རྩེཿམུན་སེལ།
སྲིད་པའི་རྒྱལ་མོ་ཨུ་མ་ཡུམ།།
གསུམ་རིཊ་ཆེ་བཙན་སུ་མཆིས་ཀྱིས།།
བདག་བརྩམ་སྨོན་ལམ་རབ་བཟང་དོན།།
ཇི་བཞིན་འགྲུབ་པའི་མཐུན་འགྱུར་མཛོད།།
སྤྱི་ལོ་གཉིས་ཐིག་གཅིག་བདུན་གྱི།།
ཚེས་བརྒྱད་བུད་མེད་དུས་ཚིཊ་འདིར།།
སྙིང་ནས་སྨོན་པའི་དོན་གྱི་ཚུལ།།
གསང་པོའི་ངག་གིས་བརྗོད་ཀྱིས་ཉོན།།
ཕ་ཁྱོ་བཙན་པོའི་གཤེ་སྡིགས་འོག།
ཡུལ་ཁྲིམས་དོག་མོའི་དྲྭ་བའི་ནང་།།
ཕམ་ཉེས་ལེན་པའི་བུད་མེད་རྣམས།།
རང་དབང་ལམ་ལ་འཇུག་ནུས་ཤོག།
བཙུན་ཆས་བགོས་ཀྱང་མཐའ་མ་འཁྱོལ།།
སྐྱ་མོར་བབས་རུང་དེ་མ་འཇོན།།
གཏོད་མེད་གནས་པའི་བུད་མེད་དག།
ཕྱོགས་གཅིག་གཙང་མར་གནས་པར་ཤོག།
ཕྱུག་བདག་ཚང་གིས་ཕྱི་ལ་བརྫངས།།
དབུལ་བོའི་མནའ་མར་འགྲོ་མ་འདོད།།
ཁེར་རྐྱང་འཚོ་བའི་བུད་མེད་རིགས།།
བསམ་པའི་གནས་ཤིག་ནོད་པར་ཤོག།
དཔོན་པོའི་བུ་དང་ལྟ་མ་མཐུན།།
རྫིགས་པོའི་བུ་ལ་རྒྱུ་མ་འཛོམས།།
འཚོལ་བཞིན་མི་ཚེ་འཛད་པ་རྣམས།།
སླད་མར་རང་ཚོད་ལྡན་པར་ཤོག།
བ་བཞོ་ཙམ་ལས་ལག་ཤེས་མེད།།
བྱིས་གཉོར་ཙམ་ལས་ཐོབ་ཐང་བྲལ།།
ཤེས་བྱས་ཕོངས་པའི་བུད་མེད་དག།
བསླབ་ལ་བརྩོན་པའི་སྐལ་ཐོབ་ཤོག།
ཞེ་ཚིག་རོལ་མོ་རྣ་བར་སྙན།།
ཉམས་འགྱུར་དོད་པོའི་ཟློས་གར་མཛེས།།
ཐབས་ཀྱིས་འཇོམས་པའི་བུད་མེད་དག།།
རྒྱུ་འབྲས་ཡིད་ཆེས་རྙེད་པར་ཤོག།
གྲོང་གི་སྲང་མདོ་ལ་སོགས་པར།།
སྙིགས་སྒྱེ་ཇི་བཞིན་འཛེད་པ་ཡི།།
བུད་མེད་སྨད་འཚོང་མ་ཡི་རིཊ།།
ངལ་མེད་བདེ་བས་འཚོ་བར་ཤོག།
རང་ཉིད་དྲང་ཡང་རང་དགར་བརྙས།།
གནས་ལུཊ་གོ་ཡང་འཇམ་ཆགས་ཀེ།
མྱོང་བ་སྨྲ་བའི་གདེང་མེད་རིགས།།
སྤོབས་པས་རྒྱུ་མཚན་སྒྲོགས་ནུས་ཤོག།
འདྲ་མཉམ་ཐོབ་ཐང་ཟེར་བའི་དོན།།
ལོག་པར་སེམས་པའི་ཀུ་ཅོ་ཅན།།
ལྷིང་འཇགས་དཀྲོག་པའི་བུད་མེད་ཚོས།།
དེ་དོན་ལེགས་པར་རྟོཊ་པར་ཤོག།
ཕོ་རྣམས་མོ་ལ་མི་བརྙས་ཤིང་།།
མོས་ཀྱང་ཕོ་ལ་མི་སྨད་པར།།
ཕོ་མོའི་མཐུན་སྦྲེལ་རབ་གཙང་བས།།
མི་ཡི་རིཊ་རྒྱུད་ཕུན་ཚོགས་ཤོག།
བརྡ་རྙིང་མངོན་བརྗོད་ལྷན་པ་བསྐྱུར།།
སྡེབས་སྦྱོར་མཉམ་མིན་ཚད་མ་བརྒྱབས།།
ཡིད་ལ་གང་ཞིག་ཤར་བའི་ཚུལ།།
ཇི་བཞིན་ཡི་གེའི་རིས་སུ་ཕབས།།
སར་གནས་སེམས་དཔའི་ཐུགས་སྨོན་དང་།།
ཁོ་བོའི་ལྷག་བསམ་གཙང་མ་དང་།།
རྟེན་འབྲེལ་བསླུ་མེད་བདེན་པའི་མཐུས།།
དགེ་ལེཊ་དེ་བཞིན་འབྱུང་གྱུར་ཅིག།
ཅེས་པ་ནི་སྤྱི་ལོ་༢༠༡༧ཕྱི་ཚེས་༨་ཉིན་ཏེ། རྒྱལ་སྤྱིའི་བུད་མེད་དུས་ཆེན་གྱི་ཉིན་ཆུ་ཚོད་སྐར་ཆ་༢༠ཙམ་གྱི་རིང་ཤར་མར་འགོད་པ་པོ་ནི་རྩེཿམུན་སེལ་དུ་འབོད་པའོ།།ཡིག་ནོར་ཡོད་མེད་ལ་བསྐྱར་ཞིབ་ཙམ་ཡང་བགྱི་ལོང་མ་བྱུང་བས། གལ་སྲིད། བརྡ་ཚུལ་ནོར་བའི་རིགས་ཡོད་ཚེ། བོད་ཀྱི་བརྡ་སྤྲོད་པའི་གཞུང་ལ་མངོན་པར་བྱང་ཆུབ་པའི་མཁས་པ་རྣམས་ཀྱིས་དག་བཅོས་གང་ལེགས་མཛད་རྒྱུའི་རེ་བ་ཞུ་བ་ལགས།།
རྒྱོ་མཁན་མེད་པའི་སྐྱོ་ལྷང་ལྷང་། །
རྡུང་མཁན་མེད་པའི་འཇམ་ཐིང་ཐིང་། །
བཟའ་གྱོན་དཀོན་པའི་ཡིད་ཆལ་ཆལ། །
བུད་མེད་རྣམས་ལ་མི་འབྱུང་ཤོག །
ཆགས་པ་མེད་པའི་བདེ་བ་ཞིག།
བྱུང་ན་བུད་མེད་རབ་ཀྱི་མཆོག།
ཟླ་བ་མེད་པའི་ཚེས་པ་འདི། །
མཁས་པ་རྣམས་ལ་མི་འབྱུང་ཤོག།
བསྐལ་པ་དུས་ཀྱི་ཐ་མ་ལ།
ཕོ་ཡི་མགོ་ལས་མོ་མགོ་མཐོ།
ཕོ་འཕང་སྨོད་པའི་དུས་ངན་འདི།
ཡག་རྟགས་མ་ཡིན་ངན་རྟགས་ཡིན།
དེ་ཡི་ལྟས་ངན་གཏོར་མས་བཟློག
ཕོ་མོ་ཐོབ་ཐང་འདྲ་མཉམ་ཞེས།
ཚོགས་འདུ་རིམ་པ་མང་ཚོགས་ཀྱང།
སྔོན་ལས་བཟང་ངན་འཕེན་སྟོབས་ལས།
བྱུང་བའི་རྒྱུ་འབྲས་ལྡོག་ཏུ་མེད།
རྟགས་ཀྱི་ཆ་ནས་འདྲ་མཉམ་མེད།
ཁ་སྤུའི་ཆ་ནས་འདྲ་མཉམ་མེད།
ལུས་སྟོབས་ཆ་ནས་འདྲ་མཉམ་མེད།
སེམས་སྟོབས་ཆ་ནས་འདྲ་མཉམ་མེད།
མི་སྲིད་འདྲ་མཉམ་རྩོད་པ་འདི།
དེ་ཡི་ལྟས་ངན་གཏོར་མས་བཟློག
ལུས་སེམས་འདྲ་མཉམ་ཡོད་གྱུར་ན།
མོ་ཡིས་ཕོ་ལ་བཙན་གཡེམ་བྱོས།
མོ་ཡིས་ཕོ་ལ་བརྡུང་བརྡེག་གྱིས།
མོ་ཡིས་ཕོ་རྣམས་གཡོག་ཏུ་བསྐུལ།
མི་འཇོན་མི་ནུས་ཡིན་གྱུར་ན།
ཕོ་མོ་འདྲ་མཉམ་མི་རྩོད་རོགས།
འཇིག་རྟེན་ལུགས་སུ་མོ་རྣམས་ངན།
ཆོས་ཀྱི་གཞུང་ལས་མོ་རྣམས་ངན།
བྲན་དང་བུད་མེད་དམག་དཔོན་གྱི།
ལུས་སུ་མི་ལེན་སྨོན་ལམ་ཚིག
དམ་པའི་ཆོས་ཀྱི་གཞུང་ལས་གསལ།
དེས་ན་འདྲ་མཉམ་མི་རྩོད་རོགས།
རྗེས་སུ་ཡི་རང་ཞུ།