ཆང་སྐྱེས།
ལྷ་ཆེན་ཚངས་པ་ཆེན་པོའི་མན་ཆད་དང་།།
སྲོག་ཆགས་འབུ་སྲིན་ཕྲ་མོ་ཡན་ཆད་ཀྱི།།
དབུགས་ཀྱི་རྒྱུ་བ་ལྡན་པའི་སྐྱེ་འགྲོ་རྣམས།།
འདོད་པའི་བདེ་ལ་མི་དགའ་སུ་ཞིག་ཡོད།།
འདོད་པའི་དབང་རྩ་སྟོད་ནས་འཁྲུག་པ་དང་།།
མྱོས་པའི་མཚན་མ་སྨད་ནས་རྒྱས་གྱུར་ནས།།
མིག་ཟུང་སྲེད་ཆགས་དམར་པོས་བསླུས་ན་ནི།།
འདོད་པའི་ལས་ལ་མི་འཇུག་སུ་ཞིག་ཡོད།།
ཡིད་འོང་སྟོང་གིས་རྣམ་འགྱུར་སྟོན་ཞོར་དང་།།
སྙན་མོ་ངག་གིས་རྣ་བར་གཏམ་བརྗོད་ནས།།
གསང་བའི་གནས་མཆོག་ཡུན་གྱིས་ཕུར་བ་ན།།
འཁྲུག་པའི་སྒོ་ལ་མི་འཇུག་སུ་ཞིག་ཡོད།།
བྲང་གི་ནུ་མ་ཕྱེད་ཙམ་སྟོན་པ་དང་།།
བརླ་ཤ་དཀར་པོ་གོས་ཀྱིས་མ་གཡོག་པར།།
སྒེག་པའི་ཉམས་ཀྱིས་གོམ་གསུམ་སྤོས་པ་ན།།
འདོད་པའི་སྤུ་ལོང་མི་གཡོ་སྐྱེས་པ་སུ།།
ལག་པས་སྟུ་ཡི་ཞལ་ལ་ཕུར་བ་དང་།།
ལྕེ་ཡིས་རྣ་ཅོག་རྩེ་ལ་ལྡག་བཞིན་དུ།།
མཆུ་གཉིས་ཡང་ཡང་བར་མེད་སྦྱར་ན་ནི།།
འཁྲུག་པའི་ལས་ལ་མི་བརྩོན་བུད་མེད་གང་།།
༢༠༢༡ ༠༤ ༡༨
འདོད་པའི་མི་ལ་འདོད་པ་སྦྱིན་པ་དེ་།
དགེ་བ་མེད་ནའང་སྡིག་པ་ག་ནས་ཡོད་།
འདོད་པ་ཉོན་མོངས་ཡིན་པ་མི་ཤེས་པར།
རང་གར་སྤྱོད་པ་ངན་སོང་མྱོང་བའི་རྒྱུའོ།