ནམ་མཁའ།
སྐུ་མདོག་ཅུང་ཟད་ལྗང་ཁུའི་ཟག་མེད་ཟུར་མིག་ཅན།།
ཆགས་ལྡན་འདུལ་ཕྱིར་མྱོས་བུམ་ཕྱེད་ཙམ་ཕྱི་རུ་མངོན།།
བྱང་སེམས་རྣམས་ལ་ཟག་མེད་བདེ་བ་སྦྱིན་ན་ཡང་།།
ཆགས་ཅན་སྐྱེ་བོ་རྣམས་ལ་ཟག་བཅས་བདེ་བ་སྟེར།།
དཀོན་མཆོག་གསུམ་ལ་མཆོད་པའི་མཆོག་གྱུར་བ།།
འཇིག་རྟེན་ཆོས་བརྒྱད་བྲལ་བའི་མཆོད་པ་བཞིན།།
བྷ་གའི་ཞབས་ལ་མཆོད་པའི་མཆོག་གྱུར་བ།།
སྟོབས་ཆེན་ལིང་གའི་མཆོད་ཞིག་ག་ལ་མཆིས།།
དྲི་ཞིམ་པད་མའི་གེ་སར་རྩེ་མོ་ལ།།
དོན་གཉེར་བུང་བའི་ཚོགས་ཀྱིས་འོ་བསྐྱལ་བཞིན།།
མཛེས་མའི་བཅུད་མཆོག་འཁྱིལ་བའི་ནུ་འབུར་ལ།།
ཆགས་ལྡན་སྐྱེ་བོ་རྣམས་ཀྱིས་མཆུ་ཡིས་འཇུབས།།
ཆར་བའི་རྒྱུ་ནི་ཆུ་སྤྲིན་འཁྲུགས་པ་བཞིན།།
མི་ལུས་རྒྱུ་ཡང་བྷ་ལིང་འཁྲུགས་དགོས་ཀྱང་།།
ཆགས་ལྡན་མཛེས་མར་འདོད་གཏམ་བརྗོད་པའི་ཚེ།།
སེམས་ནས་འདོད་ཀྱང་ཚིག་གིས་དགག་སྒྲ་འཕེན།།
ནོར་རྒྱུན་ལྷ་མོའི་བྷ་གའི་པད་མོ་ལ།།
རྣམ་སྲས་ལིང་གས་མཆོད་པའི་འབྲས་བུ་ལ།།
གཏེར་བདག་ཛམ་ལྷ་དཀར་ནག་འཁྲུངས་བའི་ཚེ།།
ནོར་དགའ་གངས་ཅན་སྐྱེ་བོ་ཡོངས་ཀྱིས་མཆོད།།
གཟུགས་མེད་ཁམས་ན་བརྒྱ་བྱིན་ཚངས་པ་སོགས།།
གཡུལ་འགྱེད་རྫུ་འཕྲུལ་འཁོར་ལོ་བསྐོར་བ་ཡང་།།
གཟུགས་མེད་རྣམས་ཀྱི་བདེ་སྡུག་མ་ཡིན་པར།།
ཆགས་ལྷའི་རྒྱལ་མོ་ཨུ་མའི་བྷ་གའི་ཆེད།།
ལྷ་མོ་ཨུ་མོའི་རིགས་ཀྱི་བུ་མོ་མཐོང་བའི་ཚེ།།
ཁྲི་ན་བཞུགས་པའི་གཡོ་ཅན་སྤྲུལ་རྫུན་ཡང་།།
བྷ་ལིང་འཁྲུགས་པར་འདོད་པའི་ཆགས་སེམས་ཀྱིས།།
ཆགས་ལྡན་མཛེས་མར་རིག་མའི་མིང་ཡང་སྦྱིན།།
ཆགས་པའི་སེམས་ལ་ས་མཚམས་མེད་པ་འདིས།།
ལིང་ག་རྩལ་ཆེན་འཕྲད་པའི་མནའ་མ་ཡང་།།
བུ་ཕྲུག་སྐྱུར་ཏེ་གནས་ནས་གནས་འགྲོ་བ།།
འཇིག་རྟེན་འདི་ན་གྲངས་ཀྱིས་ག་ལ་ཟིན།།
རྒྱལ་ཁམས་དབང་དུ་བསྒྱུར་བའི་རྒྱལ་བོ་ཡང་།།
ཉལ་ཁྲིའི་སྟེང་གི་བཙུན་མོ་འཛུམ་པའི་ཚེ།།
བྷ་གའི་དྲུང་ན་དཔའ་ངར་ཡོངས་ཞུམ་པས།།
སྐྱེས་པ་ཕལ་ཆེར་བུ་མོས་དབང་དུ་བསྒྱུར།།
འཇིག་རྟེན་འདི་ན་ཚན་རིག་འཕྲུལ་ཆས་མང་མོད་ཀྱང་།།
སྨྲ་ཤེས་དོན་གོ་བཟོ་བའི་ལག་རྩལ་མཆོག་གྱུར་ཞིག།
བྷ་ལིང་གཉིས་ཀ་སྡེབས་སྟེ་བཟོས་བའི་ཚན་རྩལ་ཅན།།
གནའ་ནས་ད་ལྟའི་བར་དུ་འགའ་ཡང་ག་ལ་མཆིས།།
བུད་མེད་རྣམས་ཀྱིས་སོར་མོའི་གདོང་ལ་འགེབས་ཞོར་དུ།།
སྨྱོན་པའི་མིང་གིས་འཕྱ་དམོད་བྱས་ཀྱང་དགའ་བསུ་ཡོད།།
བྷ་གར་དགའ་བའི་སྤྲུལ་སྐུའི་སྙིང་ལ་ཕོག་ན་ཡང་།།
འགྱོད་པའི་སེམས་ཀྱིས་བཤགས་པ་ཅི་ཡང་མེད།།
༢༠༠༣ལོར་ཉིན་ཐོ་ཞིག་བྲིས་བས་དེ་རིང་འདིར་བཀོད་པ་ཡིན།
ཡག་པོ་བྲིས་འདུག ། རྗེས་མ་ནས་མང་ཙམ་འབྲི་རོགས་གནང་།
འོ་འདོད་པའི་འདོད་རྩོམ་དམར་འབྲི་བྱས་ཏེ་བྲིས་ཡོད་ན་སྐྱིད་པོ་ཡོད་ས་རེད།གང་ལྟར་དགད་མོ་ཤོར་བ་ཞིག་བྲིས་འདུག
འབྲུག་པ་ཀུན་ལེགས་སྨྱོན་རྟགས་བསྟན་པ་སྟུ་ཡི་ཆེད། །
བན་ཆེན་གོང་མས་མནའ་མོ་བཞེས་པ་སྟུ་ཡི་ཆེད། །
དགེ་འདུན་ཆོས་འཕེལ་སྐྱ་སར་བབ་པ་སྟུ་ཡི་ཆེད། །
སྟུ་ལ་མི་དགའ་ཕོ་ཞིག་མེད་པ་ཐག་གིས་ཆོད། །
དགེ་མིང་ནམ་མཁའ་ཆགས་པས་གཟི་་ན་མཚན་མའི་འདོད་གཏམ་དྲག་པོའི་ཆར།།
དམར་སེར་ན་གཟའི་སྤྲིན་ནག་གསེབ་ནས་ཤག་ཤག་སྒྲ་བཅས་མང་དབབ་པས།
ཙེ་ཅིག་ཏིང་འཛིན་བསྒོམས་ལ་གཞོལ་བའི་བསམ་གཏན་བཞི་པའི་ལྷ་རྣམས་ཀྱང་།།
འདོད་པའི་ཁམས་སུ་འཕེབས་ནས་བོད་ཀྱི་མཛངས་མའི་ནུ་འབུར་བྷང་གྷའི་བདུད་རྩིར་རོལ།།
བྱ་དཀའ་བ་དང་མཉམ་གནས་ཆགས་གཏམ།
ཆགས་པས་མནར་ན་མ་དང་མནའ་མ་འཕྲལ་མར་ཡང་འཐབ་ནས།།
བྷང་གྷར་ཁ་དང་ལག་པད་དག་ཀྱང་བསྙབས་པར་མཁས།།
ཡང་ཡང་བསྡར་ནས་སྐད་ངན་གྲགས་ལ་རབ་འབད་ན།།
ཆགས་ལྡན་ནམ་མཁའ་ལགས་ཀྱང་བསམ་པ་རགས་ཙམ་འཕགས།།
ཨེ་མ་སྟུ་ཞེས་ཀུན་སྨོད་ཀྱང་། །རྒྱལ་བས་བྷ་ག་པདྨ་ཞེས། །ལན་བརྒྱན་བསྔགས་པའི་ཡུམ་ཆེན་མོ། །ཤེས་རབ་རང་བཞིན་དེ་ལ་འདུད། །སྟུའི་བསྟན་བཅོས་ལས་གསུངས་སོ༎
དགེ་མིང་ནམ་མཁའ་ཆགས་པའི་བརླན་གྱིས་རབ་ཏུ་གཟི་ནས་དྲག་པོའི་ཐོག་གི་
ཆར།།
དམར་སེར་ན་གཟའི་སྤྲིན་ཕུང་གསེབ་ནས་ཤག་ཤག་སྒྲ་བཅས་ཡང་ཡང་རབ་འཕབ་པས།
ཙེ་ཅིག་ཏིང་འཛིན་བསྒོམས་ལ་གཞོལ་བའི་བསམ་གཏན་བཞི་པའི་ལྷ་ཚོགས་རྣམས་
ཀྱང་མྱུར་བ་མྱུར་བར་ལྡང་སྟེ།
འདོད་པའི་ཁམས་སུ་འཕེབས་ནས་མཛངས་མའི་ནུ་འབུར་དང་བཅས་བྷང་གྷའི་བདུད་རྩིའི་བཅུད་ལ་རྣམ་པར་རོལ།།
བྱ་དཀའ་བར་མཉམ་གནས་ཆགས་གཏམ།
ཆགས་པས་མནར་ན་མ་དང་མནའ་མ་འགའ་ཡང་འཕྲལ་མར་འཐབ་ལ་དགའ།།
རང་གཞན་བྷང་གྷར་ཁ་དང་ལག་པས་བསྙབས་པར་བྱ་བ་མཐའ་དག་མཁས།།
ཡང་ཡང་བསྡར་བས་ག་བར་ས་ནས་སྐད་སྙན་བསྒྲགས་ལ་རབ་འབད་པས།།
ཆགས་ལྡན་ནམ་མཁའ་ཡབ་སྲས་བཅས་རྣམས་གནས་སྐབས་མཁའ་ལམ་ཡངས་པར་
འཕགས།།
ངག་ཁྲིའི་ངག་གི་གླུ་ཆུང་ཐ་ལ་མ་ཐོས་ཡུན་རིང་ཕྱིན།།
ངག་ཁྲིའི་ངག་གི་ངག་ཀྱལ་མ་གོ་རྒྱུན་རིང་སོང་།།
ངག་ཁྲིའི་གླུ་ཞིག་ཐོས་བས་སེམས་ཀྱི་ཆགས་སེམས་ཡང་།།
ངག་སེམས་བར་ན་ལེ་བར་སྟོང་གིས་བཅད།།