཡང་བཀའ་རྒྱའི་ནང་ལས་འགན་གཙོ་བོ་ནི་ཕྱི་ལོ་ ༢༠༡༣ ལོ་ནས་ད་བར་ཕྱིར་འཕུད་བྱས་པའི་གྲྭ་བཙུན་གྱི་ཁང་པ་དང་། སྒྲིག་འགལ་གྲྭ་ཁང་གསར་པ། རྒན་གསོ་ཁང་དུ་སོང་བ་རྣམས་ཀྱི་ཁང་པ། བཙུན་མོའི་འགྲུལ་ཁང་དུ་སོང་བ་རྣམས་ཀྱི་ཁང་པ་བཅས་ཁྱོན་ཁང་པ་ ༡༥༠༠ འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༣༠ ཉིན་གྱི་སྔོན་དུ་གཏོར་བཤིག་ལེགས་འགྲུབ་བྱུང་དགོས་སྐོར་དང་། དགེ་བསྙེན་གླིང་ལོགས་སུ་བཀར་ཏེ་སྒར་དང་དགེ་བསྙེན་རྣམས་བསྲེ་མཚམས་ནས་རྨིད་ ༣༠ བར་གྱི་འཛུགས་སྐྲུན་རྣམས་བཤིག་ནས་བར་ཐག་ཕྱེ་རྒྱུ་ཡིན་སྐོར་སོགས་བརྗོད་འདུག
གསར་འགོད་པ། པདྨ་མཚོ།
བླ་རུང་ཆོས་སྐོར་ཚོགསནཔནཁག་ནས་ཟིང་ཟིང་ཁྱབ་སྤེལ་མ་གནང་རོག། མ་ཟད་ཚོགས་པ་ལ་ལས་དོན་མེད་སོ་སོས་དོན་དག་ཆེད་མིང་དང་ཁྱབ་སྤེལ་ཆེད་སྐད་འབོད་དང་ཁྲོ་ཚིག་འབོད་བཞིན་པ་དེ་ཕན་པ་མེད་ལས་གནོད་པ་ཆེ། དཔེར་ན་པན་ཆེན་ཡང་སྲིད་དོན་བཙིན་ནང་ལ་ཐིམ་སོང་བ་། དེ་ནང་ནས་བོད་རང་སློབ་ཕྲུག་ཚོགས་པ་དེ་འདྲ་མིན་གནོད་ཚིག མ་སྒྲོག དེ་ལས་ཁྱེད་རང་བོད་ཡིག་བོད་སྐད་བསླབས་ན་གལ་ཆེ།
༅༅།་ལྟོས་དང་རྒྱ་ནག་པོ་། རྒྱ་དམར་པོ། སྐྱག་རྫུན་གྱི་རྒྱལ་ཁབ་ཚོ།
ཆོས་མེད་བྱམས་མེད་བརྕེ་མེད་། ཆོས་ཅན་བྱམས་ལྡན་རྣམས་ལ། གཉའ་གནོན་མང་དག་བཏང་ནས་།
བོད་རི་ཟས་ཀྱང་མ་རྒྱག། བོད་ཆུ་བཏུང་ཡང་མ་ངོམས་།
ལས་ངན་ག་འདྲ་ཞིག་བསགས་ཡོད་པ་ཡིན་ནམ།
བོད་ཀྱི་ལྷ་སྲུང་ཡུལ་ལྷ། སྐྱེས་ལྷ་གཞི་བདག་རྣམས་པ་།
གང་དང་གང་དུ་བཞུགས་ཡོད། ཅིའི་ཕྱིར་མི་སྐྱོབ་ཅི་ཡིན།
གཅིག༽ དོན་དག་འདིའི་ཐད་ཕྱི་ཕྱོགས་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་དང་གསར་འགྱུར་བརྒྱུད་ལམ་སོགས་ཀྱིས་ཚོར་སྣང་སྐྱེན་པོས་གླེང་སློང་རིགས་མ་བྱས་ན་བཟང་། ཀུན་སློང་རྣམ་དག་ཡིན་ངེས་ཀྱང་ཕན་པ་ཡོང་རྒྱུའི་ཚབ་ཏུ་དཀའ་ངལ་བཟོ་སྲིད།
གཉིས་པ།༽ བླ་རུང་སྒར་གྱིས་སྤྱི་ཚོགས་བདེ་འཇགས་དང་ཆོས་ལུགས་རིག་གནས་དར་སྤེལ་སོགས་ལ་ཁེ་ཕན་ཡོད་པ་དང་། རྒྱལ་ཁབ་ཀྱི་ཁྲིམས་དང་མི་འགལ་བའི་ཐོག་ནས་ཆོས་དང་རིག་གནས་དར་སྤེལ་བྱས་དང་བྱེད་བཞིན་པར་གོང་རིམ་ལ་རྒྱབ་གཉེར་ཞུ་འབོད་གྱི་ཡར་ཞུའི་ཡིག་ཆ་རེ་བོད་ཁུལ་ས་གནས་སོ་སོ་དང་རྒྱ་ཡུལ་བཅས་ཀྱི་ནང་བསྟན་མཐུན་ཚོགས་སོགས་ཀྱིས་སྒེར་སོ་སོའི་བསམ་ཚུལ་གྱི་ངོ་བོའི་ཐོག་ནས་འབུལ་ཐུབ་ན་ཁ་ཕན་ཚིག་ཕན་ཅུང་ཟད་ཡོད་སྲིད་པ་ལས་ཉེན་ཁ་ཆུང་། དེ་མིན་བོད་རིགས་སྤྱི་དང་། ཁྱད་པར་ཆོས་སྒར་དེར་གཏོགས་པ་དག་གིས་ཡིག་ཐོག་དང་ངག་ཐོག་ལུས་ཐོག་བཅས་གསུམ་ནས་རྣམ་འགྱུར་ངན་པ་རིགས་གཏན་ནས་སྟོན་རྒྱུ་མེད། ངོ་རྒོལ་དང་བརྔམས་སྟོན་སོགས་ཁག་འདོག་སའི་རྒྱུ་རྐྱེན་ཕྲ་མོ་ཙམ་ཡང་བསྐྲུན་མི་རུང་།
གསུམ་པ།༽ གལ་ཆེ་ཤོས་ནང་གི་ཆེ་ཤོས་དེ་མི་མང་ཁ་མང་དང་། ར་མགོ་ལུག་མགོ་གར་བསྟན་མི་གནང་བར་བླ་རུང་སྒར་གྱི་གོང་བཞུགས་མཁན་སྤྲུལ་ལས་འཛིན་རྣམ་པའི་བཀའ་བཀོད་ཁོ་ནའི་འོག་ནས་ཤར་སྐྱོད་བྱེད་པའི་ཆོད་སེམས་ཡོད་དགོས། ཐོག་མཐའ་བར་གསུམ་དུ་དེ་ལས་ལྷག་པའི་འདེམ་ཀ་གང་ཡང་མེད་པར་ཡིད་ཆེས་གནང་དགོས། བཟོད་སྲན་དང་ངང་རྒྱུད་རིང་པོ་གནང་བ་ཧ་ཅང་གལ་ཆེ། མི་མང་གི་ཚོར་བ་དང་སྐད་ཆའི་རྗེས་སུ་མི་རྒྱུག་པར་བློ་རྩ་ཤིན་ཏུ་བརྟན་པོར་གནས་དགོས་སོ།།
སྤྱི་ལོ༢༠༡༦ཟླ་༦ཚེས་༡ལ།རྫ་ཚེ་རིང་བཀྲ་ཤིས་ཀྱིས་སངས་རྒྱས་ལ་ཀ་ཁའི་ཚུལ་དུ་བྲིས།
སྒར་ནང་གི་གནད་ཡོད་བླ་སྤྲུལ་དེ་ཚོ་ནུབ་གླིང་ནང་འོད་འཕྲོ་བཅུག་པ་ལས་རང་ཡུལ་སི་ཁྲོན་ཞིང་ཆེན་ཆོས་ལུགས་སློབ་གསོ་ལས་དོན་ཁང་གི་གནད་ཡོད་མི་སྣ་དང་བཀའ་མོལ་འདྲ་གནང་འདོད་ན་གྲུབ་འབྲས་ཡོང་གི་མིན་ནམ་སྙམ། འདིས་བླ་རུང་སྒར་གྱི་འཆི་གསོན་ལ་ཕན་གྱི་རེད་གདའ།
མཁན་པོ་ཅིག་ཅིག། མུག་མུག་ཟེར་བའི་མཁན་ཆེན་སྐད་གྲགས་ཡོད་པ། བོད་ནང་དང་དགྱ་ནང་ནས་ཆོས་འཁོར་བསྐོར་བས་མ་ཚད། ཕྱི་ཕྱོགས་རིགས་ལ་ཕེབས་ནས་ཡང་། ཡིན་ཡིན་མདོག་མདོག་བྱེད་མཁན་དེ་ཚོ། གང་ལ་ཕྱིན་པ་རེད།
ཁོ་རང་ཚོའི་དགོན་པའི་བསྟན་པ་དར་རྒྱས་ལ་ཕན་མི་ཐོག་ན། ད་གང་ཞིག་ལ་ཐུག་ཡོད་པ་རེད། ངས་ནི་སྲིད་ཇུས་དེ་ཚོ་དོན་དངོས་མི་པ་ཞིག་ལ་རྩིས་ནས། མཁན་ཆེན་ཚོ་ལ་ཉན་འདུག་གི་ཡིན་ཐལ།
ཆོས་དད་རང་དབང་མི་འདུག་ལབ་ན། ཡོད་མདོག་གིས་འཛམ་གླིང་མི་མང་གི་སྔུན་ནས། ལྟད་མོ་འཁྲབ་ཡིན་པ་ཨ། ད་གྱོང་སུ་ལ་རག་གི་ཡོད་མེད་ཤེས་ཡོང་།
ཧ་ཧ་ཧ་འདི་ལྟ་བུའི་ཅུང་ཡོང་ན་ཡག་ག་མ་ཡིན་པ་ག་ལ་ཡིན་་་་་བོད་པ་ཚང་རྨོངས་དད་ཁོ་ནའི་རྗེས་འཇུག་པ་མ་ཡིན་ནམ་ཧཧཧཧཧཧཧཧཧཧཧཧཧཧ