སྒོ་ཤེར་གྱིས། (འོས་སྦྱོར་བ་གཙང་མེ་ལྕེ།)
མིའི་རིགས་ཀྱི་བྱུང་རབས་ལོ་རྒྱུས་ལ་ཕྱིར་འཁོར་ཏེ་བལྟས་ན། དད་པ་ཅན་གྱི་མི་རིགས་དང་། དད་པ་མེད་པའི་མི་རིགས་གཉིས་ཀའི་སྤྱི་ཚོགས་སྒྲིག་གཞི་དང་། ཡུལ་སྲོལ་ཆོ་ག ཀུན་སྤྱོད་བླང་དོར་བཅས་ལ་མི་འདྲ་བའི་ཁྱད་ཆོས་སོ་སོར་གནས་ཡོད་པ་དེ་ཙམ་ནི་རྩོད་མེད་ཀྱི་རྒྱུན་ཤེས་ཤིག་ལས་མ་འདས། དེ་ལས་དད་པ་ཅན་གྱི་མི་རིགས་དག་གི་ལོ་རྒྱུས་ལ་དམིགས་བསལ་རྟགས་མཚན་ཞིག་ཡོད་པ་ནི། ལོ་རྒྱུས་ཀྱི་གནས་སྐབས་ལ་ལར། ཁོང་ཚོས་དད་པའི་སྟོབས་ནུས་མཐུན་ཕྱོགས་སུ་བཀོལ་བ་ལ་བརྟེན་ནས་འཇིག་རྟེན་ངོ་མཚར་སྐྱེ་བའི་བཟང་སྤྱོད་རླབས་པོ་ཆེ་བསྐྲུན་ཡོད་པ་དང་། ཡང་ཡུལ་དུས་གནས་སྐབས་ཁ་ཅིག་ཏུ་ནི། དད་པའི་ནུས་པ་ལྡོག་ཕྱོགས་སུ་སྤྱད་པའི་དབང་གིས་མི་གསོད་ཁྲག་སྦྱོར་གྱི་ལས་ངན་བློ་ཡུལ་དུ་མི་ཤོང་བ་སྣ་ཚོགས་བསྒྲུབས་ཡོད་པ་དེའོ། །
དེར་བརྟེན། དད་པ་ཆེ་བའི་མི་རིགས་གང་ལ་མཚོན་རུང་། གང་དེའི་དད་ཡུལ་དུ་གྱུར་པའི་ཆོས་ལུགས་ཀྱི་གནད་དོན་ཕྲ་རགས་ཀུན་སྣང་མེད་དུ་ལུས་མི་རུང་བར། དེ་ཉིད་སྤྱི་ཚོགས་ཀྱི་བྱ་བ་ལེགས་ཉེས་སྣ་ཚོགས་པའི་འབྱུང་རྐྱེན་གཙོ་བོ་ཞིག་ཏུ་བལྟས་ཏེ། ངོས་ཟུར་སོ་སོ་ནས་དད་པའི་ནུས་པ་མཐུན་ཕྱོགས་སུ་སྤྱད་ཐབས་ལ་འབད་རྒྱུ་ཤིན་ཏུ་གལ་ཆེའོ་ཞེས་གཞན་རིགས་མཁས་པས་གླེང་གི་འདུག རང་རེ་གངས་ཅན་པའང་མི་རིགས་སྤྱིའི་བརྒྱ་ཆའི་དགུ་བཅུ་ལྷག་ཆོས་ལ་དད་མོས་རབ་ཏུ་ཆེ་བར་མ་ཟད། ང་ཚོའི་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཀྱི་གཞུང་རྟ་གཙོ་བོ་ཡང་ཆོས་ལུགས་གྲུབ་མཐའི་འགལ་འབྲེལ་གྱི་གནས་ཚུལ་རྙོག་འཛིངས་ཅན་དག་གིས་བྱས་ཡོད་ཅིང་། ད་རུང་མི་རྣམས་ཀྱི་སེམས་རྒྱུད་ན་ཆོས་རྒྱུད་གྲུབ་མཐའ་ཕན་ཚུན་བར་དུ་བྱུང་མྱོང་བའི་ལོ་རྒྱུས་ཀྱི་རྩོད་གཞི་རྙིང་པ་རྣམས་ཀྱི་བག་ཆགས་ཤིན་ཏུ་ཟབ་པར་སྣང་བས། ཆོས་རྒྱུད་གྲུབ་མཐའི་སོ་སོའི་ཆེ་མཐོངས་དང་འབྲེལ་བའི་གནད་དོན་རྣམས་ནི། རང་རིགས་སྤྱིའི་བདེ་རྩ་དང་འབྲེལ་བའི་གནད་དོན་གལ་བོ་ཆེ་ཞིག་ཏུ་ངོས་ཟིན་པའི་སྟེང་ནས། འུ་ཅག་གི་ལམ་དང་ལུགས་སྲོལ་ཐམས་ཅད་དུས་མཐུན་སྤྱི་སྨན་གྱི་ལམ་བཟང་པོ་ཞིག་ཏུ་བསྐྱོད་ཐབས་ལ་གཞོལ་རྒྱུ་ལས་གལ་ཆེ་བ་ཅི་ཞིག་ཡོད།
འོན་ཀྱང་། བོད་ཀྱི་ཡུལ་གྲུ་རེ་འགའ་ན། ཇོ་ནང་པ་ལ་ཆོས་རྒྱུད་རང་རྐྱ་བ་ཞིག་གི་ཐོབ་ཐང་སྤྲད་མེད་པའི་གཏམ་ཐོས་རྒྱུ་ཡོད་པ་ནི་ཤིན་ཏུ་བློ་ཕམ་པའི་གནས་སུ་མཐོང་སྟེ། རང་རེའི་ཆོས་ལུགས་དང་འབྲེལ་བའི་བྱ་གཞག་ཐམས་ཅད་ལེགས་ལམ་དུ་བསྐྱོད་པའི་རྩ་བའི་རྨང་གཞི་ནི། ཆོས་རྒྱུད་གྲུབ་མཐའ་སོ་སོའི་བར་དོན་དམ་པའི་འདྲ་མཉམ་དང་། དྲང་བདེན་ལ་གཞི་བྱས་པའི་མཐུན་སྒྲིལ་གཙང་མ་ཞིག་འབྱུང་རྒྱུ་དེ་ཁོ་ན་ལས་གཞན་ཅི་ཞིག་ཡོད།
དེ་ཡང་དཔལ་རྒྱལ་བ་ཇོ་ནང་པ་ཞེས་ཡོངས་སུ་གྲགས་པ་གང་དེ་ནི། མདོ་ཕྱོགས་ནས་རྗེ་བཙུན་བྱམས་པའི་ཆོས་དང་། འཕགས་པ་ཐོགས་མེད་ཀྱི་གཞུང་ལུགས་རྣམས་གཞིར་བཟུང་བའི་ཐོག་ཏུ་རིགས་པ་དང་ལྡན་པའི་ལྟ་བའི་རྣམ་གཞག་ངོ་མཚར་ཅན་བཞག་པའི་ཚུགས་ཐུབ་ཀྱི་གྲུབ་མཐའ་ཞིག་ཡིན་པར་བསྙོན་དུ་མེད་པར་མ་ཟད། སྔགས་ཀྱི་ཕྱོགས་ནས་ལྷག་ཏུ་དཔལ་ལྡན་དུས་ཀྱི་འཁོར་ལོའི་བསྟན་པ་འཛིན་སྐྱོང་ལ་དམིགས་བསལ་གྱི་ནུས་པ་བཏོན་མྱོང་བ་ཞིག་ཀྱང་ལགས་ན། མདོ་སྔགས་གཉིས་ཆ་ནས་བོད་ཀྱི་ནང་བསྟན་ཤེས་རིག་དར་འཕེལ་གྱི་ལོ་རྒྱུས་སྟེང་། གཞན་གྱིས་ཚབ་བྱེད་མི་ནུས་པའི་གོ་གནས་ཅན་ཞིག་ཡིན་པས། དེ་འདྲའི་གྲུབ་མཐའ་ཞིག་ལ་གྲུབ་མཐའ་རང་རྐྱ་བ་ཞིག་གི་ཐོབ་ཐང་སྤྲོད་མིན་ནི། ཆོས་རྒྱུད་གང་དེའི་མཁས་གྲུབ་སྔ་མ་རྣམས་དང་དེའི་རྒྱུན་འཛིན་གྱི་སེར་རྐྱ་ཁྲི་ཕྲག་མང་པོའི་རྩིས་ཐང་དང་འབྲེལ་བའི་གནད་དོན་ཞིག་ཡིན་ལ། མངོན་སུམ་གྱི་དཔང་རྟགས་འཕེེར་བའི་ལོ་རྒྱུས་ཀྱི་དོན་དངོས་ཤིག་མིག་གིས་བལྟས་བལྟས་ལ་ཁས་ལེན་མིན་གྱི་དོན་དག་ཅིག་ཏུའང་མཐོང་།
ལོ་རྒྱུས་ཀྱི་བདེན་པར་བརྩི་འཇོག་དང་། སྐབས་བབས་ཀྱི་དོན་དངོས་ལ་བསམ་གཞིགས་བྱས་ཚེ། རང་རེའི་གནའ་རབས་རིག་གནས་ཀྱི་མ་ཡུམ་ལྟ་བུའི་གཡུང་དྲུང་བོན་གྱི་གྲུབ་མཐའ་དང་། ཕྱིས་རྒྱ་གར་ནས་དར་བའི་ནང་བསྟན་གྲུབ་མཐའ་གཞན་དག་འདྲ་བར། ཇོ་ནང་པའི་གྲུབ་མཐའ་ལའང་། ཆོས་རྒྱུད་རང་རྐྱ་བ་ཞིག་གི་ཐོབ་ཐང་ཡོད་འོས་པ་ལྟ་ག་ལ་ཞིག
མཁས་པ་འཆུགས་ན ་མདོམ་གང་ཟེར་བའི་གཏམ་དེ་ཅིས་མི་བདེན། མྱི་འདི་ཚོས་གནས་ཚུལ་ཇི་ཡིན་མ་བརྟགས་མ་དཔྱད་པར་ཧོལ་རྒྱུགས་ཀྱིས་སྐད་ཆ་གང་བྱུང་སྤེལ་ཡོང་གི་འདུག ཁ་ཉིན་ཞག་མི་རིགས་སློབ་གླིང་གི་དགེ་རྒན་ཐུབ་བསྟན་ཕུན་ཚོགས་ཟེར་བས། རྩིས་གཞུང་དུ་ཡོད་པའི་ངན་པ་དགུ་འཛོམས་སོགས་བོད་ལུགས་ཀྱི་རྣམ་གཞག་མང་པོ་ཞིག་རྒྱ་ལུགས་ཡིན་རབས་བཤད་དེ་བོད་ལུགས་ལོ་ཐོ་ཚུན་ཆད་ལ་བསྒྱུར་བཅོས་དང་སྣོན་འཕྲི་དུ་མ་བྱས་འདུག རྗེས་སོར་ཞིབ་འཇུག་དང་བགྲོ་གླེང་གི་གྲུབ་དོན་དུ་ཁོའི་བཤད་ཚད་ཚང་མ་རྐུབ་རྡོལ་ཏེ་རྒྱ་ལུགས་ལ་ངན་པ་དགུ་འཛོམས་ཟེར་ཡ་ཞིག་གྲགས་མ་མྱོང་པ་ར་སྤྲོད་བྱས་ཡོད།
དེ་བཞིན་སྒོར་ཤེར་ཟེར་བ་འདིས་བ་བཅོལ་གྱི་གཏམ་འདི་ཚོ་རྙོག་གླིང་ཐོག་ཏུ་རྙོག་དྲ་སྤུངས་པ་མིན་ན་ཅི་ཡིན།
གལ་སྲིད་ཇོ་ནང་པ་ལ་ཆོས་བརྒྱུད་ཡན་གར་པའི་ཐོབ་ཐང་ཞིག་ཡོད་དགོས་ན། ཤང་པ་བཀའ་བརྒྱུད་དང་། འབྲུག་པའི་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ལ་ཆོས་བརྒྱུད་ཡན་གར་པའི་ཐོབ་ཐང་དགོས་རྒྱུ་རེད། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ནང་ཚན་དུ་ཡོད་པ་གཅིག་མཚུང་ཡིན་པས་སོ། །ཇོ་ནང་ལ་ལྷ་སྡེ་དང་མི་སྡེ་རང་རྐང་ཚུགས་པ་ཞིག་ཡོད་སྟབས། ཆོས་ལུགས་ཀྱི་ཐོབ་ཐང་དགོས་ཟེར་ན། འབྲི་གུང་དང་། འབྲུག་པ། ཀམ་ཚང་སོགས་ལའང་ཐོབ་ཐང་དགོས་རྒྱུ་རེད། རྒྱུ་མཚན་མཚུངས་པས་སོ། །དེས་ན་བོད་བརྒྱུད་ནང་བསྟན་སྤྱི་ཁྱབ་ཀྱི་ཆོས་ལུགས་པའི་དབུ་འཛིན་གྱི་འོག་ཏུ་ཤར་སྐྱོད་དང་སོ་སོའི་ཆོས་ལུགས་དང་བླ་མ་ལ་དད་པ་རང་མོས་བྱས་ན། ཚད་བཀག་བྱེད་མཁན་སུ་ཡང་མེད་པས། དེ་ལུགས་བྱས་ན་ཧ་ཅང་བཟང་། དེ་མིན་ཆོས་བརྒྱུད་ཆེན་པོ་ཞིག་མཚན་ཁུར་དགོས་མདོག་གི་རྙོག་གླིང་འདི་ནི་གང་ཟག་རེ་འགས་ཁ་ཕོར་གྱི་ཆེད་དུ་ཡིན་སྟབས་འདི་འདྲ་ཐོབ་ཐང་རྩོད་སེམས་མཁན་ཁེངས་བསྡད་ཡོད་པས། རྫོགས་རྒྱུ་མེད་པའི་རྙོག་དྲ་ཞིག་ཡོང་བ་གོར་མ་ཆགས་སོ། །
རྒྱབ་སྐྱོར་ཡོད། ཞ྄་མོའི་རིགས་མི་འདྲ་བ་ཚང་མ་ལ་ཆོས་རྒྱུད་ཀྱི་ཐོབ་ཐང་སྤྲད་དུས་ཇོ་ནང་པར་མི་སྤྲོད་དགོས་པའི་རྒྱུ་མཚན་མེད། ས་སྐྱ་གོང་མ་རིན་པོ་ཆེ་ནས་ཐུགས་རྒྱ་ཆེན་པོར་བཞེས་པའི་རེ་བ་ཡོད། ཇོ་ནང་གིས་བོད་བསྟན་སྲིད་གང་ལའང་བྱེད་བྱས་བཞག་ཡོད་ལྷག་པར་དུ་ད་ལྟའི་གནས་སྟངས་ཛ་དྲག་པོའི་སྐབས་སུ་བོད་གནས་ཇོ་ནང་གྲྭ་བཙུན་པས་རང་སྲོག་བློས་བཏང་གིས་བྱེད་བྱས་བཞག་ཡོད་པས་ངེས་པར་དུ་ཇོ་ནང་ལ་ཆོས་རྒྱུད་གཞན་བཞི་དང་འདྲ་བར་ཐོབ་སྟངས་དགོས།
ངས་ངོས་ནས་ཆོས་ལུགས་པ་ཚང་མར་འདྲ་མཉམ་ཞིག་བྱུང་ན་བསམས་ཀྱི་ཡོད། ཇོ་ནང་དང་བོད་ཀྱི་ཁ་ཆེ། བོད་ཀྱི་དོལ་རྒྱལ་བ་དང་བོད་ཀྱི་ཡེ་ཤུ་ཆོས་ལུགས་པ། ཕྱི་པ་དང་ནང་པ། ལྷ་བརྟེན་དང་འདྲེ་གསོ་གང་ཡིན་ཡང་འདྲ་མཉམ་ཞིག་བྱུང་ན་བསམས་པའི་རེ་བ་བྱས་དང་བྱེད་བཞིན་པ་ཡིན་ལ་ཅི་འཇོན་གང་ཤེས་ཀྱི་སྨྱུག་ཁ་བསྐོར་དང་སྐོར་བཞིན་པ་ཡིན།
རེ་བ་ཆེ་ཤོས་བོད་མི་རིགས་རྨོངས་དད་ཀྱི་གཉིད་ལས་སད་འོང་པའི་རེ་བ་བྱེད་བཞིན་ཡོད། རང་ལྟ་མཆོག་འཛིན་གྱི་འདུ་ཤེས་དོར་ནས་འདྲ་མཉམ་གྱི་འདུ་ཤེས་ཤིག་རྒྱུད་ལ་སྐྱེས་ཡོང་བའི་རེ་བ་བྱེད་བཞིན་ཡོད།
བོད་མི་མང་སྤྱི་འཐུས་ནང་ཆོས་ལུགས་ཀྱི་སྤྱི་འཐུས་དགོས་པ་མ་མཐོང་། སྤྱི་འཐུས་ནི་ཁྲིམས་བཟོ་མཁན་རེད་། ཆོས་དོན་ལས་ཁུང་ཟུར་དུ་བཙུགས་ནས་དེེའི་ནང་ད་ལྟའི་ཆོས་བརྒྱུད་ཆེ་བ་བཞི་གཡུང་དྲུང་བོན་བཅས་ལྔ་གི་ཐོག་ཇོ་ནང་ཡིན་ནའང་རེད་། དེ་མིན་བོད་པའི་སྤྱི་ཚོགས་ནང་ཆོས་ལུགས་གཞན་ལ་དད་མོས་ཡོད་པའི་ཆོས་ལུགས་ཡི་ཤུ་དང་ཧིན་འདུ་ཁ་ཆེ་གཅེར་བུ་བ་དང་། གཞན་ཡང་འཇིག་རྟེན་པའི་ལྷ་དྲེག་པ་ཅན་གཟུགས་ཡོད་གཟུགས་མེད་གང་་ལ་སྐྱབས་བཅོལ་མཁན་ཚང་མའི་འཐུས་མི་ཆོས་དོན་ལྷན་ཁང་ནང་ཕེབས་དགོས་པའི་ལམ་ལུགས་སམ་ཁྲིམས་ལུགས་བཅའ་ཁྲིམས་ནང་གཏན་འབེབས་གནང་དགོས་པ་ལས་སྤྱི་འཐུས་ནང་ཆོས་ལུགས་སྤྱིི་འཐུས་མི་དགོས་པ་བྱ་དགོས་སོ་།
དེ་ཕོ་ལགས། འབྲི་གུང་བཀའ་བརྒྱུད་དང་འབྲུག་པ་བཀའ་བརྒྱུད་སོགས་ཕྱོགས་ཕན་ཚུན་ལ་ལྟ་གྲུབ་དང་སྒྲུབ་བརྒྱུད་ཀྱི་ཆོས་ཁག་སོ་སོར་ཡོད་ན་སྟོན་ཤོག དེ་ནས་གསུང་བཤད་གནོངས། ངེད་ཅག་གི་སྒྲིག་འཛུགས་ལ་འདྲ་མཉམ་གྱི་ཁྲིམས་དང་དེ་ལག་བསྟར་ཡོད་ན་ཆོས་བརྒྱུད་ཆེན་པོ་ཇོ་ནང་པ་ལྟ་བུ་ལ་ངེས་པར་དུ་ཆོས་བརྒྱུད་གཞན་ལྟར་མང་དང་ཐོབ་ཐང་འབུལ་དགོས། མི་རིགས་གཞན་གྱིས་གོ་ན་ངོ་ཚ་དགོས་པའི་གནས་སྟངས་ཤིག་འདི་ན་ཡོད།
ཆོས་ལུགས་འདྲ་མཉམ། རྡོག་རྩ་གཅིག་སྒྲིལ། ཕོ་མོ་དབྱེར་མེད། ༸གོང་ས༸་མཆོག་དབུར་བཞུགས་ཐོག། བཀའ་ཁྲི་རིན་པོ་ཆེས་སྣེ་ཁྲིད་འོག་ང་ཚོས་ཧམ་བཤད་དང་གནས་ལུགས་ནོར་མི་རུང་། བཀྲ་ཤིས་བདེ་ལེགས།
བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཀྱི་ཁྲོད་གནད་དོན་འདི་མེད་ལ་དེ་ནི་ཀུན་གསལ་ཡང་རེད། སྒྲུབ་བརྒྱུད་ཀྱི་ཤིང་རྟ་བརྒྱད་ལ་རེ་རེ་བྱས་ནས་ཆོས་བརྒྱུད་ཀྱི་ཐོབ་ཐང་སྤྲད་ན་མི་འགྲིག་པ་གང་ཡང་མེད་པ་གནས་ལུགས་རེད། ཅེའི་ཕྱིར་ཞེ་ན་ང་ཚོའི་སྒྲིག་འཛུགས་འདི་རིག་གཞུང་གི་བདག་པོའི་གཞུང་ངམ་སྒྲིག་འཛུགས་ཡིན་པས་སོ།།
སྐྱབས་བཅོལ་སྒྲིག་འཛུགས་ཤིག་ལ་ཆོས་བརྒྱུད་ཆེན་པོ་ཞིག་གི་ཐོབ་ཐང་འཕྲོགས་པའི་དབང་ཆ་དང་ཐོབ་ཐང་སྤྲོད་པའི་དབང་ཆ་ཅི་ཡང་མེད།
ཀླུ་སྨྱོན་ལགས། དེས་ན། གལ་སྲིད་བཟོ་བའམ་བསྐྲུན་པའི་དབང་ཆ་ཡོད་ན་སྤྲོད་པ་དང་འཕྲོག་པའི་དབང་ཆ་ཡོད་རྒྱུ་རེད།
གུས་པའི་བསམ་ཚུལ་ལ། ༧གོང་ས་༧སྐྱབས་མགོན་ཆེན་པོ་དབུ་བཞུགས་ཐོག བཀའ་བློན་ནམ་སྲིད་སྐྱོང་རིན་པོ་ཆེས་སྣེ་ཁྲིད་འོག བཙན་བྱོལ་གཞུང་ངམ་སྒྲིག་འཛུགས་འདི་ལ། ང་ཚོ་གཞིས་སྡོད་པ་དང་བྱེས་བཞུགས་ཡོངས་ཀྱི་རང་དབང་དང་འདྲ་མཉམ། ཐོབ་ཐང་། མངོན་འདོད། ཡིད་ཆེས་བློ་གཏད་བཅས་འདི་དག་གི་རིན་ཐང་འབུལ་ཡུལ་ཞིག་ཏུ་ངོས་འཛིན་ཞུ་གི་ཡོད།
ཐོབ་ཐང་ཡོད་ན་ཡོད་མཉམ། མེད་ན་མེད་མཉམ་ཞིག་ཡིན་རྒྱུ་གལ་ཆེན་ནང་གི་དོན་ཆེན་རེད། དབང་ཤུགས་དང་རྐུབ་སྟེགས་བརྩད་ནས་གཉོམ་ཆུང་ཚོས་ཐོབ་ཐང་མ་རེག་ན་དངོས་གནས་བློ་ཕམ་ཆེན་པོ་ཞིག་ཡིན་པ་མ་ཚད། མཐུན་སྒྲིལ་གྱི་གོང་བུ་ལ་གཏོར་བརླག་བྱས་པ་ཡིན་པས་མཇུག་འབྲས་ཡག་པོ་ཡོང་གི་མིན་པ་ཐག་ཆོད་རེད།
བོད་ཀྱི་མཁས་པའི་བགྲོ་གླེང་ཟེར་བའི་ཚོགས་འདུ་འདི་ཟླ་དུས་ཚེས་གྲངས་ག་དུས་འཚོགས་པ་ཡིན་ཆ་མ་འཚལ། འོན་ཀྱང་ཚོགས་ས་ཝ་ར་ན་སིར་འཚོགས་པ་ཡིན་ས་རེད། ཚོགས་འདུ་འདིར་༧གོང་ས་མཆོག་གི་སྐུ་མདུན་དུ་ས་སྐྱ་པའི་མཁས་དབང་ཞིག་གིས་་་བུ་ལུགས་དང་ཇོ་ནང་བོ་དོང་་་གསུམ་པོ་དེ་ས་སྐྱ་པའི་བཞེད་ཚུལ་ལ་བཤད་ཀྱི་སྐོར་ཁོང་གིས་ལུང་རིགས་གཉིས་ཀྱི་ལམ་ནས་ཁུངས་ལུང་དང་བཅས་གསལ་བཤད་དམ་ངོ་སྤྲོད་གནང་བ་ཞིག་འདིར་འདུག དེ་ཡང་ཁོང་གིས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱི་ཞལ་སྔ་ནས་གསུངས་པའི་་་བུ་ལུགས་ཇོ་ནང་བོ་དོང་ཞི་དྲག་རྣམས། བསྟན་པའི་རྩ་བ་ས་སྐྱ་པ་ལ་བཤད། མདོ་སྔགས་བཤད་པ་ཅུང་ཟད་འབུར་དུ་ཡོད། ཅེས་པའི་ལུང་ཚིག་འདི་ལྟར་དྲངས་སོང་། ཁྱེད་ཚོས་གཟིགས་དང་། །
འདི་ལ་ཇོ་ནང་བ་ཚོས་ཇོ་ནང་དེ་ས་སྐྱ་པའི་བཞེད་ཚུལ་མིན་པའི་ལུང་རིགས་གཉིས་ཀྱི་ལམ་ནས་གསལ་བཤད་བྱ་རྒྱུ་ཡོད་དམ། མེད་ན་མེད་དགོས་པའི་རྒྱུ་མཚན་འདྲ་ཡོད་དམ། །
དྲྭ་གྲོགས་རྣམ་པ་ཚོས་ས་སྐྱ་པའི་མཁས་དབང་ཁོང་གི་དཔྱད་རྩོམ་དེ་འདིར་དྲྭ་ཐོག་ཏུ་འཇོག་ཐུབ་མཁན་ཡོད་དམ། བལྟས་ཚོད་ལ་ཁོང་གིས་ཡག་པོ་ཞིག་བྲིས་གནང་ཡོད་ས་རེད། འོན་ཀྱང་ཆ་ཚང་ཞིག་ཀློག་འདོད་ཤིན་ཏུ་ཆེ། །
https://www.youtube.com/watch?v=lnMOuu1MuhM
སྐར་ཆ་11:32 གཟིགས།
སྒོ་ཤེར་ལ་བརྒྱབ་སྐྱོར་ཡོད། དེ་བཞིན་ད་ཆ་དགེ་ལུགས་ལས་ཟུར་དུ་ཕུད་པའི་ཤུགས་ལྡན་བ་ཚོར་དྲ་མཉམ་སྤྲོད་རྒྱུའི་བཀའ་མོལ་བྱུང་བཞིན་ན་དེ་ཇི་ཙམ་མགྱོགས་པ་ལག་ལེན་ཐུབ་ན་བོད་དོན་ལ་ཕན་པ་ཆེ་བས། དགོངས་པ་བཞེས་རོགས། ང་ཚོ་ཤུགས་ལྡན་དང་འབྲེལ་བ་མེད་པའི་ཆོས་རྒྱུད་ཤུགས་ལྡན་ཡོད་མེད་ཁྱད་པར་མེད་རུང་། ཁོང་ཚོའི་ཐོབ་ཐང་ལ་མ་བརྩིས་པའི་སྐོར་གྱིས་དོན་མེད་རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་ལ་སྐུར་འདེབས་སྣ་ཚོགས་ཀྱིས་བོད་མིའི་རྩ་དོན་ལ་གནོད་ཚབ་ཆེ་བས། ཚང་མས་འདིའི་སྐོར་ལ་བགྲོ་གླེང་གནང་རོགས། ཁོ་ཚོར་འདྲ་མཉམ་གྱི་ཐོབ་ཐང་ཐོག་ཆོས་ལུགས་གཞན་པ་དང་འདྲ་བར་བཞག་ན་ད་གཟོད་བོད་པ་ནང་ཁུལ་གྱི་རྙོག་ཁྲ་དེ་ཞི་བར་ཕན།
ས་མཁན་གྱིས། འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས་གསུངས་པའི་བུ་ལུགས་ཇོ་ནང་བོ་དོང་ཞི་དྲག་རྣམས། བསྟན་པའི་རྩ་བ་ས་སྐྱ་པ་ལ་བཤད། མདོ་སྔགས་བཤད་པ་ཅུང་ཟད་འབུར་དུ་ཡོད། ཅེས་པ་དེ་དྲངས་པ་ཙམ་གྱིས་ཇོ་ནང་ས་སྐྱའི་ཁུངས་ཡིན་པར་བསྒྲུབ་ཐུབ་ན། ས་སྐྱ་བཀའ་བརྒྱུད་ཇོ་ནང་དགེ་ལུགས་དང་།། བུ་ལུགས་བོ་དོང་ཞི་བྱེད་སོགས་པ།། བོད་ཀྱི་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་རྣམས།། བསྟན་པའི་རྩ་བ་སྔ་འགྱུར་རྙིང་མ་ཡིན།། འོན་ཀྱང་མདོ་སྔགས་བཤད་པའི་ཁྱད་པར་གྱིས།། གྲུབ་མཐའི་རྣམ་བཞག་མང་དུ་བྱུང་བ་ཡིན།། ཞེས་ཀྱང་སྨྲ་བར་འདོད་དོ།།
ཇོ་ནང་པ་དང་བུ་ལུགས། བོ་དོང་པ་ལ་སོགས་པ་བླ་མ་ཞིག་གིས་ཅིག་གསུངས་པ་རེད། དེ་གྱིས་ན་དེ་ཡིན་དགོས་རེད་ཅེས་གསུངས་ནས་གནས་ལུགས་དང་མི་མཐུན་པའི་སྐད་ཆ་བཤད། ལས་རྒྱུ་འབྲས་དང་དངོས་ཡོད་གནས་ཚུལ་རྦད་དེ་རྡོག་པས་བརྫིས་ན་ཧ་ཅང་གི་མ་འོས་པའི་གནས་ཤིག་ཡིན། རྒྱུ་མཚན་ནི། བོ་དོང་པ་ལ་མཚོན་ན་ཡི་དམ་གསང་བ་འདུས་པ་དང་འཕགས་དཀར་ཤེས་རབ་གསལ་བྱེད་གཉིས་ཡིན། ཉམས་ལེན་གྱི་གནད་དམ་པ་ནི་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་ཡིན་ལ་བོ་དོང་པཎ་ཆེན་ལ་རྣལ་འབྱོར་མས་ཞལ་གཟིགས་ནས་སྔགས་དེ་ཉིད་འདུས་པ་ལྗགས་རྩོམ་གནང་བ་བསྐུལ་མ་མཛད་ཅིང་བཀའ་བབས་ཀྱི་གྲུབ་མཐའ་ཞིག་ཡིན།
ཇོ་ནང་པ་ལ་མཚོན་ན་ཡིད་དམ་དུས་འཁོར། ཉམས་ལེན་གྱི་མཐིལ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་ཞལ་ནས་ཞལ་དུ་བརྒྱུད། སྙན་ནས་སྙན་དུ་བརྒྱུད། བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ནས་ད་བར་དུ་བརྒྱུད་པ་བར་མ་ཆད་པར་ཡོད། འདི་དཔལ་ལྡན་ས་སྐྱ་བ་ཚང་གིས་ད་བར་བཟུང་ནས་ཡོང་བ་ཞིག་མིན། འཕགས་ཡུལ་ནས་ཆོས་རྒྱལ་ཟླ་བ་བཟང་པོ་ལ་སོགས་པ་དང་བོད་ནས་འགྲོ་སྟོན་པ་རྒྱལ་བའི་འབྱུང་གནས་ལ་སོགས་བརྒྱུད་ནས་ད་ལྟ་ལ་ཐུག་གི་བར་དུ་ཡོད་པ་ཞིག་ཡིན། བསྟན་པ་འདི་ཇོ་ནང་བ་ལ་བཀའ་བབས་ཀྱི་བསྟན་པ་ཞིག་ཡིན།
ས་སྐྱ་པ་ལ་མཚོན་ན་ཡིད་དམ་ཀྱི་གཙོ་བོ་ཀྱཻ་རྡོ་རྗེ་དང་ལམ་འབྲས་ཀྱི་བརྒྱུད་པ་བར་མ་ཆད་པ་བསྣམས་ནས་ཡོང་བ་ཞིག་ཡིན། དེ་བཞིན་ལྟ་བའི་ཆ་ནས་ཆོས་བརྒྱུད་རེ་རེ་ལ་འབུར་དུ་བཏོན་ནས་ཆོས་འཁོར་རིམ་པ་གསུམ་གྱི་དགོངས་པ་འགྲེལ་ཚུལ་ཁྱད་པར་བ་རེ་ཡོད། དེར་བརྟེན་ཆོས་བརྒྱུད་དང་གྲུབ་མཐའི་གོ་དོན་མ་གཏོགས་པར་མི་རེ་ཟུང་གི་ཁ་ཆུ་ལྡག་ནས་གནད་དོན་འདིའི་སྐོར་གྱི་གནས་མི་མཁྱེན་པ་དག་ལ་དམིགས་ཡུལ་ལོག་པ་ཞིག་སྙིང་ལ་བཅིང་ནས་མགོ་སྐོར་གཏོང་བ་ནི་མ་འོས་པ་ཞིག་རེད། འོན་ཀྱང་ལྟ་བ་མཐའ་དག་འགལ་མེད་དུ་རྟོགས། སྒོམ་པ་མཐའ་དག་ལ་ཉམས་ལེན་གནང་མཁན་བྱུང་མྱོང་ཡོད་ལ་འབྱུང་ངེས་ཀྱང་ཡིན་པ་གོར་མ་ཆགས།
༧གོང་ས༧མཆོག་གི་བཀའ་དགོངས་བཞིན་ང་ཚོ་བོད་ཀྱི་སྐད་ཡིག་ཏུ་སངས་རྒྱས་ཀྱི་བསྟན་པ་མདོ་སྔགས་མ་ལུས་པ་ཆ་ཚང་བ་ཞིག་ཡོད་ཅེས་སྤོབས་པ་དང་བཅས་པའི་སྒོ་ནས་འཛམ་གླིང་མི་མང་ལ་སྒྲོག་གིན་ཡོད་ཅེས་པའི་རྡོ་རྗེའི་ཚིག་འདིའི་དགོངས་དོན་རྟོགས་ན་ང་ཚོར་སངས་རྒྱས་བསྟན་པའི་ཆོས་བརྒྱུད་དང་མེས་པོའི་ཆོས་བརྒྱུད་གཡུང་དྲུང་བོན་ལ་སོགས་པ་ག་ཚོད་ཡོད་ཅང་དེ་ལ་དགེ་མཚན་མ་གཏོགས་སྐྱོན་ཆ་གང་ཡང་མེད་པར་སེམས་སོ།།
ཆོས་ལུགས་འདྲ་མཉམ། རྡོག་རྩ་གཅིག་སྒྲིལ། ཕོ་མོ་དབྱེར་མེད། ༸གོང་ས༸་མཆོག་དབུར་བཞུགས་ཐོག། བཀའ་ཁྲི་རིན་པོ་ཆེས་སྣེ་ཁྲིད་འོག་ང་ཚོས་ཧམ་བཤད་དང་གནས་ལུགས་ནོར་མི་རུང་། བཀྲ་ཤིས་བདེ་ལེགས།
གང་ལྟར་ད་ནས་བཟུང་ངས་དེའི་ཕྱོགས་ལ་གང་ཡང་ཤོད་འདོད་མེད། རྒྱུ་མཚན། ལེའུ་འདི་ཕྱི་ལོ་ ༢༠༡༡ ཟླ་ ༩ པའི་ནང་ནས་རྫོགས་ཚར་བ་རེད། ཚར་བ་ཙམ་དུ་མ་ཟད་བཞི་ཤད་ཀྱང་བཀོད་ཚར་བ་རེད། རྒྱལ་མཁན་དེ་རྒྱལ་སོང་བ་རེད། ཕམ་མཁན་དེ་ཕམ་སོང་བ་རེད། དེ་རིང་བལྟས་ན་འདི་ལོ་རྒྱུས་ཀྱི་བྱུང་བ་ཞིག་ཏུ་གྱུར་བསྡད་ཡོད།
དྲ་གྲོགས་རྣམས་ཀྱིས་གླེང་འདོད་ཡོད་ན། ཇོ་ནང་ཆོས་བརྒྱུད་བོད་ཀྱི་ཆོས་གྲལ་དང་། ཇོ་ནང་བ་རྣམས་བོད་ཀྱི་མི་གྲལ་དུ་འཇོག་དགོས་མིན་གླེང་རོགས་ཞུ། རྒྱབ་རྟེན་དུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ཀྱི་དོན་ཚན་བཅོ་བརྒྱད་པ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་དགུ་བ་གཉིས་གཞིར་བཞག་ཐོག་གླེང་རོགས།
གལ་ཏེ་ཇོ་ནང་བ་རྣམས་འགྲོ་བ་མིའི་གྲལ་ནས་ཕྱིར་འབུད་མ་བྱས་པ་དེ་སྲིད་དུ། གནད་དོན་འདི་རང་བཞིན་གྱིས་ཡལ་མི་སྲིད་ལ། བདེ་སྡུག་མྱོང་བྱེད་ཀྱི་ཚོར་བ་ཡོད་མཁན་ཞིག་ཡིན་ཕྱིན། གནད་དོན་འདི་ལ་བསམ་བློ་མི་གཏོང་རང་གཏོང་ཆགས་ཡོད།
བོད་ཀྱི་མཁས་པའི་བགྲོ་གླེང་ཟེར་བ་དེར་དཔལ་ལྡན་ས་སྐྱ་པའི་མཁས་དབང་ཞིག་གིས། བུ་ལུགས་ཇོ་ནང་བོ་དོང་ཞི་དྲག་རྣམས། བསྟན་པའི་རྩ་བ་ས་སྐྱ་པ་ལ་བཤད། མདོ་སྔགས་བཤད་པ་ཅུང་ཟད་འབུར་དུ་ཡོད། ཅེས་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས་གསུངས་པའི་ལུང་ཚིག་དེ་དྲངས་པ་ཙམ་གྱིས་ཇོ་ནང་ས་སྐྱའི་ཁུངས་ཡིན་པར་བསྒྲུབ་ཐུབ་མིན་མི་ཤེས་ཏེ། གང་ལྟར་ད་དུང་མུ་མཐུད་ནས་ལུང་དང་རིགས་པའི་སྒྲུབ་བྱེད་ཧ་ཅང་མང་པོ་བཏང་སོང་བས་དེ་ཚང་མ་ལ་རྒྱལ་བ་ཇོ་ནང་ཚང་ནས་བཀའ་ལེན་ཡིག་གེར་རྡོག་པ་འདྲ་མཆིས་ན་མྱུང་བར་ཉིད་དུ་རྩོལ་རོགས་གནོངས། གཞན་མང་པོ་བཤད་མ་བཤད་མི་འདུག །
དོ་དག་གལ་ཆེ་ཤོས་གཅིག་ནི་དཔལ་ལྡན་ས་སྐྱ་པའི་མཁས་དབང་ཁོང་གི་དཔྱད་རྩོམ་དེ་འདིར་ཁྱེར་ཤོག་དང་ཚང་མས་བགྲོ་གླེང་ཡག་པོ་བྱེད་ཆོག་པ་རེད། དེ་དུས་བདེན་ཁ་ངོ་མ་དེ་སུ་ལ་འདུག་བལྟ་ཆོག ། བཀྲ་ཤིས་བདེ་ལེགས། །
རིག་རྡོར་ལགས། ད་ག་རང་ཡིན། ཇོ་ནང་བ་རྣམས་ལ་གུས་ཞབས་དང་འདྲ་མཉམ་གྱི་བརྩི་མཐོང་འབུལ་རྒྱུ་ཡིན། སྤྱིར་བཀའ་གདམས་པ་དང་ཇོ་ནང་ཆོས་རྒྱུད་གཞན་ཚང་མའི་ནང་ཐིམས་ཡོད། ཡག་ཉེས་བཤད་དགོས་ཡག་མེད།
སྔོན་མ་ཁལ་ཁ་རྗེ་བཙུན་དམ་པ་མཆོག་གི་གསུང་བར་ཁོང་འདས་རྗེས་རེ་བ་ཚང་མ་རྒྱལ་བ་རིན་པོ་ཆེ་དང་ཟམ་གདོང་རིན་པོ་ཆེར་བཅོལ་ཡོད་་ཟེར། ཁོང་ཐུགས་དམ་ལ་བཞུགས་སྐབས་ཞལ་འཆེམས་ལྟར་ཟམ་གདོང་རིན་པོ་ཆེ་ཕེབས་ནས་ཐུགས་དམ་གྲོལ་བ་རེད་ཟེར། སྔོན་མ་ཟམ་གདོང་རིན་པོ་ཆེས་ཁལ་ཁ་རྗེ་བཙུན་དམ་པ་ཚོགས་འདུ་འགའ་ཤས་ལ་གདན་དྲངས་ནས་ཆོས་ལུགས་གཞན་པའི་ཁ་བརྡུང་ཕོགས་ཅེས་ཝ་ར་ན་སིའི་སློབ་ཕྲུག་ཚོས་བཤད་ཀྱི་འདུག
བཀུར་འོས་ BONPO་ལགས།
གནད་དོན་འདིའི་ཐད་ནས། འཚོ་བཞུགས་མཁས་དབང་ཆེ་གེ་མོ་ཞིག་གིས་ལུང་དང་རིགས་པ་ལེགས་བམ་དུ་བརྩིག་ཅིང་། འཛམ་གླིང་སྤྱི་དང་བྱེ་བྲག་བོད་གངས་རིའི་ལྗོངས་ཀྱི་མདོ་དབུས་ཁམས་གསུམ་གྱི་དཔལ་ལྡན་རྒྱལ་བ་ཇོ་ནང་བའི་སེར་སྐྱ་མི་མང་ཆིག་འབུམ་མང་པོས་ངོས་ལེན་གནང་དགོས་དོན་ཡེ་ནས་མེད། དཔལ་ལྡན་ས་སྐྱ་བ་ལ་ཆོས་བརྒྱུད་སྤྱི་མཚུངས་ལྟར་གུས་བརྩི་ལུས་ཡོད། ལྷག་པར་དུ་སྒྲོལ་མ་ཕོ་བྲང་ལ་གུས་བརྩི་ཡོད། བདག་ཁྲི་ཁོང་བོད་ཀྱི་ཆོས་དང་འཇིག་རྟེན་ཉིས་ཆའི་སྒོ་ནས་གུས་བརྩི་ཞུ་དགོས་པའི་བླ་མ་ཞིག་རེད། རིགས་མཐུན་སྤུན་ཟླ་ང་ཚོས་གནས་ཚུལ་གཞན་པ་མི་གླེང་མ་གཏོགས་དྲི་ངན་ཁ་བའི་སྙིགས་རོ་མང་ཙམ་ཡོད། མདོར་ན། འདྲ་མཉམ། མཐུན་སྒྲིལ། ཆིག་སྒྲིལ་སོགས་ལ་དགོངས་པ་བཞེས་རོགས།
ཇོ་ནང་པའི་བསྟན་པ་ལ་དག་ཐེར་དང་ཞུ་དག་དཔྱད་པ་གང་གིས་ཕྱིར་བྱེད་དགོས་པ་རེད། དེ་ཡིན་ན་ས་དགེ་བཀའ་རྙིང་བོན་པོ་བཅས་ཀྱི་བསྟན་པ་ལའང་ཞིབ་འཇུག་བྱེད་དགོས་པ་རེད། མ་གཞི་ནས་ཇོ་ནང་པ་རང་ཉིད་ནས་ཀྱང་རང་ཉིད་ཀྱི་གཞུང་ལུགས་དེ་ཚོར་སྦྱོང་དགོས་པ་ལས་ཆོས་རྒྱུད་གཞན་གྱི་སར་འགྲོ་དགོན་མི་འདུག འོན་ཀྱང་ད་ལྟ་ཇོ་ནང་པའི་བླ་གྲྭ་མང་པོ་ཞིག་དགེ་ལྡན་པའི་གདན་སར་སློབ་སྦྱོང་བྱེད་ཀྱི་འདུག
་་་་་་་་་་་ ཕྱིས་རྒྱ་གར་ནས་དར་བའི་ནང་བསྟན་གྲུབ་མཐའ་གཞན་དག་འདྲ་བར། ཇོ་ནང་པའི་གྲུབ་མཐའ་ལའང་། ཆོས་རྒྱུད་རང་རྐྱ་བ་ཞིག་གི་ཐོབ་ཐང་ཡོད་འོས་པ་ལྟ་ག་ལ་ཞིག ་་་་་་་་་་་་་་་
ཇོ་ནང་བཤད་སྒྲུབ་ཀྱི་བསྟན་པ་དར་བརྟན་ཤོག །
ཐོབ་ཐང་ཡོད་ཚད་ཐོབ་པར་ཤོག །
ང་རང་ཚོའི་བོད་མའི་སྒྲིག་འཛུགས་འདི་དམངས་གཙོའི་ཕྱོགས་འགྲོ་གང་ཐུབ་བྱེད་གི་ཡོད སོང་ཙང་ཇོ་ནང་བ་ཁ་ཤས་ཀྱིས་ག་དུས་ཡིན་ནཡང་འདོད་བློ་མ་ཁེངས་བའི་ཙུར་སྐད་མང་པོ་རྒྱག་གི སྤྱི་འཐུས་དང་གཞུང་འབྲེལ་ཡིག་ཆའི་ནང་ཆོས་རྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་བ་ཟེར་དུས་ཟུར་བཅད་འདྲ་བོ་མཐོང་གི་ཡོད་པ་རེད ཆོས་རྒྱུད་སྤྱི་འཐུས་དེ་དམངས་གཙོ་བདག་ངབང་དང་མ་ཚམས་ཞིག་རེད་ མི་གཅིག་ལ་འོས་གཅིག་ལས་འོས་གཉིས་བླུགས་ཡ་དེ་དམངས་གཙོ་དང་མི་མཐུན ཆོལ་ཁའི་འོས་གཅིག་དང་ཆོས་རྒྱུད་ཀྱི་འོས་བཅས་གྲྭ་བཙུན་ཚོས་འོས་ཤོག་འཕེན་གི་ཡོད གྲྭ་ཟུར་དང་བཙུན་ཟུར་རྣམ་ལ་མེད་
ནང་པ་སངས་རྒྱས་པ་གནར་མ་ཞིག་ཡིན་ན། མན་ངག་དང་གདམ་པའི་སྐོར་འབོད་རྩོལ་དགོས་པ་ལས་ཐོབ་དང་གོ་སའི་སྐོར་གཙོ་གཉེར་བྱེད་པ་ནི་ནང་བསྟན་གཤིག་པའི་རྒྱུ་ལས་མེད། མ་གཞི་ནི། ཇོ་ནང་པ་ཚོ་ལྷོ་འཛམ་བུ་གླིང་འདི་ན་ཐོབ་ཐང་རྩོད་སྡོད་པ་ལས། བྱང་ཤཱམ་བྷལ་ལ་ཕེབས་འགྲོ་བ་ཡིན་ན་རང་འདོད་ལྟར་དགོས་འདོད་ཀུན་འབྱུང་ཡིན་ནི་མ་རེད་དམ།། ཧཧཧཧཧཧཧ།
ཇོ་ནང་ཆོས་བརྒྱུད་དེ་ས་སྐྱ་ཚང་གིས་བདག་པོ་བརྒྱབ་ལོ་ས་མ་རེད། ལྟ་བ་ཁ་ཁ་སོ་སོ་རེད། ཕྱག་ཆེན་དང་རྫོགས་ཆེན་དང་མཐུན་ཤས་ཆེ་བས་བཀའ་བརྒྱུད་ནང་ལ་བཞག་ན་དོལ་པོ་བཀའ་བརྒྱུད་དང་རྙིང་མ་ནང་ལ་བཞག་ན་དོལ་པོའི་སྙིང་ཐིག་ཅེས་མཚན་གསོལ་བར་འོས་སོ།།
ཇོ་ནང་ཞེས་པ་འདི་བོད་མི་རིགས་གཉེན་འཕྲང་གི་དུས་འདིར་སྐྲངས་འབུར་སྟེང་ལ་ཁུ་ཚུར་གྱི་དཔེ་ལྟར་ནང་དཀྲུག་བྱེད་མཁན་ཞིག་མི་ཆགས་པའི་རེ་བ་ཡོད། སྔོན་མ་ས་སྐྱ་པ་ལ་ཁོང་ཚོ་ས་སྐྱ་དང་ལོག་ཁ་ཡིན་ཞེས་རྙོག་འདྲ་མང་དག་ཅིག་བཤད་སོང་ལ། ད་ལྟ་ས་སྐྱ་པས་ཀློད་ཡོང་དུས་ཡང་བོད་མིའི་སྒྲིག་འཛུགས་ལ་རྙོག་འདྲ་བཤད་ཡོང་གི་འདུག ཕྱོགས་གཅིག་ནས་རྒྱ་གཞུང་གིས་དྲག་གནོན་བྱེད། ཕྱོགས་གཞན་ཞིག་ནས་དོལ་རྒྱལ་བས་རྙོག་འདྲ་བཟོ་བཞིན་པའི་སྟེང་དུ་འདི་ལྟར་བྱེད་པ་ནི་འགྱེལ་བའི་སྟེང་ལ་རྡོག་རྫིས་གྱི་དཔེ་ལས་མ་འདས། ཆོས་རྒྱུད་ཀྱི་ཐོབ་ཐང་རྩོད་དགོས་ན་བོད་མི་རིགས་ཅུང་ཟད་བདེ་འཁོད་བྱུང་བའི་དུས་ཤིག་ལ་རྩོད་ན་ཅིས་མི་ཆོག བོད་མི་རིགས་ཁོ་རང་ཉེན་ཁའི་ནང་ཚུད་པའི་དུས་འདིར་སྤྱི་ལ་བསམ་ཤེས་ཅུང་ཟད་ཙམ་ཡང་མེད་པར་སྒེར་གྱི་ཁེ་ཕན་བརྩད་ཡོང་བ་ནི་བསམ་ཡོད་གཅིག་གི་བྱེད་སྟངས་ལར་ནས་མིན་པར་འདོད།
མི་ལོ་སུམ་བརྒྱ་ལྷག་གི་བོད་ཀྱི་ལོ་རྒྱུས་ཙམ་ལའང་དོ་སྣང་མི་སྤྲད་པར་དམག་དང་ནང་འཁྲུག་ཅེས་པའི་ཞྭ་མོ་ནག་པོ་དེ་ཇོ་ནང་པ་ལ་འགེབས་མི་རུང་།
བདེན་པ་ཉིད་རྒྱལ་གྱུར་ཅིག་ཅེས་པའི་ཐ་སྙད་ལྗིད་པོ་ཞིག་གི་འོག་ཏུ། ཆིག་སྒྲིལ་དང་རེ་ལྟོས། དཀའ་ལས་གནང་མཁན། རང་མི་རིགས་ཀྱི་གལ་ཆེའི་སྤྱི་ཚོགས་ཤིག་ལ། རྐུབ་ཀྱག་ཅིག་རག་མིན་ཞེས་ཆེད་གསོད་བྱེད་མི་རུང་།
འདས་སོང་གི་ལོ་རྒྱུས་ཁྲོད། ད་ལྟའི་སྤྱི་ཚོགས་ཁྲོད། དཔལ་རྒྱལ་བ་ཇོ་ནང་པའི་བསྟན་པའི་ཐུ་འོག་གི་མི་བུ་གཅིག་གིས་ཀྱང་བོད་གངས་ཅན་ལྗོངས་ནས་མཆེད་པའི་བསྟན་པ་དང་། དེའི་མི་རིགས་ཀྱི་བླ་བཙོང་བའི་ཆེས་ཐ་ཤལ་གྱི་ལས་ངན་གསོག་མཁན་མི་སྣ་གཅིག་བགྲེང་རྒྱུ་ཨེ་ཡོད། མེད་ན། ཅིའི་ཕྱིར། དཔལ་ལྡན་རྒྱལ་བ་ཇོ་ནང་པ་དོལ་ཚོགས་ཀྱི་གྲལ་དུ་བསྡུ་ཐབས་བྱེད་པ་ཡིན།
སྐད་ཆ་སེམས་ནས་ཤོག རྩམ་པ་བལྡད་ནས་མིད།
མཐའ་དོན། ཇོ་ནང་པས་ཆོས་བརྒྱུད་ཆེན་པོའི་ཐོབ་ཐང་རྩོད་ཀྱི་ཡོད་པ་བདེན་པ་རེད། འདི་༧གོང་ས་༸་མཆོག་གི་དགོངས་པ་དང་། སྲིད་སྐྱོང་རིན་པོ་ཆེས་སྣེ་ཁྲིད་པའི་སྒྲིག་འཛུགས་འོག་གི་བཅས་ཁྲིམས་དང་འགལ་མེད།
སྤྱི་ཚོགས་དྲ་ཚིགས་ཁག་གི་སྨྲ་བརྗོད་རང་དབང་གི་ཁེ་བཟང་ལེན་བཞིན་ཡོད། ཁེ་བཟང་འདིས། སྤྱི་སྒེར་གྱི་ཕྱོགས་རེས་སྙིང་ལ་བརྣགས་ནས་ཚིག་མཚོན་གྱི་མདའ་མོའི་ཆར་བ་འབེབ་ཀི་མེད།
སླར་ཡང་། བོད་མིའི་བདེ་སྡུག ཐོབ་ཐང་འདྲ་མཉམ། སྤྱི་ཚོགས་འཆམ་མཐུན་བཅས་ཀྱི་སྨྲ་བརྗོད་ལས་གཞན་ཅི་གང་མེད་དོ།། །།
ཇོ།ནང་པས་དེ་སྔོན་བོད་སྤྱི་ལ་གནོད་པའི་ལས་ཀ་བྱས་སོར་ཟེར་རྒྱུ་ཅི་ཡང་མེད། འོན་ཀྱང་མ་འོང་པར་ཇོ་ནང་ཞེས་པའི་མིང་ཐོས་པ་ཙམ་གྱིས་ད་ལྟའི་དོལ་ཚོགས་བཞིན་བོད་མི་བསམ་ཡོད་ཚང་མ་སེམས་ན་དགོས་པ་ཞིག་ཆགས་སུ་མི་འཇུག་པའི་རེ་བ་ཡོད།
རིགས་པའི་རྡོ་རྗེ་ཟེར་བ་ཞིག་གིས་བོད་མིའི་སྒྲིག་འཛུགས་རྒྱལ་སྤྱིའི་ཁྲིམས་ལ་སྐྱེལ་རྒྱུ་ཡིན་ཞེས་སྐད་ཆ་རྫིགས་པོ་བཤད་ཀྱི་འདུག རྒྱལ་སྤྱི་ཁྲིམས་ལ་སྐྱེལ་ཐུབ་ན་ཡུ་རོབ་སྤྱི་འཐུས་དབང་ཆེན་ལགས་བཞིན་དུ་རྒྱ་གཞུང་དང་དེའི་འགོ་ཁྲིད་ཚོ་སྐྱེལ་ཐུབ་ན་ཅི་མ་རུང་། ཨ་མའི་བུ་ཡིན། དེ་མིན་རྫིགས་པོ་ཅི་ཙམ་བཤད་ཀྱང་ཞབས་འདྲེན་རེད་ཡ།
དོལ་ཚོགས་དང་དོལ་ཚོགས་ཟེར་ནས་བོད་མི་རིགས་ནང་ཁུལ་དུ་དཀྲུགས་ཤིང་རྒྱག་གྱི་མཚམས་ཞོག བོད་མི་ས་ཡ་དམར་གསོད་བཏང་མཁན་དོལ་ཚོགས་མ་རེད། ལུང་པ་འཕྲོག་མཁན་དོལ་ཚོགས་མ་རེད། བོད་རང་བཙན་འཐབ་རྩོད་རྩ་མེད་བཏང་མཁན་དོལ་ཚོགས་མ་རེད། བོད་རྒྱལ་ཁབ་ཀྱི་ཚོགས་པ་ཡག་ཤོས་གཞོན་ལྷན་དུམ་བུ་ཁ་བྲལ་བཏང་མཁན་དོལ་མ་རེད། མཆོག་ཏུ་གྱུར་པའི་བོད་རང་བཙན་སློབ་གྲོགས་ཚོགས་པ་བདུད་ལྟ་བུ་རེད་ཟེར་མཁན་དོལ་ཚོགས་མ་རེད། བོད་མི་རིགས་ཕུང་ལ་སྦྱར་མཁན་དོལ་ཚོགས་མ་རེད། ཤེས་པར་བྱོས་ཨ་་་ལོང་རྟོགས་མགོ་སྟོང་།
རྒྱ་དཔོན་ཞིང་ཅིན་ཕིང་ཁྲིམས་ལ་སྦྱར་ན་སྐུ་དཔར་མགོ་ཐོག་ཏུ་ཁུར་ནས་འགྲོ་མཁན་དབུ་མ་པའི་རྒྱ་དགའ་བ་ཚོ་ངུ་འོང་གི་མ་རེད་པེ། ་་ཧཧཧ་་་་ཅི་བཤད་འདི་བཤད་མེད་པའི་་་ཁྲམ་པ་འདི་ཚོ། ཁ་བཤད་དང་ལག་ལེན་འགལ་ཟེར་བ་དེ་ག་འདྲ་ཞིག་ཡོད་རེད་དམ།
བརྙས་བཅོས་བཏང་ན་ནང་གིས་བརྙས་བཅོས་བཏང་བ་ལས་གནོད་མེད། ནང་ལ་འདྲ་མཉམ་མེད་ན་གཞན་འོག་གི་འདྲ་མཉམ་ག་རེ་བྱས་ནས་རྩོད་དགོ་རེད། ལུང་རྟོགས་ལགས། ཁྱེད་ཀྱི་དགོངས་ཚུལ་ལ་རྩ་བ་ཉིད་ནས་ངོས་ལེན་མེད། ནང་ལ་ལག་བསྟར་གྱི་ཐོབ་ཐང་མེད་ན། རྒྱ་འོག་གི་ཁྲིམས་མཐུན་ཐོབ་ཐང་རྩོད་ཀྱང་མི་ཤེས་ལ། རྩོད་འདོད་ཀྱང་མེད། འདི་འདྲའི་རང་བཙན་ཞིག་སྤྲད་ཀྱི་ཡིན་ནའང་མི་དགོ་ལགས།
བཀུར་འོས་ཇོ་ཉི་ལགས། དོལ་ཚོགས་སྐོར་ནས་སྐུ་ཉིད་ཅུང་ནོར་སོང་། ཁོང་ཚོས་ལོ་རྒྱུས་སྟངས་ཡག་པོ་བྱས་མ་སོང་། ལྷག་པར་དུ་ད་ལྟའི་ང་ཚོའི་ཉམ་ང་ཞིང་ཡིད་སྐྱོ་བའི་གནས་སྟངས་སྐབས་ཕ་ངོ་མ་ངོ་མ་ཟིན་པར་ལོག་ལམ་དུ་འགྲོ་གི་ཡོད། མ་འོངས་པར་རང་གི་ཡང་དག་པའི་ཆོས་དང་། རང་མི་རིགས་ཀྱི་འདྲ་མཉམ་དང་ཐོབ་ཐང་ཡོད་མེད་ཇི་ལྟར་ཡང་རང་གི་སྤྱི་ཚོགས་ཀྱི་གོང་བུའི་ནུས་པ་དང་མཐིན་སྒྲིལ། མི་རིགས་ཀྱི་བདེ་སྡུག་ཆེད་དུ་ཚུར་བློ་ཁ་འཁོར་ནས་ཕེབས་པར་རེ་བ་བྱེད།
ད་ལྟའི་གནས་སྟངས་ལ་གཞིགས་ན། དོལ་ཚོགས་འདི་ལེགས་ལམ་ཞིག་ལ་འགྲོ་མི་འགྲོའི་ལས་འགན་གཙོ་བོ་དེ་རི་བོ་དགེ་ལྡན་པའི་ཐོག་ལ་འགན་འཁྲི་ཡོད་ཀི་བསམ། འདིའི་དཀའ་ངལ་འདི་སེལ་ཐུབ་ན་བོད་སྤྱི་ལ་ཕན་ཐོག་ཡག་པོ་འདུག དེ་ནས་ལོ་རྒྱུས་དེ་རིང་མི་གླེང་། ཡག་པོ་མི་འདུག ད་ལྟའི་དཀའ་ངལ་དེ་དངོས་ཡོད་གནས་ཚུལ་རེད།
དད་པའི་རྒྱལ་པོ་ལགས། དེ་རེད་བོད་པ་ཟེར་རྒྱུ་འདི་ནང་ལ་ངར་ལེ་རེད་མགོ་མཁྲེགས་ལེ་རེད། དེ་འདྲ་ཡིན་ན་ཁྱེད་ཀྱིས་ཅི་འདོད་གནང་རོག ལྟད་མོ་རྗེས་ནས་ལྟ།
ཅོ་རི། བོད་མི་ས་ཡ་དམར་གསོད་གཏོང་མཁན་རྒྱ་གཞུང་གི་རྐུབ་ལྡག་མཁན་དོལ་ཚོགས་རེད་ད། ལུང་པ་འཕྲོག་མཁན་རྒྱ་གཞུང་གི་རྒྱབ་ལ་ལང་མཁན་དོལ་ཚོགས་རེད་ད། བོད་རང་བཙན་ཕར་ཞོགས་ལམ་དབུ་མའི་ཐོབ་ཐང་ཡང་མི་དགོས་ཟེར་མཁན་དོལ་ཚོགས་རེད་ད། བོད་མི་རིགས་ཕུང་ལ་སྦྱར་མཁན་རྒྱ་གཞུང་གི་དངུལ་དངོས་ཁོ་ནའི་ཆེད་དུ་མི་རིགས་ཀྱི་ལ་རྒྱ་དང་སྤུན་ཟླའི་འདུ་ཤེས་ཆུ་ལ་གཡུག་མཁན་དོལ་ཚོགས་རེད་ད། ལྟོས་དང་ཁོ་ཚོ་དང་རྒྱ་གཞུང་གཉིས་ལ་ཁྱད་པར་ཅི་འདུག