སེར་ཤུལ་རིན་ཆེན་དོན་གྲུབ།
འདོད་ཆུང་ཞེས་པའི་ཚིག་འདི་གོ་མ་ཐག་དེ་ནི་ཡར་རྒྱས་ཀྱི་བཀག་རྡོ་ཞིག་རེད་བསམ་སྲིད། ཡང་ན་ དེ་ནི་ཆོས་ལུགས་པ་ཚོའི་ཐར་བའི་མཛེས་པ་འཚོལ་བྱེད་ཅིག་རེད་སྙམ་སྲིད། མི་སེར་དཀྱུས་མའི་ ཉིན་རེའི་འཚོ་བའི་ནང་དུ་འདོད་ཆུང་ཡོང་མི་སྲིད་ཅིང་འདོད་ཆུང་ནི་འཚོ་གནས་ཙམ་གཉེར་བའི་མིའི་ རིགས་ཀྱི་ནང་དུ་དེ་བས་གལ་ཆེན་རང་བཞིན་གྱི་ནུས་སྟོབས་མེད་པར་མཐོང་སྲིད། གནས་ལུགས་ དེར་རྒྱུ་མཚན་གཏན་ནས་མེད་པ་ཡིན་མི་སྲིད་མོད་མཐོང་ཚུལ་འདི་ལྟ་བུའི་ཕག་གི་སྐྱེ་བོ་ཚོར་ཞིབ་འཇུག་གི་ཚད་གཞི་འདང་ངེས་པ་ཞིག་མེད་ཅེས་བཤད་ཐུབ། ང་ཚོས་འདོད་པ་ཆེན་པོ་རི་རྒྱལ་ལྟ་བུ་ ཞིག་ཁུར་ནས་ད་བར་འདུལ་ཞིང་རྒྱུགས། དཔལ་འབྱོར། མཛེས་མ། དེང་རབས་ཀྱི་མཁོ་ཆས་རིན་ ཐང་ཅན་མང་པོ། འཁོར་གཡོག མཚན་སྙན་གྲགས། དེ་ལ་སོགས་པའི་ཧ་ཅང་གི་མང་པོ་མང་པོ་ཞིག་ གི་ཆེད་དུ་དལ་མ་མྱོང་མོད། འདི་དག་གི་ཆ་ཤས་རེ་ཐོབ་ཐེངས་རེར་བདེ་ཚོར་ཕྲན་བུ་རེའི་རྒྱུ་བ་དང་ ལྷན་དུ་དེ་ལས་བརྒལ་བའི་འདོད་པ་ཧ་ཅང་མང་པོ་མང་པོ་ཞིག་གིས་སླར་ཡང་གཙིག་འོང་། རང་ཉིད་ ཀྱིས་འབད་འབད་སྒྲུབ་སྒྲུབ་ཀྱིས་ཐོབ་པའི་དངོས་པོ་འདི་དག་ཐོབ་པ་ནས་སྐད་ཆ་བཤད་སྟངས་དང་། རྣམ་འགྱུར་སྟོན་སྟངས་ཚུད་ཆད་གཞན་ཕྱོགས་ནས་གོ་བ་ལེན་ཕྱོགས་འགྱུར་འགྲོ། ཐ་ན་རང་དང་སྙིང་ ཉེ་བའི་གྲོགས་པོ་དག་ཀྱང་སྔར་གྱི་བྱེད་སྟངས་གཅིག་མཚུངས་ཤིག་གིས་རང་ལ་ལྟ་ཕྱོགས་འགྱུར་འགྲོ། རང་དང་དཔལ་འབྱོར་འདྲ་མཉམ་གྱི་གྲོགས་པོ་ཞིག་གིས་རང་ལ་སྤྲང་པོ་ཞེས་བརྗོད་སྐབས་དང་རང་ ལས་དཔལ་འབྱོར་གྱི་ཆུ་ཚད་མཐོ་བའི་གྲོགས་པོ་ཞིག་གིས་དེ་ལྟར་བརྗོད་པ་གཉིས་གཤིབ་བསྡུར་ གྱིས་བལྟས་ན། རང་གི་སྙིང་ལ་ན་གཟུག་གཏོང་མཁན་དེ་རང་ལས་དཔལ་འབྱོར་གྱི་ཆུ་ཚད་མཐོ་བའི་ གྲོགས་པོས་བརྗོད་པའི་ཚིག་བརྗོད་དེ་ཡིན་ངེས། དེས་ང་ཚོར་ཐོབ་དགོས་པ་དེ་ཐོབ་ཀྱང་ད་དུང་བདེ་ སྐྱིད་དང་དགའ་སྤྲོའི་རྣམ་འགྱུར་གྱིས་ང་ཚོར་གཏན་དུ་གྲོགས་འགྲོགས་མི་ཐུབ་པའི་གསལ་བཤད་བྱས་ཡོད། བསམ་ཞིང་བསམ་ན་འདོད་པ་ལ་ཚད་ཡོད་དགོས་པ་དང་འདོད་པའི་ཆོག་ཤེས་དགོས་པ་དེ་ ཡང་འགྲོ་བ་མིའི་སྤྱི་ཡོངས་ཀྱི་བདེ་སྐྱིད་ཀྱི་རྨང་གཞི་ལ་ངོས་བཟུང་ཆོག་པ་ལས་ཆོས་ལུགས་པ་དང་ ཐར་བ་དོན་དུ་གཉེར་མཁན་ཚོས་ལས་དོན་ཙམ་ཞིག་ནམ་ཡང་ཡིན་མི་སྲིད་པའི་ངེས་ཤེས་སྐྱེ་ཐུབ། འདི་ཡང་བླ་ན་མེད་པའི་སྟོན་པ་མཆོག་གིས་ང་ཚོར་གནང་བའི་མི་ཆོས་ཤིག་རེད། ༢༠༡༡/༦/༩ལ་བྲིས།
དོན་དུ་གཉེར་ཡག་བླ་མེད་བྱང་ཆུབ་དང་གཏན་གྱི་འདུན་རྐྱང་ལབ་བཞིན་དུ་ཕྱོགས་གཞན་ནས་འདོད་ཆུང་ཟེར་བ་དེ་ནང་འགལ་རེད།
སེར་ཤུལ་རིན་ཆེན་དོན་གྲུབ་ལགས།
ཅི་མེད་ཀྱི་རྐྱལ་སྟོང་དག་གི་རྩོམ་ཡིག་ལས་རིང་དུ་འདས་པའི་ཚིག་དོན་གཉིས་ཀྱིས་ཤུགས་པའི་རྩོམ་ཡིག་དཔེ་མི་སྲིད་པའི་ཡག་པོ་ཞིག་བྲིས་འདུག
ཐུགས་རྗེ་ཆེ།
བློ་ཕམས་པ་ཞིག་ལ་རྐྱལ་སྟོང་དེ་ཚོས་ནང་དོན་ཡང་གོ་རྒྱུ། འདི་ནི་བྱ་ཐབས་ཟད་པའི་རང་བཞིན་ལས་རྩོམ་པ་པོའི་སྐྱོན་ཞིག་ཅི་ལ་ཡིན།
གོང་གི་མཆན་པ་རྐྱལ་སྟོང་དེས་ཀྱང་ནང་དོན་གོ་མི་འདུག་ག
དངོས་གནས་བརྗེ་བྱེད་དང་བརྗོད་བྱ་གཉིས་ཐད་ནས་ཕུན་སུམ་ཚོགས་པ་ཞིག་རེད།
ད་དུང་མ་ཆུགས་ཨ།
བློ་ཕམས་པ་ཞིག་ལ་རྐྱལ་སྟོང་དེ་ཚོས་ནང་དོན་ཡང་གོ་རྒྱུ་མ་རེད། འདི་ནི་བྱ་ཐབས་ཟད་པའི་རང་བཞིན་ལས་རྩོམ་པ་པོའི་སྐྱོན་ཞིག་ཅི་ལ་ཡིན།
ནོར་གྱི་མཆོག་ནི་ཆོག་ཤེས་ལགས། །གསུངས་པ་ལྟར། སྤྱི་དོན་ལ་འདོད་ཆེན་དང་། རང་དོན་ལ་འདོད་ཆུང་དགོས་པ་བདེན་པ་རེད།
ཆོག་ཤེས་དམ་པའི་ཚོད་ཅིག་མ་བཟུང་ན།
འཇིག་རྟེན་གསེར་དུ་གྱུར་ཀྱང་ངོམ་དུས་མེད།
ཅེས་གསུངས་ཡོད།
འོན་ཀྱང་ཆོག་ཤེས་དེ་ཡང་ཡོན་ཏན་དང་སློབ་སྦྱོང་སོགས་ལ་ཆོག་ཤེས་དེ་རིགས་མེད་ན་ལེགས།
དེ་མིན་བོད་མི་ཚོས་ད་ཡིན་ན་འདི་ཡིས་འགྲིག་འགྲོ་གི་རེད།
རང་སྐད་ཡག་པོ་ཤེས་ན་འགྲིག་གི་རེད།
རང་གི་གྲུབ་མཐའི་ལྟ་གྲུབ་ཤེས་ན་འགྲིག་གི་རེད།
ཅེས་པ་ལས་སོགས་ཀྱིས་སྤྱི་ཚོགས་ཀྱི་རྗེས་སུ་ལུས་གྲབས་བྱེད་ཀྱི་ཡོད།
སྔར་ནས་ད་བར་ཆོག་ཤེས་བྱས་བྱས་ནས་ད་ཆ་སོ་སོའི་ལུང་པ་ཡང་རྐྱལ་བ་རེད་རྐྱལ་སྟོང་གི་མཆན་མཁན་ལགས།
།བཟང་པོའི་ཆ་ལ་ཆོག་མི་ཤེས། །མང་པས་ཉོབ་ན་ཆོག་ཤེས་བྱོས།
དྲ་གྲོགས་ཚོ་ཕེབས་ནས་དགག་སྒྲུབ་གང་རུང་ནས་རང་རང་གི་བསམ་ཚུལ་གསུང་བར་དགའ་བསུ་ཞུ། ལེགས་ཉེས་དབྱེ་འབྱེད་སོ་སོའི་རྣམ་དཔྱོད་ལ་རྟེན་རྒྱུ་ལས་གཞན་མེད་པའི་གནས་ལུགས་ཚང་མས་མཁྱེན་དགོས།