མདའ་ཆབ་བྲག་པས།
ཕྱི་ལ་སླེབས་དུས་ནང་ལ་སེམས་པ་ཆགས།།
ནང་ལ་སྡོད་དུས་ཕྱི་ལ་སེམས་པ་ཤོར།།
ཕྱི་ནང་མཚམས་ཀྱི་སེམས་པ་དམར་པོ་འདི།།
འཁྲུག་པས་ལྷིང་འཇགས་དུས་ཤིག་ཡོད་མ་མཆིས།།
བཞིན་རས་དྭངས་མོ་ཁྲ་ཆུང་མིག་ལ་འཛུལ།།
སྙན་ཚིག་འཇམ་པོས་རྣ་བའི་བུ་ག་བཟུང་།།
སྐད་གདངས་དམའ་བོའི་དབྱངས་རྟ་སྙན་པོ་ཡིས།།
འཇབ་ཀྱིན་འཇབ་ཀྱིན་སྙིང་གི་འཕར་རྩ་འཇུས།
བྲལ་བའི་སེམས་པ་ཐུག་འདོད་རེ་བས་གདུང་།།
ཐུག་ན་སེམས་གཏམ་བཤད་འདོད་དུས་ཚིགས་ཤིག།
ཀུན་གྱིས་མཆིལ་མ་མིད་བཞིན་རེ་བསྒུག་འདི།།
ཚང་མའི་སེམས་ཀྱི་ངོས་ལ་གཅིག་ཏུ་གྲུབ།།
མ་ཐོབ་འཐོབ་འདོད་རེ་བ་ཤིན་ཏུ་ཆེ།།
ཐོབ་ན་སྐད་ཅིག་ཙམ་དུ་ཡིད་ཚིམ་པ།།
གཏན་དུ་ངེས་མེད་སེམས་ཁམས་སྐྱ་སྟོང་པོ།།
འདུག་མཐའ་མེད་པར་ད་དུང་གཞན་དུ་རྒྱུགས།།
གསར་པ་ཨ་གསར་ཆེ་བའི་མིག་ཆུ་འདོན།།
རྙིང་ན་ཐུག་འདོད་མེད་པར་བསུན་སྣང་སྐྱེ།།
སྔ་དྲོའི་དུང་པ་ཕྱི་དྲོར་བརླག་པ་ཡི།།
མི་རྟག་ཚོར་ཤེས་འདི་ལ་ཡིད་རྟོན་ཅི།།
དང་པོ་རིག་ན་འགྲོགས་འདོད་རེ་བ་འཆའ།།
འགྲོགས་པའི་མཐའ་ལ་རང་རང་སོ་སོར་གྱེས།།
བསམ་པའི་འཁྱེར་སོ་གཅིག་ཏུ་མི་འདྲིས་པའི།།
གཤིས་ཀ་གོམས་སྲོལ་བར་ན་འགལ་ཟླ་མང་།།
བལྟས་ན་འཇམ་པོའི་ལུས་པོ་དཀར་པོ་དེ།།
རེག་ན་རྩུབ་པའི་ཚོར་སྣང་སྦྱིན་པར་བྱེད།།
མཐོང་སྣང་རྩུབ་མོའི་བཞིན་གཟུགས་ནག་པོ་འདིར།།
རེག་ཅིང་ཐུག་ན་འཇམ་ཤའི་ཚོར་བ་སྟེར།།
མཐོང་བྱ་མྱོང་བྱ་མི་གཅིག་སོ་སོ་བའི།།
ལྟ་ཚད་བཤད་ཚད་མི་གཅིག་སྣེ་མོ་མང་།།
འགྲོགས་ཤིང་འགྲོགས་ཤིང་སེམས་ཚོར་མི་མཐུན་པས།།
ཁ་ཁ་བྱས་པའི་བྱ་བ་མང་ལ་ལྟོས།།
ཚེ་གང་སྐྱ་ཡ་སྔོན་ནས་གཏན་ཁེལ་པས།།
ཕྱི་གླིང་བུ་མོས་བཞག་པའི་དུང་བ་ལ།།
འདོར་ཐུབ་དཀའ་བའི་ཚོར་བ་ལྕི་ན་ཡང་།།
རྒྱང་རིང་ཡུལ་དུ་བཞག་ན་མི་ལེགས་སམ།།
ཡུན་རིང་འགྲོགས་པའི་ཆུང་མ་མཐུན་ན་དགའ།།
སྙིང་གི་གཅེས་ཕྲུག་ཁྲ་རིལ་བསྐྱང་ན་བཟང་།།
འདང་དང་ཞེ་རྩིས་རྙིང་པ་ཉར་ན་ཡག།
བཞག་པའི་དམ་བཅའ་མི་འགྱུར་བསྲུང་ན་མཛེས།།
འགྲོགས་པའི་གྲོགས་ལ་གསར་པ་མི་དགའ་ཞིང་།།
གྱོན་པའི་གོས་ལ་རྙིང་པ་མི་ཡག་གོ།
མགྲོན་སྐྱེལ་བུ་མོའི་མིག་ཆུའི་མེ་ཏོག་དེ།།
སྡུག་བསྔལ་ཁུར་རོའི་མེ་ཏོག་མིན་པར་ཤོག།
སེམསམ་པ་དྲོན་པོའི་མིག་ཆུ་ཡིན་འདོག་དེ།།
དགུན་འཁྱག་གྲང་མོའི་མིག་ཆུ་མིན་པར་ཤོག།
གཏམ་འདི་ཨེ་བདེན་མི་བདེན་གྲོགས་པོས་གཟིགས།།
སེམས་དང་སེམས་པ་གླན་ནས་ཞུས་པ་ཡིན།།
‘འགྲོགས་པའི་གྲོགས་ལ་གསར་པ་མི་དགའ་ཞིང་།།
གྱོན་པའི་གོས་ལ་རྙིང་པ་མི་ཡག་གོ། ‘
སྐད་ཆ་འདིའི་རྣོ་དབལ་གྱིས་མི་སེམས་ཡོངས་སུ་སྒུལ་སོང་།
འདི་ན་ཡང་ཆབ་བྲག་པ་ཞིག་སླེབས་འདུག སུ་ཞིག་ཡིན་ནའ། ཚིག་དོན་གཉིས་ཀྱི་ཆ་ནས་དགེ་ཆོས་ཀྱི་བྲག་ཆ་རེ་ཐོས་རྒྱུ་འདུག་བསམ་མོད། གང་ལྟར་སྙན་མོ་བྱུང་།
སུ་ཡིན་པ་སྒྲོགས་མི་དགོས། དེ་འདྲའི་ཁེར་བཤད་ཅིག་ཤོར་སོང་།
སྙན་མོ་ཞིག་བྲིས་འདུག སེམས་ཀྱིས་དངོས་སུ་མྱོང་བ་ལྟ་བུའི་ཚོར་བ་བྱུང་།
གསར་པ་ཨ་གསར་ཆེ་བའི་མིག་ཆུ་འདོན།།
རྙིང་ན་ཐུག་འདོད་མེད་པར་བསུན་སྣང་སྐྱེ།།
སྔ་དྲོའི་དུང་པ་ཕྱི་དྲོར་བརླག་པ་ཡི།།
མི་རྟག་ཚོར་ཤེས་འདི་ལ་ཡིད་རྟོན་ཅི།།
དེང་གི་དུས་ཀྱི་རང་གཤིས་རྗེན་པར་སྟོན་པའི་ཚིག་བཅད་ཅིག
དགའ་སྡུག་ཚོར་བ་མི་སྙོམས་འཁྱོམས་པ་སྟོན་པའི་ཚིགས་བཅད་ཅིག
རང་བཞིན་མི་བརྟན་གཡོ་ཟོལ་མང་བ་སྟོན་པའི་ཚིག་བཅད་ཅིག
དོན་རྡོག་དོན་དུ་འགྲིལ་བའི་ཚིག་བཅད་རྐང་དེར་ཡིད་རབ་འཐད།
གཤེས་གི་ཡག་ཡ་དེ་མོ་ཞིག་ཧྲ་གི་ཡ་
དངོས་འབྲེལ་སྣང་བར་འགྲོ་པོ་ཞིག་བྲིས་འདུག།
མིག་གི་མདུན་ན་ཡོད་དང་གཅིག སེམས་ཀྱི་གཏིང་ལ་གནས་དང་གཉིས། ཚིག་གི་སྡེབ་ཀྱིས་བཞེངས་པ་གསུམ། སུ་ལ་འཛོམས་ན་གསོན་ཉམས་ལྡན།
ཀློག་པ་པོ་རྣམ་པ་ཐུགས་རྗེ། སྣང་མེད་དུ་མ་བཞག་པ།
དགེ་ཆོས་ཀྱིས་ ” སྐབས་སྐབས་ལྷ་མོ་མཐོང་ཡང་ཞེ་ལོག་བྱུང་།།
སྐབས་སྐབས་རྒན་མོ་མཐོང་ཡང་ཆགས་པ་སྐྱེས།
འདི་ཡིན་འཕྲོ་ལ་དེ་མིན་གཞན་ཞིག་ཡོང་།།
སེམས་ཀྱིས་བསླུས་པ་གྲངས་ཀྱི་ག་ལ་ཆོད།། ” ཅེས་གསུངས།།
ངོ་མ་སྙན་པ་ལ་ཚོད་མེད་ཐལ།་་་
སྙན་ངག་སྙན་གི ཁོག་གཏམ་དྲང་གི བྲོ་བ་ཡོད་ཁུ། རེ་བ་ཆེ་གི
ངོ་མ་ཡིད་ཀྱི་ཚོར་བ་དང་འདུ་ཤེས་ཟབ་པའི། གོ་རིམ་ངེས་ཅན་གྱི་སྙན་ངག་དངགས་གསོན་ཉམས་དོད་པོ་འདིས་བདག་གི་ཡིད་ངོར་
བརྗོད་དཀའ་བའི་བག་ཆགས་ཟབ་མོ་ཞིག་བཞག་སོང་བས། སླད་མུ་མཐུད་འཚོ་བ་དངོས་དང་འབྲེལ་ཆེ་བའི་རྩོམ་ཡིག་དེ་རིགས་མང་ཙམ་འགོད་པར་
འཚལ།
བརྗོད་བྱ་སྐྱ་སེར་ཀུན་གྱི་འཇུག་ངོགས་དེར།།
བརྗོད་བྱེད་ཚིག་སྦྱོར་མདངས་དང་གོ་རིམ་ཅན།།
བརྡ་རྙིང་མངོན་བརྗོད་ྶསྤྲིན་གྱིས་མ་སྒྲིབ་པའི།།
གནམ་ས་སྦྲེལ་བའི་བརྒྱ་སྦྱིན་གཞུ་མཆོག་མཚར།།
སྙན་གི་ཡ། སྙན་ངག་ཡོང་རྒྱུ་ཟིག་རེད།