བསོད་ནམས།
སེམས་པ་དམར་པོ་རྒྱང་རིང་ཞིག་ལ་འཁྲེང་། །
དབུགས་ཀྱི་རྒྱུ་བ་ཁོག་པའི་ནང་ན་འཚང། །
རེ་བའི་མེ་ཏོག་མུན་ཁུང་ནང་དུ་འགྱེལ། །
ཁྲ་ཆུང་མིག་གཉིས་སུ་ཡི་ཕྱོཊ་ལ་གྱེས། །
ཡར་ཐོད་རི་མོ་ཉིན་རེ་བཞིན་དུ་རྒྱས། །
ཆུ་བུར་མིག་གཉིས་རིམ་གྱིས་སྣུབ་ལ་ཁད། །
ངོ་གདོང་གཉེར་ཤུལ་བདོ་བའི་དེ་རིང་དུས། །
སུ་ཡི་ཕྱོགས་ལ་དབང་མེད་རྒྱང་ལྟར་གཡོ། །
ཕར་ལྟ་ཡོད་ཀྱང་ཚུར་ལྟ་མེད་པ་བཞིན། །
གཟུཊ་མེད་རླུང་དང་རྩེན་པའི་གྲིབ་མ་ཞིག །
གནམ་གྱི་ཟླ་བ་ག་ཚོད་ཡོལ་ཀྱང་རུང་། །
འདུ་ཤེས་དམར་བོ་ཁོ་བའི་ཕྱོགས་སུ་འགྲོ །
སྐོམ་གདུང་དྲག་པོས་མནན་ན་ཆུ་ཡིས་གསོ། །
རང་སེམས་གཞན་ལ་ཤོར་ན་ཅི་ཡིས་བཀང་། །
ཉི་མའི་ཚ་བས་གདུང་ན་གདུགས་ཀྱིས་བསིལ། །
གཟུགས་མེད་སེམས་ཀྱི་ན་ཟུག་སུ་ཡིས་སེལ། །
(དབུགས་ཀྱི་རྒྱུ་བ་ཁོག་པའི་ནང་ན་འཚང། །)
ཁོག་པའི་ནང་ལ་དབུགས་ཞིག་འཚང་ཚུལ་མེད།
འཚང་ཚུལ་ཡོད་ན་རྣ་ཡིས་གོ་མྱངས་མེད།
དབུགས་ཀྱི་རྒྱུ་བ་གར་ཡོད་སུས་ཤེས་སམ། ཧ་ཧ་ཧ།
ཁོག་པའི་ནང་དུ་རྩ་ཡི་རྣམ་གྲངས་ཇི་སྙེད་ཅིག
རྩ་ཡི་ནང་དུ་འཇམ་རླུང་རྩུབ་རླུང་གཡོ་ཞིང་འཁྲུགས།
ཁོག་སྟོད་ན་བ་ཐམས་ཅད་རླུང་དང་ཁྲག་གིས་འཕྲུལ།
དེས་ན་དབུགས་ཀྱི་རྒྱུ་སོགས་རང་ལ་ལྐོག་འགྱུར་མིན།