བསོད་ནམས་ནོར་བུ།
རང་མཐོང་རང་བརྩིས་ཡོད་ན་བུ་རབས་རེད་དེ།།
ཕྲག་མགོ་འདྲ་མཉམ་ཡིན་པའི་འཛམ་གླིང་ཐོག་ན།།
ཁོག་པ་དབུགས་ཀྱིས་བརྒྱང་ལ་དགེ་མཚན་ཅི་ཡོད།།
ལྒང་འབུག་གནམ་ལ་གས་པ་མཐོང་གི་འདུག་ཨ།།
རང་ཚུགས་རང་གིས་ཟིན་ན་བཙུན་པ་རེད་དེ།།
ཕོར་གོག་ཡར་ལ་གཟེད་སའི་ཆོས་སྡེའི་ནང་ན།།
སྤྱན་མིག་གནམ་དུ་བསྐོར་ལ་བཟང་རྒྱུ་ཅི་ཡོད།།
རྒྱབ་ནས་རྟུག་དྲི་ཁ་བ་ཐོས་ཀྱི་འདུག་ཨ།།
གཞུང་ལུགས་སེམས་ཐོག་ཡོད་ན་མཁས་པ་རེད་དེ།།
སྨྱུ་གུ་དེབ་ལ་བཙུགས་པའི་སློབ་གླིང་དབུས་ན།།
མུན་ནག་མདའ་མོ་འཕེན་ལ་མཚར་རྒྱུ་ཅི་ཡོད།།
སློབ་མའི་མིག་ཟུང་བརྟོལ་བ་མཐོང་གི་འདུག་ཨ།།
13/ 7/ 2013/