རྭ་ལྷུན།
འདོད་ཡོན་ཤིན་ཏུ་དབྱིངས་ཞུགས་ཡོད་པའི་དུས་སྐབས་སུ་དེ་དང་མཐུན་པའི་ལམ་ཉམས་སུ་ལེན་པ་ནི་གལ་འགངས་ཆེ་བར་སེམས།
དེ་ཡང་འདོད་ཡོན་ལམ་དུ་འཁྱེར་མ་ཤེས་ན་རེག་དུག ཟ་རྐོང་། ཤུ་བ། གླང་ཤུ། ཤ་བཀྲ། གཡན་པ། བས་ལྡགས། གཅིན་སྙི། གཅིན་འགག གཅོང་ནད། སྐྲན། ཆུ་སེར། རྩ་དཀར། དམན་ལྷག་ལོག་པའི་ནད་རིགས་མཐའ་ཡས་པ་ཞིག་འབྱུང་གི་ཡོད། དེ་དག་མེད་པར་ལུས་སེམས་བདེ་ཐང་ངང་ནས་འཇིན་རྟེན་གྱི་འཚོ་བ་རོལ་བ་ལ།
རྡོ་རྗེ་གུར་ལས།
འདོད་ཆགས་ཀྱིས་བསྐྱེད་འཇིག་རྟེན་པ། ། འདོད་ཆགས་སྤངས་པས་བརླགས་པ་འགྱུར། ། རྡོ་རྗེ་ཆགས་པ་ཡོང་ཤེས་ན། ། ཡིད་ནི་རྡོ་རྗེ་སེམས་དཔར་འགྱུར། ། ཞེས་གསུངས་པ་ལྟར་རྩ་འཁོར་དང་རླུང་། ཐིག་ལེ་སོགས་སྦྱངས་རྟོགས་སྦར་གསུམ་ལ་སྦྱང་བ་གང་ཐུབ་དང་ཐ་ན་དངོས་གྲུབ་མཆོག་ནི་བདེ་ཆེན་གྱིས་ཐོབ་པ་ཞེས་པ་ལྟ་བུའི་ལམ་བཟང་ཡོད་པ་བག་ཆགས་མ་བརླགས་པ་ཙམ་གྱིས་ཕན་ཐོགས་ཆེན་པོ་འབྱུང་ངེས།
སྒྲོན་མཆན་ལས། འདོད་ཆགས་ལམ་དུ་བྱས་པའི་རྣམ་པར་དག་པའི་ཐབས་འོད་གསལ་གྱི་ཡེ་ཤེས་ཀྱིས་བྱང་ཆུབ་རབ་ཏུ་སྩལ་བས་ན་ཕན་དོན་ཆེའོ། ། ཞེས་པ་ལྟ་བུ་སྣ་མིག་གི་ལམ་དུ་རྒྱུ་བ་ཙམ་གྱིས་དགེ་བ་ཧ་ཅང་རྒྱ་ཆེན་པོ་འབྱུང་བར་ངེས།
ཡང་སྒྲོན་མཆན་ལས། བདེ་བས་རེག་ཀྱང་ཡུལ་དུ་བྱས་པས་སེམས་ཅན་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ཉིད་ཐོབ་པའོ། ། ཞེས་པ་གསུངས་པ་ལྟར་སྒྱུ་ལུས་དང་འོད་གསལ་གནད་དུ་སྨིན་པ་ལ་གོ་སྐབས་ཚེ་འདིར་ཡོད་པ་ངོས་ཟིན་པ་དང་བག་ཆགས་ཙམ་ཡང་འཇོག་པའི་སྐལ་བཟང་ལྡན་ན་འདོད་ལོག་ཏུ་མ་སོང་བར་ཆོས་ཉིད་ཤེས་པ་དང་ལག་ལེན་དུ་འདེབས་པའི་དུས་སྐབས་ཤིག་ཏུ་མཐོང་། དེ་བཞིན་གྲོགས་པ་རྣམ་པས་གྱེན་འཇུ། ཆ་ཕྱེད། མེ་མཉམ། ཐུལ་སེལ། སྲོག་འཛིན་སོགས་ལུས་ལ་རྒྱུ་བ་བེད་སྤྱོད་ཡག་པོ་ཞིག་བཏང་ན། ཚེ་འདིར་ལུས་ལ་འཕྲོད་བསྟེན་ཡོད་ཅིང་ཚེ་ཕྱི་མར་རང་སེམས་ལ་དབང་ཐོབ་པའི་བདེ་སྐྱིད་ཅིག་རག་ཡོང་བསམ་པའི་འཁྱེར་སོ་ཡར་ལྡན་དུ་འཛིན་ཁུལ་གྱིས་བྲིས་པའི་གསང་སྔགས་ཀྱི་བསྟན་པ་དར་ཞིང་རྒྱས་པར་གྱུར་ཅིག
སྨྲས་པ། རང་མགོ་མ་ཐོན་སེམས་རབ་བཅངས། ། བྱིས་པ་གླེན་ལྐུགས་རྙིང་རྗེའི་ཡུལ། ། ཡེ་ཤེས་བསོད་ནམས་ཚོགས་བསགས་པས། ། འཇལ་དཀའི་ལམ་བཟང་འདི་དང་འཕྲད། ། ཅེས་ཀྱང་ངག་ལ་ཐལ་ལོ། །
བཀུར་འོས་ན་གཞོན་རྩོམ་པ་པོ་རྭ་ལྷུན་ལགས།
ཁམས་བཟང་། ཕེབས་པར་དགའ་བསུ་ཞུ།
སྐུ་ཉིད་ཀྱིས་དེང་དུས་ཀྱི་འགྱུར་བ་དང་བསྟུན་ཞིང་གནའ་བོའི་རིག་གཞུང་གི་ཉིང་བཅུད་ལས་བཏུས་ཏེ་འགྲོ་བ་མིའི་རིགས་ལ་ཕན་ནུས་ཆེ་བའི་སྐུལ་མ་དང་ལམ་སྟོན་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག རྗེས་ཕྱོགས་ཀྱང་ཡང་ནས་བསྐྱར་དུ་གནད་ལ་འཁེལ་ཞིང་དགོས་གལ་ཆེ་བའི་ཆེད་རྩོད་གང་མང་སྤེལ་བའི་རེ་འདུན་ནན་གྱིས་ཞུ།
ན་གཞོན་གྱི་གདེང་སྤོབས།
གདོང་དམར་བོད་ཀྱི་རྒྱལ་ཁབ་ཏུ། ། ཆབ་དཔལ་རིག་པའི་ལང་ཚོའི་མདངས། ། མ་ཉམས་གསལ་བའི་འོད་འཕྲོས་པ། ། ཕྱི་རབས་གཞོན་ནུའི་ལས་འགན། །
ལར་ནས་ང་ཚོར་མེས་པོ་ཚོའི། ། ཞབས་རྗེས་ཟིན་པའི་ཤེས་འཇོན་གལ། ། ངག་ལས་ཐོན་པ་སླ་ན་ཡང་། ། ཕྱིས་རྗེས་སྟོན་རྒྱུ་རི་བོང་རྭ། །
མ་ནོར་ཐབས་ཤེས་ཡང་དག་གིས། ། བདེན་དོན་གཞིར་བཞག་བགྲོད་ནུས་ན། ། ཐར་དང་གཏན་གྱི་བདེ་སྐྱིད་ཉིད། ། ཐོབ་མིན་ཐེ་ཚོམ་ག་ལ་དགོས། །
ལུས་པོའི་ངལ་དུབ་ཁྱད་བསད་ཀྱང་། ། བཙལ་དཀའི་དངུལ་དངོས་འགྲོ་གྲོན་དང་། །
གཞན་ཕན་ལྷག་བསམ་རྨ་མེད་པའི། ། བྱ་བཞག་བཟང་བོ་ལམ་ལྷོང་ཤོག །
ཅེས་པ་འདི་ནི་རྒྱལ་ཁབ་དང་མི་རིགས་ཀྱི་མ་འོངས་ལས་དོན་ཐོག་ལྷག་བསམ་ཟོལ་མེད་ཀྱིས་མ་སྐུལ་དང་བླངས་བྱས་ཏེ་ཕ་མ་མིང་སྲིང་སོགས་བློས་གཏོང་བྱས་ནས་སློབ་གྲྭའི་དགའ་ཚལ་དུ་གནའ་དེང་གི་རིག་གནས་མང་པོ་སློབ་སྦྱོང་ཧུར་ཐག་གནང་དང་གནང་བཞིན་པའི་གཞིས་སྡོད་ན་ཆུང་རྩོམ་པ་པོ་དགེ་ཚེ་རིང་སྐྱིད་ལགས་སུ་ཕུལ་བ་ལགས།
གུ་རུ་གྷཎཌ་པའི་ཞལ་ནས།
ལ་ལ་ར་ས་དྷུ་ཏི་གསུམ། །
བདག་བྱིན་རླབས་ཕྱིར་བཅིང་བར་བྱ། །
བླ་མ་སེམས་དང་སྣང་བ་གསུམ། །
རྟོགས་པ་བསྐྱེད་ཕྱིར་མཁས་པས་བརྟེན། །
སློབ་དཔོན་དྲིལ་བུ་པའི་རྟོགས་བརྗོད་ཙམ་ལས་འགྲེལ་པ་འདུག་ཀྱང་བྲིས་མེད། དགེའོ།
བཤེས་གཉེན་བསྟེན་པ་ས་བསྟེན་ལ།།
རྟེན་ལ་བརྟེན་པ་ར་བརྟེན་ཡིན།།
བགྱི་བགྱིད་བགྱིས་གྱིས་བྱ་ཚིག་ཡིན།།
གི་ཚབ་བཞག་ན་ནོར་བ་ཡིན།།
དོན་དག་ཆུང་ཆུང་འདི་ཙམ་ལ།།
གླན་ཀ་བྱེད་འདོད་མེད་མོད་ཀྱི།།
སྣང་ངོར་མི་འཕྲོད་རོང་རོང་འདི།།
རྟག་པར་བྲིས་ན་སྡོད་ཐབས་བྲལ།།
སྙིང་ག་ཞི་བའི་དགའ་ཚལ་དུ།།
རྟག་པར་རྟ་རྒྱུག་མ་གཏོང་ཨ།།
མདའ་ཚན་པ་ལགས།
གི་ཡི་ཚབ་ལ་བགྱི་བགྱིད་གཉིས། །
བེད་སྤྱོད་བྱས་པ་ཐད་དགོས་ཏེ། །
གི་ཡི་ཚབ་ལ་ཀི་སྦྱར་ཐད། །
ཀི་ནི་གི་ལས་ལྷག་པ་ཡིན། །
དེ་རིང་ང་འགྲོ་ཀི་ཡོད།
སང་ཉིན་ང་འགྲོ་ཀི་ཡིན།
དེ་ལས་ཡག་ག
དེ་རིང་ང་འགྲོ་བགྱིད་ཡོད།
སང་ཉིན་ང་འགྲོ་བགྱི་ཡིན།
འདི་ལྟར་བྲིས་ན་སྤྱི་སྐད་ལ། །
ཤིན་ཏུ་ཕན་པར་མ་ངེས་སམ། །
གསང་སྔགས་གསང་བ་བྱ་རྒྱུ་གལ་ཆེན་ཡིན། ལྷག་པར་སྤྱོད་ལམ་སོགས་བཤད་མི་རུང་།
ཨོ་རོད་སྡེ་བའི་མདའ་ཚན་པ། །སུམ་རྟགས་དག་གསུམ་ལ་གོམས་པའི། །བག་ཆགས་ཁ་བརྡའི་དྲྭ་བར་རྒྱུ། །དགེ་རྒན་བྱ་བ་མ་དོར་ཅིག །
གསང་སྔགས་གསང་དགོས་ཤིན་ཏུ་བདེན། །
དེང་སང་ས་ཁྱབ་རྡོ་ཁྱབ་ལ། །
ཡིན་མིན་ཅུང་ཟད་མ་དབྱེ་ན། །
རྒོལ་ས་ཆེན་པོ་ཤོར་ཉེན་འདུག །