Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འདུ་ཤེས་ཀྱི་དྲན་སྐུལ།།

Posted on 2010-09-21 By དབང་ཕྱུག་ 19 Comments on འདུ་ཤེས་ཀྱི་དྲན་སྐུལ།།

འཕན་པོ་བསྟན་དར།

༄༅།། ང་ཚོའི་འཐབ་རྩོད་ནི། རྒྱུ་ནོར་ལོངས་སྤྱོད། རིག་གནས། བཟའ་འཐུང་མཉམ་གཤིབས། འཚོ་གནས་ཐུབ་ཐབས་ཀྱི་གནས་ཚུལ་ཞིག་མ་ཡིན་པར། །ང་ཚོའི་འཐབ་རྩོད་ནི། རྒྱ་དང་། བོད་ཅེས། རྩམ་ཟན་དང་། འབུ་ཟན་ཞེས། ཐ་ དད་པའི་མི་རིགས་གཉིས་ཀྱི་འཐབ་རྩོད་ཡིན་པར་ཤེས་དགོས་ལ། དེ་ཤེས་པར་བྱེད་པ་ལ། ལོ་ལྟར་གསུམ་བཅུའི་དུས་དྲན་སོགས་ལ་སྐད་ཅོར་ཐང་ཆད་ཆད་རྒྱབ་པ་ཙམ་གྱིས་མི་ འགྲིག་པར། མི་རིགས་སྲུང་སྐྱོབ་ཐད་འཐས་ཤོར་འགྲོ་གི་ཡོད་པ་མཐོང་གིན་མཐོང་གིན་ནང་ལུས་ འགྲོ་པ་ཤེས་བཞིན་དུ། ད་དུང་དེ་མུར་ལུས་པ་ཡིན་ན། བོད་མི་རིགས་འདི་མི་ལོ་བརྒྱ་ཕྲག་ཁ་ཤས་ཀྱི་རྗེས་མི་རིགས་འདི་མིང་གི་ལྷག་མ་ ཙམ་ལམ། རྩ་སླག་ཏུ་འགྲོ་ཉེན་ཡོད་པ་ང་ཚོའི་ད་ལྟའི་གནས་སྟངས་ནས་ཟུར་ལྟས་ལེབ་མཐོང་ཟེར་ བའི་དཔེ་བཞིན་གསལ པོར་མཐོང་ཐུབ། རྒྱ་མིས་བཙན་འཛུལ་བྱས་པ་ནས་ད་བར་གྱི་རྒྱ་མིའི་བྱ་སྤྱོད་འདི་ལྟར།།
རྒྱ་བོད་ཆོས་ཀྱི་འབྲེལ་བ་སྔ་མོ་ནས་ཡོད་ཁར།།
རྒྱ་དམར་གུང་ཁྲན་སླེབས་ནས་ཧམ་བཟུང་གི་སྲིད་བྱུས།།
འཆིང་ཡིག་དོན་མཚན་བཞག་ནས་མགོ་འཁོར་དང་སླུ་འཁྲིད།།
དམངས་གཙོ་བཅོས་འགྱུར་ཟེར་ནས་མཐའ་ཚམས་དེ་བཟས་ཏེ།།
ཞི་བའི་བཅིང་སྒྲོལ་རོགས་རམ་བྱུས་ངན་གྱི་བཙན་འཛུལ།།
ང་དགུར་དམགས་ཀྱིས་བསྐོར་ནས་རྒྱལ་ས་དེ་འཕྲོག་སོང་།།
རིག་གནས་གསར་བརྗེ་ཟེར་ནས་གཏོར་གཤིག་གི་ལས་འགུལ།།
བོད་མིའི་ཆོས་དང་རིག་གཞུང་རྩ་མེད་དུ་བཏང་སྟེ།།
སམཉམ་འབྲེལ་གྱེན་ལོག་ཟེར་བས་ནང་འཁྲུག་གི་ཟིང་ཆ།།
བོད་མི་ནང་ཁུལ་འཐབ་འཛིང་སྲིད་བྱུས་ལ་གཟིགས་དང།།
གྲལ་རིམ་ཐབས་རྩོད་ཟེར་ནས་ནང་འཁྲུག་གི་གདུང་འདེགས།།
རིམ་པ་མཐོ་དམན་སྣ་ཚོགས་འགལ་རྐྱེན་ཞིག་བཟོས་ནས།།
འཐབ་རྩོད་རྒྱུན་ཆད་མེད་པར་སྡུག་བསྔལ་ནང་ལྷུང་སོང།།
དཀའ་ངལ་ཁྲི་སྟོང་མང་པོས་ལྟོག་ཤི་དང་དབུལ་ཕོངས།།
བོད་མི་ཁྲི་ཁྲག་མང་པོ་དམར་གསོད་དང་བཙོན་བཅུག།།
རྒྱ་མིའི་གསར་བརྗེའི་བྱ་སྤྱོད་ཕྱི་མིག་ཞིག་བལྟས་ཚེ།།
ད་དུང་རེ་བ་བྱེད་པ་དོན་མེད་ཀྱིས་ལས་དབང་།།
སྲིད་བྱུས་གུ་ཡངས་ཟེར་ཡང་རྒྱ་དམར་གྱི་ཁྲིམས་འོག
དོན་དུ་རང་དབང་མེད་པའི་ངང་ཚུལ་ལ་གཟིགས་དང་།།
གཉིས་ཕན་སྲིད་བྱུས་དབུ་མའི་ལམ་བུ་དང་མཉམ་དུ།།
རྒྱ་མིའི་སྲིད་བྱུས་བོད་རིགས་གཏོར་བཤིག་དེ་སྤེལ་ནས།།
བོད་ཡུལ་རྒྱ་མིས་ཁེངས་པའི་སྣང་ཚུལ་ལ་གཟིགས་དང་།།
འབྲས་མེད་གྲོས་མོལ་གནང་ནས་ལོ་ཤས་རང་སོང་ཡང་།།
ད་དུང་ཡག་ཏུ་འགྲོ་བའི་རེ་བ་ཞིག་འདུག་གམ།།
གྲངས་ཉུང་མི་རིགས་ཐོབ་ཐང་ཁ་ཐོག་ནས་བཤད་ཀྱང་།།
དོན་དུ་སྐད་ཡིག་སློབ་པའི་རང་དབང་ནི་མེད་དོ།།
ཆོས་དད་རང་མོས་ཟེར་ནས་ཕྱིར་སྒྲགས་དང་ནང་སྒྲགས།།
དོན་དུ་དགོན་སྡེ་ཚང་མ་དམག་མི་ཡིས་བསྐོར་འདུག།
མི་ལོ་དྲུག་བཅུའི་ནང་གི་དངོས་ཡོད་ཀྱི་བྱ་སྤྱོད།།
ཉམ་ཆགས་གྱོང་ཁུལ་བྱུང་བ་བསམ་ཡུལ་ལས་འདས་པ།།
ད་དུང་རེ་བ་བྱེད་ནས་མཉམ་གཤིབས་ཀྱི་དགོངས་པར།།
རྒྱ་མིས་བརྩི་བསྐུར་མེད་པ་མཐོང་ཆོས་སུ་གྱུར་པས།།
རྒྱ་དམར་གུང་ཁྲན་པ་ཡི་སྤྱོད་ཚུལ་ལ་གཟིགས་དང།།
ཚང་མ་གྲང་དགོས་བྱུང་ན་གྲང་ཚོད་ནི་མི་འདུག།
ད་འཚམས་འདི་རུ་བཞག་སྟེ་ཕྱིར་མིག་ཞིག་གཟིགས་རོགས།།
གནས་སྟངས་དེ་འདྲའི་ངང་མི་ལོ་བཅུ་ཕྲག་རྒལ་ཏེ་འབྲས་བུ་མེད་པའི་ཤིང་གདོང་སྐམ་པོ་ལ་འབྲས་བུའི་རེ་བ་བྱེད་ནས་དུས་ཚོད་ཕྱིན་པའི་ནང་ཉམས་ཆག་ཕྱིན་པ་བརྗོད་ལས་འདས།། ང་ཚོའི་ཁ་ཡ་ནི་མི་ཡིན་ཡང་མི་སྤྱོད་ལས་འདས་པའི་བྱ་སྤྱོད་ཁོ་ན་ལས།། ཚིགས་སུ་བཅད་པ།
ལྟ་བ་རང་རྒྱལ་གཞན་ཕམ་མཁྲེགས་འཛིན་ཆེ།།
སྤྱོད་པ་དྲག་གནོན་གདུག་རྩུབ་སྨྱོ་ལྟར་མཚུངས།།
འདོད་རྔམ་གཅན་ཟན་སྟག་ལྟར་ཟས་རྐྱང་བྱེད།།
བདག་འཛིན་སྤྱང་ལྟར་འཇབ་ནས་འཛིན་བཟུང་བྱེད།།
ཞེ་སྡང་སྦྲུལ་ལྟར་མྱུལ་ནས་དུག་རླངས་བྱིན།།
འཁོན་འཛིན་ཁྱི་ལྟར་ཟུག་ནས་རྩ་མེད་བཟོ།།
གཡོ་རྒྱུ་ཝ་ལྟར་རྒྱུགས་ནས་མགོ་སྐོར་གཏོང་།།
གནས་ལུགས་རྒྱུ་འབྲས་མི་བརྩིས་དུད་འགྲོ་བཞིན།།
ཆོས་དད་དུག་ཏུ་ལྟ་བའི་དམར་པོའི་གཞུང་།།
སངས་རྒྱས་བདུད་དུ་འཛིན་པའི་གཏི་མུག་ཅན།།
ཁྲེལ་དང་ངོ་ཚ་མེད་པའི་ཀླག་ཀློག་དེ།།
ཁ་བཤད་དོན་ལ་མི་གནས་རྫུན་གྱི་རྐྱལ།།
རང་གཞན་གཉིས་ཕན་དབུ་མའི་ལམ་མཆོག་ལ།།
རང་བཙན་རྒྱབ་དུ་བཟུང་བའི་བྱུས་ངན་ཟེར།།
རང་གཞན་གཉིས་ཕུངས་གྱིས་པའི་དམར་སྤྱོད་ལམ།།
རང་དབང་ཐོབས་ཐང་ཕྲོག་པའི་སྒེར་དབང་འཛིན།།
དེ་འདྲའི་མཉམ་དུ་སྡོད་ཐབས་ག་ལ་ཡོད།།
དང་པོ། འདུ་ཤེས་འཛིན་སྟངས་བཞི་དང་། བྱ་སྤྱོད་འཁྱེར་སྟངས་གསུམ་གྱི་སྒོ་ནས་ཤེས་དགོས། དེ་རྣམས་ལ་གོམས་འདྲེས་དང་ཚོར་བ་ཟབ་མོ་ཞིག་མ་སླེབས་ཚེ། བོད་མི་རིགས་འདི་རྩ་་བསླག་འགྲོ་ཉན་ཡོད་པ་མཁྱེན་དགོས་སོ།།

འདུ་ཤེས་བཞི་ནི།

རྣམ་དཔྱོད་ཅན་གྱི་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས།།
༡ སོ་སོའི་ཕ་མ་དང་སྤུན་མཆེད་ཀྱི་འདུ་ཤེས།།
༢ རང་མི་རིགས་དང་དེའི་ཆོས་དང་རིག་གནས་ཆབ་སྲིད་བཅས་ཀྱི་འདུ་ཤེས།།
༣ རྒྱལ་ཁབ་དང་རང་དབང་དམངས་གཙོ་ཐོབ་ཐང་ཁྲིམས་ལུགས་བཅས་ཀྱི་འདུ་ཤེས།།
༤ རང་གི་ས་མཚམས་བསྲུང་སྐྱོབ་དང་སྤྱི་ཚོགས་བདེ་འཇགས་བཅས་ཀྱི་འདུ་ཤེས་སོ།།

བྱ་སྤྱོད་གསུམ་ནི།

༡ མི་རིགས་ཀྱི་བླ་སྲོག་ནི་སྐད་ཡིག་ཡིན་པས། དེ་དང་དུ་བླང་ནས་ཐོག་མར་རང་གི་ཁྱིམ་ཚང་ནས་འགོ་བཙུགས་ཏེ། རང་སྐད་གཙང་མ་རྒྱབ་དགོས་པ་དང་། བོད་ཡིག་འབྲི་ཀློག་ཤེས་པ་ཙམ་དུ་མ་ཟད་དེ་བོད་མིའི་སྤྱི་ཚོགས་ནང་བེད་སྤྱོད་བྱེད་དགོས།།
༢ མི་རིགས་འདིའི་ཆོས་དང་རིག་གཞུང་ཡུལ་གོམས་གཤིས་ལུགས་བཟང་པོ་རྣམས་མི་ཉམ་ རྒྱུད་འཛིན་ཐོག་བྱ་སྤྱོད་དངོས་སུ་ལགས་ལེན་དུ་འཁེལ་བ་བྱེད་རྒྱུ།།
༣ བོད་མི་རིགས་དང་རང་དབང་སླར་གསོའི་ཆེད། བདེན་པའི་ཨུ་ཚུགས་སམས། གཞན་ལ་གནོད་འཚེ་མེད་པར། ཆོས་དང་མཐུན་པའི་སྒོ་ནས། བདེན་ མཐའ་མ་བསལ་བར་དུ་འཐབ་རྩོད་བྱེད་རྒྱུ་བཅས། དམ་བཅའ་བརྟན་པོས་གོམས་འདྲིས་དང་ཚོར་བ་ཟབ་མོ་ཞིག་མ་སླེབས་བར་སློབ་སྦྱོང་བྱས་ཏེ་ལག་ལེན་དུ་འཁེལ་བ་བྱེད་ཐུབ་རྒྱུར། དེ་ཡང་། རང་དབང་གི་གོ་རྟོགས། འདྲ་མཉམ་གྱི་གོ་རྟོགས། ཐོབ་ཐང་གི་གོ་རྟོགས། དམངས་གཙོའི་གོ་རྟོགས་བཅས་གོང་མཐོར་སྤེལ་རྒྱུར།། དཔེར་ན། ༡ བདེན་པ་ལ་ཡིད་ཆེས་དང་། ༢ བདེན་པའི་འབྲས་བུ། ༣ བདེན་པར་རྒྱབ་སྐྱོར། ༤ བདེན་པར་ངོས་ལེན་བཅས། བདེན་པ་བཞི་པོ་དེར་གདེང་འཁེལ་པའི་ངང་། ཡིད་ཆེས་དང། སྤོབས་པ། ཞུམ་མེད། སྙིང་སྟོབས། ལྷག་བསམ། གཞན་ཕན་བཅས་དེ་དག་གིས་བཟུང་ནས་བྱ་སྤྱོད་སྤེལ་ཐུབ་ན། བདེན་མཐའ་བསལ་བར་ཐེ་ཚོམ་མེད་དོ།། །།

༄༅།། བོད་མིའི་འདི་ཕྱིའི་གཏན་གྱི་༧སྐྱབས་གནས་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་བླ་ན་མ་ མཆིས་པ་༧སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ ནས་གསུང་དོན།།
ང་བོད་པ་ཡིན་བསམ་པའི་འདུ་ཤེས་བརྗེད་མི་རུང། བོད་མིའི་ཤ་ཁྲག་རུས་གསུམ་ལས་གྲུབ་པ་དེ། ཇི་སྲིད་གནས་པ་དེ་སྲིད་དུ། བོད་པ་ཆགས་བསྡད་ཡོད་པ་རེད། དེར་རྟེན་ས་ཕྱོགས་གང་དུ་གནས་ཀྱང་། ང་བོད་པ་ཡིན་བསམ་པའི་འདུ་ཤེས་དེ། བརྗེས་མི་རུང་། ཞེས་༧ གོང་ས་སྐྱབས་མགོན་ཆེན་པོས། བྱང་ཨ་རི་ཁུལ་དུ་གནས་བསྡོད་བོད་མི་རྣམས་ལ་བཀའ་སློབ་གནང་ཡོད།

འདུ་ཤེས་ཀྱི་གོ་དོན་ནི།

མིའི་ ཀླད་པར་་་་་བློ་ལ་་་་་་ཕྱི་ཡུལ་འཇིག་རྟེན་ཚུར་ཤར་བའི་སྣང་བ་ཡིན་ཞིང་། མྱོང་ཚོར་དང་དཔྱོད་པ་་་་བསམ་གཞིགས་་་་་་སོགས་བློའི་བྱ་རིམ་སྣ་ཚོགས་ཀྱི་ སྤྱི་འདུས་ཤིག་ཡིན། དེའི་ནང་གི་དཔྱོད་པ་ནི་ཕྱི་ཡུལ་འཇིག་རྟེན་ཚུར་སྣང་གི་རྣམ་པ་མཐོ་ཤོས་མི་ཁོ་ནར་ཡོད་པ་ཞིག་ཡིན། མིའི་འདུ་ཤེས་ཀྱིས་ཕྱི་ཡུལ་འཇིག་རྟེན་འདི་དང་འདིའི་སྙམ་དུ་འཛིན་ཐུབ་པར་མ་ཟད། ཕྱི་ཡུལ་འཇིག་རྟེན་ལའང་ཤན་ཞུགས་ཐུབ། བྱ་དངོས་རྣམས་མཚན་མར་འཛིན་པའི་བློ། འདི་ནི་འདིའི་སྙམ་དུ་འཛིན་པའི་བློའི་མིང་ཞིག་ཡིན་གསུང་།། འདུ་ ཤེས་མེད་ན་ཤེས་བྱའི་དངོས་པོ་གང་འདྲ་ཞིག་རང་ལ་སྣང་རུང་དངོས་པོ་དེ་དག་དེར་ ངོས་འཛིན་མི་ཐུབ། འདུ་ཤེས་ཡོད་ན་འདི་དང་འདི་རེད་བསམ་ནས་ངོས་འཛིན་ཐུབ། ངོས་འཛིན་ཐུབ་པ་དེ་འདུ་ཤེས་ཀྱིས་བྱས་པ་རེད། རིགས་པས་དཔྱད་ནས་ཞུས་ནའང་དེ་ཐམས་ཅད་ངོ་ཤེས་པ་ཙམ་དུ་མ་ཟད་འདི་རེད་སྙམ་པའི་བློ་ཞིག་ཡིན་པ་དང་། འདི་བདག་ཏུ་མ་མཛིན་ན་མི་འགྲིག་སྙམ་པ། འདི་ངའི་ཡིན་བསམ་པ་དཔེར་ན། མི་ལ་ཆ་བཞག་ནས་ཞུས་ན་། འདི་ངའི་ཕ་མ་ཡིན་བསམ་པ་ངོས་འཛིན་ཙམ་དུ་མ་ཚད་དེའི་བཀའ་དྲིན་བསམ་ནས་བསྲུང་བ་སོགས་དུ་མ་ཡོད་པ་ནས་བདག་གི་འདུ་ཤེས་བཞི་ལ་དབྱེ་ནས་ཞུས་པ་ཡིན།། སྐབས་འདིར་འདུ་ཤེས་ཞེས་པ་འདི་ནི། མི་རིགས་དང་དེའི་ཁྱད་ཆོས་གོམས་གཤིས་བཅས་ཀྱི་ངོ་བོ་ལེགས་པར་ཤེས་ནས་གཅེས་ འཛིན་ནམ་བདག་བཟུང་བྱེད་དགོས་པའི་ཚོར་བ་འཛིན་སྟངས་ཞིག་ལ་གོ་དགོས་པ་ཡིན། སྤྱི་སྟངས་ནས་འདུ་ཤེས་ཟེར་བ་དེ་སེམས་འབྱུང་འདུ་ཤེས་ཡིན་མོད། དེ་ནི་མཛོད་ལས་སློབ་དཔོན་དབྱིག་གཉེན་གྱིས། འདུ་ཤེས་མཚན་མས་འཛིན་པའོ།། ཞེས་ཇི་སྐད་གསུངས་པ་ལྟར་རང་ཡུལ་མཚན་མར་འཛིན་པའི་བྱེད་ལེན་ཅན་གྱི་སེམས་ འབྱུང་ཞིག་ལ་གོ་དགོས། མདོར་ན་ཡུལ་གང་ཞིག་ངོ་བོ་འཛིན་པའི་བྱེད་ལེན་ཅན་གྱི་ཤེས་པ་ཞིག་ལ་འདོད་དོ། ཡང་ཆོས་འཆད་གཉན་གྱི་སྐབས་སུ་མཐུན་རྐྱེན་འདུ་ཤེས་དྲུག་ཡོད་པའི་ནང་གི་འདུ་ཤེས་ནི། རང་ལ་ནད་པའི་འདུ་ཤེས། ཆོས་ལ་སྨན་གྱི་འདུ་ཤེས། ཆོས་འཆད་པ་པོ་ལ་སྨན་པ་མཁས་པའི་འདུ་ཤེས། ནན་གཏན་ཉམས་སུ་ལེན་པ་ལ་ནད་འཚོལ་བའི་འདུ་ཤེས་བཅས་ཀྱང་ཡོད་པ་རེད།
བཙན་པོའི་དྲིན་ལས་རང་བཙན་རྒྱལ་ཁབ་འདི།།
རྒྱ་དམར་གཤན་པས་བཟུང་བས་ཡིད་རེ་སྐྱོ།།
དཔའ་བོ་དཔའ་མོའི་ལོ་རྒྱུས་རྫོགས་ལ་ཉེ།།
ཆོལ་གསུམ་བོད་མིའི་ཆིག་སྒྲིལ་འདུ་ཤེས་བསྐྱེད།།
དུས་རབ་ཉེར་གཅིག་བོད་མིའི་སྤྱི་ཚོགས་ནང་།།
སྐད་ཡིག་བེད་སྤྱོད་མི་བྱེད་ཡིད་རེ་སྐྱོ།།
རང་རིགས་འཇིག་ལ་ཉེ་བའི་དུས་རབ་འདིར།།
བོད་མིའི་བླ་སྲོག་བསྐྱོབ་པའི་འདུ་ཤེས་བསྐྱེད།།
དུས་གསུམ་གསལ་གཟིགས་བྱང་ཆུབ་སེམས་བ་ཡིས།།
རླབས་ཆེའི་དགོང་པ་ཟབ་མོའི་ལྟ་བ་ཡང་།།
རྒྱ་མིས་ངོས་ལེན་མེད་པའི་ཚུལ་བསམ་ན།།
བདེན་པའི་ཨུ་ཚུགས་ལང་ཕྱོག་འདུ་ཤེས་བསྐྱེད།།
འདུ་ཤེས་མེད་པའི་མི་དེ་བ་གླང་འདྲ།།
རང་རིགས་འཇིག་ལ་ཉེ་ཡང་ཚོར་བ་མེད།།
བཟའ་འཐུང་འབའ་ཞིག་རྣམ་གཡེང་ཁོ་ནའི་ངང་།།
མི་ཚེ་དོན་མེད་ཟད་པར་ཡིད་རེ་སྐྱོ།།

འདུ་ཤེས་སྲ་བརྟན་ཞིག་འཛུགས་ཐུབ་མེད་པ་ནི་བོད་མིའི་རྗེས་ལུས་རྣམ་པའི་ཟུར་ཙམ་གཅིག་རེད། འདི་དང་འདི་འདྲ་བའི་འདུ་ཤེས་དང་སྐྱོན་མང་དག་ཅིག་ད་དུང་སྤྱི་ཚོགས་འདིའི་ནང་ཡོད་པ་རེད། དེ་དག་ཐམས་ཅད་ཀྱི་རྩ་བ་ནི་བོད་ཀྱི་སྤྱི་ཚོགས་འདི་ད་དུང་ཆབ་སྲིད་ཀྱི་གོ་རྟོགས་བརྙེད་མེད་པ་དང་དེ་བས་ཀྱང་འདུ་ཤེས་ཟབ་མོ་ཞིག་སྐྱེས་མི་ཐུབས་པའིjདབང་གི་རེད་སྙམ།།
མཁས་པ་ཚོས་དགོངས་འཆར་ལྷུག་པོ་ཡོང་བའི་རེ་བ་ཡོད་ལ་སྐྱོན་དང་ནོར་འཁྲུལ་ཡོད་ཤག་ལ་གང་ནས་ཀྱང་བཀའ་སློབ་ཡོང་བ་ཞུ།། འཕན་པོ་བསྟན་དར་ནས་གུས་པ་ཆེན་པོས་སྤྱན་ལམ་དུ་ཕུལ།། །།

སྣ་ཚོགས།

Post navigation

Previous Post: སྐྱིད་དུས་སུ་སྙན་ངག་མི་ཡོང་། མ་བྲིས་ན་ཡག
Next Post: གཡུང་དྲུང་བོན་གྱི་སྤྱི་འཐུས་འོས་མིག

Comments (19) on “འདུ་ཤེས་ཀྱི་དྲན་སྐུལ།།”

  1. ཨོ་རིག says:
    2010-09-21 at 9:58 am

    Welcome back My friend!!!!!!!!!!!!!!
    གྲོགས་པོ་ལགས་བཀྲ་ཤིས་བདེ་ལེགས།
    ངས་ཁྱེད་བྲོས་སོང་མེད་ན་བསམ་ནས་གྲོགས་པོ་ཚོར་བཤད་དེའི་སྐོར་བཤད་ཚར།
    དགོངས་འགལ་ཁྱོན་ནས་མེད་པ་ཞིག་གནང་རོགས།
    དེ་འདྲ་ཞིག་བུ་བསྟན་དར་ག་ལ་ཡིན།
    ངས་འདི་ནས་ཆང་དམ་བི་གང་དང་ཁ་དར་དཀར་པོ་ཞིག་གིས་གོ་སྒྲིག་བྱས་ཏེ་ཁྱེད་བསྒུགས་ཡོད།
    སྐུ་རྩེད་ཞུས།་་་་་་ང་འདི་ན་ཉོབ་ནས་ཅི་བྱེད་འདི་བྱེད་པར་ཁྱེད་ལ་སྐུ་རྩེད་ཞུས་པ་ཡིན།

  2. བློ་བཟང་དར་རྒྱས། says:
    2010-09-21 at 12:22 pm

    བཙན་པོའི་ཕོ་ཉ་ལགས། ངས་ཁྱེད་རང་དྲན། ད་ཐེངས་དྲྭ་ཐོག་ནས་མཇལ་བར་དགའ་པོ་བྱུང། དཔེ་མི་སྲིད་པའི་ཡག་པོ་བྲིས་གནང་བཞག འོན་ཀྱང་ནང་དོན་དེ་དག་ཐོག་མར་རང་ཉིད་ནས་འགོ་འཛུགས་དགོས། དེ་ནི་ཆོས་ཉིད་ཞིག་ཡིན་པ་ལས་ང་ཁ་ཕོ་ཆེ་བས་མིན། ཐུགས་རྗེ་ཆེ། ཁྱེད་རང་གིས་ང་ངོ་མཁྱེན་གྱི་ཡོད་ཤག་རེད།
    འཕན། འཕན་ཟེལ་མེད་པའི་འཕན་པོ་བས།
    པོ། པོ་ཏཱ་ལ་རུ་ཕན་དགོས་བྱུང།
    བསྟན། བསྟན་སྲིད་ཆགས་འཇིག་གནས་སྐབས་འདིར།
    འཛིན། འཛིན་མའི་ཁྱོན་འདིར་ཁྱེད་ལས་སུ།
    དར། དར་དམར་འོག་ནས་འཚར་ན་ཡང།
    རྒྱས། རྒྱས་པའི་རྩོམ་ལུས་འདི་ན་རྒྱལ།
    ཕྲན་བློ་བཟང་དར་རྒྱས་ཀྱིས་ཟླ་༩ཚེས་༢༡ལ།

  3. ཨོ་རིག says:
    2010-09-21 at 1:23 pm

    བློ་བཟང་དར་རྒྱས་ལགས།
    རང་ཉིད་འགོ་འཛུགས་རྒྱུ་་་་་་་་་་་་ག་ན་།
    དེ་དཀའ་དྲག་ནས་མཉམ་དུ་ཤོག་ཟེར་བ་ཡིན་རྒྱུ་རེད།
    ཕར་ཀའི་འགྲོ་ལམ་དེ་ནས་ཚང་མ་ཚུར་ཚང་ཀ་རྒྱག་གི་ཡོད་དུས།
    དཔུང་བསྒྲིགས་ནས་ཕར་མ་གཤགས་ན་ཐར་དཀའ་རྒྱུ་རེད།
    ལམ་ཁ་དེ་བྱེ་ཐང་་་་གྲོང་རོང་་་་གཡངས་ས་རྒྱུད་ནས་དེད་ཀྱང་
    ད་དུང་མཐའ་མི་མངོན་པའི་ཐག་རིང་ཞིག་ཀྱང་རེད།
    དྲང་མོར་ཞུས་ན་ལམ་ཁ་དེ་ནས་ང་ནི་འགྲོ་ཕོད་ས་མི་འདུག་ལ།
    འགྲོ་ཤེས་ཀྱང་ཤེས་ས་མ་རེད།

  4. གནམ་ལྕགས་མེ་འབར། says:
    2010-09-21 at 5:22 pm

    ཚོར་བ་ཚོར་བ་དེ་འདྲའི་སྙན་པ་ལ།།
    ཚོར་བ་ཚོར་བ་དེ་འདྲའི་ཟབ་པ་ལ།།
    ཚོར་བ་ཚོར་བ་དེ་འདྲའི་རྣོ་བ་ལ།།
    ཚོར་བ་ཚོར་བ་དེ་འདྲའི་གསལ་བ་ལ།།

    འཕན་ཡུལ་རིགས་པའི་གྲོང་མཁྱེར་ལ།།
    ཨ་ཁུ་ཡིན་ཡང་འགྲན་མི་ནུས།།
    བསྟན་དར་ཟེར་བའི་བློ་ལྡན་འདི།།
    མ་འོངས་བོད་ཀྱི་མདུན་ལམ་སྟོན།།

    བསྟན་དར་ཁྱོད་ཀྱི་ཤེས་རབ་གློག་དང་འདྲ།།
    བསྟན་དར་ཁྱོད་ཀྱི་ལྷག་བསམ་གངས་རི་འདྲ།།
    བསྟན་དར་ཁྱོད་ཀྱི་ཚོར་བ་ཁབ་དང་འདྲ།།
    བསྟན་དར་ཁྱོད་ཀྱི་སྙན་ངག་རྒྱ་མཚོ་འདྲ།།

    ཁྱོད་ཀྱི་ཟབ་གསལ་སྙན་པའི་དགོངས་ཚུལ་འདི།།
    ས་ཡ་དྲུག་གི་མ་འོངས་མདུན་ལམ་སྟོན།།
    བློ་གྲོས་ཕུལ་བྱུང་ཨ་ཁུ་སྟོན་པ་དེ།།
    སླར་ཡང་གངས་ཅན་ལྗོངས་སུ་ཕེབས་པ་འདྲ།།

  5. བསམ་ཤེས། says:
    2010-09-21 at 5:32 pm

    བཙན་པོའི་དྲིན་ལས་རང་བཙན་རྒྱལ་ཁབ་འདི།།
    རྒྱ་དམར་གཤན་པས་བཟུང་བས་ཡིད་རེ་སྐྱོ།།

    གོང་གི་ཚིག་བཅད་འདི་གོ་བ་འདི་འདྲ་ལོན་གྱི་འདུག “བཙན་པོའི་བཀའ་དྲིན་ལ་བརྟེན་ནས་རང་བཙན་གྱི་རྒྱལ་ཁབ་འདི་རྒྱ་དམར་གཤན་པས་བཟུང་སོང་བས། སེམས་སྐྱོ་བྱུང་ཞེས། རྒྱ་དམར་གཤན་པ་ཁྲིད་མཁན་འདི་བཙན་པོ་ཡིན་པར་གོ།”དེ་གསལ་བར་ཚིགས་བཅད་འབྲི་སྟངས་གཞན་ཞིག་ཨེ་ཡོད།

  6. tenzin dhargay says:
    2010-09-21 at 6:53 pm

    སྐུ་ཞབས་བསམ་ཤེས་ལགས།་་་་་་་་་་་་ཐོག་མར་ངས་ཁྱེད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ནས་དགོང་འཆར་གནང་འདུག་པ་ཡང་། ཡིན་ཀྱང་དེ་འདྲ་ཞིག་གོ་གི་ཨ་ཡོད། ”བཙན་པོའི་བཀའ་དྲིན་ལ་བརྟེན་ནས་རང་བཙན་གྱི་རྒྱལ་ཁབ་འདི། རྒྱ་དམར། གཤན་པས་བཟུང་སོང་བས། སེམས་སྐྱོ་བྱུང་ཞེས་པ་དེ་རང་ལ་གོ་དགོས་པ་ལས།
    རྒྱ་དམར་གཤན་པ་ཁྲིད་མཁན་འདི་བཙན་པོ་ཡིན་པར་གོ་གསུང་བ་ནི། གོ་བ་ལོག་སྒྲུབ་འང་དོན་མེད་ཚིག་ཐོལ་གྱི་འབྲེལ་བཤད་ཞིག་ལས་དེ་ལ་ངའི་ངོས་ནས་གོ་རྒྱུ་གང་ཡང་མི་འདུག་ཞུ། ཡིན་ན་ཡང་ངའི་རེ་བར་མཁས་པ་ཚོས་དགོང་འཆར་གནང་རོག་ཞུས་ཡོད་པས་དགོང་འཆར་ཡོང་རེ་ཡོད་ལ་ཁྱེད་ནས་གསུང་བ་བཞིན། དེ་གསལ་བར་ཚིགས་བཅད་འབྲི་སྟངས་གཞན་ཞིག་ཨེ་ཡོད་གསུང་བར་ངས་འདི་ལྟར་བྲིས་ཟིན་པས། ཁྱེད་ནས་ཅིག་འབྲི་རོག་ཞུ།། མ་གཞི་ནས་རང་ཉིད་རྩོམ་པ་པོ་ཞིག་མིན་ཡང་། ངའི་སྙིང་ལ་བརྣགས་པའི་འདུ་ཤེས་ཀྱི་ཚོར་བ་ཟབ་མོ་དང་ངའི་སེམས་ནང་གི་ན་གཟུགས་དེ་དངོན་འགྱུར་ཡོང་སླད་ཡིག་ཐོག་དུ་འབྲི་རྒྱུར་འབད་བརྩོན་ཞུས་པ་ཞིག་ཡིན།།
    འཕན་པོ་བསྟན་དར་པས་གུས་པ་ཆེན་པོས།། །།

  7. གནམ་ལྕགས་མེ་འབར། says:
    2010-09-22 at 2:03 pm

    འཛམ་གླིང་འདི་ན་ཅི་ཡང་ཡོད་སྲིད་ཅེས།།
    དཔལ་མཆོག་ན་རོ་པ་ཡི་ཞལ་ནས་གསུངས།།
    འཕགས་ཆེན་གསུངས་པའི་ལེགས་ཤིན་ཏུ་བདེན།།
    བསམ་ཤེས་ཟེར་བ་དེ་ཡང་སྲིད་པ་མཚར།།

    བཙན་པོའི་དྲིན་ལས་ཆོལ་གསུམ་གཅིག་སྒྲིགས་ཀྱི།།
    གངས་ཅན་བོད་ཀྱི་རང་བཙན་རྒྱལ་ཁབ་འདི།།
    དུས་རབ་ཉི་ཤུའི་ལོ་རབ་ལྔ་བཅུའི་ནང།།
    རྒྱ་དམར་གཤན་པས་འཕྲོག་བར་གོ་བ་བདེ།།

    མ་གོ་གོ་མདོག་བྱེད་ན་དཔྱོད་ལྡན་མིན།།
    མ་ཤེས་ཤེས་མདོག་བྱེད་ན་མཁས་པ་མིན།།
    མ་མཐོང་མཐོང་མདོག་བྱེད་ན་རྫུན་མ་རེད།།
    མ་ཡིན་ཡིན་མདོག་བྱེད་ན་སྨྱོན་པ་རེད།།

  8. tenzin dhargay says:
    2010-09-22 at 6:05 pm

    ཨོ་རིག་ལགས་མ་མཇལ་ཡུན་རིང་།།
    མཇལ་ནས་ཞལ་ངོ་དཀར་ར།། ཨོ་རིག་ལགས་ཀྱི་ཞལ་རས།།
    ཁྱེད་རང་ཉོབ་ནས་མ་བཞུགས།། ཁ་བརྡ་གནང་བར་ཕེབས་ཤོག།
    ཁྱེད་ནི་ངའི་ཁ་བརྡ་ཚང་གི་གྲོགས་པོ་དང་པོ་ཡིན་པས་ཁྱེད་ལ་ངས། འདི་ནས་ whisky ཤེལ་དམ་གང་དང་དཀར་གཙང་མཇལ་དར་གཅིག་ཁྱེད་ལ་ཕུལ་རྒྱུ་ཡིན།། འཕན་པོ་བསྟན་དར་ནས་ཕུལ།། །།

  9. tenzin dhargay says:
    2010-09-22 at 9:10 pm

    བཀྲ་ཤིས་བདེ་ལེགས།་་་་་་་་་་་་བློ་བཟང་དར་རྒྱས་ལགས། ཁྱེད་འབྲོམ་སྟོད་བློ་བཟང་དར་རྒྱས་ཡིན་ནམ་་་་་་་་་་་་་་་་་་གལ་སྲིད་ཁྱེད་ཡིན་ན།
    ང་ནི་བཙན་པོའི་ཕོ་ཉ་ཡིན་ལ་བྷོ་ཌྲའི་ཕོ་ཉ་ཡང་ཡིན། ད་དུང་གངས་ལྗོང་ཕོ་ཉ་ཞིག་ཀྱང་འཆར་གཞི་ཡོད། ཧ་ཧ་ཧ། ང་ཡང་ཁྱེད་དྲན། ཁྱེད་ཀྱང་བརྙན་འཕྲིན་ནང་ཡོད་རེད་པ། ཁྱེད་ངོ་མ་ཡིན་ན། ཡིན་གསུང་པ་ལས་ང་ལ་ལན་གཞན་གསལ་བཤད་མི་དགོས་པར། ཡིན་གསུང་ན་སྒྲིགས།།
    འཕན་པོ་བསྟན་དར་ངོ་མས།།

  10. བློ་བཟང་དར་རྒྱས། says:
    2010-09-23 at 5:12 am

    ལྷ་ཡུལ་འབྲོམ་སྟོད་སྤྱི་ཁྱབ་པའི་བུ་བློ་དར་ཡིན་དཱ།

  11. བློ་བཟང་དར་རྒྱས། says:
    2010-09-23 at 10:59 am

    འཕན་པོ་གནམ་གང་བསྟན་དར་ལགས་ཕྱི་གསལ་ནང་གསལ་རེད་ཤག
    རྒྱུ་མཚན་ནི་ཁོང་གིས་རྩོམ་ཡིག་བྲིས་ཏེ་ཁོང་གི་མིང་འདོན་ཡང་གནང་འདུག
    དྲྭ་རྒྱ་འདིའི་ནང་འགའ་ཞིག་གིས་སྨྱུག་མིང་བྲིས་པ་མ་གཏོགས་མིང་འདོན་གནང་གི་མིན་འདུག
    ཕྲན་རང་ངོས་ནས་རྩོམ་ཡིག་ཐར་ཐོར་རེ་མ་སྤེལ་ཡང་མཆན་བུ་ཐར་ཐོར་རེ་སྤེལ་གྱིན་ཡོད།
    འོན་ཀྱང་རང་ཉིད་ཀྱི་མིང་བྲིས་ཀྱི་ཡོད་དཱ།

  12. tenzin dhargay says:
    2010-09-23 at 8:13 pm

    འབྲོམ་སྟོད་བློ་དར་ལགས། ཉིན་མ་དེ་རིང་ནས་བཟུང་། ངས་ཁྱེད་ལ་འབྲོམ་སྟོད་བློ་དར་ལགས་ཞུ་རྒྱུ་ཡིན་ལ།
    ཁྱེད་ནས་ཀྱང་སོ་སོའི་མིང་ངོ་མ་བྲིས་པར་དགའ་བསུ་ཡོད། སྨྱག་མིང་ངམ་རྫུན་མིང་གང་ཡིན་རུང་སོ་སོའི་མིང་ངོ་མ་མ་ཡིན་པར་རྟེན། ཁ་བརྡ་དྲ་རྒྱའི་ནང་མི་འགའ་ཞིག་གི་འཆལ་གཏམ་གང་བྱུང་སྒྲོགས་པར་ཐེ་ཚོམ་བྱེད་ཀྱི་མེད་པ་རེད། ངས་གང་ཐུབ་དགག་ལན་བྲི་ཀྱང་བྱེད་ཀྱི་ཡོད། ཡིནའང་རྩོམ་ཡིག་མཁས་པ་དག་གི་སྨྱུག་མིང་ཞེས་པ་ཞིག་བེད་སྤྱོད་བྱེད་སྲོལ་འདུག དེ་འང་སྔར་གྱི་མཁས་པ་དག་གི་བཞེས་རྒྱུན་ཡོད་རུང་། དེ་རྣམས་ནི་རྩོམ་པ་པོ་མཁས་པའི་སྨྱུག་མིང་ངོ་མ་ཞིག་རེད་སྙམ། ད་ལྟ་ཁ་བརྡའི་ནང་གི་མིང་མང་ཆེ་བ་རྫུན་མིང་ཞིག་རེད་ཞུ། འབྲོམ་སྟོད་བུ་ལགས་རང་ཉིད་ཀྱིས་བོད་ཡིག་མཛུབ་གནོན་སྦྱང་ནས་བོད་མིའི་བླ་སྲོགས་འདི་སྐྱོབ་ཆེད་ལས་འགུལ་རིམ་པ་སྤེལ་ཞིན་པ་ཡིན་ལ་སློབ་སྦྱོང་ལ་མཐའ་མེད་པར་རྟེན་ཡར་རྒྱས་གོང་འཕེལ་ཡོང་སླད་འབད་བརྩོན་ཞུ་ཞིན་པ་ཡིན།།
    བུ་ཁྱེད་ཀྱི་ད་དུང་ངའི་ཤེས་རྒྱུས་ལོན་མི་འདུག་སྙམ། ཁྱེད་ནས་གསུང་གསལ།་་་་་་་་་
    འོན་ཀྱང་ནང་དོན་དེ་དག་ཐོག་མར་རང་ཉིད་ནས་འགོ་འཛུགས་དགོས་གསུང་བ་དེ་ཁྱེད་ཀྱིས། ང་རྒྱུས་མེད་པ་དང་རང་ཉིད་བོད་ཡིག་རྩོམ་པ་པོ། ཆེད་ལས་པ་ཞིག་མ་ཡིན་པ་ནི་ཁྱེད་ཀྱི་མཁྱེན་གསལ་རེད། འདུ་ཤེས་ཀྱི་དྲན་སྐུལ་གྱི་རྩོམ་ནི་ངའི་སྙིང་གཏིང་གྱི་འཚོར་བ་དངོས་དང་། ངའི་དུས་རྒྱུན་གྱི་སེམས་ཁོང་གི་ན་ཚ་དེ་ཡིག་ཐོག་ནས་ཕྱིར་མངོན་པ་ཞིག་རེད་མ་ཏོག ང་བོད་ཡིག་མཁས་གྲགས་ནས་བྲིས་པ་ཞིག་ག་ལ་ཡིན།། ཡིན་ཀྱང་ངས་ལས་དོན་དེ་དག་བྱེད་ཞིན་པ་ལས་འགོ་འཛུགས་རྒྱུ་ཞིག་བསྡད་མེད་ཞུ་རྒྱུ་ཡིན། ནང་མོས་ཞུས་ན་དེང་སང་རང་ཉིད་ཉིན་ལྔ་།མི་ཚེའི་ཆེད་དུ་ངལ་བརྩོལ་བྱེད་བཞིན་པ་དང་། ལས་ཞོར་དུ་བུ་ཕྲུག་གཉིས་བོད་མི་ཡང་དག་པ་ཞིག་ཡོང་རྒྱུར་བོད་ཡིག་སློབ་ཞིན་པ་དང་་་་་་་་་་་་་་་་་་་་་་་་ཉིན་གཉིས་དེ་རང་མི་རིག་གི་ཆེད་དུ་གང་ཐུབ་འབད་བརྩོ་ཞུ་ཞིན་པ་ཡིན། དེ་ལྟར་ངའི་དུས་ཚོད་ནི་གསེར་ལས་ལྷག་པའི་རིན་ཐང་ཅན་ཞིག་ཡིན་པས། ངས་དུས་ཚོད་རིན་ཆེན་ཞེས་པའི་རྩོམ་ཡིག་ཞིག་ཀྱང་འབྲི་ཞིན་པ་ཡིན་རྗེསུ་མཐོང་ཡོང་།
    རང་ཉིད་བཙན་བྱོལ་དུ་འབྱོར་པ་ནས་བཟུང་། དུས་ད་ལྟ་བར་དུ་་རང་ཉིད་ཀྱི་ལྟོ་གོས་ཁོ་ནར་མ་གཡེང་པར་གཞན་ཕན་ལྷག་བསམ་གྱིས་ཁུལ་གྱིས་འབད་བརྩོན་ཞུ་ཞིན་པས་། རྗེས་སུ་རིམ་པས་་མངོན་གྱུར་ཡོང་གི་རེད།།
    འཕན་པོ་བསྟན་དར་པས་བྲེལ་ཚུབ་ངང་ཚམས་འཇོག་རྒྱུ་ཡིན། ངའི་བུས་སྐད་གཏོང་གི་འདུག་་་་་་་་་་་་་་་་་་ པའ་ལགས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ད་ཉལ་རན་འདུག་་་་་་་་་་་་་་་་་་་་་་ ད་ཐོངས།། །།

  13. བློ་བཟང་དར་རྒྱས། says:
    2010-09-24 at 1:36 am

    ཐུགས་རྗེ་ཆེ། ཞུ་རྒྱུ་ཞིག་གང་ཡང་མིན་འདུག
    འོན་ཀྱང་རྒྱབ་སྐྱོར་རྒྱ་ཆ་100ཡོད་དཱ
    སྐུ་གཟུགས་ལ་ཐུགས་འཇགས་གནང།

  14. ཨོ་རིག says:
    2010-09-24 at 5:20 am

    གྲོགས་མཆོག་བསྟན་ལགས།

    ཝི་ས་ཀི་ཤེལ་དམ་གང་གིས།།
    གྲོགས་པོར་ཕེབས་བསུ་བྱུང་ན།།
    ནས་ཆང་དམ་བི་གང་གིས།།
    ཆང་ལ་ཆང་ལན་བཏེགས་ཆོག།
    ནུབ་ཕྱོགས་ཨ་རི་ཡུལ་གྱི།།
    གྲགས་ཅན་ཝི་སི་ཀས་དང་།།
    གངས་ལྗོངས་བསིལ་མོ་ལྗོངས་ཀྱི།།
    ནང་ཆང་གང་ཞིམ་ལྟ་ཆོག།
    རྒྱ་གར་ཚ་བས་གདུང་ནས།།
    ངོ་གདོང་དཀར་པོ་མེད་ཀྱང་།།
    དྲི་མེད་ལྷ་དར་དཀར་པོ།།
    བློས་ཐུབ་ཁྱེད་ལ་འབུལ་ཆོག།
    བཙན་པོ་བཙན་པོ་མ་གསུང།།
    བཙན་མོ་ལེན་ས་ནོར་འདུག།
    རང་བཙན་རང་བཙན་མ་གསུང།།
    མཇའ་ས་ཞིག་དང་བརྗེས་འདུག།
    བླ་མ་བླ་མ་མ་གསུང་།
    ཆོས་སྲིད་གཉིས་ཀ་བརྫད་འདུག།
    རིག་གཞུང་རིག་གཞུང་མ་ཟེར།།
    རྗེས་ལུས་རིག་གནས་རེད་ཤག།
    དབུ་མ་དབུ་མ་མ་ཟེར།།
    དབུ་མས་ང་ཚོ་བསླུ་བ།།

  15. འཇིགས་མེད་བཀྲ་་་་ཤིས། says:
    2010-09-24 at 9:57 am

    འཕན་པོ་བསྟན་དར་ལགས། ༼ང་ཚོའི་འཐབ་རྩོད་ནི། རྒྱ་དང་། བོད་ཅེས། རྩམ་ཟན་དང་། འབུ་ཟན་ཞེས། ཐ་ དད་པའི་མི་རིགས་གཉིས་ཀྱི་འཐབ་རྩོད་ཡིན་པར་ཤེས་དགོས་ལ།༽ ཞེས་པ་འདི་ནོར་འདུག ང་ཚོའི་འཐབ་རྩོད་ནི་རྒྱ་བོད་མི་རིགས་གཉིས་ཀྱི་འཐབ་རྩོད་མ་རེད་ཅེས་༸གོང་ས་མཆོག་གིས་ཡང་ཡང་གསུང་བཞིན་པ་གོ་མ་སོང་ངམ། ང་ཚོས་རྒྱ་མི་རིགས་དང་འཐབ་རྩོད་བྱེད་ཀྱི་ཡོད་པ་མ་རེད། རྒྱ་ནག་སྲིད་གཞུང་དང་འཐབ་རྩོད་བྱེད་ཀྱི་ཡོད་པ་རེད། འདིའི་དབྱེ་མཚམས་གསལ་པོར་ཕྱེ་དགོས་པ་རེད། ཆབ་སྲིད་ཀྱི་སྐད་ཆ་འདི་རིགས་ལ་གཟབ་དགོས། དེ་གཅིག་ཡིན།
    གཉིས་པ། ༼ཆོས་དང་མཐུན་པའི་སྒོ་ནས། བདེན་ མཐའ་མ་བསལ་བར་དུ་འཐབ་རྩོད་བྱེད་རྒྱུ་༽ཞེས་དང། ༼བདེན་པ་བཞི་པོ་དེར་གདེང་འཁེལ་པའི་ངང་། ཡིད་ཆེས་དང། སྤོབས་པ། ཞུམ་མེད། སྙིང་སྟོབས། ལྷག་བསམ། གཞན་ཕན་བཅས་དེ་དག་གིས་བཟུང་ནས་བྱ་སྤྱོད་སྤེལ་ཐུབ་ན། བདེན་མཐའ་བསལ་བར་ཐེ་ཚོམ་མེད་དོ།།༽ ཞེས་བདེན་མཐའ་གསལ་བ་ལ་བ་བསལ་བྲིས་པ་འདི་ཡང་ནོར་འདུག འདིའི་སྐོར་ངས་༼བདེན་མཐའ་གསལ་བ་ག་གསལ་ཡིན་༽ཞེས་པའི་རྩོམ་ཞིག་ཁ་བརྡ་དྲ་ཚིགས་འདིའི་ཐོག་ཉིན་ཤས་གོང་སྤེལ་ཡོད་པས་དེ་ལ་གཟིགས་རོགས།

  16. བོད། ལྷ་ཀླུ་གཉན་གསུམ། says:
    2010-09-24 at 10:13 am

    རང་དབང་སེམས་ལ་དགོས་ན་རི་ལ་བྲོས།།
    རང་དབང་ལུས་ལ་དགོས་ན་མི་དང་འཐབ།།
    རང་དབང་ཕྱི་ནང་གཉིས་ལ་དགོས་གྱུར་ཚེ།།
    རང་ཉིད་གཅེས་པར་འཛིན་པའི་གཞུང་ལུགས་ཤིག།
    བསྟུད་མར་སྤྱངས་རྗེས་དེ་ཉིད་ལག་ལེན་བྱོས།།

    རང་དབང་བོད་ལ་དགོས་ན་ཆིག་སྒྲིལ་བྱོས།།
    རང་དབང་བོད་མིར་མེད་ན་གྱེན་ལོག་བྱོས།།
    རང་དབང་ཐོབ་རྒྱུར་སྤྲོ་ན་རང་གཞན་ཀུན།།
    རང་རིགས་བོད་ཀྱི་ཆེད་དུ་ཁ་དང་ལག།
    མཉམ་དུ་འགུལ་བསྐྱོད་བྱོས་དང་ཐོབ་རེ་ཡོད།།

    སྐད་ཆ་སྙན་པོ་བཤད་ནས་སྟོང་བ་རེད།།
    གཞུང་ལུགས་སྣ་ཚོགས་ཤེས་ཀྱང་ཕན་མེད་རེད།།
    བོད་མི་བཟང་རབས་བཤད་ཀྱང་དགོས་མེད་རེད།།
    བོད་ཞེན་ཡོད་རབས་སྒྲོག་ཀྱང་འུར་སྒྲ་རེད།།
    སྐྱེ་བ་བོད་ཀྱི་རིགས་རུས་མ་བརྗེད་ཅིག།

  17. tenzun dhargay says:
    2010-09-24 at 6:46 pm

    འཇིགས་མེད་བཀྲི་ཤིས་མཆོག་ལ་འཚམས་འདྲེན་དང།།
    ཁྱོད་ཀྱིས་དགོངས་འཆར་གནང་བའི་ལེགས་སྐྱེས་སུ།།
    རབ་དཀར་ལྷ་རྫས་ཉིན་མོ་བདེ་ལེགས་དང་།།
    རབ་ཞིམ་ནས་ཆང་དཀར་ཡོལ་གང་གིས་གཏེགས།།

    ཁྱེད་ཀྱིས་གསུངས་པའི་༧རྒྱལ་བའི་དྲི་མེད་བཀའ།།
    གོ་བ་མ་ཚར་སྙིང་དབུས་གཅེ་ས་སུ་མཆིས།།
    ཆབ་སྲིད་གཏམ་དེ་གཟབ་དགོས་གསུངས་པ་ཡང།།
    བདག་གིས་སྔ་མོ་དུས་ནས་སེམས་ནང་གསལ།།

    སྤྱི་དང་བྱེ་བྲག་རྣམ་བཞག་མ་ཤེས་ན།།
    གོ་བ་ལོག་པར་ལེན་པའང་ཤིན་ཏུ་ཉེན།།
    དེ་བཞིན་མི་རིགས་བདག་དབང་འཐབ་རྩོད་དང་།།
    མི་རིགས་ཁེ་ཕན་རྩོད་པ་ནོར་ཉེན་ཡོད།།

    འདུ་ཤེས་དྲན་བསྐུལ་དེ་ནི་མི་རིགས་ཀྱི།།
    བདག་དབང་འཐབ་རྩོད་བྱེད་པར་དྲན་བསྐུལ་ཡིན།།
    ཡིད་མ་ཆེས་ན་ཁྱེད་ཀྱིས་ཞིབ་མོ་བློས།།
    ལེགས་པར་བརྟགས་ན་ཤིན་ཏུ་གསལ་པོར་མཐོང་།།

    མཐའ་གཉིས་སྤངས་པའི་དབུ་མའི་ལམ་མཆོག་དེ།།
    ཛ་དྲག་གནས་ཚུལ་སྐྱོབས་པའི་ཐབས་ཀྱི་མཆོག།
    བོད་འབངས་ཡོངས་ཀྱིས་བདམས་པའི་ལམ་ཆེན་དེ།།
    གུས་པ་བདག་ཀྱང་དགའ་བཞིན་སྤྲོ་བཞིན་འགྲོ།།

    འོས་ཀྱང་འདུ་ཤེས་དྲན་བསྐུལ་ཞུ་དགོས་དོན།།
    བདག་དབང་དགོས་པ་ཐམས་ཅད་སྤྱི་མཚུངས་རེད།།
    བདག་དབང་ཁོ་ནར་གདམས་པའི་གངས་ཅན་པ།།
    འདུ་ཤེས་བཞི་དང་བྱ་སྥྱོད་གསུམ་ལ་བསྐུལ།།
    འཕན་པོ་བསྟན་དར་ནས་གུས་པ་ཆེན་པོས།

  18. tenzun dhargay says:
    2010-09-24 at 7:44 pm

    ཁ་ཞེན་གཉིས་མེད་ཟེར་བའི་དྲ་གྲོགས་ལགས།།
    དོན་གྱིས་ཁ་ཞེན་གཉིས་མེད་མ་ཡིན་པར།།
    མིང་རྫུན་བེད་སྤྱོད་བྱས་པས་རྟོགས་པར་སླག།
    དེའི་ཕྱིར་ཁྱོད་ཀྱིས་མིང་དེ་བརྗེས་ན་ལེགས།།

    ཁྱོད་ཀྱིས་ང་ལ་སློབ་སྟོན་གནང་ན་ཡང་།།
    ཁྱོད་ཉིད་ངའི་སྐོར་མི་ཤེས་ཐག་གིས་ཆོད།།
    ང་ལ་ཡི་གེ་མི་ཤེས་ཟེར་བ་ཡང་།།
    དོན་མེད་སྲིད་རྡོར་རྒྱབ་རྩ་ལང་པ་ཙམ།།

    རྒོད་བྲོ་ཟེར་ཡང་རང་གིས་རང་ལ་ལྟོས།།
    ལེགས་པར་བརྟགས་ན་རྒོད་བྲོ་སུ་ཡིན་ཤེས།།
    ཏྲི་ཏྲི་རྨིས་ལྟས་སྤྲེའུ་རྣམ་ཐར་དེ།།
    ཁྱོད་ཀྱིས་གོ་མྱོང་མེད་ན་ངས་བཤད་ཆོག།

    ཆོལ་གསུམ་ཆིག་སྒྲིལ་འདུ་ཤེས་དྲན་བསྐུལ་ལ།།
    ཁྱོད་ཀྱིས་ལེགས་པར་བལྟ་ན་བསྟན་དར་ལ།།
    ཕྱོགས་འཁྱེར་ཡོད་མེད་རྟོགས་པ་དཀའ་བ་མིན།།
    དེ་ཕྱིར་ཁྱོད་ཀྱིས་མུན་ནང་མདའ་མ་འཕངས།།

    ཁྱོད་ཀྱིས་ཆབ་སྲིད་ཟེར་བའི་གནས་དོན་དེ།།
    ཁྱོད་ལ་དྲི་མ་ཙམ་ཡང་གོས་མི་འདུག།།
    བློ་བཟང་སེང་གེ་ཟེར་ནས་དྲ་རྒྱ་ཐོག།
    དྲིལ་སྒྲགས་བྱས་པ་ཙམ་གྱིས་ཤེས་པར་ནུས།།

    ཁྱོད་ཀྱིས་ཟློས་གར་འཁྲབ་འདུག་ཟེར་བ་ཡང།།
    ཟློས་གར་མ་ཡིན་དངོས་སུ་སྟོན་པ་ཡིན།།
    ད་དུང་ང་ལ་གོ་སྐབས་ཐོབ་གྱུར་ན།།
    བློ་སེང་འབའ་ཞིག་གྱོན་ནས་འཁྲབ་དགོས་བསམ།།

    བསྟན་འཛིན་དར་རྒྱས་ཟེར་བའི་ཕོ་རྒོད་འདི།།
    ས་ཕྱོགས་གང་དུ་སོང་ཡང་འགྱུར་བ་མེད།།
    སྲོང་བཙན་སྒམ་པོའི་ཁྲག་རྒྱུན་གཙང་མ་དེ།།
    ང་ལ་མ་གཏོགས་ཁྱོད་ལ་ག་ལ་ཡོད།།

    མི་ངས་དྲ་ཐོག་འདི་ལ་ཡོང་དགོས་དོན།།
    ལེགས་བཤད་བློ་སྐྱེས་བཟང་པོ་འཐོབ་ཕྱིར་དང་།།
    མི་རིགས་བླ་སྲོག་སྐྱོབས་ཕྱིར་ཡོང་བ་ལས།།
    མཁས་པར་འགྲན་པའི་ཕྱིར་དུ་ཡོང་བ་མིན།།
    བཀྲ་ཤིས་བདེ་ལེགས་ you too.

  19. ཨོ་རིག says:
    2010-09-27 at 1:13 am

    ཡུལ་ངེས་པོའི་བསྟན་དར་ལགས།

    གྲོགས་པོར་གཏན་ལན་མེད་པ།།
    འཕན་པོ་བསྟན་དར་ཡ་མཚན།།
    ཨོ་རིག་བསམ་ཚུལ་ལྟར་ན།།
    བོད་དོན་བཤད་ཀྱིན་བཤད་ཀྱིན།།
    བོད་དོན་སྟོར་པའི་དུས་ལ།།

    བོད་དོན་ངོ་མ་བསམ་ན།།
    བོད་པའི་བུ་མོ་ཞིག་ལ།།
    བོད་ཕྲུག་མང་ཙམ་སྤེལ་དང།།
    བོད་དོན་ད་ག་ཡིན་འགྲོ།

    སྐྱེས་པའི་བུ་ཕྲུག་དེ་ཚོར།།
    གོམ་སྲོལ་འཇག་ཐབས་ཤིག་དང་།།
    ཕ་སྐད་ཤེས་མཁན་བཟོས་དང་།།
    བོད་དོན་ད་ག་ཡིན་འགྲོ།།

    བོད་མི་སུ་དང་འཕྲད་ཀྱང་།།
    ཕུ་ནུ་མཛའ་བརྩེ་བཅང་སྟེ།།
    གཅིག་ཕན་གཅིག་རོགས་གྱིས་དང་།།
    བོད་དོན་ད་ག་མིན་འགྲོ།།

    ཆོས་ལུགས་གྲིབ་ཀྱིས་མ་བསྒོས།།
    ཆོལ་ཁའི་རིམ་ནད་མེད་པར།།
    གུ་ཡང་བློ་སྟོབས་ཤིག་གིས།།
    ཚང་མར་མཐུམ་སྒྲིལ་གནང་དང་།།
    བོད་དོན་ད་ག་ཡིན་འགྲོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (64)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (53)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (34)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (27)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme