འདུས་བྱས་ཤིག་ཡིན་ན་ཐོག་མ་ཡོད་པའི་ཁྱབ། Posted on 2012-11-24 By ཁ་བརྡ་ 69 Comments on འདུས་བྱས་ཤིག་ཡིན་ན་ཐོག་མ་ཡོད་པའི་ཁྱབ། གངས་དཀར་རྒྱལ་སྲས། སྐྱེ་བ་ལ་ཐོག་མ་ཡོད་མེད་དེ་རྩོད་གཞི་ཆེ་ཞིག་མིན་པ་འདྲ། ནང་ཆོས་ལས། ཐོག་མ་མེད་ནས་ད་ལྟའི་བར། དང་ཐོག་མེད་དུས་ནས་བསགས་པའི་སྡིག་པའི་ལས་སོགས་མང་བོ་གསུང་ཡོད་པ་རེད། ལ་ལ་ཞིག་གིས་དེ་ནི་སྐྱེ་བ་ལ་ཐོག་མེད་པར་འདོད་བྱེད་ཀྱི་ཁུངས་ཡང་དག་ཏུ་ལྟ་མཁན་ཡོད་མོད། དེ་ནི་དེ་ཙམ་དོན་མཐུན་དང་འགྲིག་ཐག་ཆོད་ཅིག་མིན་པ་འདྲ། རྒྱུ་མཚན་ནི། སྐྱེ་བ་ཞེས་པ་ནི་རྣམ་ཤེས་ཀྱིས་རིས་ནས་རིས་སུ་བརྒྱུད་བཞིན་པའི་སྐྱེ་ཕྲེང་སྣ་ཚོགས་ལ་ཟེར་མོད། དེ་དག་ཚང་མ་འདུས་བྱས་ཡིན་པས་གང་ཞིག་ནས་ཅི་ཞིག་འདུས་ནས་བྱུང་བ་ཤ་སྟག་ཡིན་ལ་རྣམ་ཤེས་ཁོ་རང་ཉིད་ཀྱང་འདུས་བྱས་ཤིག་ཡིན་པས་ག་དུས་ནས་ཚོགས་དང་རྐྱེན་གང་ཞིག་འདུས་ཏེ་བྱས་པ་ཡིན་པའི་དང་པོ་དེ་ནི་ཁོའི་ཐོག་མ་ཡིན་པ་འདྲ། འདི་ལྟར་བཤད་ན་འདི་གླེན་བཤད་ཅིག་རེད་དམ་འདི་དོན་མཐུན་ཞིག་རེད། སྣ་ཚོགས།
གངས་དཀར་རྒྱལ་སྲས་ལགས། སྐྱེ་བ་སྔ་ཕྱི་བཞག་ཕྱིན་ཆད་སྐྱེ་བ་ལ་ཐོག་མ་འཇོག་གི་མ་རེད། སྐྱེ་འགག་ཅེས་པའི་གོ་དོན་ནི། མེད་པ་ནས་ཡོད་པར་གྱུར་བ་ལ་སྐྱེ་བ་ཟེར་གི་རེད། ཡོད་པ་ནས་མེད་པར་གྱུར་བ་ལ་འགག་པ་ཟེར་གི་ཡོད་པ་རེད། འདིའི་གོང་ན་འདུས་བྱས་གང་ཡང་མེད་ཅེས་ལབ་ཐུབ་ན་སྐྱེ་བ་ལ་ཐོག་མ་ཡོད་ལབ་ན་འགྲིག་གི་རེད། དེ་མིན་སྟོང་བཤད་རང་རེད།
གངས་དཀར་རྒྱལ་སྲས་ལེགས། ད་ལྟ་ང་འདིར་བྱེས་པ་ལྟ་བུ་ཡིན། སྟབས་ལེགས་ཀྱིས་དྲ་རྒྱ་འདི་ལྟ་ཐུབ། ཁྱེད་ཀྱིས་བྲིས་པའི་༼འདུས་བྱས་ཤིག་ཡིན་ན་ཐོག་མ་ཡོད་པའི་ཁྱབ།༽ ཁྱེད་ཀྱི་གྲྭ་ཚང་གི་བསྡུས་གྲྭ་སོགས་ན་ཡོད་པས་ཁྱབ་ཡོད་ངེས། ་དཔེ་ཆའི་དག་ཆ་དེ་དག་ལ་ལེགས་པར་གཟིགས་དགོས། དེ་ཡང་ཁ་རྒྱུན་དུ། པས་ལ་པའི་དང་། པའི་ལ་པས་འབྲི་བ་སོགས་སྦྱོར་ཀློག་གནའ་བོའི་འབོད་སྟངས་ལྟར་མ་སྦྱངས་པའི་སྐྱོན་དུ་མཐོང་། ངས་ལོ་ཁ་ཤས་རིང་ཀོ་ལམ་བི་ཡ་སློབ་གྲྭ་ཆེན་མོར་གནའ་བོའི་འབོད་སྟངས་བཞིན་སློབ་པ་ལ་སྒྲོ་བཏགས་ནས། ལ་དྭགས་ཀྱི་འབོད་སྟངས་སློབ་པར་སྐད་གྲགས་བྱུང་བའི་གནས་ཚུལ་བྱུང་དུས་ལ་དྭགས་ཀྱི་འབོད་སྟངས་རྐྱང་རྐྱང་མ་ཡིན། བོད་ཀྱི་སྔོན་གྱི་འབོད་སྟངས་ཡིན། ཡིད་མ་ཆེས་ན། ལོ་ངོ་བརྒྱ་ཕྲག་མང་པའི་སྔོན་དུ་བོད་ཀྱི་སྒྲ་འབོད་ཚུལ་སྐྱོབ་པའི་ཕྱིར་དུ། རྗེ་བཙུན་བསོད་ནམས་རྩེ་མོས་བྲིས་པའི་བྱིས་པ་བདེ་བླག་ཏུ་འཇུག་པའི་ཡི་གེ་བཀླག་ཐབས་ལ་གཟིགས་དགོས། ཞེས་བཤད། འདིར་བྲིས་པ་དག་ཆ་ནོར་པ་དག་ལ་ཡང་ཞུས་དག་ཐུབ་ན། ང་དང་གཞན་ལ་ཡང་ཕན། དེ་དག་གིས་བོད་ཀྱི་དག་ཆ་ལ་ཕན་ནོ།།
ལེགས་བཤད་ནས། མེད་པ་ནས་ཡོད་པར་གྱུར་བ་ལ་སྐྱེ་བ་ཟེར་གི་རེད། ཡོད་པ་ནས་མེད་པར་གྱུར་བ་ལ་འགག་པ་ཟེར་གི་ཡོད་པ་རེད། འདིའི་གོང་ན་འདུས་བྱས་གང་ཡང་མེད་ཅེས་ལབ་ཐུབ་ན་སྐྱེ་བ་ལ་ཐོག་མ་ཡོད་ལབ་ན་འགྲིག་གི་རེད། དེ་མིན་སྟོང་བཤད་རང་རེད། འདི་ལ་ལྟོས་ལེགས་བཤད་ཡང་འདིར་ཡོངས་ནས་མེད་པ་ནས་ཡོད་པ་ཡོད་པ་ནས་མེད་པ་ཟེར་བ་འདི་རྒྱ་མིའི་གློག་བརྙན་བོད་སྐད་དུ་བསྒྱུར་བ་ཞིག་གི་ལབ་མོ་བྱས་པ་རེད་མིན་འགྲོ།
དགེ་སློང་ཁྲིམས་གཙང་བསླབ་ལྡན་སྐྱབས་པའི་གནས།། མཆོག་ལ་ཚིག་གིས་གཤེས་ན་ངག་ལྐུགས་འགྱུར།།དེ་བས་མཆོག་ཏུ་བཀུར་བ་དང་བླངས་ཀྱིས།། དྲན་འཛིན་སྙན་དབང་གསོ་བའི་མཆིལ་འགའ་གསོལ།། དེ་ཡང་འབྲེལ་བ་ཞེས་པ་བྱ་ཚིག་དང་། འབྲེལ་པ་ཞེས་པ་མིང་ཚིག་ཏུ་མཐོང་། དཔེར་ན། འབྲེལ་པ་བརྟག་པ། ཞེས་པ་ལྟ་བུ་གཞུང་དཔེ་རྣམས་ན་ཤིན་ཏུ་མང་། ཞེས་གསུངས་སྟངས་འདི་ལ་མ་དག་པའི་སྐྱོན་འདི་འབབ་སྟེ། ཐོག་མར་བོད་ཀྱི་བརྡ་དག་ལས་མིང་གི་ཆ་ལ་ད་དུང་ངེས་ཤེས་མ་རྙེད་པར་ལྷག་འདུག བོད་ཀྱི་བརྡ་སྤྲོད་ལས་མིང་ལ་དབྱེ་ན་གཉིས། མིང་རྐྱང་དང་བྱ་ཚིག་གཉིས་ཞེས་བཀར་ཡོད་པ་རེད། དེ་ཡང་བྱ་ཚིག་ལ་དབྱེ་ན།དུས་གསུམ་གྱི་བྱ་ཚིག་མ་འདྲ་བ། དེར་ཡང་དབྱེ་ན་གཟུགས་འགྱུར་མིན་གྱི་རྣམ་བཞག བྱེད་པོ་ཡོད་མེད་དང་འབྲེལ་དེ་བྱེད་འབྲེལ་ལས་ཚིག་དང་བྱེད་མེད་ལས་ཚིག་ལ་སོགས་དོན་གྱི་བྱེ་བྲག་མང་དུ་མཆིས་པ་ལེགས་ན་འདིར་མང་བར་འགྱུར་བས་ངལ་བའི་གནས་སུ་མ་ལགས། གོང་དུ་རེག་ཙམ་གླེང་བ་ནི། མ་ཤེས་བ་ཚོར་ལམ་སྟོན་དང་རྒན་ལགས་སུ་གསལ་འདེབས་ཞུ་བ་ལགས་ན་སྤྱན་དཀྱིལ་གཡོ་བར་མཛོད།འདིར་བཙན་བྱོལ་སྤྱི་ཚོགས་ནང་བོད་ཀྱི་རིགས་སུ་སྐྱེས་པའི་དབང་གིས་བོད་སྐད་ལ་བྱང་ཆ་ལྡན་པར་གྱུར་ནས། བརྡར་བྱང་རྐྱེན་སྐད་ཉིད་ཀྱི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་ཡི་གེ་འབྲི་མཁན་མང་པོ་འབྱུང་བཞིན་པ་ལས།དོན་གྱིས་བོད་ཀྱི་བརྡ་སྤྲོད་དང་བརྡ་དག་ལ་སྦྱང་བ་སྔོན་སོང་གིས་རྩོམ་ཡིག་འབྲི་མཁན་དཀོན་པོའི་ཚོད་དུ་སྣང་། རྒྱུ་མཚན་ནི་མིང་རྐྱང་དང་ལས་ཚིག་གི་ཁྱད་པར་མ་ཤེས་པར་ལྷག་ཡོད་པས་ཡིན། གོ་བརྡ་འཕྲོད་སླ་ཕྱིར་འདིར་དཔེར་མཚོན་ཞིག་བཀོད་ན།དབྱིན་ཇུས་སྐད་ལ་སྦྱངས་སྐབས་བརྡ་སྤྲོད་སྦྱངས་ནས་གང་འཚམས་སུ་སླེབས་ན། རང་བཞིན་གྱིས་ལས་ཚིག་གཟུགས་འགྱུར་མིན་སོགས་བསླབ་པར་འགྱུར་བ་དང་དེ་ལྟར་རིམ་ཕྱིན་གྱིས་ལས་ཚིག་མ་ནོར་བ་བྱུང་ནས་གོ་བརྡ་འཕྲོད་པར་ལས་ཚིག་འཛོལ་ཡང་དོན་རྟོགས་ཏེ།སྐད་དམ་ཡིག་ཕྱེད་གོ་བས་ཀློག་དགོས་ཞེས་པའི་དོན་ཡང་དེ་རེད། དེ་བས་དབྱིན་ཇུས་བ་རྣམས་ཀྱིས་མི་སུ་ཡིན་ཡང་དེ་དང་ལྷན་དུ་ཁ་བརྡ་ཅུང་ཙམ་བྱས་མ་ཐག དེ་མ་ཉིད་དུ་མི་དེའི་དབྱིན་ཡིག་ཤེས་ཚད་རྟོགས་འགྲོ་བ་ནི་རྒྱུ་མཚན་འདིར་རག་ལས་ཡོད་པ་རེད། དེ་བས་ངས་གོང་ནས་བོད་་ཀྱི་རིགས་སུ་སྐྱེས་བས་བརྡར་བྱང་གི་དབང་གིས་ཞེས་གླེང་དོན་འདི་ཡིན།ད་ནི་ནོར་འཛོལ་དངོས་ལ་འཇུག་པར་བྱ་སྟེ། ལས་ཚིག་ཡིན་ན་ཚེག་ཁྱིམ་གཅིག་རྐྱང་བས་གྲུབ་པས་ཁྱབ། དཔེར་ན། འགྲོ།འདུག ཟ། ཉལ། ལངས་ཟེར་བ་ལ་སོགས་ལས་འདི་ལ་ཚིག་གྲོགས་སྦྱར་ན་མིང་དུ་གྲུབ་ཟིན་ཡོད་པས། རྒན་ལགས་ཀྱི་གོང་བཀོད་ དེ་ཡང་འབྲེལ་བ་ཞེས་པ་བྱ་ཚིག་དང་། འབྲེལ་པ་ཞེས་པ་མིང་ཚིག་ཏུ་མཐོང་། ཞེས་པ་ལྟ་བའི་རིགས་དབྱེ་བོད་ཀྱི་བརྡ་སྤྲོད་ཀྱི་ལུགས་ལ་དབྱེ་སྲོལ་རྩ་བ་ཉིད་ནས་ཡོད་པ་མ་རེད། འོ་ན་ཁྱོད་ལྟར་ན་ཚེག་ཁྱིམ་གཅིག་ཡིན་པའི་མིང་ཡིན་ན་ལས་ཚིག་ཡིན་པས་ཁྱབ་པར་ཐལ། དེ་བས་རི། ཆུ། ས།རྡོ།བྲག་ལ་སོགས་ཀྱང་ལས་ཚིག་ཡིན་དགོས་པར་འགྱུར་བའི་ཕྱིར་ཟེར་ན། དེ་མ་ལགས་དེ་མིང་རྐྱང་དང་ལས་ཚིག་གི་ཁྱད་པར་ལ་ངེས་ཆ་ཡོད་དགོས་པ་དང་།ཁྱད་པར་དུ་ལས་ཚིག་ནི་འགུལ་སྤྱོད་ཀྱི་རྣམ་པ་སྟོན་པའི་ངག་གི་རྣམ་རིག་ཅིག་ལ་བྱ་ཞིང་།སྐྱེས་བུའི་ལུས་ངག་ཡིད་གསུམ་གྱི་འགུལ་སྤྱོད་ཀྱི་རྣམ་པ་སྟོན་པའི་ངག་རིག་དེ་ལ་བྱེད་འབྲེལ་ལས་ཚིག་དང་།ས་རྡོ་རི་ཆུ་ལ་སོགས་པའི་བེམ་གཟུགས་ཀྱི་འགུལ་སྤྱོད་ཀྱི་རྣམ་པ་སྟོན་པའི་ངག་རིག་དེ་ལ་བྱེད་མེད་ལས་ཚིག་ཅེས་པའི་བརྡ་སྦྱར་ཡོད་པ་རེད། དེ་བས་རྒན་ལགས་ཀྱིས་བཀོད་པའི་ འབྲེལ་བ་ཞེས་པ་བྱ་ཚིག་དང་། འབྲེལ་པ་ཞེས་པ་མིང་ཚིག་ ཅེས་པའི་རྣམ་པ་འདི་བོད་ཀྱི་བརྡ་སྤྲོད་སྐབས་འགྲུབ་རྒྱུ་རྩ་བ་ཉིད་ནས་ཡོད་པ་མ་རེད། གོང་གི་དེར་ད་དུང་སྐྱོན་གནད་གཞན་ཅིག་ཀྱང་ལྷག་འདུག་སྟེ། ཐ་སྙད་སྦྱོར་ཕྱོགས་ཐད་ འབྲེལ་བ་ཞེས་པ་བྱ་ཚིག་དང་། འབྲེལ་པ་ཞེས་པ་མིང་ཚིག་ ཅེས་པ་འདི་མི་འཐད་དེ་སྐབས་འདིར་འབྲེལ་བ་དང་། འབྲེལ་པ་ཞེས་པ་གཉིས་ག་མིང་གི་ངོ་བོར་གྲུབ་ཚར་བས། བྱ་ཚིག་གི་རྣམ་པར་གནས་ཡོད་པ་མ་རེད། དེ་བས་མིང་དང་ཚིག་གི་ཁྱད་པར་འདི་དག་རྒན་གྱི་མ་མཁྱེན་པ་ཡིན་ཡང་གསལ་འདེབས་ཀྱི་ཚུལ་དུ་ཕུལ་བ་ལགས་ན། རྒན་ལགས་ལ་དགོས་མཁོ་མ་མཆིས་ཀྱང་གསར་སློབ་པ་དག་ལ་ཕན་པར་དགོངས་ནས་ཕུལ་བ་ལེགས། ཁྱད་པར་དུ་རྡོ་རྗེ་དབང་ཕྱུག་དང་དགེ་འདུན་རབ་གསལ། ཐུབ་བསྟན་སྦྱིན་པ་ལ་སོགས་བོད་ཀྱི་བརྡ་སྤྲོད་ལ་ལོག་འགྲེལ་བྱེད་མཁན་ཚོར་ཕན་ངེས། གཞན་རྒན་ལགས་ཀྱིས་སྤྱོད་འཇུག་ལས་ཚིག་ཅིག་ལུང་དྲངས་ནས་ནོར་ཚུལ་གསུངས་པ་ནི་མ་བདེན་པ་སྟེ། ནག་ཚོ་ལོ་ཙ་བས་། འ་ཆུང་གཏགས་ཐུབ་མ་སོང་དགོངས་དག་ཞུ། ནག་ཚོ་ལོ་ཙ་བས་རྒྱ་གར་སློབ་དཔོན་ལ་གཙང་རྟ་ནག་ཏུ་བོད་སྐད་ཁྲིད་སྐབས་ ཐེངས་ནི་ལན་དང་ཚར་ལ་འཇུག། དཔེར་ན་ལན་ཅིག་ཚར་ཅིག་ལ།། ཐེངས་གཅིག་ཐེངས་ཅིག་འདམ་ང་དང་།། དེ་བཞིན་ལན་མང་ཚར་མང་ལ།། ཐེངས་མང་ཟེར་པ་ཐུགས་ལ་བཟུང་ཞེས་མ་གདམས་སམ། དེ་བས་ འཇིག་རྟེན་བསོད་ནམས་བློ་གྲོས་ཐེངས་འགའ་འབྱུང་།། དེ་ལྟར་དགེ་བ་ཉམས་ཆུང་ཉིད་ལ་བརྟག་ཅེས་འབྱུང་སམ། རྒན་ལགས་ཚུལ་ཁྲིམས་དྲི་མས་རང་རྒྱུད་བལྟམས།། གཞན་ཕན་ལྷག་བསམ་བཟང་པོས་ཐུགས་རྒྱུད་བལྟམས།། བོད་ཀྱི་བརྡ་ལ་བྱང་བས་དག་ཆས་བལྟམས།། ནང་པའི་ཆོས་ལ་གནས་པས་ཞི་བས་བལྟམས།། བལྟམས་པའི་དཔལ་གྱིས་རྒན་ལགས་བཀྲི་ཤིས་ཤོག།། མངྒ་ལམ།།
རང་གྲོལ་ལགས། མདོ་སྡེ་དགོངས་འགྲེལ་ལས། གཟུགས་ཀྱི་ཕུང་པོ་སྐྱེའོ་ཞེའམ་འགག་པ་ཞེའམ་གཟུགས་ཀྱི་ཕུང་པོ་སྤང་བ་དང་ཡོངས་སུ་ཤེས་པ་ཞེས་ངོ་བོ་ཉིད་ཀྱི་མཚན་ཉིད་དམ་བྱེ་བྲག་གི་མཚན་ཉིད་དུ་མིང་དང་བརྡས་རྣམ་པར་བཞག་གང་ལགས་པ་དེ་ནི་ཀུན་བཏགས་པའི་མཚན་ཉིད་ལགས་ཏེ། ཞེས་ཀུན་བཏགས་ངོས་བཟུང་བའི་སྐབས་སུ་ངོ་བོ་དང་ཁྱད་པར་ལ་ཀུན་ཏུ་བཏགས་ཚུལ་སྟོན་ཏེ། སྐྱེ་འགག་གི་དོན་ལ། སློབ་དཔོན་ཝེན་ཚེག་གིས་མཛད་པའི་མདོ་སྡེ་དགོངས་འགྲེལ་གྱི་འགྲེལ་ཆེན་ལས། གཟུགས་ཕུང་སྔོན་མེད་པ་ནས་ཡོད་པར་འགྱུར་བ་ལ་སྐྱེ་བ་དང་སྐྱེས་ནས་མེད་པར་འགྱུར་བ་ལ་འགག་པ་ཞེས་གསུངས་པ་ནི། རི་བོ་དགེ་ལྡན་པའི་མཁས་གྲུབ་དག་གིས་མཛད་པའི་དྲང་ངེས་ཀྱི་ཡིག་ཆ་དག་ན་གསལ་ཐིང་ཐིང་རེད།
འདུ་བྱས་ཡིན་ན་དེའི་རྒྱུ་ཐོགས་མ་མེད་ཁྱབ་དངོས་པོ་ག་དུས་བྱུང་བ་ཡིན་ན་དངོས་པོའི་ཐོག་མ་ འདི་ཡིན་ཞེས་ངོ་སྤྲོད་གསལ་པོར་ཡོད་འདྲ་སྐྱེ་བའི་ཐོག་མ་རག་ཚར་འདུག་ག
༄༅།། དངོས་པོ་ཐམས་ཅད་ཉིད་ལ་ཡང་། སྔོན་གྱི་ཐོག་མ་ཡོད་མ་ཡིན། གསུངས་པ་འདི་མི་ཕལ་པ་ཞིག་གིས་བཤད་པ་མ་རེད། ང་ནི་སངས་རྒྱས་ཐོག་མ་ཡིན། ཅེས་པ་འདིར་དགེ་ལུགས་ངོས་ནས་དགག་པ་བྱེད་པའི་རྒྱུ་མཚན་ཡང་ཤེས་དགོས །།
་་་་་ དེ་ཡང་འབྲེལ་བ་ཞེས་པ་བྱ་ཚིག་དང་། འབྲེལ་པ་ཞེས་པ་མིང་ཚིག་ཏུ་མཐོང་། ཞེས་པ་ལྟ་བའི་རིགས་དབྱེ་བོད་ཀྱི་བརྡ་སྤྲོད་ཀྱི་ལུགས་ལ་དབྱེ་སྲོལ་རྩ་བ་ཉིད་ནས་ཡོད་པ་མ་རེད། ་་་་་ཟེར།
་་་་་་ དེ་བས་མིང་དང་ཚིག་གི་ཁྱད་པར་འདི་དག་རྒན་གྱི་མ་མཁྱེན་པ་ཡིན་ཡང་གསལ་འདེབས་ཀྱི་ཚུལ་དུ་ཕུལ་བ་ལགས་ན། རྒན་ལགས་ལ་དགོས་མཁོ་མ་མཆིས་ཀྱང་གསར་སློབ་པ་དག་ལ་ཕན་པར་དགོངས་ནས་ཕུལ་བ་ལེགས། ཁྱད་པར་དུ་རྡོ་རྗེ་དབང་ཕྱུག་དང་དགེ་འདུན་རབ་གསལ། ཐུབ་བསྟན་སྦྱིན་པ་ལ་སོགས་བོད་ཀྱི་བརྡ་སྤྲོད་ལ་ལོག་འགྲེལ་བྱེད་མཁན་ཚོར་ཕན་ངེས། ་་་་ཟེར།
ཁྱེད་ཚོ་ཚང་མ་ངར་བ་རྐྱང་རྐྱང་ཡིན་པ་འདྲ། མཛོད་དང་འདུལ་བ་ལ་སོགས་ནས་ལུང་དང་རིགས་པ་དྲངས་ཡོངས་ན་ངས་གོའང་མི་གོ་གི། ང་གླེན་པ་ཆེ་ཟིག་ཡིན། ཡིན་ནའང་སྐད་ཆ་ཐད་ཀར་བཤད་ན། སྐྱེ་བ་དངོས་པོ་ཡིན་པ་གང་ཞིག་དངོས་པོ་ཡིན་ན་ཐོག་མ་ཡོད་པའི་ཁྱབཔ་་རེད། དེ་མིན་ན། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་གང་ལའང་སེམས་ཅན་གསར་བ་ཞིག་ཡོང་རྒྱུ་མེད་པ་གང་ཞིག་སེམས་ཅན་གང་ཡོད་པ་དེའི་ནང་ནས་རེ་ཟུང་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་ངེས་ན། ཉིན་ཞིག་སེམས་ཅན་ཐམས་ཅད་སངས་རྒྱས་རྒྱུ་རེད། དེ་མིན་ན་འགྲོ་ས་གཅིག་ཀྱང་མེད་ག སེམས་ཅན་གསར་བ་ཞིག་ཡོང་རྒྱུ་མེད་པ་གང་ཞིག་སངས་ནི་མུ་མཐུད་དུ་རྒྱས་བཞིན་ཡོད་ན་སེམསཅན་གྱི་གྲངས་ཚད་ཇི་འདྲ་མང་ནའང་ནམ་ཞིག་ཚར་ངེས་རེད། གལ་ཏེ་སེམས་ཅན་གསར་བ་ཞིག་ཡོང་རྒྱུ་ཡོད་ཟེར་ན་དེ་ནི་སེམས་ཅན་དེའི་སྐྱེ་བའི་ཐོག་མ་རེད། དེ་འདྲ་ཞིག་རེད་བསམ་གི ་་་་་ཧཧཧཧ
ལ་ལས་ང་ལ་ཁ་དོག་དཀར་དམར་སྦྱོང་ཟེར་གི་ ་ལ་ལས་ང་ལ་དགོངས་དག་ཞུ་གི ཁྱེད་ཚོད་ཅི་ཞིག་གསུང་ཡང་ཆོག་ང་ལ་མཚོན་ན་དེ་དག་ནི་གལ་ཆེན་མ་རེད། ཁྱེད་ཚོས་བསམ་ཚུལ་གསར་བ་རེ་གསུང་ན་དེ་གས་འགྲིག
ལེགས་བཤད་ལགས། མདོ་སྡེ་དགོངས་འགྲེལ་ལས། གཟུགས་ཀྱི་ཕུང་པོ་སྐྱེའོ་ཞེའམ་འགག་པ་ཞེའམ་གཟུགས་ཀྱི་ཕུང་པོ་སྤང་བ་དང་ཡོངས་སུ་ཤེས་པ་ཞེས་ངོ་བོ་ཉིད་ཀྱི་མཚན་ཉིད་དམ་བྱེ་བྲག་གི་མཚན་ཉིད་དུ་མིང་དང་བརྡས་རྣམ་པར་བཞག་པ་གང་ལགས་པ་དེ་ནི་ཀུན་བཏགས་པའི་མཚན་ཉིད་ལགས་ཏེ། ཞེས་ཀུན་བཏགས་ངོས་བཟུང་བའི་སྐབས་སུ་ངོ་བོ་དང་ཁྱད་པར་ལ་ཀུན་ཏུ་བཏགས་ཚུལ་སྟོན་པ་ཡིན་གྱིས་སྐྱེ་འགག་གི་དོན་ཙམ་སྟོན་པ་མིན་ཏེ། འགྲེལ་ཆེན་ལས། སྐྱེ་བ་དང་འགག་པ་རྣམ་པར་འབྱེད་པ་གང་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱི་མཚན་ཉིད་ཅེས་བྱའོ། ཞེས་དང། སྐད་ཅིག་མར་སྐྱེ་ཞིང་འཇིག་པ་དང་། ཐང་ཅིག་ཙམ་དུ་གནས་པ་ལ་སོགས་པ་ནི་བྱེ་བྲག་གི་མཚན་ཉིད་ཅེས་བྱའོ། ཞེས་སོགས་གཞན་དབང་ཁྱད་པར་གསུམ་ལྡན་ལ་ངོ་བོ་དང་ཁྱད་པར་དུ་ཀུན་བཏགས་པ་འདིར་དངོས་སུ་བསྟན་པ་ཡིན་པ་ལས། མེད་པ་ཡོད་པ་ཡོད་པ་མེད་པ་ཞེས་འགྲེལ་ན་སེམས་གློ་བུར་དུ་གྲུབ་པར་འདོད་པའི་གྲུབ་མཐའ་སྨྲ་བ་དེ་དང་ཆོས་མཚུངས་བར་འགྱུར་བས་གཟབ་དགོས་སོ།།
གངས་དཀར་ལགས། ཁྱོད་སེམས་དཀར་ཞིག་ཡིན་པ་རྟོགས་ཐུབ། ཐུགས་རྗེ་ཆེ། སྐྱེ་བ་ཐོག་མ་མེད་ཟེར་བ་ནི་དངོས་པོ་གང་ཡིན་ཡང་ཁོ་རང་གི་རྫས་རྒྱུན་སྔ་མ་ཞིག་ངེས་པར་དུ་ཡོད་དགོས་ལ། དེས་ན་སྐྱེ་བ་སྔོན་མ་འདི་ནི་ངའི་སྐྱེ་བ་ཐོག་མ་ཡིན་ཞེས་པའི་འཛུབ་མོ་འཛུགས་ས་ཞིག་རེག་ན། དེའི་གོང་དུ་ཁྱོད་ཀྱི་སྐྱེ་བ་ཞིག་མེད་པས་དེ་ནི་རྒྱུ་མེད་རྐྱེན་མེད་གློ་བུ་དུ་གྲུབ་པ་ཞིག་དུ་ངེས་པས། དེས་ན་འདུས་བྱས་ཐམས་ཅད་ཡང་གློ་བུར་དུ་གྲུབ་པར་ཁས་ལེན་དགོས་སོ།།
གངས་དཀར་ལགས། འདུས་བྱས„ཅེས་པ་ནི་རྒྱུ་རྐྱེན་དུ་མ་འདུས་ཤིང་བྱས་པའམ་སྐད་ཅིག་དུ་མའི་བདག་ཉིད་དུ་བྱས་པས་ན་དེ་ལྟར་རོ།། ཤིང་རྟའི་ཡན་ལག་མ་འཚོགས་སྔོན་དུ་ཤིང་རྟ་མེད་པ་བཞིན་ཁྱོད་ཀྱི་ཞེ་འདོད་དེ་ལ་སོང་འདུག་གོ།།
ཁྱོད་ལ་བསམ་ཚུལ་གསར་པ་བཤད་དགོས་ཡ་མི་འདུག་གསར་པ་ཞིག་ཁྱོད་ཀྱིས་ཤེས་འདུག །དེའི་འགྲིག་ཐག་ཆོད་འདུག་ལོ་་་ཧེ་ཧེ་ཧེ་་་་་་་་་་་ད་དུང་རྒྱལ་སྲས་ཨམ་ཞིག་་་་་་་་་་་་་་
རང་གྲོལ་ལྟ་བུའི་རྣམ་དཔྱོད་དང་ལྡན་པ་དོན་གཉེར་ཅན་རེ་གཉིས་དྲ་ཐོག་ཏུ་བསླེབས་ན་དངོས་གནས་ཁ་བརྡ་ཚང་གི་གཟི་བརྗིད་རེད། རྗེས་ཕྱོགས་མུ་མཐུད་དུ་འཛེམས་དོགས་མེད་པར་དགག་སྒྲུབ་ཅི་རིགས་ཀྱི་ཆར་བ་འབེབས་རོགས་ཞུ། འདི་ལྟར་བྱས་ན་ང་ཚོའི་ཡབ་མེས་རྣམས་ཀྱི་ཤུག་བཞག་སྐྱོང་བ་དང་ཉག་ཕྲ་བའི་དུས་ཚོད་འདིར་ལྷག་པར་མཁོ་ཆེ།
ཉིན་ཞིག་སེམས་ཅན་ཐམས་ཅད་སངས་རྒྱས་རྒྱུ་རེད། དེ་མིན་ན་འགྲོ་ས་གཅིག་ཀྱང་མེད་ག སེམས་ཅན་གསར་བ་ཞིག་ཡོང་རྒྱུ་མེད་པ་གང་ཞིག་སངས་ནི་མུ་མཐུད་དུ་རྒྱས་བཞིན་ཡོད་ན་སེམསཅན་གྱི་གྲངས་ཚད་ཇི་འདྲ་མང་ནའང་ནམ་ཞིག་ཚར་ངེས་རེད། གངས་དཀར། འདི་ལ་འཇིག་རྟེན་གྱི་ཁམས་གྲངས་མ་མཆིས་ན་སེམས་ཅན་གྱི་གྲངས་ཇི་ལྟར་མཆིས་སམ། སྐྱེ་བ་ཐོག་མ་མེད་ཟེར་བ་དང་སེམས་ཅན་གྲངས་མེད་ཟེར་བ་གཉིས་ཚད་བཟུང་བ་མ་ཡིན་ནོ།།
སྐྱེ་བ་ལ་ཐོག་མ་ཡོད་ན་དངོས་པོ་ཐམས་ཅད་དུས་མཉམ་དུ་གྲུབ་པ་ཡིན་པར་ཐལ། འདོད་པའི་ཕྱིར། གཞན་ཡང་། སྐྱེ་བ་ལ་ཐོག་མ་ཡོད་ན་རྒྱུ་རྐྱེན་ལས་མ་སྐྱེས་པའི་འདུས་བྱས་ཤིག་ཡོད་པར་ཐལ། འདོད་པའི་ཕྱིར། གཞན་ཡང་། སྐྱེ་བ་ལ་ཐོག་མ་ཡོད་ན་སྣོད་བཅུད་ཐམས་ཅད་ལྷ་ཆེན་དབང་ཕྱུག་གི་བློའི་གཡོ་བ་ལས་བྱུང་བར་ཐལ། དེ་ལྟར་ཁས་བླངས་བ་ལ་སྐྱོན་གང་ཡང་མེད་པའི་ཕྱིར། གཞན་ཡང་། སྐྱེ་བ་ལ་ཐོག་མ་ཡོད་ན་ཡེ་ཤུའི་ཆོས་ལུགས་པ་དག་གིས་འདོད་པ་ལྟར་འཇིག་རྟེན་དཀོན་མཆོག་གིས་བསྐྲུན་པར་ཐལ། དེ་ལྟར་ཁས་བླངས་བ་ལ་སྐྱོན་གང་ཡང་མེད་པའི་ཕྱིར། གཞན་ཡང་། སྐྱེ་བ་ལ་ཐོག་མ་ཡོད་ན་རྒྱང་འཕེན་པས་འདོད་པ་ལྟར། ཉི་ཤར་ཆུ་བོ་ཐུར་དུ་འབབ་པ་དང་།།སྲན་ཟླུམ་ཚེར་མ་གཟེངས་རིང་རྣོ་བ་དང་།།རྨ་བྱའི་མདོངས་ལ་སོགས་པའི་ཆོས་རྣམས་ཀུན།།སུས་ཀྱང་མ་བྱས་ངོ་བོ་ཉིད་ལས་བྱུང་།།ཟེར་བ་ལྟར་རྒྱུ་མེད་རྐྱེན་མེད་དུ་ཁས་བླངས་བ་ལ་སྐྱོན་གང་ཡང་མེད་པའི་ཕྱིར། འདི་ལ་སུས་ལན་འདེབས་ཐུབ། ཧཧ་བུ་རྒོད་པོ། ད་ཞོག་ཡ།
གངས་དཀར་ལགས། ཁྱོད་ཀྱིས་འདི་ལ་དོགས་དཔྱོད་བྱས་པ་ཤིན་ཏུ་བཟང་། འདི་ལ་གོ་བརྡ་འཕྲོད་མེད་པ་མང་པོ་ཡོད། སངས་ཅི་ཙམ་རྒྱས་པ་བཞིན་སེམས་ཅན་གསར་བའང་དེ་བཞིན་དུ་གྲུབ་པ་མ་ཡིན་པར་ཚད་མེད་པས་ཡིན་ནོ།།
རང་གྲོལ་ལགས། སེམས་ཅན་ཐམས་ཅད་སངས་རྒྱས་པའི་དུས་ཤིག་ཡོད་ན། སེམས་ཅན་གཅིག་ཀྱང་མེད་པའི་དུས་ཤིག་ཡོད་པར་ཐལ། དེ་དུས་སངས་རྒྱས་དེ་ལ་གདུལ་བྱ་གང་ཡང་ཡང་མེད་པའི་ཕྱིར། རྟགས་ཁས། འདོད་ན། གདུལ་བྱ་མེད་པའི་སངས་རྒྱས་ཡོད་པར་ཐལ། འདོད་ན། མཛོད་ལས། སངས་རྒྱས་ཐམས་ཅད་ཚོགས་དང་ནི།།ཆོས་སྐུ་འགྲོ་བའི་དོན་སྤྱོད་པ།།མཉམ་པ་ཉིད་དེ། ཞེས་གསུངས་པ་མི་འཐད་པར་ཐལ། སངས་རྒྱས་ཐམས་ཅད་ཚོགས་བསགས་པ་མཉམ་པ། ཆོས་སྐུ་ཐོབ་པ་མཉམ་པ། འགྲོ་བའི་དོན་སྤྱོད་པ་མཉམ་པ་ཉིད་མ་ཡིན་པའི་ཕྱིར་ཏེ། འགྲོ་བའི་དོན་སྤྱོད་པ་མཉམ་པ་མ་ཡིན་པའི་ཕྱིར། དེར་ཐལ། འགྲོ་དོན་མེད་པའི་སངས་རྒྱས་ཡོད་པའི་ཕྱིར་ཏེ། སེམས་ཅན་ཐམས་ཅད་སངས་རྒྱས་པའི་དུས་སུ་འགྲོ་བ་མེད་པའི་ཕྱིར། ཧ་ཧ།
རང་གྲོལ་ལགས་ནས་ཡག་པོ་ཅིག་གསུང་འདུག་མོད་ང་ལ་མཚན་ཉིད་རིག་པའི་རྨང་གཞི་ཞན་པས་དེ་ཙམ་ཡག་པོ་ཞིག་གོ་མ་སོང། ངས་འདོད་པ་ནི་མི་སོགས་སེམས་ཅན་གང་ཡིན་ཡང་སྐྱེ་བ་རེ་རེ་བླངས་ཐེངས་རེར་སྐྱེ་བའི་གྲངས་ཚད་མང་ནས་མང་རུ་འགྲོ་བཞིན་ཡོད་པ་རེད། སྐྱེ་བ་མང་རུ་འགྲོ་བཞིན་པ་འདི་ལ་ཆེས་ཐོག་མའི་གྲངས་ཀ་ཞིག་ཡོད་ངེས་ན་ སྐྱེ་བ་ལ་ཐོག་མ་ཞིག་ངེས་པར་ཡོད་དགོས་པ་ལྟ་བུར་ཆགས་ཡོད་མོད། མཚན་ཉིད་པ་མང་བོ་ཞིག་གིས་དེ་མེད་པར་གསུངས་པ་ནི་ངའི་བློ་ལ་ནི་མི་ཤོང་བ་ཞིག་རེད། སྐྱེ་བ་ཅི་འདྲ་མང་ནའང་དེ་དག་ཚང་མའི་རྣམ་ཤེས་ཀྱི་རྒྱུན་གཅིག་ཡིན་པར་བཞེད་ན་དེ་ལ་ཐོག་མ་ཞིག་ངེས་པར་་དགོས་པ་འདྲ།
ཆོས་ཡང་དག་པར་སྡུད་པ་ལས། རིགས་ཀྱི་བུ་འཇིག་རྟེན་གནས་པ་ནི་སྐྱེ་བ་དང་འགག་པ་ལ་མངོན་པར་ཞེན་པ་ཡིན་པས། དེ་ལ་དེ་བཞིན་གཤེགས་པ་ཐུགས་རྗེ་ཆེན་པོ་ཅན་གྱིས་འཇིག་རྟེན་གྱི་སྐྲག་པའི་གནས་ཡོངས་སུ་སྤང་བའི་ཕྱིར་ཐ་སྙད་ཀྱི་དབང་གིས་སྐྱེའོ་འགག་གོ་ཞེས་གསུངས་ཀྱི། རིགས་ཀྱི་བུ་འདི་ལ་ཆོས་འགའ་ཡང་སྐྱེ་བ་ནི་མེད་དོ། །ཞེས་གསུངས་པ་ལྟར་སྐྱེ་འགག་ནི་འཇིག་རྟེན་གྱི་ཐ་སྙད་དབང་གིས་བཞག་པ་དང་བརྟག་ཅིང་དཔྱད་ན་གང་ཡང་མི་བརྙེད་པར་གསུངས་ཡོད་པ་རེད། འཇིག་རྟེན་ཐ་མལ་བའི་ངོ་ལ་ཡོད་ཅེས་གསུངས་པ་དང་གང་ཟག་ཁྱད་པར་གྱི་ངོ་ལ་མེད་ཅེས་གསུངས་པ་ཁྱད་ཕྱེ་དགོས་པས་གཏན་ནས་མེད་ཅེས་མ་གསུངས་པར། ཡུམ་གྱི་མདོ་ལས། འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ་ཞེས་པ་ལྟར་གོ་དགོས་པ་མ་ཡིན་ནམ།
རང་གྲོལ་དང་ལེགས་བཤད་གཉིས་ནས་བགྲོ་གླེང་ཡག་པོ་ཞིག་བྱེད་བཞིན་འདུག རྟག་ཏུ་ལྟ་བ་མི་མཐུན་སྟངས་འདི་ལ་ལྟས་ན་ཚེ་སྔོན་མ་བྱ་རོག་དང་འུག་པ་གཉིས་ཀྱི་སྐྱེ་བར་བླངས་ཏེ་ད་ལྟའང་བག་ཆགས་དེ་སད་བཞིན་པའི་བཟོ་འདྲ་ཞིག་ཡིན་ས་རེད ཨ་ལགས་ཀུ་རྩེད་ཞུས་ཡིན། མ་གཞི་ནས་འདུས་བྱས་ལ་ཐོག་མ་མེད་པ་དང། འཁོར་བ་ལའང་ཐོག་མ་མེད་པར་རྩོད་ལེགས་པོ་ིག་གནང་ཙང་དགོངས་པ་འཁྲུགས་གཞི་རུ་མི་འགྲོ་དེས།
གངས་དཀར་རྒྱལ་སྲས་ལགས་ཀྱིས་དཔྱད་གཞི་ཡག་པོ་ཞིག་ཁ་བརྡ་འདིར་བསྣམས་ཕེབས་པར་དགའ་བསུ་ཞུ། རྗེས་ཕྱོགས་འདི་ལྟ་བུའི་དཔྱད་གཞི་གང་མང་མང་འགོད་རོགས་གནང་། ཀློག་མཁན་མང་པོས་ལྟ་ནས་བསྡད་ཡོད་པ་རེད།
༡{སྐྱེ་བ་ལ་ཐོག་མ་ཡོད་ན་དངོས་པོ་ཐམས་ཅད་དུས་མཉམ་དུ་གྲུབ་པ་ཡིན་པར་ཐལ། འདོད་པའི་ཕྱིར།}འདི་ལ་ཐལ་འགྱུར་འགོད་སྟངས་དང་སྐབས་ཀྱི་རྒོལ་བ་ངེས་མ་ཟིན་པའི་སྐྱོན་འདུག ༢{གཞན་ཡང་། སྐྱེ་བ་ལ་ཐོག་མ་ཡོད་ན་རྒྱུ་རྐྱེན་ལས་མ་སྐྱེས་པའི་འདུས་བྱས་ཤིག་ཡོད་པར་ཐལ། འདོད་པའི་ཕྱིར། }འདི་ལ་ཐལ་འགྱུར་འདིས་འཕངས་བའི་སྦྱོར་བའི་ཕྱོགས་ཆོས་མ་གྲུབ་པོ།། ༣{གཞན་ཡང་། སྐྱེ་བ་ལ་ཐོག་མ་ཡོད་ན་སྣོད་བཅུད་ཐམས་ཅད་ལྷ་ཆེན་དབང་ཕྱུག་གི་བློའི་གཡོ་བ་ལས་བྱུང་བར་ཐལ། དེ་ལྟར་ཁས་བླངས་བ་ལ་སྐྱོན་གང་ཡང་མེད་པའི་ཕྱིར། }འདི་ལ་ལྷ་ཆེན་ཁོ་རང་སུའི་བློ་གཡོ་བ་ལས་བྱུང་། སྐྱེ་བ་ཐོག་མ་ཡོད་པའི་ཕྱིར། ཞེས་གང་གནད་ཆེ་བ་དེ་མ་བཀོད་པར་འདུག་གོ།། ༤{གཞན་ཡང་། སྐྱེ་བ་ལ་ཐོག་མ་ཡོད་ན་ཡེ་ཤུའི་ཆོས་ལུགས་པ་དག་གིས་འདོད་པ་ལྟར་འཇིག་རྟེན་དཀོན་མཆོག་གིས་བསྐྲུན་པར་ཐལ། དེ་ལྟར་ཁས་བླངས་བ་ལ་སྐྱོན་གང་ཡང་མེད་པའི་ཕྱིར། }འདི་ལ་ནང་པས། ལས་ལས་འཇིག་རྟེན་སྣ་ཚོགས་འབྱུང་།།ཞེས་པ་དང་མཚུངས་བ་མ་སྤངས་པའི་ཉེས་པ་སོ་ན་གནས་སོ།། ༥{གཞན་ཡང་། སྐྱེ་བ་ལ་ཐོག་མ་ཡོད་ན་རྒྱང་འཕེན་པས་འདོད་པ་ལྟར། ཉི་ཤར་ཆུ་བོ་ཐུར་དུ་འབབ་པ་དང་།།སྲན་ཟླུམ་ཚེར་མ་གཟེངས་རིང་རྣོ་བ་དང་།།རྨ་བྱའི་མདོངས་ལ་སོགས་པའི་ཆོས་རྣམས་ཀུན།།སུས་ཀྱང་མ་བྱས་ངོ་བོ་ཉིད་ལས་བྱུང་།།ཟེར་བ་ལྟར་རྒྱུ་མེད་རྐྱེན་མེད་དུ་ཁས་བླངས་བ་ལ་སྐྱོན་གང་ཡང་མེད་པའི་ཕྱིར། འདི་ལ་སུས་ལན་འདེབས་ཐུབ།} ད་དུང་རྡོ་འཇིག་པ་ན་རྡོ་རི་མོ་འཇིག་པ་བཞིན་སོགས་དཔེ་མང་མོད། སྐབས་དོན་གནད་དུ་མ་སོང་བའི་ཙིག་ཚོགས་ཀྱིས་ཉི་མ་འགྲོ་ཐུབ་བྱས་པ་ལ་ཅི་ཕན།
ལེགས་བཤད་ལགས། ཡུམ་གྱི་མདོ་ལས། འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ།། ཞེས་པ་འདི་གྲུབ་མཐའ་གང་གི་སྐགས་ཡིན་པ་ལེགས་པར་ལྟོས་དང་། སྔར་དྲངས་ངེས་སེམས་ཙམ་སྐབས་དང་འདི་གཉིས་མ་ནོར་བ་གྱིས་ལགས།
རྣམ་ཤེས་མེད་པར་རྣམ་ཤེས་ཀྱི། ། ཉེས་ལེན་མེད་པར་ཕྱིར་ཡང་འགྲུབ། ། ཞེས་པ་ལྟར། རྫས་རྒྱུན་མེད་པར་རྫས་རྒྱུན་གྱི། ། ཉེར་མེད་པར་ཕྱིར་ཡང་འགྲུབ། ། ཅེས་བསྒྱུར་ན། དངོས་པོའི་རྫས་རྒྱུན་ལ་ཐོག་མ་མེད་པས་ཁྱབ་པ་མི་འདུག་གམ། ལགས།
རྫས་རྒྱུན་མེད་པར་རྫས་རྒྱུན་གྱི། ། ཉེར་ལེན་མེད་པར་ཕྱིར་ཡང་འགྲུབ། ། ཅེས་པའི་ངའི་རྩ་བའི་དམ་བཅས་འདི་ལ། རྩོད་མཁན་ཡོད་ན་ཕེབས་བསུ་ཡོད་དོ། །
བན་དེ་བ་ལགས། བུ་ཡ་རབས་ཤིག་ཡིན་ན་གཉན་འཕྲང་ཅན་གྱི་དུས་ཚོད་འདིར་རང་གི་ཡབ་མེས་རྣམས་ཀྱི་ཤུལ་བཞག་རྩ་ཆེ་དག་བདག་པོ་ཡག་པོ་རྒྱག་དགོས་པ་གལ་ཆེན་པོ་རེད། དེ་མིན་ཁ་སང་དེ་རིང་གི་དུས་ཚོད་འདིར་ཆེས་ཉེན་ཁ་ཆེ་བ་ནི་མི་མང་པོ་ཞིག་གིས་འདོད་རྔམས་དང་དུས་ཟིང་གི་རྐྱེན་པས་སྔོན་བྱོན་མཁས་པའི་གསུང་རབ་དག་ལ་དོ་སྣང་མེད་པར་ཕན་ཐོགས་མེད་པར་བསམ་པ་དང་གད་སྙིགས་ཁྲོད་གཡུག་པ་ཡིན་ན་སླར་གསོ་ཡོང་རྒྱུ་ཧ་ཅང་ཁག་པོ་རེད། འབྲོམ་སྟོན་པས། མཁས་མཆོག་ཁྱེད་འདྲ་བོད་དུ་མ་བྱོན་ན།།སངས་རྒྱས་བསྟན་པ་ཡོད་པར་གྱུར་ཀྱང་ནི།།ཕལ་ཆེར་ཟབ་མོའི་དོན་ལ་རྨོངས་གྱུར་བས།།ལེགས་པར་སྟོན་མཛད་ཁྱོད་ལ་ཕྱག་འཚལ་ལོ།།ཞེས་ཇོ་བོ་ལ་བསྟོད་ཕྱག་མཛད་པ་ལྟར་ཟབ་མོའི་དོན་ལ་རྨོངས་བའི་དུས་འདིར་སྒོམ་སྒྲུབ་མཛད་པ་ཕར་ཞོག་ཐོས་བསམ་རྣལ་མ་བྱེད་མཁན་ཡང་དཀོན་པའི་ཚུལ་དུ་སྣང་བས་དགུང་གྲངས་བརྒྱད་ཅུར་ཉེ་བའི་གོང་ས་མཆོག་གིས་བོད་རྗེས་རབས་པ་ཚོར་གནང་བའི་ཐུགས་ཀྱིས་རེ་བ་སྟོང་ཟད་དུ་མི་འགྲོ་བའི་ཆེད་མེ་ཏོག་ཆུང་རུང་མཆོད་པ་ཞེས་པའི་དཔེ་ལྟར། འདི་ལྟ་བུའི་གླེང་སློང་ཅུང་ཟད་རེ་གནང་ཐུབ་ན་ཡང་དགེ་མཚན་ཆེ་བར་བདག་གིས་སེམས། ཁ་བརྡ་ཚང་གི་རླུང་རྟ་དར་བར་སྨོན། ཡབ་མེས་ཀྱི་དྲིན་ལན། ། བཀའ་བཞིན་སྒྲུབ་པའི་མཆོད་པས་འཇལ།།
རང་གྲོལ་ལགས། ཐལ་འགྱུར་ཙམ་གྱིས་ཕྱི་རྒོལ་གྱི་རྒྱུད་ལ་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེ་བར་འདོད་པས་ན་ཐལ་འགྱུར་བ་ཟེར། རྣམ་འགྲེལ་རྩ་བ་ན་ཚུལ་གསུམ་ཚང་བའི་སྦྱོར་བ་བཀོད་པ་མི་སྣང་བའི་ཕྱིར།
ལེགས་བཤད་ལགས། མཛོད་ལས། སངས་རྒྱས་ཐམས་ཅད་ཚོགས་དང་ནི།།ཆོས་སྐུ་འགྲོ་བའི་དོན་སྤྱོད་པ།།མཉམ་པ་ཉིད་དེ། ཞེས་གསུངས་པ་འདི་དང་། འདིའི་གོང་དུ་ཐུགས་རྗེ་ཆེན་པོ་ཀུན་རྫོབ་བློ།།ཞེས་པ་ནས། ཐ་དད་བྱ་བ་རྣམ་པ་བརྒྱད།།ཅེས་དང་པོ་སྐབས་སངས་རྒྱས་ཐམས་ཅད་མཉམ་པ་ཉིད་གསུམ་དང་ཕྱི་མས་ཐུགས་རྗེ་ཆེན་པོ་དང་སྙིང་རྗེ་ཆེན་པོ་གཉིས་ལ་ཁྱད་པར་བརྒྱད་ཀྱིས་སྒོ་ནས་བཤད་པ་དེ་དག་སེམས་ཅན་ཚང་རྒྱ་བའི་དུས་མེད་པའི་སྒྲུབ་བྱེད་དུ་བཀོད་ན་བསྒྲུབ་བྱ་སྒྲུབ་བྱེད་མཉམ་པའི་སྐྱོན་འབྱུང་པས་མི་རུང་ངོ།།
བུམ་པ་ཞེས་བརྗོད་འདོད་ནས་ཀ་བ་ཞེས་བརྗོད་པའི་སྒྲའི་བརྗོད་བྱ་བུམ་པ་མ་ཡིན་པར་ཐལ། དངོས་སུ་ཀ་བ་བརྗོད་པའི་ཕྱིར། འདོད་ན། སྒྲ་ནི་བརྗོད་འདོད་རྗེས་འབྲངས་ཕྱིར།།མ་བརྗོད་ན་ཡང་འདོད་པ་ཡིན།།ཞེས་གསུངས་པ་ལྟར་བུམ་པ་ཞེས་དངོས་སུ་མ་བརྗོད་ན་ཡང་བརྗོད་འདོད་གཙོ་བོ་ཡིན་པས་སྒྲ་དེའི་བརྗོད་བྱ་བུམ་པ་འཇོག་པ་ཡིན།
ལེགས་བཤད་ཁྱོད་ཀྱིས་རྣམ་འགྲེལ་རྩ་བ་ན་ཚུལ་གསུམ་ཚང་བའི་སྦྱོར་བ་བཀོད་པ་མི་སྣང་བའི་ཕྱིར། ཞེ་ན། རྣམ་འགྲེལ་ལས། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི།།གཏན་ཚིགས། ཅེས་ཚུལ་གསུམ་ཚང་བའི་གཏན་ཚིགས་ཡང་དག་གི་མཚན་ཉིད་བསྟན་པ་མ་ཡིན་ནམ།
ལེགས་བཤད་ལགས་ངོ་མ་ཐུགས་རྗེ་ཆེ་ངོ་མ་བཤད་ནོ་བདེན་ཀི། ཡིན་ནའང་བོད་པའི་རྩོད་པའི་སྲོལ་དེ་ཡི་དགོས་དོན་གཙོ་བོ་ནི་ཚེ་སྔ་ཕྱི་རྟོགས་ཆེད་དང་ལས་རྒྱུ་འབྲས་ལ་ཡིད་ཆེས་ཡོང་ཆེད་དང་དེ་བཞིན་འབྲས་བུ་རྣམ་མཁྱེན་ཡོད་པར་བསྒྲུབ་པའི་ཆེད་དུ་དང། རང་རྒྱུད་ཀྱི་མ་རྟོགས་ལོག་རྟོག་གཞོམ་བྱེད་དང། དེའང་གཙོ་བོ་རང་སེམས་འདུལ་བྱེད་ཅིག་ཡི་་པར་བཤད་་ཞིན་ཡོད་མོད། མི་དེའི་རིགས་ནི་དེ་ལས་བཟློག་སྟེ་ཆོས་ལུགས་དང་མི་རིགས་ཀྱི་ཆགས་སྡང་ཆེ་བ་དང། རྒྱུ་འདོད་ཆེ་བ་དང། གཡེམ་ལ་དགའ་ཆེ་བ་དང། རྣམ་རྟོག་སྟེ་ལོག་རྟོག་ཇེ་ཆེ་ཇེ་ཆེ་ཞིག་ལས་ཉོན་མོངས་ཀྱི་མདོག་ཙམ་ཅིག་ཀྱང་ལོག་གི་མི་འདུག་བྱས་བང་གང་འདྲ་ཞིག་མི་་བསམ་པ་ཞིག་སྐྱེས་ཡོང་གི་འདུག དཔེར་ན་དགེ་འདུན་པ་དེ་ཚོར་སྐྱ་བོ་ལས་ཀྱང་ལྷག་པའི་སྣུམ་འཁོར་གོང་ཆེན་དང་ཁ་པར་ལག་འདོགས་ཀྱང་ཨ་ཡི་ཕོན་དང། གློག་ཀླད་ཀྱང་ཀུ་ཤུའི་རྟགས་ཅན་ཡོད་འདུག་དེ་ནི་འདོད་ཆུང་ཆོག་ཤེས་མེད་པའི་རྟགས་སུ་ངེས། དེད་སང་གི་དགེ་བཤེས་ཤས་ཆེར་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་ཆོག་ཤེས་ཀྱི་བསམ་པ་མེད་དེ། ཁྱོད་ལ་འཇིག་རྟེན་ཐ་མལ་བ་ལས་ཀྱང་ལྷག་པའི་རྒྱུ་འདོད་ཆེ་བ་ཡོད་པའི་ཕྱིར། རྟགས་འདི་ལ་ཚུལ་གསུམ་ཚང་མིན་ཁོང་རང་ཚོས་མཁྱེན་གྱི་རེད།
ལེགས་བཤད་ལགས། བརྗོད་པ་པོའི་བརྗོད་འདོད་དང་ཉན་པ་པོའི་ཉན་འདོད་གཉིས་ཚོགས་པ་ན་དོན་གོ་བར་འགྱུར་བ་ལས་བརྗོད་པ་པོ་གཅིག་པུའི་ཞེ་འདོད་ཀྱིས་བརྡ་སྤྲོད་མི་ཐུབ། ལུང་དེའི་དོན་སྒྲ་ནི་བརྗོད་འདོད་ཀྱི་རྗེས་སུ་འབྲངས་བ་ཙམ་ཡིན་པར་སྟོན་པ་ཡིན་ལས་དོན་ལ་གོ་བ་སྟེར་མིན་གྱི་དོན་མིན།
ཐུགས་རྗེ་ཆེན་པོ་དང་སྙིང་རྗེ་ཆེན་པོ་གཉིས་ལ་ཁྱད་པར་བརྒྱད་ཀྱིས་སྒོ་ནས་བཤད་པ་དེ་དག་སེམས་ཅན་ཚང་རྒྱ་བའི་དུས་མེད་པའི་སྒྲུབ་བྱེད་དུ་བཀོད་ན་བསྒྲུབ་བྱ་སྒྲུབ་བྱེད་མཉམ་པའི་སྐྱོན་འབྱུང་པས་མི་རུང་ངོ།། ཞེས་རང་གྲོལ་ལགས་ཀྱིས་གསུངས་པ་ལ་འོ་ན། ཐེག་ཆེན་གྱི་སྙིང་རྗེ་ཆེན་པོའི་ཡུལ་ལ་རང་ལས་དམན་པའམ་ཉམ་ཐག་པ་འཇོག་ན། བྱང་སེམས་ཚོགས་ལམ་པའི་སྙིང་རྗེ་དེ་སེམས་ཅན་ཐམས་ཅད་ལ་དམིགས་པའི་སྙིང་རྗེ་མ་ཡིན་པར་ཐལ། དེའི་ཡུལ་ལ་སེམས་ཅན་ཐམས་ཅད་མི་ཡོང་བའི་ཕྱིར་ཏེ། བྱང་སེམས་འཕགས་པ་མི་ཡོང་བ་གང་ཞིག དེ་སྡུག་བསྔལ་གྱིས་མནར་བ་མ་ཡིན་པའི་ཕྱིར། དམིགས་མེད་ལ་དམིགས་པའི་སྙིང་རྗེ་སྙིང་རྗེ་ཡིན་ནམ་མིན་འདི་ལ་ལན་ཅིས་འདེབས།
DorJee རྡོ་རྗེ་ལེགས། ཁྱད་པར་དུ་རྡོ་རྗེ་དབང་ཕྱུག་དང་དགེ་འདུན་རབ་གསལ། ཐུབ་བསྟན་སྦྱིན་པ་ལ་སོགས་བོད་ཀྱི་བརྡ་སྤྲོད་ལ་ལོག་འགྲེལ་བྱེད་མཁན་ཚོར་ཕན་ངེས། གཞན་རྒན་ལགས་ཀྱིས་སྤྱོད་འཇུག་ལས་ཚིག་ཅིག་ལུང་དྲངས་ནས་ནོར་ཚུལ་གསུངས་པ་ནི་མ་བདེན་པ་སྟེ། ནག་ཚོ་ལོ་ཙ་བས་། འ་ཆུང་གཏགས་ཐུབ་མ་སོང་དགོངས་དག་ཞུ། ནག་ཚོ་ལོ་ཙ་བས་རྒྱ་གར་སློབ་དཔོན་ལ་གཙང་རྟ་ནག་ཏུ་བོད་སྐད་ཁྲིད་སྐབས་ ཐེངས་ནི་ལན་དང་ཚར་ལ་འཇུག། དཔེར་ན་ལན་ཅིག་ཚར་ཅིག་ལ།། ཐེངས་གཅིག་ཐེངས་ཅིག་འདམ་ང་དང་།། དེ་བཞིན་ལན་མང་ཚར་མང་ལ།། ཐེངས་མང་ཟེར་པ་ཐུགས་ལ་བཟུང་ཞེས་མ་གདམས་སམ། སྐུ་ཉིད་ཀྱིས་བཀོད་པ་དེ་དག་ལ་སླར་རང་བློ་ལ་སྦྱོང་བརྡར་བྱེད་པ་ལ་ཕན། རང་རེས་སངས་རྒྱས་བར་དུ་ནོར་འཁྲུལ་བྱེད། བདག་ནི་ཉོན་མོངས་ཀྱི་སྣོད་ཅིག་ཡིན། ལྷག་པར་དུ་གོང་གསལ་མཁས་པ་རྣམས་ཀྱིས་བོད་ཀྱི་བརྡ་སྤྲོད་ལ་ལོག་བྱེ་མཁན་ཙམ་སྨོས་པ་མི་ཕན། དེ་རྣམས་བོད་དང་ཨིན་སྐད་དག་ལ་སྦྱངས་པའི་སྐྱེས་བུ་ཡིན་ན། ཁོང་རྣམས་ཀྱིས་བོད་ཀྱི་བརྡ་སྤྲོད་འདི་དང་འདི་ལ་ལོག་པར་འགྲེལ་ཟུར་དུ་དགར་ནས། འགྲེལ་ཀྱིས་ཁོང་དག་གིས་རང་གི་བྲིས་པ་ལ་ཞུས་དག་བྱེད་པ་དང་། གཞན་བོད་ཀྱི་སྐད་ཡིག་ཀློག་པོ་རྣམས་ལ་ཡང་ཕན་ངེས། དེ་ལྟར་མ་ཡིན་པར་༼བོད་ཀྱི་བརྡ་སྤྲོད་ལ་ལོག་འགྲེལ་བྱེད་མཁན་༽མཁས་པའི་བྱ་བ་ཞིག་ཏུ་དཔྱོད་ལྡན་རྣམས་ཀྱི་མ་རྩི། རྡོ་རྗེ་དབང་ཕྱུག་ཅེས་པ་མཁར་སྟོད་པ་བོད་སྐད་ཀྱི་བྱ་ཚིག་རྣམ་བཞན་ཁུ་ནུ་བླ་མ་རིན་པོ་ཆེའི་ཞབས་ལ་གཏུགས་ནས་བྲིས་པ་དེ་ཡིན་ནམ། ཁོང་ད་ལྟ་སྐུ་ག༷ཤེགས་ནས་ལོ་མང་སོང་། རང་རིའི་ཁ་བརྡའི་སྟེང་དུ་བགྲོ་གླེང་གིས་བོད་རིག་གཞུང་གོང་འཕེལ་ལ་ཕན་པ་རང་རེ་ཚང་མས་བསམ་དགོས་སོ།།
བན་དེ་བ་ལགས། མིའི་འདོད་རྔམ་ཟེར་བ་དེ་ཐར་བའི་བཟློག་ཕྱོགས་སུ་གྱུར་བ་ཡིན་ད་ཡིན། ཡིན་ཡང་ད་ལྟའི་གཉན་འཕྲང་ཅན་གྱི་དུས་ཚོད་འདིར་ཉོན་མོངས་དུག་གསུམ་ལ་ཁ་གཏད་གཅོག་དགོས་པ་གཙོ་བོ་ཡིན་ནམ། ཡང་ན་ཐོས་བསམ་སློབ་གཉེར་གཙོ་བོར་འཛིན་དགོས་པ་ཡིན། དགག་བྱ་དང་དགོས་པ་གཉིས་ཀྱི་ནང་ནས་དགོས་པ་ལ་བསམ་བློ་བཏང་ན་འུ་ཚང་གི་མཁས་པ་ལ་ལ་གཡེམ་ལ་དགའ་ཆེ་བ་དང་རྣམ་རྟོག་རྒོད་པོ་ཡིན་ཡང་དོན་གྱི་གནད་མི་འཕྱུགས་པ་གལ་ཆེན་པོ་རེད་བསམ་གི་ཡོད། སྐྱེ་བོ་སྒེར་ལ་བསམ་བློ་བཏང་ནའང་ཉོན་མོངས་ལ་ཁ་གཏད་གཅོག་པ་སྒེར་དོན་རེད་མ་གཏོགས་སྤྱི་དོན་མ་རེད། སྨྲ་ཤེས་དོན་གོ་བའི་བོད་མི་ཞིག་ཡིན་ན་ཁོ་ལ་དགོས་རྒྱུ་དེ་ག་རེ་རེད། དེའི་ཕྱོགས་ནས་བསམ་བློ་གཏོང་བ་གལ་ཆེ་བས་ག་དུས་ཡིན་ཡང་རིག་པའི་གཞུང་ལུགས་ཤིག་གམ་གཙོ་བོར་སྤྱི་དོན་གྱི་ཆ་ནས་གླེང་ན་དགེ་མཚན་ཆེ་བཤད་གི་ཡོད།
མང་དུ་ཐོས་པ་ཅན་རང་གྲོལ་ལགས། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི།།གཏན་ཚིགས། ཞེས་པས་ཚུལ་གསུམ་ཚང་བའི་གཏན་ཚིགས་ཡང་དག་བསྟན་ཀྱང་། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་པའི་སྦྱོར་བ་དངོས་སུ་བཀོད་ཡོད་དམ་མེད་ཅེས་དྲིས་པ་ཡིན། རྗེ་མི་ལས། ཚད་མ་ཚད་མིན་ངས་མི་ཤེས།།བླ་མར་ཚད་མར་བཟུང་ན་ཚད་མ་ཡིན།།ཞེས་པའི་དོན་ལའང་སྣང་ཆུང་མེད་པར་བསམ་བློ་བཏང་ན་ཚད་མའི་གཞུང་ལ་སྦྱངས་བའི་དགོས་པ་གཙོ་བོ་ག་རེ་རེད། དོན་ལ་མི་འཁྲུལ་བའི་ཚད་མ་རང་གི་རྒྱུད་ལ་སྐྱེ་རྒྱུ་དེ་མ་ཡིན་ནམ།
ལེགས་བཤད་ལགས། ་བསྟན་ན་དངོས་སུ་སྟོན་མི་དགོས་སོ།། རྗེ་མི་ལ་རས་པས། འདུལ་བ་འདུལ་བ་ངས་མི་ཤེས། རང་སེམས་གྱོང་བོ་འདི་འདུལ་ན་འདུལ་བ་ཡིན། ཞེས་གསུངས་སོ།།
ལེགས་བཤད་ལགས་ཀྱིས། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི།། གཏན་ཚིགས་་་ ཞེས་པས་ཚུལ་གསུམ་ཚང་བའི་གཏན་ཚིགས་ཡང་དག་བསྟན་ཀྱང་། གསུངས་པ་ལ་ ཕྱོགས་བོན་རྗེས་ཁྱབ་ལྡོག་ཁྱབ་གསུམ་བསྟན་པ་ཙམ་གྱིས་གཏན་ཚིགས་ཡང་དག་རང་བསྟན་བཞག་པ་ཨ་ཡིན་ན། ཚུལ་གསུམ་ཚང་དང་མི་ཚང་གི་རྣམ་བཞག་མ་གཏོགས་གཏན་ཚིག་ལྟར་སྣང་ལའང་ཚུལ་གསུམ་གྱི་འགྲོ་སྟངས་འདི་གླེང་དགོས་པ་མ་ཡིན་ནམ། ཡང་ན་ཚུལ་གསུམ་སྟོན་བྱེད་ཀྱི་གཞུང་ཚིག་དང་རྟགས་ཡང་དག་སྟོན་བྱེད་ཀྱི་གཞུང་ཚིག་གཉིས་གཅིག་དུ་བྱས་ན་འགྲིག་གམ། བཀའ་འདྲི་ཙམ་ཡིན་ནོ། །
ཚད་མ་རིག་པར་པར་བྱང་ཞིང་གོམས་པའི་མཁས་དབང་ཚོས་བློ་བསྐྱེད་དང་རྒྱབ་སྐྱོར་ལམ་སྟོན་སོགས་བྱས་པར་སྙིང་ནས་བཀའ་དྲིན་ཞུ། ང་ཚོ་མུ་མཐུད་དུ་དྲ་ཐོག་ནས་མཇལ་ངེས་ལ་མ་འོངས་པ་ནས་ངོ་ཤེས་ནས་གྲོགས་པོ་དང་གྲོགས་པ་ནས་བློས་ཐུབ་ལ་འགྱུར་བའི་རེ་བ་དང་ཡིད་ཆེས་ཡོད། ང་ནི་པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་འཛིན་སྐྱོང་དྲུང་ཆེ་ཟུར་བ་ཡིན་ལ། ད་ལྟ་ལས་མེད་དུ་རྡ་རམ་ས་ལའི་ཉེ་འགྲམ་ནོར་གླིང་དུ་བསྡད་ཡོད། འདི་ཕྱོགས་སུ་ཡོང་མཁན་ཡོད་ན་ང་ཚོ་ངོ་ཐུག་སྲིད་གི་རེད། རྣམ་པ་ཚོ་བཀའ་དྲིན་ཆེ།
༤༥༽ རང་གྲོལ་ནས། སྤྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༥ གི་ཆུ་ཚོད་ ༡༢ སྐར་མ་ ༣༠ ཀརྡོ་འདི་ལ་རང་འགྲེལ་ཞིག་རྩོམ་རོགས། རྫས་རྒྱུན་མེད་པར་རྫས་རྒྱུན་གྱི། ། ཉེར་ལེན་མེད་པར་ཕྱིར་ཡང་འགྲུབ། ། ཞེས་པའི་ལན་དུ། ལུས་སེམས་གང་རུང་གི་རྫས་རྒྱུན་ལ། ཡང་ན། ལུས་ཡིན་ན་ལུས་ལ་ལུས་རང་གི་རྫས་རྒྱུན་སྔ་མ་སྔོན་དུ་སོང་ཡོད་པས་ཁྱབ་པ་དང་། ཡང་ན། རྣམ་ཤེས་ལ་རྣམ་ཤེས་ཀྱི་རྫས་རྒྱུན་སྔ་མ་སྔོན་དུ་སོང་བས་ཁྱབ་པར་འདོད་པ་ཡིན། འོནད་ཀྱང་། ལུས་ཀྱི་རྫས་རྒྱུན་ཡིན་ན་ལུས་ཀྱི་རིགས་རྒྱུན་ཡིན་པས་མ་ཁྱབ་པ་ཡང་ཤེས་དགོས་པ་གནད་ཆེའོ། །འདིར་མདོར་བསྡུས་ཙམ་དུ་རང་འགྲེལ་དུ་བྱས་པ་འདིའོ། །
ཀརྡོ་ལགས། ཁྱོད་ཀྱིས། ་རྫས་རྒྱུན་མེད་པར་རྫས་རྒྱུན་གྱི། ། ཞེས་པའི་རྩ་ཚིག་འདིས་དངོས་པོ་ཐམས་ཅད་ལ་ཁྱབ་འདུག་ཀྱང་། རང་འགྲེལ་སྐབས་སུ་ལུས་སེམས་གཉིས་མ་གཏོགས་བསྟན་མེད་པ་འདི་ཅི་ལ་དགོངས་ནས་མ་གསུངས་པ་ཡིན་ལགས།
ལ་དྭགས་བློ་བཟང་འཇམ་དཔལ་ལགས། དངོས་པོ་ཡིན་ན། རང་རྒྱུ་སྔོན་དུ་སོང་བས་ཁྱབ་ནི་རེད་ལགས། རྒྱུ་སྔོན་སོང་སྒྲུབ་ཀྱི་འབྲས་རྟགས་ལ་གཟིགས་དང་།
རང་གྲོལ་ལགས། སློབ་དཔོན་ཆོས་ཀྱི་གྲགས་པས། རྣམ་ཤེས་ཡིན་ན་ཉེར་ལེན་རྣམ་ཤེས་ཡོད་པས་ཁྱབ་པ་གསུངས་ཚར་འདུག དེང་སང་ཚན་རིག་དར་བ་དང་ལུས་ཀྱི་རིགས་རྒྱུན་སྔ་མ་ཆད་པ་ཡོད་ན་ཡང་། རྫས་རྒྱུན་སྔ་མ་ཡོད་པས་ཁྱབ་བམ་མ་ཁྱབ་སྙམ་པ་དེ་དག་གི་ཆེད་དུ་བྱས་པའོ། ། རང་གྲོལ་ཁྱེད་ལྟ་བུའི་རིགས་པ་སྨྲ་བ་ལ་སྨྲས་མི་དགོས་ཀྱང་། རིགས་རྒྱུན་དང་རྫས་རྒྱུན་སོ་སོར་འབྱེད་པ་དཀའ་བ་རྣམས་ལ་ཕན་ཐོགས་ཅུང་ཟད་ཅིག་རེ་ནས་ཚིག་བསྒྱུར་བྱས་པའོ། །དགེ་བར་འགྱུར་ཅིགུ །
BONPO བོན་པོ་ལགས། ཕྱོགས་བོན་དེ་ཆས་ཁྱབ་པ་ཡི།། གཏན་ཚིགས། འདིའི་སྐབས་སུ་ ཕྱོགས་བོན་ཞེས་པས་ཕྱོགས་བོན་དང་དེ་ཆས་ཁྱབ་བ་ཡི་ཞེས་པས་རྗེས་ཁྱབ་དངོས་སུ་བསྟན་ནས་ལྡོག་ཁྱབ་ཤུགས་ལ་བསྟན་པ་ཡིན་པས། དེས་ན་ཚུལ་གསུམ་ཡིན་པ་རྟགས་ཡང་དག་གི་མཚན་ཉིད་ཅེས་སྟོན་པ་ལ་གཏན་ཚིགས་ཅེས་པའི་གཞུང་འདི་བྱུང་བ་ཡིན་ནོ།།
ཀརྡོ་ལགས། ཁྱོད་ཀྱིས་དགོངས་གཞི་བསམ་གྱིས་མི་ཁྱབ་པ་རེད་འདུག ཡིན་ནའང་ས་རྡོ་རི་བྲག་སོགས་ལ་རྫས་རྒྱུན་སྔ་མ་ཡོད་མེད་ཤེས་འདོད་ཅན་གྱི་གདུལ་བྱ་ཞིག་བྱུང་ན་དེ་ལ་ཐུགས་དགོངས་མ་བཞེས་པ་ཅི་ལ་དགོངས་ལགས། ་ཚན་རིག་གིས་རིགས་རྫས་རྒྱུན་སྔ་མ་ཇི་ལྟར་གྲུབ་མིན་ནི་DNA Cells སོགས་ལ་རགས་ལས་བར་བཤདལ། དེ་ནང་པའི་རིགས་རྒྱུན་དང་མི་འདྲ། སྤྱིར་རིགས་ཅེས་པ་རིགས་འདྲ་ལ་བྱེད་ན་རིགས་རྒྱུན་སྔ་མ་སྔོན་དུ་སོང་པའི་མ་ཁྱབ་པ། རྣམ་འགྲེལ་ལེའུ་གཉིས་པར་སྐྱེ་བ་སྔ་མ་ཡོད་པར་སྒྲུབ་པའི་སྐབས་སུ། ཐ་མལ་པ་སྐྱེས་མ་ཐག་པའི་རིག་པ་ཆོས་ཅན། རིག་པ་སྔ་མ་སྔོན་དུ་སོང་སྟེ། རིག་པ་ཡིན་པའི་ཕྱིར། ཞེས་རིགས་ལ་སྦྱར་མི་རུང་པའི་རྒྱུ་མཚན་གྱིས་ཤེས་སོ།།
གཟུགས་ཅན་ཡིན་ན། རང་གི་ཉེར་ལེན་རྫས་རྒྱུན་སྔོན་དུ་སོང་བས་ཁྱབ་ན། ཤེས་པ་ཡིན་ན་ཡང་། རང་གི་རྫས་རྒྱུན་སྔོན་དུ་སོང་བ་དོན་གྱིས་གྲུབ་པས། སྐྱེ་བ་སྔ་མ་སྔོན་དི་སོང་བ་དེས་སྒྲུབ་ཐུབ་ལ། སྐྱེ་བ་སྔ་མ་ཡོད་པས་ཤུགས་ཀྱིས། སྐྱེ་བ་ཕྱི་མ་ཡང་གྲུབ་པས། ངས་དགོས་དོན་དེ་གས་ཚང་བ་ཡིན་ནོ། ཨེ་མ་ཧོ། ངོ་མཚར་ཆེ།
རྩོད་དགོས་ས་ནས་ཕམ་པའམ་ལྟུང་བའམ་ལྷག་མའི་དབང་གིས་ལུས། རྩོད་མི་དགོས་ས་ནས་ཞེ་སྡང་དང་གཏི་མུག་དང་མ་རིག་པས་སྒྲིབ། བྱིས་བློ་ལས་མ་འདའ་བའི་འདི་དག་གིས་ཁ་བརྡ་ཡི་ནང་ནས་དངོས་པོའི་དེ་ཉིད་གླེང་། གློག་ཀླད་ཀྱི་ནང་ནས་ང་ཡི་ཀླད་པ་ནང་གི་དགོད་སྒྲ་དེ་མར་ལ་བཀོད།
ཅོག་རོང་གི་མྱི་ལ། དང་པོ་ཉིད་ནས་སྐྱོན་བྲལ་མི་ཞིག་རྙེད་པར་དཀའ།། རང་ཉིད་བྱིས་པའི་བློ་ལས་སོར་གང་མི་འདའ་ཡང་།། གཞན་གྱི་ཡོན་ཏན་ལེན་པ་ཡ་རབས་ལུགས་ཡིན་པས།། དེ་ནི་ལུགས་དང་མཐུན་ལ་སྨྲ་བརྗོད་རང་དབང་རེད།།
རང་གྲོལ་ལགས། སྐུ་ཉིད་ཀྱིས་གཞུང་ཚིག་དེའི་འགྲེལ་བརྗོད་ལེགས་པར་གནང་བར་སྙིང་ནས་བཀའ་དྲིན་ཆེ་ཞུ། བོན་གཞུང་གཞི་ཡེ་སངས་རྒྱས་པའི་རྒྱུད་ལས། རྗེས་དཔག་ཚད་མས་མཛོད་ལ་རྣམ་དཔྱོད་ན། ཞུག་འཇུག་ལྡོག་པའི་ཤེས་རབ་དག་པས་རྟོགས། ཞུག་པ་ཡུལ་ལ་ཕྱོགས་གཅིག་བོན་དུ་བཟུང་། འཇུག་པ་དཔེ་ལ་གོམས་པས་རྗེས་སུ་ངེས། ལྡོག་པ་མི་མཐུན་ཕྱོགས་ལ་མེད་པར་མཁྱེན། ཞེས་པའི་གཞུང་ཚིག་འདི་ཚུལ་གསུམ་སྟོན་བྱེད་ཀྱི་གཞུང་ཚིག་རྙིང་པ་ཞིག་ཡིན་པར་གསུངས་ཀྱི་འདུག། བན་གཞུང་ཚད་མ་རྣམ་འགྲེལ་ལས། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། །གཏན་ཚིགས་དེ་ནི་རྣམ་གསུམ་ཉིད། །མེད་ན་མི་འབྱུང་ངེས་ཕྱིར་རོ། །གཏན་ཚིགས་ལྟར་སྣང་དེ་ལས་གཞན། གསུངས་པ་འདི་རྣམས་ལ་བསམ་ན་ང་ཚོ་བོད་ལ་ཚད་མ་རིག་པ་ས་སྟེང་འདིར་རྙེད་པར་དཀའ་བ་ཞིག་གཏན་གཏན་ཡོད་ཐག་ཆོད་རེད་འདུག། ཚད་མ་རྣམ་འགྲེལ་འདི་བོད་ཡུལ་དུ་ག་དུས་ཙམ་ཞིག་ལ་དར་བ་ཡིན་ནམ། །
བོན་པོ་ལགས། དུས་རབས་དགུ་པའི་ནང་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་གདན་འཛོམས་ཏེ། ཚད་མ་ཀུན་བཏུས་དང་སྡེ་བདུན་བོད་སྐད་དུ་བསྒྱུར་ཅིང་། དུས་རབས་བཅུ་གཅིག་པའི་ནང་་རྨ་དགེ་བའི་བློ་གྲོས་དང་། ལོ་ཙཱ་བ་བློ་ལྡན་ཤེས་རབ་སོགས་ཀྱིས་ཚད་མ་རྣམ་འགྲེལ་གྱི་འགྲེལ་བ་ལྷ་ཤག་གིས་མཛད་པ་སོགས་ཀྱང་བསྒྱུར་བ་ཡིན།
བར་མ་དོ་ཡི་གནས་སྐབས་སུ་གཟུགས་ཀྱི་རྫས་རྒྱུན་ཡོད་དམ་མེད། གཟུགས་ཀྱི་རྫས་རྒྱུན་ལ་གཟུགས་ཀྱི་རིགས་རྒྱུན་གྱིས་མ་ཁྱབ་པ་འཇོག་ན་ག་འདྲ་ཞིག་འཇོག་དགོས་སམ།
གཟུགས་ཀྱི་རྫས་རྒྱུན་ཡིན་ན། གཟུགས་ཡིན་པས་མ་ཁྱབ། དབྱིབས་གཟུགས་མེད་པའི་རེག་ནུས་ཙམ་ཡིན་པ་ཡོད་ཆོག་སྙམ་ལགས། དཔེར་ན་ཕ་ཡི་ཁུ་བས་བུ་ཡི་རུས་པའི་རྫས་རྒྱུན་བྱས་པ་བཞིན་ནོ། །
ཀ་གཉེར་ལགས། ཁྱབ་བམ་མ་ཁྱབ་ཅེས་པ་འདི་ངའི་དྲི་བ་མིན། མིང་མེད་ཀྱི་འོག་ནས་དེའི་ཐག་གཅོད་ཀྱང་བྱེད་དཀའ། ངའི་དྲི་བ་ཅུང་ཙམ་ཁ་གསལ་དུ་བཏང་ནས་མདོར་དྲིལ་ནས་ཞུས་ན། འདོད་པའི་བར་སྲིད་པ་ཞེས་པ་འདི་དང། གཟུགས་ཀྱི་བར་སྲིད་པ་ཞེས་པ་དེ་དག གཟུགས་ཅན་ཞིག་ཡིན་ནམ་གཟུགས་མེད་པ་ཞིག་ཡིན། གལ་ཏེ་དེ་དག་ཡིད་གཟུགས་ཀྱི་རང་བཞིན་ཅན་ཞིག་ཡིན་ན། སྔ་མའི་གཟུགས་ཀྱི་རྫས་རྒྱུན་དེ་གང་གི་སྟེང་དུ་འཇོག་ཅེས་པ་འདི་ཡིན། རེག་ཅེས་བྱ་བ་འདི་གཟུགས་ཀྱི་སྟེང་དུ་འཇོག་པ་ལས་གཟུགས་མེད་པའི་ཤེས་པས་ཇི་ལྟར་རེག བར་སྲིད་ཀྱི་གནས་སྐབས་ཀྱི་གཟུགས་ཀྱི་རྫས་རྒྱུན་དེ་བེམ་པོ་དང་ཤེས་པ་ལྡན་མིན་འདུ་བྱེད་གསུམ་གྱི་ནང་ནས་གང་ཡིན།
རང་གྲོལ་ལགས་ཀྱིས། དབང་པོ་ཀུན་ཚང་ཐོག་མེད་ཡིད་ཀྱིས་རྒྱུ། ཞེས་ལུང་དྲངས་འདུག་པ་དེའི་དངོས་དོན་གང་ཞིག་ཡིན། བར་སྲིད་ལ་ངོ་ཐོག་མིག་ནས་ཡིད་ཀྱི་བར་གྱི་དབང་པོ་ཀུན་ཡོད་པའི་དོན་ཡིན་ནམ། ཡང་ན་དེ་དག་ཡོད་པའི་སྣང་བ་དང་བཅས་པ་ཙམ་ཡིན། དེའི་གསུང་ལན་ཞིག་བསྐྱོན་རོགས། དེའི་སྐབས་ཀྱི་གཟུགས་ཀྱི་རྫས་རྒྱུན་ཁ་གསལ་བྱས་ནས་གསུངས་གནང་རོགས།
སྟག་ར་ལགས། བར་སྲིད་པ་ལ་མིག་གི་དབང་པོ་ནས་ལུས་ཀྱི་དབང་པོ་བར། གཟུགས་ཅན་དབང་པོ་དེ་དག་དང་བཅས་པ་ལྡན་པའི་དོན་རེད་ལགས། དེས་ན་དབང་པོ་དེ་དག་མིག་ཤེས་ཀྱིས་བཟུང་བྱ་དང་ལུས་ཤེས་ཀྱིས་མྱོང་བྱ་ལྟ་བུ་དེ་འདྲ་མིན་པ་ནི། མཛོད་ལས། བསྟན་ཡོད་འདིར་ནི་གཟུགས་གཅིག་པུ།།ཐོགས་དང་བཅས་པ་གཟུགས་ཅན་བཅུ།།ཞེས་གསུངས་པ་ལས་རྟོགས་ནུས་པས། སྣང་བ་ཙམ་དང་དབྱིབས་གཟུགས་རེག་བྱ་སོགས་ལ་འཁྲུལ་མི་རུང་།
བར་སྲིད་ཀྱི་དབང་པོ་སོགས་ནི། གཟུགས་ཕྲ་མོ་ཡིན་པར་འདོད་དགོས། འདོད་པའི་དྲང་སྲོང་ཞིག་གཟུགས་ཁམས་སུ་སྐྱེས་དུས། གཟུགས་ཀྱི་ལྷ་དེ་ཡི་གཟུགས་ཁམས་ན། དྲི་རོ་འཛིན་པའི་དབང་པོའི་རྒྱུན་མེད་པར་གསུངས་ཡོད་སྙམ། དེའི་སྟེང་དུ་གཟུགས་མེ་ལྷར་སྐྱེས་ན། གཟུགས་ཀྱི་རྫས་རྒྱུན་ཆད་འདོད་དགོས་སམ། ཡང་ན། གཟུགས་ཀྱི་རྫས་རྒྱུན་གཟུགས་མེད་ཀྱི་རྣམ་ཤེས་ཀྱི་སྟེང་དུ། འདོད་གཟུགས་ལ་སྐྱེ་བར་འགྱུར་བའི་རྣམ་སྨིན་གྱི་ལས་ཀྱི་ངོ་བོར་ཡོད་པར་འདོད་དགོས་སམ། དེ་ནས་ཤོད་དཀའ་ཙམ་འདུག
གངས་དཀར་ལགས། ཁ་དོག་དཀར་དམར་འཛིན་གྲ་ལ་ཕེབས་རོགས་ཀྱིས། ད་དུང་ཁྱོད་ཀྱིས་རིགས་ལམ་་སྦྱང་དགོས་ཀྱི་འདུག
གངས་དཀར་རྒྱལ་སྲས་ལགས། སྐྱེ་བ་སྔ་ཕྱི་བཞག་ཕྱིན་ཆད་སྐྱེ་བ་ལ་ཐོག་མ་འཇོག་གི་མ་རེད། སྐྱེ་འགག་ཅེས་པའི་གོ་དོན་ནི། མེད་པ་ནས་ཡོད་པར་གྱུར་བ་ལ་སྐྱེ་བ་ཟེར་གི་རེད། ཡོད་པ་ནས་མེད་པར་གྱུར་བ་ལ་འགག་པ་ཟེར་གི་ཡོད་པ་རེད། འདིའི་གོང་ན་འདུས་བྱས་གང་ཡང་མེད་ཅེས་ལབ་ཐུབ་ན་སྐྱེ་བ་ལ་ཐོག་མ་ཡོད་ལབ་ན་འགྲིག་གི་རེད། དེ་མིན་སྟོང་བཤད་རང་རེད།
གངས་དཀར་རྒྱལ་སྲས་ལེགས། ད་ལྟ་ང་འདིར་བྱེས་པ་ལྟ་བུ་ཡིན། སྟབས་ལེགས་ཀྱིས་དྲ་རྒྱ་འདི་ལྟ་ཐུབ། ཁྱེད་ཀྱིས་བྲིས་པའི་༼འདུས་བྱས་ཤིག་ཡིན་ན་ཐོག་མ་ཡོད་པའི་ཁྱབ།༽ ཁྱེད་ཀྱི་གྲྭ་ཚང་གི་བསྡུས་གྲྭ་སོགས་ན་ཡོད་པས་ཁྱབ་ཡོད་ངེས། ་དཔེ་ཆའི་དག་ཆ་དེ་དག་ལ་ལེགས་པར་གཟིགས་དགོས། དེ་ཡང་ཁ་རྒྱུན་དུ། པས་ལ་པའི་དང་། པའི་ལ་པས་འབྲི་བ་སོགས་སྦྱོར་ཀློག་གནའ་བོའི་འབོད་སྟངས་ལྟར་མ་སྦྱངས་པའི་སྐྱོན་དུ་མཐོང་། ངས་ལོ་ཁ་ཤས་རིང་ཀོ་ལམ་བི་ཡ་སློབ་གྲྭ་ཆེན་མོར་གནའ་བོའི་འབོད་སྟངས་བཞིན་སློབ་པ་ལ་སྒྲོ་བཏགས་ནས། ལ་དྭགས་ཀྱི་འབོད་སྟངས་སློབ་པར་སྐད་གྲགས་བྱུང་བའི་གནས་ཚུལ་བྱུང་དུས་ལ་དྭགས་ཀྱི་འབོད་སྟངས་རྐྱང་རྐྱང་མ་ཡིན། བོད་ཀྱི་སྔོན་གྱི་འབོད་སྟངས་ཡིན། ཡིད་མ་ཆེས་ན། ལོ་ངོ་བརྒྱ་ཕྲག་མང་པའི་སྔོན་དུ་བོད་ཀྱི་སྒྲ་འབོད་ཚུལ་སྐྱོབ་པའི་ཕྱིར་དུ། རྗེ་བཙུན་བསོད་ནམས་རྩེ་མོས་བྲིས་པའི་བྱིས་པ་བདེ་བླག་ཏུ་འཇུག་པའི་ཡི་གེ་བཀླག་ཐབས་ལ་གཟིགས་དགོས། ཞེས་བཤད། འདིར་བྲིས་པ་དག་ཆ་ནོར་པ་དག་ལ་ཡང་ཞུས་དག་ཐུབ་ན། ང་དང་གཞན་ལ་ཡང་ཕན། དེ་དག་གིས་བོད་ཀྱི་དག་ཆ་ལ་ཕན་ནོ།།
གངས་དཀར་ལགས། བསྡུས་གྲྭའི་འཛིན་གྲྭ་ཚར་རྗེས་སུ་འདུས་བྱས་དང་འདུས་མ་ཆོས་ཀྱི་ཐོག་བགྲོ་གླེང་བྱེད་རོགས་ཞུ།
གངས་དཀར་ལགས་དགོངས་དག་ངས་ཁྱེད་ལ་ཅུང་ཚིག་མ་བདེ་ཞིག་ལབ་སོང་བས་དགོངས་འགལ་མེད་པར་ཞུ།
ལེགས་བཤད་ནས།
མེད་པ་ནས་ཡོད་པར་གྱུར་བ་ལ་སྐྱེ་བ་ཟེར་གི་རེད། ཡོད་པ་ནས་མེད་པར་གྱུར་བ་ལ་འགག་པ་ཟེར་གི་ཡོད་པ་རེད། འདིའི་གོང་ན་འདུས་བྱས་གང་ཡང་མེད་ཅེས་ལབ་ཐུབ་ན་སྐྱེ་བ་ལ་ཐོག་མ་ཡོད་ལབ་ན་འགྲིག་གི་རེད། དེ་མིན་སྟོང་བཤད་རང་རེད།
འདི་ལ་ལྟོས་ལེགས་བཤད་ཡང་འདིར་ཡོངས་ནས་མེད་པ་ནས་ཡོད་པ་ཡོད་པ་ནས་མེད་པ་ཟེར་བ་འདི་རྒྱ་མིའི་གློག་བརྙན་བོད་སྐད་དུ་བསྒྱུར་བ་ཞིག་གི་ལབ་མོ་བྱས་པ་རེད་མིན་འགྲོ།
དགེ་སློང་ཁྲིམས་གཙང་བསླབ་ལྡན་སྐྱབས་པའི་གནས།། མཆོག་ལ་ཚིག་གིས་གཤེས་ན་ངག་ལྐུགས་འགྱུར།།དེ་བས་མཆོག་ཏུ་བཀུར་བ་དང་བླངས་ཀྱིས།། དྲན་འཛིན་སྙན་དབང་གསོ་བའི་མཆིལ་འགའ་གསོལ།། དེ་ཡང་འབྲེལ་བ་ཞེས་པ་བྱ་ཚིག་དང་། འབྲེལ་པ་ཞེས་པ་མིང་ཚིག་ཏུ་མཐོང་། དཔེར་ན། འབྲེལ་པ་བརྟག་པ། ཞེས་པ་ལྟ་བུ་གཞུང་དཔེ་རྣམས་ན་ཤིན་ཏུ་མང་། ཞེས་གསུངས་སྟངས་འདི་ལ་མ་དག་པའི་སྐྱོན་འདི་འབབ་སྟེ། ཐོག་མར་བོད་ཀྱི་བརྡ་དག་ལས་མིང་གི་ཆ་ལ་ད་དུང་ངེས་ཤེས་མ་རྙེད་པར་ལྷག་འདུག བོད་ཀྱི་བརྡ་སྤྲོད་ལས་མིང་ལ་དབྱེ་ན་གཉིས། མིང་རྐྱང་དང་བྱ་ཚིག་གཉིས་ཞེས་བཀར་ཡོད་པ་རེད། དེ་ཡང་བྱ་ཚིག་ལ་དབྱེ་ན།དུས་གསུམ་གྱི་བྱ་ཚིག་མ་འདྲ་བ། དེར་ཡང་དབྱེ་ན་གཟུགས་འགྱུར་མིན་གྱི་རྣམ་བཞག བྱེད་པོ་ཡོད་མེད་དང་འབྲེལ་དེ་བྱེད་འབྲེལ་ལས་ཚིག་དང་བྱེད་མེད་ལས་ཚིག་ལ་སོགས་དོན་གྱི་བྱེ་བྲག་མང་དུ་མཆིས་པ་ལེགས་ན་འདིར་མང་བར་འགྱུར་བས་ངལ་བའི་གནས་སུ་མ་ལགས། གོང་དུ་རེག་ཙམ་གླེང་བ་ནི། མ་ཤེས་བ་ཚོར་ལམ་སྟོན་དང་རྒན་ལགས་སུ་གསལ་འདེབས་ཞུ་བ་ལགས་ན་སྤྱན་དཀྱིལ་གཡོ་བར་མཛོད།འདིར་བཙན་བྱོལ་སྤྱི་ཚོགས་ནང་བོད་ཀྱི་རིགས་སུ་སྐྱེས་པའི་དབང་གིས་བོད་སྐད་ལ་བྱང་ཆ་ལྡན་པར་གྱུར་ནས། བརྡར་བྱང་རྐྱེན་སྐད་ཉིད་ཀྱི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་ཡི་གེ་འབྲི་མཁན་མང་པོ་འབྱུང་བཞིན་པ་ལས།དོན་གྱིས་བོད་ཀྱི་བརྡ་སྤྲོད་དང་བརྡ་དག་ལ་སྦྱང་བ་སྔོན་སོང་གིས་རྩོམ་ཡིག་འབྲི་མཁན་དཀོན་པོའི་ཚོད་དུ་སྣང་། རྒྱུ་མཚན་ནི་མིང་རྐྱང་དང་ལས་ཚིག་གི་ཁྱད་པར་མ་ཤེས་པར་ལྷག་ཡོད་པས་ཡིན། གོ་བརྡ་འཕྲོད་སླ་ཕྱིར་འདིར་དཔེར་མཚོན་ཞིག་བཀོད་ན།དབྱིན་ཇུས་སྐད་ལ་སྦྱངས་སྐབས་བརྡ་སྤྲོད་སྦྱངས་ནས་གང་འཚམས་སུ་སླེབས་ན། རང་བཞིན་གྱིས་ལས་ཚིག་གཟུགས་འགྱུར་མིན་སོགས་བསླབ་པར་འགྱུར་བ་དང་དེ་ལྟར་རིམ་ཕྱིན་གྱིས་ལས་ཚིག་མ་ནོར་བ་བྱུང་ནས་གོ་བརྡ་འཕྲོད་པར་ལས་ཚིག་འཛོལ་ཡང་དོན་རྟོགས་ཏེ།སྐད་དམ་ཡིག་ཕྱེད་གོ་བས་ཀློག་དགོས་ཞེས་པའི་དོན་ཡང་དེ་རེད། དེ་བས་དབྱིན་ཇུས་བ་རྣམས་ཀྱིས་མི་སུ་ཡིན་ཡང་དེ་དང་ལྷན་དུ་ཁ་བརྡ་ཅུང་ཙམ་བྱས་མ་ཐག དེ་མ་ཉིད་དུ་མི་དེའི་དབྱིན་ཡིག་ཤེས་ཚད་རྟོགས་འགྲོ་བ་ནི་རྒྱུ་མཚན་འདིར་རག་ལས་ཡོད་པ་རེད། དེ་བས་ངས་གོང་ནས་བོད་་ཀྱི་རིགས་སུ་སྐྱེས་བས་བརྡར་བྱང་གི་དབང་གིས་ཞེས་གླེང་དོན་འདི་ཡིན།ད་ནི་ནོར་འཛོལ་དངོས་ལ་འཇུག་པར་བྱ་སྟེ། ལས་ཚིག་ཡིན་ན་ཚེག་ཁྱིམ་གཅིག་རྐྱང་བས་གྲུབ་པས་ཁྱབ། དཔེར་ན། འགྲོ།འདུག
ཟ། ཉལ། ལངས་ཟེར་བ་ལ་སོགས་ལས་འདི་ལ་ཚིག་གྲོགས་སྦྱར་ན་མིང་དུ་གྲུབ་ཟིན་ཡོད་པས། རྒན་ལགས་ཀྱི་གོང་བཀོད་ དེ་ཡང་འབྲེལ་བ་ཞེས་པ་བྱ་ཚིག་དང་། འབྲེལ་པ་ཞེས་པ་མིང་ཚིག་ཏུ་མཐོང་། ཞེས་པ་ལྟ་བའི་རིགས་དབྱེ་བོད་ཀྱི་བརྡ་སྤྲོད་ཀྱི་ལུགས་ལ་དབྱེ་སྲོལ་རྩ་བ་ཉིད་ནས་ཡོད་པ་མ་རེད། འོ་ན་ཁྱོད་ལྟར་ན་ཚེག་ཁྱིམ་གཅིག་ཡིན་པའི་མིང་ཡིན་ན་ལས་ཚིག་ཡིན་པས་ཁྱབ་པར་ཐལ། དེ་བས་རི། ཆུ། ས།རྡོ།བྲག་ལ་སོགས་ཀྱང་ལས་ཚིག་ཡིན་དགོས་པར་འགྱུར་བའི་ཕྱིར་ཟེར་ན། དེ་མ་ལགས་དེ་མིང་རྐྱང་དང་ལས་ཚིག་གི་ཁྱད་པར་ལ་ངེས་ཆ་ཡོད་དགོས་པ་དང་།ཁྱད་པར་དུ་ལས་ཚིག་ནི་འགུལ་སྤྱོད་ཀྱི་རྣམ་པ་སྟོན་པའི་ངག་གི་རྣམ་རིག་ཅིག་ལ་བྱ་ཞིང་།སྐྱེས་བུའི་ལུས་ངག་ཡིད་གསུམ་གྱི་འགུལ་སྤྱོད་ཀྱི་རྣམ་པ་སྟོན་པའི་ངག་རིག་དེ་ལ་བྱེད་འབྲེལ་ལས་ཚིག་དང་།ས་རྡོ་རི་ཆུ་ལ་སོགས་པའི་བེམ་གཟུགས་ཀྱི་འགུལ་སྤྱོད་ཀྱི་རྣམ་པ་སྟོན་པའི་ངག་རིག་དེ་ལ་བྱེད་མེད་ལས་ཚིག་ཅེས་པའི་བརྡ་སྦྱར་ཡོད་པ་རེད། དེ་བས་རྒན་ལགས་ཀྱིས་བཀོད་པའི་ འབྲེལ་བ་ཞེས་པ་བྱ་ཚིག་དང་། འབྲེལ་པ་ཞེས་པ་མིང་ཚིག་ ཅེས་པའི་རྣམ་པ་འདི་བོད་ཀྱི་བརྡ་སྤྲོད་སྐབས་འགྲུབ་རྒྱུ་རྩ་བ་ཉིད་ནས་ཡོད་པ་མ་རེད། གོང་གི་དེར་ད་དུང་སྐྱོན་གནད་གཞན་ཅིག་ཀྱང་ལྷག་འདུག་སྟེ། ཐ་སྙད་སྦྱོར་ཕྱོགས་ཐད་ འབྲེལ་བ་ཞེས་པ་བྱ་ཚིག་དང་། འབྲེལ་པ་ཞེས་པ་མིང་ཚིག་ ཅེས་པ་འདི་མི་འཐད་དེ་སྐབས་འདིར་འབྲེལ་བ་དང་། འབྲེལ་པ་ཞེས་པ་གཉིས་ག་མིང་གི་ངོ་བོར་གྲུབ་ཚར་བས། བྱ་ཚིག་གི་རྣམ་པར་གནས་ཡོད་པ་མ་རེད། དེ་བས་མིང་དང་ཚིག་གི་ཁྱད་པར་འདི་དག་རྒན་གྱི་མ་མཁྱེན་པ་ཡིན་ཡང་གསལ་འདེབས་ཀྱི་ཚུལ་དུ་ཕུལ་བ་ལགས་ན། རྒན་ལགས་ལ་དགོས་མཁོ་མ་མཆིས་ཀྱང་གསར་སློབ་པ་དག་ལ་ཕན་པར་དགོངས་ནས་ཕུལ་བ་ལེགས། ཁྱད་པར་དུ་རྡོ་རྗེ་དབང་ཕྱུག་དང་དགེ་འདུན་རབ་གསལ། ཐུབ་བསྟན་སྦྱིན་པ་ལ་སོགས་བོད་ཀྱི་བརྡ་སྤྲོད་ལ་ལོག་འགྲེལ་བྱེད་མཁན་ཚོར་ཕན་ངེས། གཞན་རྒན་ལགས་ཀྱིས་སྤྱོད་འཇུག་ལས་ཚིག་ཅིག་ལུང་དྲངས་ནས་ནོར་ཚུལ་གསུངས་པ་ནི་མ་བདེན་པ་སྟེ། ནག་ཚོ་ལོ་ཙ་བས་། འ་ཆུང་གཏགས་ཐུབ་མ་སོང་དགོངས་དག་ཞུ། ནག་ཚོ་ལོ་ཙ་བས་རྒྱ་གར་སློབ་དཔོན་ལ་གཙང་རྟ་ནག་ཏུ་བོད་སྐད་ཁྲིད་སྐབས་ ཐེངས་ནི་ལན་དང་ཚར་ལ་འཇུག། དཔེར་ན་ལན་ཅིག་ཚར་ཅིག་ལ།། ཐེངས་གཅིག་ཐེངས་ཅིག་འདམ་ང་དང་།། དེ་བཞིན་ལན་མང་ཚར་མང་ལ།། ཐེངས་མང་ཟེར་པ་ཐུགས་ལ་བཟུང་ཞེས་མ་གདམས་སམ། དེ་བས་ འཇིག་རྟེན་བསོད་ནམས་བློ་གྲོས་ཐེངས་འགའ་འབྱུང་།། དེ་ལྟར་དགེ་བ་ཉམས་ཆུང་ཉིད་ལ་བརྟག་ཅེས་འབྱུང་སམ། རྒན་ལགས་ཚུལ་ཁྲིམས་དྲི་མས་རང་རྒྱུད་བལྟམས།། གཞན་ཕན་ལྷག་བསམ་བཟང་པོས་ཐུགས་རྒྱུད་བལྟམས།། བོད་ཀྱི་བརྡ་ལ་བྱང་བས་དག་ཆས་བལྟམས།། ནང་པའི་ཆོས་ལ་གནས་པས་ཞི་བས་བལྟམས།། བལྟམས་པའི་དཔལ་གྱིས་རྒན་ལགས་བཀྲི་ཤིས་ཤོག།། མངྒ་ལམ།།
རང་གྲོལ་ལགས། མདོ་སྡེ་དགོངས་འགྲེལ་ལས། གཟུགས་ཀྱི་ཕུང་པོ་སྐྱེའོ་ཞེའམ་འགག་པ་ཞེའམ་གཟུགས་ཀྱི་ཕུང་པོ་སྤང་བ་དང་ཡོངས་སུ་ཤེས་པ་ཞེས་ངོ་བོ་ཉིད་ཀྱི་མཚན་ཉིད་དམ་བྱེ་བྲག་གི་མཚན་ཉིད་དུ་མིང་དང་བརྡས་རྣམ་པར་བཞག་གང་ལགས་པ་དེ་ནི་ཀུན་བཏགས་པའི་མཚན་ཉིད་ལགས་ཏེ། ཞེས་ཀུན་བཏགས་ངོས་བཟུང་བའི་སྐབས་སུ་ངོ་བོ་དང་ཁྱད་པར་ལ་ཀུན་ཏུ་བཏགས་ཚུལ་སྟོན་ཏེ། སྐྱེ་འགག་གི་དོན་ལ། སློབ་དཔོན་ཝེན་ཚེག་གིས་མཛད་པའི་མདོ་སྡེ་དགོངས་འགྲེལ་གྱི་འགྲེལ་ཆེན་ལས། གཟུགས་ཕུང་སྔོན་མེད་པ་ནས་ཡོད་པར་འགྱུར་བ་ལ་སྐྱེ་བ་དང་སྐྱེས་ནས་མེད་པར་འགྱུར་བ་ལ་འགག་པ་ཞེས་གསུངས་པ་ནི། རི་བོ་དགེ་ལྡན་པའི་མཁས་གྲུབ་དག་གིས་མཛད་པའི་དྲང་ངེས་ཀྱི་ཡིག་ཆ་དག་ན་གསལ་ཐིང་ཐིང་རེད།
འདུ་བྱས་ཡིན་ན་དེའི་རྒྱུ་ཐོགས་མ་མེད་ཁྱབ་དངོས་པོ་ག་དུས་བྱུང་བ་ཡིན་ན་དངོས་པོའི་ཐོག་མ་
འདི་ཡིན་ཞེས་ངོ་སྤྲོད་གསལ་པོར་ཡོད་འདྲ་སྐྱེ་བའི་ཐོག་མ་རག་ཚར་འདུག་ག
༄༅།། དངོས་པོ་ཐམས་ཅད་ཉིད་ལ་ཡང་། སྔོན་གྱི་ཐོག་མ་ཡོད་མ་ཡིན། གསུངས་པ་འདི་མི་ཕལ་པ་ཞིག་གིས་བཤད་པ་མ་རེད། ང་ནི་སངས་རྒྱས་ཐོག་མ་ཡིན། ཅེས་པ་འདིར་དགེ་ལུགས་ངོས་ནས་དགག་པ་བྱེད་པའི་རྒྱུ་མཚན་ཡང་ཤེས་དགོས །།
་་་་་ དེ་ཡང་འབྲེལ་བ་ཞེས་པ་བྱ་ཚིག་དང་། འབྲེལ་པ་ཞེས་པ་མིང་ཚིག་ཏུ་མཐོང་། ཞེས་པ་ལྟ་བའི་རིགས་དབྱེ་བོད་ཀྱི་བརྡ་སྤྲོད་ཀྱི་ལུགས་ལ་དབྱེ་སྲོལ་རྩ་བ་ཉིད་ནས་ཡོད་པ་མ་རེད། ་་་་་ཟེར།
་་་་་་ དེ་བས་མིང་དང་ཚིག་གི་ཁྱད་པར་འདི་དག་རྒན་གྱི་མ་མཁྱེན་པ་ཡིན་ཡང་གསལ་འདེབས་ཀྱི་ཚུལ་དུ་ཕུལ་བ་ལགས་ན། རྒན་ལགས་ལ་དགོས་མཁོ་མ་མཆིས་ཀྱང་གསར་སློབ་པ་དག་ལ་ཕན་པར་དགོངས་ནས་ཕུལ་བ་ལེགས། ཁྱད་པར་དུ་རྡོ་རྗེ་དབང་ཕྱུག་དང་དགེ་འདུན་རབ་གསལ། ཐུབ་བསྟན་སྦྱིན་པ་ལ་སོགས་བོད་ཀྱི་བརྡ་སྤྲོད་ལ་ལོག་འགྲེལ་བྱེད་མཁན་ཚོར་ཕན་ངེས། ་་་་ཟེར།
Dorjeeལགས་ཀྱི་མཆན་བུ་༧པ་འདི་ནི། ལེགས་བཤད་ལས་ཚིག་ངན་མང་བ་མི་འདུག་གམ། ལགས་དྲ་གྲོགས། རྡོ་རྗེ་ལགས།
ཁྱེད་ཚོ་ཚང་མ་ངར་བ་རྐྱང་རྐྱང་ཡིན་པ་འདྲ། མཛོད་དང་འདུལ་བ་ལ་སོགས་ནས་ལུང་དང་རིགས་པ་དྲངས་ཡོངས་ན་ངས་གོའང་མི་གོ་གི། ང་གླེན་པ་ཆེ་ཟིག་ཡིན། ཡིན་ནའང་སྐད་ཆ་ཐད་ཀར་བཤད་ན། སྐྱེ་བ་དངོས་པོ་ཡིན་པ་གང་ཞིག་དངོས་པོ་ཡིན་ན་ཐོག་མ་ཡོད་པའི་ཁྱབཔ་་རེད། དེ་མིན་ན། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་གང་ལའང་སེམས་ཅན་གསར་བ་ཞིག་ཡོང་རྒྱུ་མེད་པ་གང་ཞིག་སེམས་ཅན་གང་ཡོད་པ་དེའི་ནང་ནས་རེ་ཟུང་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་ངེས་ན། ཉིན་ཞིག་སེམས་ཅན་ཐམས་ཅད་སངས་རྒྱས་རྒྱུ་རེད། དེ་མིན་ན་འགྲོ་ས་གཅིག་ཀྱང་མེད་ག སེམས་ཅན་གསར་བ་ཞིག་ཡོང་རྒྱུ་མེད་པ་གང་ཞིག་སངས་ནི་མུ་མཐུད་དུ་རྒྱས་བཞིན་ཡོད་ན་སེམསཅན་གྱི་གྲངས་ཚད་ཇི་འདྲ་མང་ནའང་ནམ་ཞིག་ཚར་ངེས་རེད། གལ་ཏེ་སེམས་ཅན་གསར་བ་ཞིག་ཡོང་རྒྱུ་ཡོད་ཟེར་ན་དེ་ནི་སེམས་ཅན་དེའི་སྐྱེ་བའི་ཐོག་མ་རེད། དེ་འདྲ་ཞིག་རེད་བསམ་གི ་་་་་ཧཧཧཧ
ལ་ལས་ང་ལ་ཁ་དོག་དཀར་དམར་སྦྱོང་ཟེར་གི་ ་ལ་ལས་ང་ལ་དགོངས་དག་ཞུ་གི ཁྱེད་ཚོད་ཅི་ཞིག་གསུང་ཡང་ཆོག་ང་ལ་མཚོན་ན་དེ་དག་ནི་གལ་ཆེན་མ་རེད། ཁྱེད་ཚོས་བསམ་ཚུལ་གསར་བ་རེ་གསུང་ན་དེ་གས་འགྲིག
ལེགས་བཤད་ལགས། མདོ་སྡེ་དགོངས་འགྲེལ་ལས། གཟུགས་ཀྱི་ཕུང་པོ་སྐྱེའོ་ཞེའམ་འགག་པ་ཞེའམ་གཟུགས་ཀྱི་ཕུང་པོ་སྤང་བ་དང་ཡོངས་སུ་ཤེས་པ་ཞེས་ངོ་བོ་ཉིད་ཀྱི་མཚན་ཉིད་དམ་བྱེ་བྲག་གི་མཚན་ཉིད་དུ་མིང་དང་བརྡས་རྣམ་པར་བཞག་པ་གང་ལགས་པ་དེ་ནི་ཀུན་བཏགས་པའི་མཚན་ཉིད་ལགས་ཏེ། ཞེས་ཀུན་བཏགས་ངོས་བཟུང་བའི་སྐབས་སུ་ངོ་བོ་དང་ཁྱད་པར་ལ་ཀུན་ཏུ་བཏགས་ཚུལ་སྟོན་པ་ཡིན་གྱིས་སྐྱེ་འགག་གི་དོན་ཙམ་སྟོན་པ་མིན་ཏེ། འགྲེལ་ཆེན་ལས། སྐྱེ་བ་དང་འགག་པ་རྣམ་པར་འབྱེད་པ་གང་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱི་མཚན་ཉིད་ཅེས་བྱའོ། ཞེས་དང། སྐད་ཅིག་མར་སྐྱེ་ཞིང་འཇིག་པ་དང་། ཐང་ཅིག་ཙམ་དུ་གནས་པ་ལ་སོགས་པ་ནི་བྱེ་བྲག་གི་མཚན་ཉིད་ཅེས་བྱའོ། ཞེས་སོགས་གཞན་དབང་ཁྱད་པར་གསུམ་ལྡན་ལ་ངོ་བོ་དང་ཁྱད་པར་དུ་ཀུན་བཏགས་པ་འདིར་དངོས་སུ་བསྟན་པ་ཡིན་པ་ལས། མེད་པ་ཡོད་པ་ཡོད་པ་མེད་པ་ཞེས་འགྲེལ་ན་སེམས་གློ་བུར་དུ་གྲུབ་པར་འདོད་པའི་གྲུབ་མཐའ་སྨྲ་བ་དེ་དང་ཆོས་མཚུངས་བར་འགྱུར་བས་གཟབ་དགོས་སོ།།
གངས་དཀར་ལགས། ཁྱོད་སེམས་དཀར་ཞིག་ཡིན་པ་རྟོགས་ཐུབ། ཐུགས་རྗེ་ཆེ། སྐྱེ་བ་ཐོག་མ་མེད་ཟེར་བ་ནི་དངོས་པོ་གང་ཡིན་ཡང་ཁོ་རང་གི་རྫས་རྒྱུན་སྔ་མ་ཞིག་ངེས་པར་དུ་ཡོད་དགོས་ལ། དེས་ན་སྐྱེ་བ་སྔོན་མ་འདི་ནི་ངའི་སྐྱེ་བ་ཐོག་མ་ཡིན་ཞེས་པའི་འཛུབ་མོ་འཛུགས་ས་ཞིག་རེག་ན། དེའི་གོང་དུ་ཁྱོད་ཀྱི་སྐྱེ་བ་ཞིག་མེད་པས་དེ་ནི་རྒྱུ་མེད་རྐྱེན་མེད་གློ་བུ་དུ་གྲུབ་པ་ཞིག་དུ་ངེས་པས། དེས་ན་འདུས་བྱས་ཐམས་ཅད་ཡང་གློ་བུར་དུ་གྲུབ་པར་ཁས་ལེན་དགོས་སོ།།
གངས་དཀར་ལགས། འདུས་བྱས„ཅེས་པ་ནི་རྒྱུ་རྐྱེན་དུ་མ་འདུས་ཤིང་བྱས་པའམ་སྐད་ཅིག་དུ་མའི་བདག་ཉིད་དུ་བྱས་པས་ན་དེ་ལྟར་རོ།། ཤིང་རྟའི་ཡན་ལག་མ་འཚོགས་སྔོན་དུ་ཤིང་རྟ་མེད་པ་བཞིན་ཁྱོད་ཀྱི་ཞེ་འདོད་དེ་ལ་སོང་འདུག་གོ།།
ཁྱོད་ལ་བསམ་ཚུལ་གསར་པ་བཤད་དགོས་ཡ་མི་འདུག་གསར་པ་ཞིག་ཁྱོད་ཀྱིས་ཤེས་འདུག །དེའི་འགྲིག་ཐག་ཆོད་འདུག་ལོ་་་ཧེ་ཧེ་ཧེ་་་་་་་་་་་ད་དུང་རྒྱལ་སྲས་ཨམ་ཞིག་་་་་་་་་་་་་་
རང་གྲོལ་ལྟ་བུའི་རྣམ་དཔྱོད་དང་ལྡན་པ་དོན་གཉེར་ཅན་རེ་གཉིས་དྲ་ཐོག་ཏུ་བསླེབས་ན་དངོས་གནས་ཁ་བརྡ་ཚང་གི་གཟི་བརྗིད་རེད། རྗེས་ཕྱོགས་མུ་མཐུད་དུ་འཛེམས་དོགས་མེད་པར་དགག་སྒྲུབ་ཅི་རིགས་ཀྱི་ཆར་བ་འབེབས་རོགས་ཞུ། འདི་ལྟར་བྱས་ན་ང་ཚོའི་ཡབ་མེས་རྣམས་ཀྱི་ཤུག་བཞག་སྐྱོང་བ་དང་ཉག་ཕྲ་བའི་དུས་ཚོད་འདིར་ལྷག་པར་མཁོ་ཆེ།
ཉིན་ཞིག་སེམས་ཅན་ཐམས་ཅད་སངས་རྒྱས་རྒྱུ་རེད། དེ་མིན་ན་འགྲོ་ས་གཅིག་ཀྱང་མེད་ག སེམས་ཅན་གསར་བ་ཞིག་ཡོང་རྒྱུ་མེད་པ་གང་ཞིག་སངས་ནི་མུ་མཐུད་དུ་རྒྱས་བཞིན་ཡོད་ན་སེམསཅན་གྱི་གྲངས་ཚད་ཇི་འདྲ་མང་ནའང་ནམ་ཞིག་ཚར་ངེས་རེད། གངས་དཀར། འདི་ལ་འཇིག་རྟེན་གྱི་ཁམས་གྲངས་མ་མཆིས་ན་སེམས་ཅན་གྱི་གྲངས་ཇི་ལྟར་མཆིས་སམ། སྐྱེ་བ་ཐོག་མ་མེད་ཟེར་བ་དང་སེམས་ཅན་གྲངས་མེད་ཟེར་བ་གཉིས་ཚད་བཟུང་བ་མ་ཡིན་ནོ།།
སྐྱེ་བ་ལ་ཐོག་མ་ཡོད་ན་དངོས་པོ་ཐམས་ཅད་དུས་མཉམ་དུ་གྲུབ་པ་ཡིན་པར་ཐལ། འདོད་པའི་ཕྱིར། གཞན་ཡང་། སྐྱེ་བ་ལ་ཐོག་མ་ཡོད་ན་རྒྱུ་རྐྱེན་ལས་མ་སྐྱེས་པའི་འདུས་བྱས་ཤིག་ཡོད་པར་ཐལ། འདོད་པའི་ཕྱིར། གཞན་ཡང་། སྐྱེ་བ་ལ་ཐོག་མ་ཡོད་ན་སྣོད་བཅུད་ཐམས་ཅད་ལྷ་ཆེན་དབང་ཕྱུག་གི་བློའི་གཡོ་བ་ལས་བྱུང་བར་ཐལ། དེ་ལྟར་ཁས་བླངས་བ་ལ་སྐྱོན་གང་ཡང་མེད་པའི་ཕྱིར། གཞན་ཡང་། སྐྱེ་བ་ལ་ཐོག་མ་ཡོད་ན་ཡེ་ཤུའི་ཆོས་ལུགས་པ་དག་གིས་འདོད་པ་ལྟར་འཇིག་རྟེན་དཀོན་མཆོག་གིས་བསྐྲུན་པར་ཐལ། དེ་ལྟར་ཁས་བླངས་བ་ལ་སྐྱོན་གང་ཡང་མེད་པའི་ཕྱིར། གཞན་ཡང་། སྐྱེ་བ་ལ་ཐོག་མ་ཡོད་ན་རྒྱང་འཕེན་པས་འདོད་པ་ལྟར། ཉི་ཤར་ཆུ་བོ་ཐུར་དུ་འབབ་པ་དང་།།སྲན་ཟླུམ་ཚེར་མ་གཟེངས་རིང་རྣོ་བ་དང་།།རྨ་བྱའི་མདོངས་ལ་སོགས་པའི་ཆོས་རྣམས་ཀུན།།སུས་ཀྱང་མ་བྱས་ངོ་བོ་ཉིད་ལས་བྱུང་།།ཟེར་བ་ལྟར་རྒྱུ་མེད་རྐྱེན་མེད་དུ་ཁས་བླངས་བ་ལ་སྐྱོན་གང་ཡང་མེད་པའི་ཕྱིར། འདི་ལ་སུས་ལན་འདེབས་ཐུབ། ཧཧ་བུ་རྒོད་པོ། ད་ཞོག་ཡ།
གངས་དཀར་ལགས། ཁྱོད་ཀྱིས་འདི་ལ་དོགས་དཔྱོད་བྱས་པ་ཤིན་ཏུ་བཟང་། འདི་ལ་གོ་བརྡ་འཕྲོད་མེད་པ་མང་པོ་ཡོད། སངས་ཅི་ཙམ་རྒྱས་པ་བཞིན་སེམས་ཅན་གསར་བའང་དེ་བཞིན་དུ་གྲུབ་པ་མ་ཡིན་པར་ཚད་མེད་པས་ཡིན་ནོ།།
རང་གྲོལ་ལགས། སེམས་ཅན་ཐམས་ཅད་སངས་རྒྱས་པའི་དུས་ཤིག་ཡོད་ན། སེམས་ཅན་གཅིག་ཀྱང་མེད་པའི་དུས་ཤིག་ཡོད་པར་ཐལ། དེ་དུས་སངས་རྒྱས་དེ་ལ་གདུལ་བྱ་གང་ཡང་ཡང་མེད་པའི་ཕྱིར། རྟགས་ཁས། འདོད་ན། གདུལ་བྱ་མེད་པའི་སངས་རྒྱས་ཡོད་པར་ཐལ། འདོད་ན། མཛོད་ལས། སངས་རྒྱས་ཐམས་ཅད་ཚོགས་དང་ནི།།ཆོས་སྐུ་འགྲོ་བའི་དོན་སྤྱོད་པ།།མཉམ་པ་ཉིད་དེ། ཞེས་གསུངས་པ་མི་འཐད་པར་ཐལ། སངས་རྒྱས་ཐམས་ཅད་ཚོགས་བསགས་པ་མཉམ་པ། ཆོས་སྐུ་ཐོབ་པ་མཉམ་པ། འགྲོ་བའི་དོན་སྤྱོད་པ་མཉམ་པ་ཉིད་མ་ཡིན་པའི་ཕྱིར་ཏེ། འགྲོ་བའི་དོན་སྤྱོད་པ་མཉམ་པ་མ་ཡིན་པའི་ཕྱིར། དེར་ཐལ། འགྲོ་དོན་མེད་པའི་སངས་རྒྱས་ཡོད་པའི་ཕྱིར་ཏེ། སེམས་ཅན་ཐམས་ཅད་སངས་རྒྱས་པའི་དུས་སུ་འགྲོ་བ་མེད་པའི་ཕྱིར། ཧ་ཧ།
རང་གྲོལ་ལགས་ནས་ཡག་པོ་ཅིག་གསུང་འདུག་མོད་ང་ལ་མཚན་ཉིད་རིག་པའི་རྨང་གཞི་ཞན་པས་དེ་ཙམ་ཡག་པོ་ཞིག་གོ་མ་སོང། ངས་འདོད་པ་ནི་མི་སོགས་སེམས་ཅན་གང་ཡིན་ཡང་སྐྱེ་བ་རེ་རེ་བླངས་ཐེངས་རེར་སྐྱེ་བའི་གྲངས་ཚད་མང་ནས་མང་རུ་འགྲོ་བཞིན་ཡོད་པ་རེད། སྐྱེ་བ་མང་རུ་འགྲོ་བཞིན་པ་འདི་ལ་ཆེས་ཐོག་མའི་གྲངས་ཀ་ཞིག་ཡོད་ངེས་ན་ སྐྱེ་བ་ལ་ཐོག་མ་ཞིག་ངེས་པར་ཡོད་དགོས་པ་ལྟ་བུར་ཆགས་ཡོད་མོད། མཚན་ཉིད་པ་མང་བོ་ཞིག་གིས་དེ་མེད་པར་གསུངས་པ་ནི་ངའི་བློ་ལ་ནི་མི་ཤོང་བ་ཞིག་རེད། སྐྱེ་བ་ཅི་འདྲ་མང་ནའང་དེ་དག་ཚང་མའི་རྣམ་ཤེས་ཀྱི་རྒྱུན་གཅིག་ཡིན་པར་བཞེད་ན་དེ་ལ་ཐོག་མ་ཞིག་ངེས་པར་་དགོས་པ་འདྲ།
ཆོས་ཡང་དག་པར་སྡུད་པ་ལས། རིགས་ཀྱི་བུ་འཇིག་རྟེན་གནས་པ་ནི་སྐྱེ་བ་དང་འགག་པ་ལ་མངོན་པར་ཞེན་པ་ཡིན་པས། དེ་ལ་དེ་བཞིན་གཤེགས་པ་ཐུགས་རྗེ་ཆེན་པོ་ཅན་གྱིས་འཇིག་རྟེན་གྱི་སྐྲག་པའི་གནས་ཡོངས་སུ་སྤང་བའི་ཕྱིར་ཐ་སྙད་ཀྱི་དབང་གིས་སྐྱེའོ་འགག་གོ་ཞེས་གསུངས་ཀྱི། རིགས་ཀྱི་བུ་འདི་ལ་ཆོས་འགའ་ཡང་སྐྱེ་བ་ནི་མེད་དོ། །ཞེས་གསུངས་པ་ལྟར་སྐྱེ་འགག་ནི་འཇིག་རྟེན་གྱི་ཐ་སྙད་དབང་གིས་བཞག་པ་དང་བརྟག་ཅིང་དཔྱད་ན་གང་ཡང་མི་བརྙེད་པར་གསུངས་ཡོད་པ་རེད། འཇིག་རྟེན་ཐ་མལ་བའི་ངོ་ལ་ཡོད་ཅེས་གསུངས་པ་དང་གང་ཟག་ཁྱད་པར་གྱི་ངོ་ལ་མེད་ཅེས་གསུངས་པ་ཁྱད་ཕྱེ་དགོས་པས་གཏན་ནས་མེད་ཅེས་མ་གསུངས་པར། ཡུམ་གྱི་མདོ་ལས། འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ་ཞེས་པ་ལྟར་གོ་དགོས་པ་མ་ཡིན་ནམ།
རང་གྲོལ་དང་ལེགས་བཤད་གཉིས་ནས་བགྲོ་གླེང་ཡག་པོ་ཞིག་བྱེད་བཞིན་འདུག
རྟག་ཏུ་ལྟ་བ་མི་མཐུན་སྟངས་འདི་ལ་ལྟས་ན་ཚེ་སྔོན་མ་བྱ་རོག་དང་འུག་པ་གཉིས་ཀྱི་སྐྱེ་བར་བླངས་ཏེ་ད་ལྟའང་བག་ཆགས་དེ་སད་བཞིན་པའི་བཟོ་འདྲ་ཞིག་ཡིན་ས་རེད
ཨ་ལགས་ཀུ་རྩེད་ཞུས་ཡིན། མ་གཞི་ནས་འདུས་བྱས་ལ་ཐོག་མ་མེད་པ་དང། འཁོར་བ་ལའང་ཐོག་མ་མེད་པར་རྩོད་ལེགས་པོ་ིག་གནང་ཙང་དགོངས་པ་འཁྲུགས་གཞི་རུ་མི་འགྲོ་དེས།
གངས་དཀར་རྒྱལ་སྲས་ལགས་ཀྱིས་དཔྱད་གཞི་ཡག་པོ་ཞིག་ཁ་བརྡ་འདིར་བསྣམས་ཕེབས་པར་དགའ་བསུ་ཞུ། རྗེས་ཕྱོགས་འདི་ལྟ་བུའི་དཔྱད་གཞི་གང་མང་མང་འགོད་རོགས་གནང་། ཀློག་མཁན་མང་པོས་ལྟ་ནས་བསྡད་ཡོད་པ་རེད།
༡{སྐྱེ་བ་ལ་ཐོག་མ་ཡོད་ན་དངོས་པོ་ཐམས་ཅད་དུས་མཉམ་དུ་གྲུབ་པ་ཡིན་པར་ཐལ། འདོད་པའི་ཕྱིར།}འདི་ལ་ཐལ་འགྱུར་འགོད་སྟངས་དང་སྐབས་ཀྱི་རྒོལ་བ་ངེས་མ་ཟིན་པའི་སྐྱོན་འདུག ༢{གཞན་ཡང་། སྐྱེ་བ་ལ་ཐོག་མ་ཡོད་ན་རྒྱུ་རྐྱེན་ལས་མ་སྐྱེས་པའི་འདུས་བྱས་ཤིག་ཡོད་པར་ཐལ། འདོད་པའི་ཕྱིར། }འདི་ལ་ཐལ་འགྱུར་འདིས་འཕངས་བའི་སྦྱོར་བའི་ཕྱོགས་ཆོས་མ་གྲུབ་པོ།། ༣{གཞན་ཡང་། སྐྱེ་བ་ལ་ཐོག་མ་ཡོད་ན་སྣོད་བཅུད་ཐམས་ཅད་ལྷ་ཆེན་དབང་ཕྱུག་གི་བློའི་གཡོ་བ་ལས་བྱུང་བར་ཐལ། དེ་ལྟར་ཁས་བླངས་བ་ལ་སྐྱོན་གང་ཡང་མེད་པའི་ཕྱིར། }འདི་ལ་ལྷ་ཆེན་ཁོ་རང་སུའི་བློ་གཡོ་བ་ལས་བྱུང་། སྐྱེ་བ་ཐོག་མ་ཡོད་པའི་ཕྱིར། ཞེས་གང་གནད་ཆེ་བ་དེ་མ་བཀོད་པར་འདུག་གོ།། ༤{གཞན་ཡང་། སྐྱེ་བ་ལ་ཐོག་མ་ཡོད་ན་ཡེ་ཤུའི་ཆོས་ལུགས་པ་དག་གིས་འདོད་པ་ལྟར་འཇིག་རྟེན་དཀོན་མཆོག་གིས་བསྐྲུན་པར་ཐལ། དེ་ལྟར་ཁས་བླངས་བ་ལ་སྐྱོན་གང་ཡང་མེད་པའི་ཕྱིར། }འདི་ལ་ནང་པས། ལས་ལས་འཇིག་རྟེན་སྣ་ཚོགས་འབྱུང་།།ཞེས་པ་དང་མཚུངས་བ་མ་སྤངས་པའི་ཉེས་པ་སོ་ན་གནས་སོ།། ༥{གཞན་ཡང་། སྐྱེ་བ་ལ་ཐོག་མ་ཡོད་ན་རྒྱང་འཕེན་པས་འདོད་པ་ལྟར། ཉི་ཤར་ཆུ་བོ་ཐུར་དུ་འབབ་པ་དང་།།སྲན་ཟླུམ་ཚེར་མ་གཟེངས་རིང་རྣོ་བ་དང་།།རྨ་བྱའི་མདོངས་ལ་སོགས་པའི་ཆོས་རྣམས་ཀུན།།སུས་ཀྱང་མ་བྱས་ངོ་བོ་ཉིད་ལས་བྱུང་།།ཟེར་བ་ལྟར་རྒྱུ་མེད་རྐྱེན་མེད་དུ་ཁས་བླངས་བ་ལ་སྐྱོན་གང་ཡང་མེད་པའི་ཕྱིར། འདི་ལ་སུས་ལན་འདེབས་ཐུབ།} ད་དུང་རྡོ་འཇིག་པ་ན་རྡོ་རི་མོ་འཇིག་པ་བཞིན་སོགས་དཔེ་མང་མོད། སྐབས་དོན་གནད་དུ་མ་སོང་བའི་ཙིག་ཚོགས་ཀྱིས་ཉི་མ་འགྲོ་ཐུབ་བྱས་པ་ལ་ཅི་ཕན།
ལེགས་བཤད་ལགས། ཡུམ་གྱི་མདོ་ལས། འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ།། ཞེས་པ་འདི་གྲུབ་མཐའ་གང་གི་སྐགས་ཡིན་པ་ལེགས་པར་ལྟོས་དང་། སྔར་དྲངས་ངེས་སེམས་ཙམ་སྐབས་དང་འདི་གཉིས་མ་ནོར་བ་གྱིས་ལགས།
རྣམ་ཤེས་མེད་པར་རྣམ་ཤེས་ཀྱི། །
ཉེས་ལེན་མེད་པར་ཕྱིར་ཡང་འགྲུབ། །
ཞེས་པ་ལྟར།
རྫས་རྒྱུན་མེད་པར་རྫས་རྒྱུན་གྱི། །
ཉེར་མེད་པར་ཕྱིར་ཡང་འགྲུབ། །
ཅེས་བསྒྱུར་ན། དངོས་པོའི་རྫས་རྒྱུན་ལ་ཐོག་མ་མེད་པས་ཁྱབ་པ་མི་འདུག་གམ། ལགས།
རྫས་རྒྱུན་མེད་པར་རྫས་རྒྱུན་གྱི། །
ཉེར་ལེན་མེད་པར་ཕྱིར་ཡང་འགྲུབ། །
ཅེས་པའི་ངའི་རྩ་བའི་དམ་བཅས་འདི་ལ། རྩོད་མཁན་ཡོད་ན་ཕེབས་བསུ་ཡོད་དོ། །
བན་དེ་བ་ལགས། བུ་ཡ་རབས་ཤིག་ཡིན་ན་གཉན་འཕྲང་ཅན་གྱི་དུས་ཚོད་འདིར་རང་གི་ཡབ་མེས་རྣམས་ཀྱི་ཤུལ་བཞག་རྩ་ཆེ་དག་བདག་པོ་ཡག་པོ་རྒྱག་དགོས་པ་གལ་ཆེན་པོ་རེད། དེ་མིན་ཁ་སང་དེ་རིང་གི་དུས་ཚོད་འདིར་ཆེས་ཉེན་ཁ་ཆེ་བ་ནི་མི་མང་པོ་ཞིག་གིས་འདོད་རྔམས་དང་དུས་ཟིང་གི་རྐྱེན་པས་སྔོན་བྱོན་མཁས་པའི་གསུང་རབ་དག་ལ་དོ་སྣང་མེད་པར་ཕན་ཐོགས་མེད་པར་བསམ་པ་དང་གད་སྙིགས་ཁྲོད་གཡུག་པ་ཡིན་ན་སླར་གསོ་ཡོང་རྒྱུ་ཧ་ཅང་ཁག་པོ་རེད། འབྲོམ་སྟོན་པས། མཁས་མཆོག་ཁྱེད་འདྲ་བོད་དུ་མ་བྱོན་ན།།སངས་རྒྱས་བསྟན་པ་ཡོད་པར་གྱུར་ཀྱང་ནི།།ཕལ་ཆེར་ཟབ་མོའི་དོན་ལ་རྨོངས་གྱུར་བས།།ལེགས་པར་སྟོན་མཛད་ཁྱོད་ལ་ཕྱག་འཚལ་ལོ།།ཞེས་ཇོ་བོ་ལ་བསྟོད་ཕྱག་མཛད་པ་ལྟར་ཟབ་མོའི་དོན་ལ་རྨོངས་བའི་དུས་འདིར་སྒོམ་སྒྲུབ་མཛད་པ་ཕར་ཞོག་ཐོས་བསམ་རྣལ་མ་བྱེད་མཁན་ཡང་དཀོན་པའི་ཚུལ་དུ་སྣང་བས་དགུང་གྲངས་བརྒྱད་ཅུར་ཉེ་བའི་གོང་ས་མཆོག་གིས་བོད་རྗེས་རབས་པ་ཚོར་གནང་བའི་ཐུགས་ཀྱིས་རེ་བ་སྟོང་ཟད་དུ་མི་འགྲོ་བའི་ཆེད་མེ་ཏོག་ཆུང་རུང་མཆོད་པ་ཞེས་པའི་དཔེ་ལྟར། འདི་ལྟ་བུའི་གླེང་སློང་ཅུང་ཟད་རེ་གནང་ཐུབ་ན་ཡང་དགེ་མཚན་ཆེ་བར་བདག་གིས་སེམས། ཁ་བརྡ་ཚང་གི་རླུང་རྟ་དར་བར་སྨོན།
ཡབ་མེས་ཀྱི་དྲིན་ལན། །
བཀའ་བཞིན་སྒྲུབ་པའི་མཆོད་པས་འཇལ།།
རང་གྲོལ་ལགས། ཐལ་འགྱུར་ཙམ་གྱིས་ཕྱི་རྒོལ་གྱི་རྒྱུད་ལ་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེ་བར་འདོད་པས་ན་ཐལ་འགྱུར་བ་ཟེར། རྣམ་འགྲེལ་རྩ་བ་ན་ཚུལ་གསུམ་ཚང་བའི་སྦྱོར་བ་བཀོད་པ་མི་སྣང་བའི་ཕྱིར།
ལེགས་བཤད་ལགས། མཛོད་ལས། སངས་རྒྱས་ཐམས་ཅད་ཚོགས་དང་ནི།།ཆོས་སྐུ་འགྲོ་བའི་དོན་སྤྱོད་པ།།མཉམ་པ་ཉིད་དེ། ཞེས་གསུངས་པ་འདི་དང་། འདིའི་གོང་དུ་ཐུགས་རྗེ་ཆེན་པོ་ཀུན་རྫོབ་བློ།།ཞེས་པ་ནས། ཐ་དད་བྱ་བ་རྣམ་པ་བརྒྱད།།ཅེས་དང་པོ་སྐབས་སངས་རྒྱས་ཐམས་ཅད་མཉམ་པ་ཉིད་གསུམ་དང་ཕྱི་མས་ཐུགས་རྗེ་ཆེན་པོ་དང་སྙིང་རྗེ་ཆེན་པོ་གཉིས་ལ་ཁྱད་པར་བརྒྱད་ཀྱིས་སྒོ་ནས་བཤད་པ་དེ་དག་སེམས་ཅན་ཚང་རྒྱ་བའི་དུས་མེད་པའི་སྒྲུབ་བྱེད་དུ་བཀོད་ན་བསྒྲུབ་བྱ་སྒྲུབ་བྱེད་མཉམ་པའི་སྐྱོན་འབྱུང་པས་མི་རུང་ངོ།།
བུམ་པ་ཞེས་བརྗོད་འདོད་ནས་ཀ་བ་ཞེས་བརྗོད་པའི་སྒྲའི་བརྗོད་བྱ་བུམ་པ་མ་ཡིན་པར་ཐལ། དངོས་སུ་ཀ་བ་བརྗོད་པའི་ཕྱིར། འདོད་ན། སྒྲ་ནི་བརྗོད་འདོད་རྗེས་འབྲངས་ཕྱིར།།མ་བརྗོད་ན་ཡང་འདོད་པ་ཡིན།།ཞེས་གསུངས་པ་ལྟར་བུམ་པ་ཞེས་དངོས་སུ་མ་བརྗོད་ན་ཡང་བརྗོད་འདོད་གཙོ་བོ་ཡིན་པས་སྒྲ་དེའི་བརྗོད་བྱ་བུམ་པ་འཇོག་པ་ཡིན།
ལེགས་བཤད་ཁྱོད་ཀྱིས་རྣམ་འགྲེལ་རྩ་བ་ན་ཚུལ་གསུམ་ཚང་བའི་སྦྱོར་བ་བཀོད་པ་མི་སྣང་བའི་ཕྱིར། ཞེ་ན། རྣམ་འགྲེལ་ལས། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི།།གཏན་ཚིགས། ཅེས་ཚུལ་གསུམ་ཚང་བའི་གཏན་ཚིགས་ཡང་དག་གི་མཚན་ཉིད་བསྟན་པ་མ་ཡིན་ནམ།
ལེགས་བཤད་ལགས་ངོ་མ་ཐུགས་རྗེ་ཆེ་ངོ་མ་བཤད་ནོ་བདེན་ཀི།
ཡིན་ནའང་བོད་པའི་རྩོད་པའི་སྲོལ་དེ་ཡི་དགོས་དོན་གཙོ་བོ་ནི་ཚེ་སྔ་ཕྱི་རྟོགས་ཆེད་དང་ལས་རྒྱུ་འབྲས་ལ་ཡིད་ཆེས་ཡོང་ཆེད་དང་དེ་བཞིན་འབྲས་བུ་རྣམ་མཁྱེན་ཡོད་པར་བསྒྲུབ་པའི་ཆེད་དུ་དང། རང་རྒྱུད་ཀྱི་མ་རྟོགས་ལོག་རྟོག་གཞོམ་བྱེད་དང། དེའང་གཙོ་བོ་རང་སེམས་འདུལ་བྱེད་ཅིག་ཡི་་པར་བཤད་་ཞིན་ཡོད་མོད། མི་དེའི་རིགས་ནི་དེ་ལས་བཟློག་སྟེ་ཆོས་ལུགས་དང་མི་རིགས་ཀྱི་ཆགས་སྡང་ཆེ་བ་དང། རྒྱུ་འདོད་ཆེ་བ་དང། གཡེམ་ལ་དགའ་ཆེ་བ་དང། རྣམ་རྟོག་སྟེ་ལོག་རྟོག་ཇེ་ཆེ་ཇེ་ཆེ་ཞིག་ལས་ཉོན་མོངས་ཀྱི་མདོག་ཙམ་ཅིག་ཀྱང་ལོག་གི་མི་འདུག་བྱས་བང་གང་འདྲ་ཞིག་མི་་བསམ་པ་ཞིག་སྐྱེས་ཡོང་གི་འདུག
དཔེར་ན་དགེ་འདུན་པ་དེ་ཚོར་སྐྱ་བོ་ལས་ཀྱང་ལྷག་པའི་སྣུམ་འཁོར་གོང་ཆེན་དང་ཁ་པར་ལག་འདོགས་ཀྱང་ཨ་ཡི་ཕོན་དང། གློག་ཀླད་ཀྱང་ཀུ་ཤུའི་རྟགས་ཅན་ཡོད་འདུག་དེ་ནི་འདོད་ཆུང་ཆོག་ཤེས་མེད་པའི་རྟགས་སུ་ངེས། དེད་སང་གི་དགེ་བཤེས་ཤས་ཆེར་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་ཆོག་ཤེས་ཀྱི་བསམ་པ་མེད་དེ། ཁྱོད་ལ་འཇིག་རྟེན་ཐ་མལ་བ་ལས་ཀྱང་ལྷག་པའི་རྒྱུ་འདོད་ཆེ་བ་ཡོད་པའི་ཕྱིར།
རྟགས་འདི་ལ་ཚུལ་གསུམ་ཚང་མིན་ཁོང་རང་ཚོས་མཁྱེན་གྱི་རེད།
ལེགས་བཤད་ལགས། བརྗོད་པ་པོའི་བརྗོད་འདོད་དང་ཉན་པ་པོའི་ཉན་འདོད་གཉིས་ཚོགས་པ་ན་དོན་གོ་བར་འགྱུར་བ་ལས་བརྗོད་པ་པོ་གཅིག་པུའི་ཞེ་འདོད་ཀྱིས་བརྡ་སྤྲོད་མི་ཐུབ། ལུང་དེའི་དོན་སྒྲ་ནི་བརྗོད་འདོད་ཀྱི་རྗེས་སུ་འབྲངས་བ་ཙམ་ཡིན་པར་སྟོན་པ་ཡིན་ལས་དོན་ལ་གོ་བ་སྟེར་མིན་གྱི་དོན་མིན།
ཐུགས་རྗེ་ཆེན་པོ་དང་སྙིང་རྗེ་ཆེན་པོ་གཉིས་ལ་ཁྱད་པར་བརྒྱད་ཀྱིས་སྒོ་ནས་བཤད་པ་དེ་དག་སེམས་ཅན་ཚང་རྒྱ་བའི་དུས་མེད་པའི་སྒྲུབ་བྱེད་དུ་བཀོད་ན་བསྒྲུབ་བྱ་སྒྲུབ་བྱེད་མཉམ་པའི་སྐྱོན་འབྱུང་པས་མི་རུང་ངོ།། ཞེས་རང་གྲོལ་ལགས་ཀྱིས་གསུངས་པ་ལ་འོ་ན། ཐེག་ཆེན་གྱི་སྙིང་རྗེ་ཆེན་པོའི་ཡུལ་ལ་རང་ལས་དམན་པའམ་ཉམ་ཐག་པ་འཇོག་ན། བྱང་སེམས་ཚོགས་ལམ་པའི་སྙིང་རྗེ་དེ་སེམས་ཅན་ཐམས་ཅད་ལ་དམིགས་པའི་སྙིང་རྗེ་མ་ཡིན་པར་ཐལ། དེའི་ཡུལ་ལ་སེམས་ཅན་ཐམས་ཅད་མི་ཡོང་བའི་ཕྱིར་ཏེ། བྱང་སེམས་འཕགས་པ་མི་ཡོང་བ་གང་ཞིག དེ་སྡུག་བསྔལ་གྱིས་མནར་བ་མ་ཡིན་པའི་ཕྱིར། དམིགས་མེད་ལ་དམིགས་པའི་སྙིང་རྗེ་སྙིང་རྗེ་ཡིན་ནམ་མིན་འདི་ལ་ལན་ཅིས་འདེབས།
DorJee རྡོ་རྗེ་ལེགས།
ཁྱད་པར་དུ་རྡོ་རྗེ་དབང་ཕྱུག་དང་དགེ་འདུན་རབ་གསལ། ཐུབ་བསྟན་སྦྱིན་པ་ལ་སོགས་བོད་ཀྱི་བརྡ་སྤྲོད་ལ་ལོག་འགྲེལ་བྱེད་མཁན་ཚོར་ཕན་ངེས། གཞན་རྒན་ལགས་ཀྱིས་སྤྱོད་འཇུག་ལས་ཚིག་ཅིག་ལུང་དྲངས་ནས་ནོར་ཚུལ་གསུངས་པ་ནི་མ་བདེན་པ་སྟེ། ནག་ཚོ་ལོ་ཙ་བས་། འ་ཆུང་གཏགས་ཐུབ་མ་སོང་དགོངས་དག་ཞུ། ནག་ཚོ་ལོ་ཙ་བས་རྒྱ་གར་སློབ་དཔོན་ལ་གཙང་རྟ་ནག་ཏུ་བོད་སྐད་ཁྲིད་སྐབས་ ཐེངས་ནི་ལན་དང་ཚར་ལ་འཇུག། དཔེར་ན་ལན་ཅིག་ཚར་ཅིག་ལ།། ཐེངས་གཅིག་ཐེངས་ཅིག་འདམ་ང་དང་།། དེ་བཞིན་ལན་མང་ཚར་མང་ལ།། ཐེངས་མང་ཟེར་པ་ཐུགས་ལ་བཟུང་ཞེས་མ་གདམས་སམ།
སྐུ་ཉིད་ཀྱིས་བཀོད་པ་དེ་དག་ལ་སླར་རང་བློ་ལ་སྦྱོང་བརྡར་བྱེད་པ་ལ་ཕན། རང་རེས་སངས་རྒྱས་བར་དུ་ནོར་འཁྲུལ་བྱེད། བདག་ནི་ཉོན་མོངས་ཀྱི་སྣོད་ཅིག་ཡིན། ལྷག་པར་དུ་གོང་གསལ་མཁས་པ་རྣམས་ཀྱིས་བོད་ཀྱི་བརྡ་སྤྲོད་ལ་ལོག་བྱེ་མཁན་ཙམ་སྨོས་པ་མི་ཕན། དེ་རྣམས་བོད་དང་ཨིན་སྐད་དག་ལ་སྦྱངས་པའི་སྐྱེས་བུ་ཡིན་ན། ཁོང་རྣམས་ཀྱིས་བོད་ཀྱི་བརྡ་སྤྲོད་འདི་དང་འདི་ལ་ལོག་པར་འགྲེལ་ཟུར་དུ་དགར་ནས། འགྲེལ་ཀྱིས་ཁོང་དག་གིས་རང་གི་བྲིས་པ་ལ་ཞུས་དག་བྱེད་པ་དང་། གཞན་བོད་ཀྱི་སྐད་ཡིག་ཀློག་པོ་རྣམས་ལ་ཡང་ཕན་ངེས། དེ་ལྟར་མ་ཡིན་པར་༼བོད་ཀྱི་བརྡ་སྤྲོད་ལ་ལོག་འགྲེལ་བྱེད་མཁན་༽མཁས་པའི་བྱ་བ་ཞིག་ཏུ་དཔྱོད་ལྡན་རྣམས་ཀྱི་མ་རྩི། རྡོ་རྗེ་དབང་ཕྱུག་ཅེས་པ་མཁར་སྟོད་པ་བོད་སྐད་ཀྱི་བྱ་ཚིག་རྣམ་བཞན་ཁུ་ནུ་བླ་མ་རིན་པོ་ཆེའི་ཞབས་ལ་གཏུགས་ནས་བྲིས་པ་དེ་ཡིན་ནམ། ཁོང་ད་ལྟ་སྐུ་ག༷ཤེགས་ནས་ལོ་མང་སོང་། རང་རིའི་ཁ་བརྡའི་སྟེང་དུ་བགྲོ་གླེང་གིས་བོད་རིག་གཞུང་གོང་འཕེལ་ལ་ཕན་པ་རང་རེ་ཚང་མས་བསམ་དགོས་སོ།།
བན་དེ་བ་ལགས། མིའི་འདོད་རྔམ་ཟེར་བ་དེ་ཐར་བའི་བཟློག་ཕྱོགས་སུ་གྱུར་བ་ཡིན་ད་ཡིན། ཡིན་ཡང་ད་ལྟའི་གཉན་འཕྲང་ཅན་གྱི་དུས་ཚོད་འདིར་ཉོན་མོངས་དུག་གསུམ་ལ་ཁ་གཏད་གཅོག་དགོས་པ་གཙོ་བོ་ཡིན་ནམ། ཡང་ན་ཐོས་བསམ་སློབ་གཉེར་གཙོ་བོར་འཛིན་དགོས་པ་ཡིན། དགག་བྱ་དང་དགོས་པ་གཉིས་ཀྱི་ནང་ནས་དགོས་པ་ལ་བསམ་བློ་བཏང་ན་འུ་ཚང་གི་མཁས་པ་ལ་ལ་གཡེམ་ལ་དགའ་ཆེ་བ་དང་རྣམ་རྟོག་རྒོད་པོ་ཡིན་ཡང་དོན་གྱི་གནད་མི་འཕྱུགས་པ་གལ་ཆེན་པོ་རེད་བསམ་གི་ཡོད། སྐྱེ་བོ་སྒེར་ལ་བསམ་བློ་བཏང་ནའང་ཉོན་མོངས་ལ་ཁ་གཏད་གཅོག་པ་སྒེར་དོན་རེད་མ་གཏོགས་སྤྱི་དོན་མ་རེད། སྨྲ་ཤེས་དོན་གོ་བའི་བོད་མི་ཞིག་ཡིན་ན་ཁོ་ལ་དགོས་རྒྱུ་དེ་ག་རེ་རེད། དེའི་ཕྱོགས་ནས་བསམ་བློ་གཏོང་བ་གལ་ཆེ་བས་ག་དུས་ཡིན་ཡང་རིག་པའི་གཞུང་ལུགས་ཤིག་གམ་གཙོ་བོར་སྤྱི་དོན་གྱི་ཆ་ནས་གླེང་ན་དགེ་མཚན་ཆེ་བཤད་གི་ཡོད།
མང་དུ་ཐོས་པ་ཅན་རང་གྲོལ་ལགས། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི།།གཏན་ཚིགས། ཞེས་པས་ཚུལ་གསུམ་ཚང་བའི་གཏན་ཚིགས་ཡང་དག་བསྟན་ཀྱང་། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་པའི་སྦྱོར་བ་དངོས་སུ་བཀོད་ཡོད་དམ་མེད་ཅེས་དྲིས་པ་ཡིན། རྗེ་མི་ལས། ཚད་མ་ཚད་མིན་ངས་མི་ཤེས།།བླ་མར་ཚད་མར་བཟུང་ན་ཚད་མ་ཡིན།།ཞེས་པའི་དོན་ལའང་སྣང་ཆུང་མེད་པར་བསམ་བློ་བཏང་ན་ཚད་མའི་གཞུང་ལ་སྦྱངས་བའི་དགོས་པ་གཙོ་བོ་ག་རེ་རེད། དོན་ལ་མི་འཁྲུལ་བའི་ཚད་མ་རང་གི་རྒྱུད་ལ་སྐྱེ་རྒྱུ་དེ་མ་ཡིན་ནམ།
ལེགས་བཤད་ལགས། ་བསྟན་ན་དངོས་སུ་སྟོན་མི་དགོས་སོ།། རྗེ་མི་ལ་རས་པས། འདུལ་བ་འདུལ་བ་ངས་མི་ཤེས། རང་སེམས་གྱོང་བོ་འདི་འདུལ་ན་འདུལ་བ་ཡིན། ཞེས་གསུངས་སོ།།
ཀརྡོ་འདི་ལ་རང་འགྲེལ་ཞིག་རྩོམ་རོགས། རྫས་རྒྱུན་མེད་པར་རྫས་རྒྱུན་གྱི། །
ཉེར་ལེན་མེད་པར་ཕྱིར་ཡང་འགྲུབ། །
ལེགས་བཤད་ལགས་ཀྱིས། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི།། གཏན་ཚིགས་་་ ཞེས་པས་ཚུལ་གསུམ་ཚང་བའི་གཏན་ཚིགས་ཡང་དག་བསྟན་ཀྱང་། གསུངས་པ་ལ་ ཕྱོགས་བོན་རྗེས་ཁྱབ་ལྡོག་ཁྱབ་གསུམ་བསྟན་པ་ཙམ་གྱིས་གཏན་ཚིགས་ཡང་དག་རང་བསྟན་བཞག་པ་ཨ་ཡིན་ན། ཚུལ་གསུམ་ཚང་དང་མི་ཚང་གི་རྣམ་བཞག་མ་གཏོགས་གཏན་ཚིག་ལྟར་སྣང་ལའང་ཚུལ་གསུམ་གྱི་འགྲོ་སྟངས་འདི་གླེང་དགོས་པ་མ་ཡིན་ནམ། ཡང་ན་ཚུལ་གསུམ་སྟོན་བྱེད་ཀྱི་གཞུང་ཚིག་དང་རྟགས་ཡང་དག་སྟོན་བྱེད་ཀྱི་གཞུང་ཚིག་གཉིས་གཅིག་དུ་བྱས་ན་འགྲིག་གམ། བཀའ་འདྲི་ཙམ་ཡིན་ནོ། །
ཚད་མ་རིག་པར་པར་བྱང་ཞིང་གོམས་པའི་མཁས་དབང་ཚོས་བློ་བསྐྱེད་དང་རྒྱབ་སྐྱོར་ལམ་སྟོན་སོགས་བྱས་པར་སྙིང་ནས་བཀའ་དྲིན་ཞུ། ང་ཚོ་མུ་མཐུད་དུ་དྲ་ཐོག་ནས་མཇལ་ངེས་ལ་མ་འོངས་པ་ནས་ངོ་ཤེས་ནས་གྲོགས་པོ་དང་གྲོགས་པ་ནས་བློས་ཐུབ་ལ་འགྱུར་བའི་རེ་བ་དང་ཡིད་ཆེས་ཡོད། ང་ནི་པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་འཛིན་སྐྱོང་དྲུང་ཆེ་ཟུར་བ་ཡིན་ལ། ད་ལྟ་ལས་མེད་དུ་རྡ་རམ་ས་ལའི་ཉེ་འགྲམ་ནོར་གླིང་དུ་བསྡད་ཡོད། འདི་ཕྱོགས་སུ་ཡོང་མཁན་ཡོད་ན་ང་ཚོ་ངོ་ཐུག་སྲིད་གི་རེད། རྣམ་པ་ཚོ་བཀའ་དྲིན་ཆེ།
དངོས་པོ་ཡིན་ན། རང་རྒྱུ་སྔོན་དུ་སོང་བས་ཁྱབ་པ་མ་ཡིན་ནམ། ཞེས་སོ།།
༤༥༽ རང་གྲོལ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༥ གི་ཆུ་ཚོད་ ༡༢ སྐར་མ་ ༣༠
ཀརྡོ་འདི་ལ་རང་འགྲེལ་ཞིག་རྩོམ་རོགས།
རྫས་རྒྱུན་མེད་པར་རྫས་རྒྱུན་གྱི། །
ཉེར་ལེན་མེད་པར་ཕྱིར་ཡང་འགྲུབ། །
ཞེས་པའི་ལན་དུ།
ལུས་སེམས་གང་རུང་གི་རྫས་རྒྱུན་ལ། ཡང་ན། ལུས་ཡིན་ན་ལུས་ལ་ལུས་རང་གི་རྫས་རྒྱུན་སྔ་མ་སྔོན་དུ་སོང་ཡོད་པས་ཁྱབ་པ་དང་། ཡང་ན། རྣམ་ཤེས་ལ་རྣམ་ཤེས་ཀྱི་རྫས་རྒྱུན་སྔ་མ་སྔོན་དུ་སོང་བས་ཁྱབ་པར་འདོད་པ་ཡིན། འོནད་ཀྱང་། ལུས་ཀྱི་རྫས་རྒྱུན་ཡིན་ན་ལུས་ཀྱི་རིགས་རྒྱུན་ཡིན་པས་མ་ཁྱབ་པ་ཡང་ཤེས་དགོས་པ་གནད་ཆེའོ། །འདིར་མདོར་བསྡུས་ཙམ་དུ་རང་འགྲེལ་དུ་བྱས་པ་འདིའོ། །
ཀརྡོ་ལགས། ཁྱོད་ཀྱིས། ་རྫས་རྒྱུན་མེད་པར་རྫས་རྒྱུན་གྱི། །
ཞེས་པའི་རྩ་ཚིག་འདིས་དངོས་པོ་ཐམས་ཅད་ལ་ཁྱབ་འདུག་ཀྱང་། རང་འགྲེལ་སྐབས་སུ་ལུས་སེམས་གཉིས་མ་གཏོགས་བསྟན་མེད་པ་འདི་ཅི་ལ་དགོངས་ནས་མ་གསུངས་པ་ཡིན་ལགས།
ལ་དྭགས་བློ་བཟང་འཇམ་དཔལ་ལགས།
དངོས་པོ་ཡིན་ན། རང་རྒྱུ་སྔོན་དུ་སོང་བས་ཁྱབ་ནི་རེད་ལགས། རྒྱུ་སྔོན་སོང་སྒྲུབ་ཀྱི་འབྲས་རྟགས་ལ་གཟིགས་དང་།
རང་གྲོལ་ལགས།
སློབ་དཔོན་ཆོས་ཀྱི་གྲགས་པས།
རྣམ་ཤེས་ཡིན་ན་ཉེར་ལེན་རྣམ་ཤེས་ཡོད་པས་ཁྱབ་པ་གསུངས་ཚར་འདུག དེང་སང་ཚན་རིག་དར་བ་དང་ལུས་ཀྱི་རིགས་རྒྱུན་སྔ་མ་ཆད་པ་ཡོད་ན་ཡང་། རྫས་རྒྱུན་སྔ་མ་ཡོད་པས་ཁྱབ་བམ་མ་ཁྱབ་སྙམ་པ་དེ་དག་གི་ཆེད་དུ་བྱས་པའོ། ། རང་གྲོལ་ཁྱེད་ལྟ་བུའི་རིགས་པ་སྨྲ་བ་ལ་སྨྲས་མི་དགོས་ཀྱང་། རིགས་རྒྱུན་དང་རྫས་རྒྱུན་སོ་སོར་འབྱེད་པ་དཀའ་བ་རྣམས་ལ་ཕན་ཐོགས་ཅུང་ཟད་ཅིག་རེ་ནས་ཚིག་བསྒྱུར་བྱས་པའོ། །དགེ་བར་འགྱུར་ཅིགུ །
BONPO བོན་པོ་ལགས། ཕྱོགས་བོན་དེ་ཆས་ཁྱབ་པ་ཡི།། གཏན་ཚིགས། འདིའི་སྐབས་སུ་ ཕྱོགས་བོན་ཞེས་པས་ཕྱོགས་བོན་དང་དེ་ཆས་ཁྱབ་བ་ཡི་ཞེས་པས་རྗེས་ཁྱབ་དངོས་སུ་བསྟན་ནས་ལྡོག་ཁྱབ་ཤུགས་ལ་བསྟན་པ་ཡིན་པས། དེས་ན་ཚུལ་གསུམ་ཡིན་པ་རྟགས་ཡང་དག་གི་མཚན་ཉིད་ཅེས་སྟོན་པ་ལ་གཏན་ཚིགས་ཅེས་པའི་གཞུང་འདི་བྱུང་བ་ཡིན་ནོ།།
ཀརྡོ་ལགས། ཁྱོད་ཀྱིས་དགོངས་གཞི་བསམ་གྱིས་མི་ཁྱབ་པ་རེད་འདུག ཡིན་ནའང་ས་རྡོ་རི་བྲག་སོགས་ལ་རྫས་རྒྱུན་སྔ་མ་ཡོད་མེད་ཤེས་འདོད་ཅན་གྱི་གདུལ་བྱ་ཞིག་བྱུང་ན་དེ་ལ་ཐུགས་དགོངས་མ་བཞེས་པ་ཅི་ལ་དགོངས་ལགས། ་ཚན་རིག་གིས་རིགས་རྫས་རྒྱུན་སྔ་མ་ཇི་ལྟར་གྲུབ་མིན་ནི་DNA Cells སོགས་ལ་རགས་ལས་བར་བཤདལ། དེ་ནང་པའི་རིགས་རྒྱུན་དང་མི་འདྲ། སྤྱིར་རིགས་ཅེས་པ་རིགས་འདྲ་ལ་བྱེད་ན་རིགས་རྒྱུན་སྔ་མ་སྔོན་དུ་སོང་པའི་མ་ཁྱབ་པ། རྣམ་འགྲེལ་ལེའུ་གཉིས་པར་སྐྱེ་བ་སྔ་མ་ཡོད་པར་སྒྲུབ་པའི་སྐབས་སུ། ཐ་མལ་པ་སྐྱེས་མ་ཐག་པའི་རིག་པ་ཆོས་ཅན། རིག་པ་སྔ་མ་སྔོན་དུ་སོང་སྟེ། རིག་པ་ཡིན་པའི་ཕྱིར། ཞེས་རིགས་ལ་སྦྱར་མི་རུང་པའི་རྒྱུ་མཚན་གྱིས་ཤེས་སོ།།
གཟུགས་ཅན་ཡིན་ན། རང་གི་ཉེར་ལེན་རྫས་རྒྱུན་སྔོན་དུ་སོང་བས་ཁྱབ་ན། ཤེས་པ་ཡིན་ན་ཡང་། རང་གི་རྫས་རྒྱུན་སྔོན་དུ་སོང་བ་དོན་གྱིས་གྲུབ་པས། སྐྱེ་བ་སྔ་མ་སྔོན་དི་སོང་བ་དེས་སྒྲུབ་ཐུབ་ལ། སྐྱེ་བ་སྔ་མ་ཡོད་པས་ཤུགས་ཀྱིས། སྐྱེ་བ་ཕྱི་མ་ཡང་གྲུབ་པས། ངས་དགོས་དོན་དེ་གས་ཚང་བ་ཡིན་ནོ། ཨེ་མ་ཧོ། ངོ་མཚར་ཆེ།
རྩོད་དགོས་ས་ནས་ཕམ་པའམ་ལྟུང་བའམ་ལྷག་མའི་དབང་གིས་ལུས།
རྩོད་མི་དགོས་ས་ནས་ཞེ་སྡང་དང་གཏི་མུག་དང་མ་རིག་པས་སྒྲིབ།
བྱིས་བློ་ལས་མ་འདའ་བའི་འདི་དག་གིས་ཁ་བརྡ་ཡི་ནང་ནས་དངོས་པོའི་དེ་ཉིད་གླེང་།
གློག་ཀླད་ཀྱི་ནང་ནས་ང་ཡི་ཀླད་པ་ནང་གི་དགོད་སྒྲ་དེ་མར་ལ་བཀོད།
ཅོག་རོང་གི་མྱི་ལ།
དང་པོ་ཉིད་ནས་སྐྱོན་བྲལ་མི་ཞིག་རྙེད་པར་དཀའ།།
རང་ཉིད་བྱིས་པའི་བློ་ལས་སོར་གང་མི་འདའ་ཡང་།།
གཞན་གྱི་ཡོན་ཏན་ལེན་པ་ཡ་རབས་ལུགས་ཡིན་པས།།
དེ་ནི་ལུགས་དང་མཐུན་ལ་སྨྲ་བརྗོད་རང་དབང་རེད།།
རང་གྲོལ་ལགས།
སྐུ་ཉིད་ཀྱིས་གཞུང་ཚིག་དེའི་འགྲེལ་བརྗོད་ལེགས་པར་གནང་བར་སྙིང་ནས་བཀའ་དྲིན་ཆེ་ཞུ།
བོན་གཞུང་གཞི་ཡེ་སངས་རྒྱས་པའི་རྒྱུད་ལས། རྗེས་དཔག་ཚད་མས་མཛོད་ལ་རྣམ་དཔྱོད་ན། ཞུག་འཇུག་ལྡོག་པའི་ཤེས་རབ་དག་པས་རྟོགས། ཞུག་པ་ཡུལ་ལ་ཕྱོགས་གཅིག་བོན་དུ་བཟུང་། འཇུག་པ་དཔེ་ལ་གོམས་པས་རྗེས་སུ་ངེས། ལྡོག་པ་མི་མཐུན་ཕྱོགས་ལ་མེད་པར་མཁྱེན། ཞེས་པའི་གཞུང་ཚིག་འདི་ཚུལ་གསུམ་སྟོན་བྱེད་ཀྱི་གཞུང་ཚིག་རྙིང་པ་ཞིག་ཡིན་པར་གསུངས་ཀྱི་འདུག། བན་གཞུང་ཚད་མ་རྣམ་འགྲེལ་ལས། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། །གཏན་ཚིགས་དེ་ནི་རྣམ་གསུམ་ཉིད། །མེད་ན་མི་འབྱུང་ངེས་ཕྱིར་རོ། །གཏན་ཚིགས་ལྟར་སྣང་དེ་ལས་གཞན། གསུངས་པ་འདི་རྣམས་ལ་བསམ་ན་ང་ཚོ་བོད་ལ་ཚད་མ་རིག་པ་ས་སྟེང་འདིར་རྙེད་པར་དཀའ་བ་ཞིག་གཏན་གཏན་ཡོད་ཐག་ཆོད་རེད་འདུག། ཚད་མ་རྣམ་འགྲེལ་འདི་བོད་ཡུལ་དུ་ག་དུས་ཙམ་ཞིག་ལ་དར་བ་ཡིན་ནམ། །
བོན་པོ་ལགས། དུས་རབས་དགུ་པའི་ནང་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་གདན་འཛོམས་ཏེ། ཚད་མ་ཀུན་བཏུས་དང་སྡེ་བདུན་བོད་སྐད་དུ་བསྒྱུར་ཅིང་། དུས་རབས་བཅུ་གཅིག་པའི་ནང་་རྨ་དགེ་བའི་བློ་གྲོས་དང་། ལོ་ཙཱ་བ་བློ་ལྡན་ཤེས་རབ་སོགས་ཀྱིས་ཚད་མ་རྣམ་འགྲེལ་གྱི་འགྲེལ་བ་ལྷ་ཤག་གིས་མཛད་པ་སོགས་ཀྱང་བསྒྱུར་བ་ཡིན།
རང་གྲོལ་ལགས་བཀའ་དྲིན་ཆེ། ། ཚད་མ་རིག་པའི་བསྟན་པ་རྒྱས་པར་ཤོག། །
བར་མ་དོ་ཡི་གནས་སྐབས་སུ་གཟུགས་ཀྱི་རྫས་རྒྱུན་ཡོད་དམ་མེད། གཟུགས་ཀྱི་རྫས་རྒྱུན་ལ་གཟུགས་ཀྱི་རིགས་རྒྱུན་གྱིས་མ་ཁྱབ་པ་འཇོག་ན་ག་འདྲ་ཞིག་འཇོག་དགོས་སམ།
གཟུགས་ཀྱི་རྫས་རྒྱུན་ཡིན་ན། གཟུགས་ཡིན་པས་མ་ཁྱབ། དབྱིབས་གཟུགས་མེད་པའི་རེག་ནུས་ཙམ་ཡིན་པ་ཡོད་ཆོག་སྙམ་ལགས། དཔེར་ན་ཕ་ཡི་ཁུ་བས་བུ་ཡི་རུས་པའི་རྫས་རྒྱུན་བྱས་པ་བཞིན་ནོ། །
ཀརྡོ་ལགས། རགས་བཤད་མ་གནང་རོགས།
སྟག་ར་ལགས། མཛོད་ལས། དབང་པོ་ཀུན་ཚང་ཐོགས་མེད་རྒྱུ།། ཞེས་གསུངས་སོ།།
ཀ་གཉེར་ལགས། ཁྱབ་བམ་མ་ཁྱབ་ཅེས་པ་འདི་ངའི་དྲི་བ་མིན། མིང་མེད་ཀྱི་འོག་ནས་དེའི་ཐག་གཅོད་ཀྱང་བྱེད་དཀའ། ངའི་དྲི་བ་ཅུང་ཙམ་ཁ་གསལ་དུ་བཏང་ནས་མདོར་དྲིལ་ནས་ཞུས་ན། འདོད་པའི་བར་སྲིད་པ་ཞེས་པ་འདི་དང། གཟུགས་ཀྱི་བར་སྲིད་པ་ཞེས་པ་དེ་དག གཟུགས་ཅན་ཞིག་ཡིན་ནམ་གཟུགས་མེད་པ་ཞིག་ཡིན། གལ་ཏེ་དེ་དག་ཡིད་གཟུགས་ཀྱི་རང་བཞིན་ཅན་ཞིག་ཡིན་ན། སྔ་མའི་གཟུགས་ཀྱི་རྫས་རྒྱུན་དེ་གང་གི་སྟེང་དུ་འཇོག་ཅེས་པ་འདི་ཡིན། རེག་ཅེས་བྱ་བ་འདི་གཟུགས་ཀྱི་སྟེང་དུ་འཇོག་པ་ལས་གཟུགས་མེད་པའི་ཤེས་པས་ཇི་ལྟར་རེག བར་སྲིད་ཀྱི་གནས་སྐབས་ཀྱི་གཟུགས་ཀྱི་རྫས་རྒྱུན་དེ་བེམ་པོ་དང་ཤེས་པ་ལྡན་མིན་འདུ་བྱེད་གསུམ་གྱི་ནང་ནས་གང་ཡིན།
རང་གྲོལ་ལགས་ཀྱིས། དབང་པོ་ཀུན་ཚང་ཐོག་མེད་ཡིད་ཀྱིས་རྒྱུ། ཞེས་ལུང་དྲངས་འདུག་པ་དེའི་དངོས་དོན་གང་ཞིག་ཡིན། བར་སྲིད་ལ་ངོ་ཐོག་མིག་ནས་ཡིད་ཀྱི་བར་གྱི་དབང་པོ་ཀུན་ཡོད་པའི་དོན་ཡིན་ནམ། ཡང་ན་དེ་དག་ཡོད་པའི་སྣང་བ་དང་བཅས་པ་ཙམ་ཡིན། དེའི་གསུང་ལན་ཞིག་བསྐྱོན་རོགས། དེའི་སྐབས་ཀྱི་གཟུགས་ཀྱི་རྫས་རྒྱུན་ཁ་གསལ་བྱས་ནས་གསུངས་གནང་རོགས།
སྟག་ར་ལགས། བར་སྲིད་པ་ལ་མིག་གི་དབང་པོ་ནས་ལུས་ཀྱི་དབང་པོ་བར། གཟུགས་ཅན་དབང་པོ་དེ་དག་དང་བཅས་པ་ལྡན་པའི་དོན་རེད་ལགས། དེས་ན་དབང་པོ་དེ་དག་མིག་ཤེས་ཀྱིས་བཟུང་བྱ་དང་ལུས་ཤེས་ཀྱིས་མྱོང་བྱ་ལྟ་བུ་དེ་འདྲ་མིན་པ་ནི། མཛོད་ལས། བསྟན་ཡོད་འདིར་ནི་གཟུགས་གཅིག་པུ།།ཐོགས་དང་བཅས་པ་གཟུགས་ཅན་བཅུ།།ཞེས་གསུངས་པ་ལས་རྟོགས་ནུས་པས། སྣང་བ་ཙམ་དང་དབྱིབས་གཟུགས་རེག་བྱ་སོགས་ལ་འཁྲུལ་མི་རུང་།
ཀརྡོ་ལགས། རེག་བྱ་དེ་དང་ཕ་མའི་ཁུ་ཁྲག་དག་ནི་གཟུགས་རེད་ལགས།
བར་སྲིད་ཀྱི་དབང་པོ་སོགས་ནི། གཟུགས་ཕྲ་མོ་ཡིན་པར་འདོད་དགོས། འདོད་པའི་དྲང་སྲོང་ཞིག་གཟུགས་ཁམས་སུ་སྐྱེས་དུས། གཟུགས་ཀྱི་ལྷ་དེ་ཡི་གཟུགས་ཁམས་ན། དྲི་རོ་འཛིན་པའི་དབང་པོའི་རྒྱུན་མེད་པར་གསུངས་ཡོད་སྙམ། དེའི་སྟེང་དུ་གཟུགས་མེ་ལྷར་སྐྱེས་ན། གཟུགས་ཀྱི་རྫས་རྒྱུན་ཆད་འདོད་དགོས་སམ།
ཡང་ན། གཟུགས་ཀྱི་རྫས་རྒྱུན་གཟུགས་མེད་ཀྱི་རྣམ་ཤེས་ཀྱི་སྟེང་དུ། འདོད་གཟུགས་ལ་སྐྱེ་བར་འགྱུར་བའི་རྣམ་སྨིན་གྱི་ལས་ཀྱི་ངོ་བོར་ཡོད་པར་འདོད་དགོས་སམ། དེ་ནས་ཤོད་དཀའ་ཙམ་འདུག