སྤོ་རང་དབང་རྒྱལ་མཚན།
༼༡༽
རང་དོན་བློས་བཏང་དཔའ་མཛངས་རྣམས།།
དུས་ཐོག་ཕེབས་པའི་སེམས་དཔའ་མཆོག །
ང་དང་ང་འདྲའི་ཕན་བདེའི་སླད།།
གང་མཛད་སྙིང་ནས་མཆོད་ཅིང་བསྟོད།།
༼༢༽
རྒྱའི་རྨོངས་སེལ་བའི་སྙིང་རྗེ་དཔལ།།
བོད་མིར་གཅེས་འཛིན་བྱམས་པའི་ལྷ།།
རང་དབང་བདེ་སྐྱིད་རྩ་བ་དེ།།
དྲང་བདེན་བསོད་ནམས་སྐྲུན་པའི་གནས།།
༼༣༽
སྐྱབས་གསུམ་རང་ཉིད་མདུན་གསོལ་ཏེ།།
ལས་འབྲས་དཔང་རྟགས་སུ་བཞག་ནས།།
ཀླ་ཀློའི་དྲག་རྩུབ་བྱ་སྤྱོད་རྣམས།།
སྙིང་སྟོབས་དཔའ་ངར་གྱིས་དགག་དགོས།།
༼༤༽
བླ་མ་སྙིང་ག་ལ་བོས་ནས།།
ངར་འཛིན་གདོན་ཆེན་དེ་བཅོམ་པས།།
ཡུན་ཐུང་མི་ཚེ་འདི་ག་རུ།།
རང་གཞན་དོན་གཅིག་ངེས་ཡོད་ཤོག །
༼༥༽
རང་སེམས་ཤིན་ཏུ་རྙོག་པའི་དུས།།
རང་ལུས་རབ་ཏུ་འདུལ་བའི་སྐབས།།
བྱང་སེམས་སྤོབས་པས་ང་སྐྱོབས་ཤིག །
སྐྱེས་ཆེན་དཔའ་དེས་བདག་ཐེགས་ཤིག །
བོད་རྒྱལ་དགོས།
བོད་རྒྱལ་ལོ།།