ལྷ་ཐོག་མཇེ་ཕྲུག
འཕུར་མཉེད་ལྡག་འཇིབ་མེད་པའི་འཁྲིག་ལས་ལས།།
འདོད་པའི་བདེ་བ་རྣལ་མ་ཚོར་མི་སྲིད།།
འདོད་ལས་བྱེད་དེ་འདོད་པ་མ་ཚིམ་ན།།
ཁུ་བ་དཀར་པོར་རིན་ཐང་ཅི་ཞིག་ཡོད།།
འདོད་པའི་བདེ་ཚོར་སྟུ་མཇེ་ཙམ་མིན་པར།།
ལུས་ཀྱི་མ་ལག་ཀུན་དང་འབྲེལ་བ་ཡོད།།
ཕྱུགས་ཟོག་ནང་བཞིན་བྲེལ་བ་ཚུབ་ཚུབ་དེ།།
ནམ་ཡང་མ་བྱེད་བློ་ལྡན་གྲོགས་མཆོག་ཚོ།།
འདོད་ལས་བྱེད་དུས་སྔོན་འགྲོ་དངོས་གཞི་དང་།།
མཇུག་སྡོམ་གསུམ་དང་བཅས་པ་དགོས་གལ་ཆེ།།
དེ་གསུམ་འཛོམས་པའི་དེང་གི་ཕོ་མོ་ལ།།
འདོད་པའི་བདེ་བ་མེད་པ་དཔེ་མི་སྲིད།།
ལྟོགས་པ་ཟས་ལ་རྔམ་པ་ཇི་བཞིན་དང་།།
སྐོམ་པ་ཆུ་ལ་སྲེད་པ་དེ་དེ་བཞིན།།
འདོད་པའི་སྒྱུ་རྩལ་རོལ་དུས་བྱེད་མི་ཉན།།
དེ་སོགས་དོར་ན་བདེ་བ་རྙེད་རྒྱུ་རེད།།
རྟག་པར་ཁང་པའི་ཕུགས་ལ་མ་རོལ་བར།།
སྐབས་རེ་སྤང་དང་ཆུ་ནང་སྤྱོད་ཤེས་དགོས།།
ཕྱི་ཡི་ཁོར་ཡུག་མ་འདྲ་ས་ཞིག་ལ།།
ནང་གི་ཚོར་བའི་ངར་ཤུགས་མ་འདྲ་ཡོད།།
འདོད་ལས་འདི་ཡང་སྒྱུ་རྩལ་ཞིག་ཡིན་པས།།
འདོད་ལྡན་ཀུན་གྱིས་ཤེས་རྒྱུ་གལ་འགངས་ཆེ།།
འདོད་པའི་ཁམས་ལ་ལྷུང་བའི་མི་ཡིན་ན་།།
འདོད་པའི་འཚོ་བ་མི་ཚེའི་སྙིང་པོ་ཡིན།།
༢༠༡༧/༨/༢༦
འདོད་པའི་མི་ལ་འདོད་པ་སྦྱིན་པ་དེ་།
དགེ་བ་མེན་ནའང་སྡིག་པ་གང་ན་ཡོད་།
དངོས་ཀུན་སྐྱེ་བའི་རྩ་བ་འདོད་པར་ཐུག་།
དངོས་ཀུན་འཇིག་པའི་རྩ་བ་འདོད་པར་ཐུག་།