འདྲ་པར་ཞིག་གི་འགྲེལ་བཤད། Posted on 2012-12-242012-12-24 By ཡེ་ཤེས་ 7 Comments on འདྲ་པར་ཞིག་གི་འགྲེལ་བཤད། ཀླུ་སྨྱོན། ཆུ་ནི་ཆུ་དང་འོ་མ་འོ་མར་འདྲེས། ། བར་སྣང་གློག་ཀྱང་མུན་པའི་མཚན་མོར་འཐིམ། ། ལོ་དང་ཟླ་བའི་ངོས་ན་འཚེར་བའི་འོད། ། བདག་གི་མི་ཚེ་སྐྱ་བོ་འདི་ཉིད་དོ།། པར།
རྒན་ཀླུ་སྨྱོན་རིན་པོ་ཆེར་ཞུ་གསོལ། རྒན་ཁྱེད་རིག་པ་བཟང་ལ། གཤིས་ཀ་དྲང་བ། དེ་བཞིན་ཐོས་རྒྱ་མི་ཆུང་ལ། དྲན་རྒྱུ་རྒོད་པ། ལྷག་པར་དུ་བཤེས་གཉེན་དུ་མའི་གསུང་ལས་དམ་པའི་ཡོན་ཏན་མཇལ་མྱོང་མཁན་ཞིག་ལ་སོང་། ངེས་པར་དུ་ལྷག་འཕྲོར་ལུས་པའི་ལོ་ཟླ་འདི་དག་ཆུད་གཟོན་དུ་མ་སོང་བར། ཨ་མའི་བུ་ལ་སྙིང་ལ་རུས་པ་བཅུག་པ་ལྟར། འཇིག་རྟེན་བྱས་ན། འཇིག་རྟེན་པའི་ནང་ལ་ལག་རྗེས་འཇོག་ཐུབ་པ། ཆོས་པ་བྱས་ན་ཆོས་ཀྱི་ཐོག་ནས་ལག་རྗེས་འཇོག་ཐུབ་པའི་མི་ཞིག་བྱ་དགོས། ཁྱེད་ལྟ་བུའི་ཡོན་ཏན་དང་ཤེས་བྱར་མཁས་པའི་མི་དར་མ། ལུས་སེམས་གཉིས་ལ་གཞན་དྲིང་དུ་འཇོག་མ་དགོས་པའི་མཁས་པ། ཤིན་དུ་ནས་ཐོབ་དཀའ་བའི་མི་ཚེ་འདི་དག་དོན་མེད་སྙན་ངག་ཚིག་སྐམ་པོ་དང་ཆགས་བཞེན་སློང་བའི་གཏམ་ཁོ་ནར་མ་གཡེང་བར་ངེས་པར་འདུ་ལག་རྗེས་འཇོག་ཐུབ་པའི་མི་ཞིག་བྱ་དགོས། ཁྱེད་ཀྱི་གྲོགས་པོ་དང་ཁོར་ཡུག་ལ་གཟིགས་དང་། ཚང་མས་རང་རང་གི་འཇོན་ནུས་པ་དཔག་པའི་ཆེད་དུ་འཇིག་རྟེན་འདིར་ལག་རྗེས་ཤིག་འཇོག་བཞིན་མིན་འདུག་གམ། ང་རང་ཁྱེད་ལྟ་བུའི་མི་ཡོན་ཏན་ཅན་ཞིག་ནར་རེར་མི་ཚེ་འཕྲོ་བརླག་ཏུ་གཏོང་བཞིན་པ་འདི་མཐོང་སྐབས། ཤིང་བཟང་ལྤགས་པའི་འོག་ལ་རུལ་ཟེར་བ་ལྟར་ཤིན་དུ་ནས་ཕངས་དགོས་པའི་གནས་ཤིག་ལ་མཐོང་། ཁྱེད་ལས་ཤེས་བྱ་དང་བློ་རིག་ལྡབ་བརྒྱས་ཞན་པ་ཚོས་ཀྱང་ཆོས་ཚོགས་དང་སློབ་གྲྭ་མང་པོ་ཞིག་བརྒྱབ་ནས་རང་གཞན་ལ་ཕན་པ་བྱེད་པས་ན། ཅིའི་ཕྱིར་ཁྱེད་ས་སྐྱའི་ཁང་ཆུང་དེའི་ནང་ལ་བསྡད་ནས་མི་ཚེ་འབུད་བཞིན་ཡོད། འཐོབ་དཀའ་བའི་མི་ལུས་རྩ་ཆེན་འདི་འདྲ་ཁང་ཆུང་ཤིག་གི་ནང་ལ་འདས་ན་ཤིན་དུ་ནས་བློ་ཕངས་དགོས་པར་མཐོང་། དགེ་འདུན་ཆོས་འཕེལ་ལགས་ཀྱིས་དེབ་དཀར་གྱི་སྔོན་གླེང་ནང་ལ། རང་རང་སོ་སོའི་ལག་རྗེས་འཇོག་དགོས་པའི་སྐོར་ཞིག་འདུག་སྙམ། ཚིག་ཇི་མ་ཇི་བཞིན་དྲན་གྱི་མིན་འདུག ངས་རྗེས་འབྲས་ལ་ཇི་མི་སྙམ་པར་ཁྱེད་ལ་ཤ་ཚ་བའི་གོ་སྐོན་འདི་ཕུལ་བ་འདིས་ཁྱེད་ཀྱི་སྙིང་ནང་གི་རུས་པ་དེ་སྐྱར་དུ་གསོ་ཐུབ་པའི་རེ་སྨོན་ཡིན།
སྐུ་ལོ་རྒོད་ལ་ཤོར་ན། ཞེ་བློ་བྱི་མོའི་ཕྱོགས་རེད། ཕངས་བློའི་ཡིད་ཆད་དེ་ལ།། གོ་རྒྱུ་མེད་པ་གང་ཡིན། སྐྱ་མདོག་ཐལ་བ་ཡིན་ཡང་།། མདོག་མེད་མདངས་མེད་མ་རེད། ཁ་ལག་ཆགས་པས་གདུས་ཡང་།། བདག་གཞན་མ་བསམ་མ་རེད། གདུལ་བྱ་དགོན་པ་མེད་རུང་།། དཔེ་ཁང་ཞིག་གི་སྲུབས་ན། བླ་མ་ཀླུ་སྨྱོན་ལུས་འདི། ཡི་གེར་བཀོད་པའི་འཇའ་རེད། གཞན་གིས་ཅི་སོ་འཇོན་ནས་ཅི་སོ་མ་འཇོན་གི་ན། ཅི་སོ་བཤད་དས་ཅི་སོ་མི་བཤད་ཀི་ན། ཁྱེད་དགས་ལུས་སེམས་གཉིས་ཆ་སྐྱིད་པོ་བྱོས། ཁོམ་དུས་ཁོམ་དུས་ཁ་རེ་བློས།
ནམ་མཁའི་གློག་འདྲའི་མི་ཚེ་འདི། ། གཞན་གནོད་སྤངས་ནས་གཞན་པ་ལ། ། ཕན་པའི་བྱ་བ་ཁ་ཡོད་དང་། ། ལག་ཡོད་མེད་ཀྱང་ཚིག་བཟང་སྨྲོས། །
བོད་ལ་བསྡད་ན་སྡུག་བསྔལ་འཁྱག་རོམས་མང་། ། རྒྱ་གར་འགྲོ་ན་ཚ་བ་ཐལ་བའི་གདུང་། ། ཕྱི་རྒྱལ་ཕྱིན་ན་བྲེལ་ཚུབ་དངས་ཚབ་ཆེ། ། ག་རུ་བསྡད་ཀྱང་དལ་འབྱོར་བེད་སྤྱད་དཀའ། ། བདག་གི་མི་ཚེ་སྟོང་ཟད་འགྲོ་ཉེན་ཆེ། །
ཧ་ཧ་ཧ་ཧ། ༼ས་སྐྱ་པའི་ཁང་ཆུང་དེའི་ནང་༽ཞེས་གསུང་ཧ་ཧ་ཧ་ཧ་དངོས་གནས་བསམ་ཤེས་ནི་བསམ་ཤེས་རང་རེད་འདུག་ད་དུང་ཡོན་ཏན་དང་ཤེས་བྱ་ལ་མཁས་པའི་ཁྱེད་གསུང་། སྐབས་རེ་ཁོང་ནི་དམིགས་མ་རྙེས་པའི་མི་ཞིག་ཏུ་ཡང་སྒྲུབ་ཧ་ཧ་ཧ་ཆོས་ཚོགས་དང་སློབ་གྲྭ་མེད་པ་མི་ཚེ་དོན་མེད་དུ་གྱུར་ཧ་ཧ་ཧ་ཧ། བསྟན་པའི་དམ་ཆོས་རྣམ་གཉིས་དེ། །ག་རེ་རེད་གསུང་ཡ་ཡིན་ན། ཆོས་ཚོགས་དང་ནི་སློབ་གྲྭ་གཉིས། །ཡིན་ན།
རྒན་ཀླུ་སྨྱོན་རིན་པོ་ཆེར་ཞུ་གསོལ།
རྒན་ཁྱེད་རིག་པ་བཟང་ལ། གཤིས་ཀ་དྲང་བ། དེ་བཞིན་ཐོས་རྒྱ་མི་ཆུང་ལ། དྲན་རྒྱུ་རྒོད་པ། ལྷག་པར་དུ་བཤེས་གཉེན་དུ་མའི་གསུང་ལས་དམ་པའི་ཡོན་ཏན་མཇལ་མྱོང་མཁན་ཞིག་ལ་སོང་། ངེས་པར་དུ་ལྷག་འཕྲོར་ལུས་པའི་ལོ་ཟླ་འདི་དག་ཆུད་གཟོན་དུ་མ་སོང་བར། ཨ་མའི་བུ་ལ་སྙིང་ལ་རུས་པ་བཅུག་པ་ལྟར། འཇིག་རྟེན་བྱས་ན། འཇིག་རྟེན་པའི་ནང་ལ་ལག་རྗེས་འཇོག་ཐུབ་པ། ཆོས་པ་བྱས་ན་ཆོས་ཀྱི་ཐོག་ནས་ལག་རྗེས་འཇོག་ཐུབ་པའི་མི་ཞིག་བྱ་དགོས།
ཁྱེད་ལྟ་བུའི་ཡོན་ཏན་དང་ཤེས་བྱར་མཁས་པའི་མི་དར་མ། ལུས་སེམས་གཉིས་ལ་གཞན་དྲིང་དུ་འཇོག་མ་དགོས་པའི་མཁས་པ། ཤིན་དུ་ནས་ཐོབ་དཀའ་བའི་མི་ཚེ་འདི་དག་དོན་མེད་སྙན་ངག་ཚིག་སྐམ་པོ་དང་ཆགས་བཞེན་སློང་བའི་གཏམ་ཁོ་ནར་མ་གཡེང་བར་ངེས་པར་འདུ་ལག་རྗེས་འཇོག་ཐུབ་པའི་མི་ཞིག་བྱ་དགོས།
ཁྱེད་ཀྱི་གྲོགས་པོ་དང་ཁོར་ཡུག་ལ་གཟིགས་དང་། ཚང་མས་རང་རང་གི་འཇོན་ནུས་པ་དཔག་པའི་ཆེད་དུ་འཇིག་རྟེན་འདིར་ལག་རྗེས་ཤིག་འཇོག་བཞིན་མིན་འདུག་གམ།
ང་རང་ཁྱེད་ལྟ་བུའི་མི་ཡོན་ཏན་ཅན་ཞིག་ནར་རེར་མི་ཚེ་འཕྲོ་བརླག་ཏུ་གཏོང་བཞིན་པ་འདི་མཐོང་སྐབས། ཤིང་བཟང་ལྤགས་པའི་འོག་ལ་རུལ་ཟེར་བ་ལྟར་ཤིན་དུ་ནས་ཕངས་དགོས་པའི་གནས་ཤིག་ལ་མཐོང་།
ཁྱེད་ལས་ཤེས་བྱ་དང་བློ་རིག་ལྡབ་བརྒྱས་ཞན་པ་ཚོས་ཀྱང་ཆོས་ཚོགས་དང་སློབ་གྲྭ་མང་པོ་ཞིག་བརྒྱབ་ནས་རང་གཞན་ལ་ཕན་པ་བྱེད་པས་ན། ཅིའི་ཕྱིར་ཁྱེད་ས་སྐྱའི་ཁང་ཆུང་དེའི་ནང་ལ་བསྡད་ནས་མི་ཚེ་འབུད་བཞིན་ཡོད། འཐོབ་དཀའ་བའི་མི་ལུས་རྩ་ཆེན་འདི་འདྲ་ཁང་ཆུང་ཤིག་གི་ནང་ལ་འདས་ན་ཤིན་དུ་ནས་བློ་ཕངས་དགོས་པར་མཐོང་།
དགེ་འདུན་ཆོས་འཕེལ་ལགས་ཀྱིས་དེབ་དཀར་གྱི་སྔོན་གླེང་ནང་ལ། རང་རང་སོ་སོའི་ལག་རྗེས་འཇོག་དགོས་པའི་སྐོར་ཞིག་འདུག་སྙམ། ཚིག་ཇི་མ་ཇི་བཞིན་དྲན་གྱི་མིན་འདུག ངས་རྗེས་འབྲས་ལ་ཇི་མི་སྙམ་པར་ཁྱེད་ལ་ཤ་ཚ་བའི་གོ་སྐོན་འདི་ཕུལ་བ་འདིས་ཁྱེད་ཀྱི་སྙིང་ནང་གི་རུས་པ་དེ་སྐྱར་དུ་གསོ་ཐུབ་པའི་རེ་སྨོན་ཡིན།
སྐུ་ལོ་རྒོད་ལ་ཤོར་ན།
ཞེ་བློ་བྱི་མོའི་ཕྱོགས་རེད།
ཕངས་བློའི་ཡིད་ཆད་དེ་ལ།།
གོ་རྒྱུ་མེད་པ་གང་ཡིན།
སྐྱ་མདོག་ཐལ་བ་ཡིན་ཡང་།།
མདོག་མེད་མདངས་མེད་མ་རེད།
ཁ་ལག་ཆགས་པས་གདུས་ཡང་།།
བདག་གཞན་མ་བསམ་མ་རེད།
གདུལ་བྱ་དགོན་པ་མེད་རུང་།།
དཔེ་ཁང་ཞིག་གི་སྲུབས་ན།
བླ་མ་ཀླུ་སྨྱོན་ལུས་འདི།
ཡི་གེར་བཀོད་པའི་འཇའ་རེད།
གཞན་གིས་ཅི་སོ་འཇོན་ནས་ཅི་སོ་མ་འཇོན་གི་ན། ཅི་སོ་བཤད་དས་ཅི་སོ་མི་བཤད་ཀི་ན། ཁྱེད་དགས་ལུས་སེམས་གཉིས་ཆ་སྐྱིད་པོ་བྱོས། ཁོམ་དུས་ཁོམ་དུས་ཁ་རེ་བློས།
ནམ་མཁའི་གློག་འདྲའི་མི་ཚེ་འདི། །
གཞན་གནོད་སྤངས་ནས་གཞན་པ་ལ། །
ཕན་པའི་བྱ་བ་ཁ་ཡོད་དང་། །
ལག་ཡོད་མེད་ཀྱང་ཚིག་བཟང་སྨྲོས། །
བོད་ལ་བསྡད་ན་སྡུག་བསྔལ་འཁྱག་རོམས་མང་། །
རྒྱ་གར་འགྲོ་ན་ཚ་བ་ཐལ་བའི་གདུང་། །
ཕྱི་རྒྱལ་ཕྱིན་ན་བྲེལ་ཚུབ་དངས་ཚབ་ཆེ། །
ག་རུ་བསྡད་ཀྱང་དལ་འབྱོར་བེད་སྤྱད་དཀའ། །
བདག་གི་མི་ཚེ་སྟོང་ཟད་འགྲོ་ཉེན་ཆེ། །
་་་་་་་་ཐལ་བས་གདུང་།
ཧ་ཧ་ཧ་ཧ། ༼ས་སྐྱ་པའི་ཁང་ཆུང་དེའི་ནང་༽ཞེས་གསུང་ཧ་ཧ་ཧ་ཧ་དངོས་གནས་བསམ་ཤེས་ནི་བསམ་ཤེས་རང་རེད་འདུག་ད་དུང་ཡོན་ཏན་དང་ཤེས་བྱ་ལ་མཁས་པའི་ཁྱེད་གསུང་། སྐབས་རེ་ཁོང་ནི་དམིགས་མ་རྙེས་པའི་མི་ཞིག་ཏུ་ཡང་སྒྲུབ་ཧ་ཧ་ཧ་ཆོས་ཚོགས་དང་སློབ་གྲྭ་མེད་པ་མི་ཚེ་དོན་མེད་དུ་གྱུར་ཧ་ཧ་ཧ་ཧ། བསྟན་པའི་དམ་ཆོས་རྣམ་གཉིས་དེ། །ག་རེ་རེད་གསུང་ཡ་ཡིན་ན། ཆོས་ཚོགས་དང་ནི་སློབ་གྲྭ་གཉིས། །ཡིན་ན།
ངས་རང་ལུས་མེར་སྲེག་གཏོང་མཁན་གྱི་སེམས་དཔའ་ཞིག་གི་པར་ཞིག་འདུག་བསམས་བྱུང་་་་