(ཟླ་བ་འདིའི་ཚོར་བ་ཞིག་དང་སྦྱར་ཏེ་བྲིས།)
གཅིག མྱི་ལྟིག
འདྲེ ཕོ་འདྲེ མོ་འདྲེ
ད་དུང་མ་ནིང་གི་འདྲེ་ཡང་ཡོད་ཀི ངོ་མ་ཡིན
ཁོ་ཚོས་མྱི་ཤ་ཟ་ཞོར མྱི་སྐད་བཤད་ཞོར
མྱིའི་བྱ་གཞག་ཡོད་དོ་ཅོག་ལ་ཇུས་གཏོགས་བྱེད་ཀིན་འདུག
སུས་ཀྱང་ཉམ་འཇོག་མི་བྱེད་ས་ནས་མྱིའི་རིགས་ཀྱི་འཇིག་རྟེན་གཏོར་གྱིན་འདུག
སུས་ཀྱང་ཐེ་གཏོགས་མི་བྱེད་པའི་གནས་དེ་ནས་མྱིའི་རིགས་ཀྱི་འཚོ་གནས་བཅོམ་གྱིན་འདུག
ཨ་མས་བཤད་པའི་འདྲེ་དེ་ལས་ཀྱང་འཇིགས་སུ་རུང་བ་ཞིག་རེད་ལ
ཨ་ཕས་བཤད་པའི་གདོན་དེ་ལས་ཀྱང་དངོས་གནས་སྐྲག་ནི་ཞིག་རེད
མྱི་ཚོགས་དེས ཨོ་མ་རེད་འདྲེ་ཚོགས་དེས
ང་མྱི་གྲལ་ནས་ཕུད་རྗེས ཁྱོད་ཀྱང་དམྱལ་བར་སྐྱེལ་གྱི་རེད
གཉིས།
དེ་རིང་ངས་བླ་མ་གྲུབ་རྟགས་ཅན་ཞིག་དང
ལྷ་བ་སྔགས་མཐུ་ཅན་ཞིག་གདན་དྲངས་མོད
བླ་མས་མི་ཐུལ་གི་འདྲེ་ཚོགས་དེ་ཁྱོད་ཚོ་དང་འབྲེལ་འདྲིས་ཆེ་གི་ཟེར
ལྷ་བ་དེས་ཀྱང
འདྲེ་ཚོགས་དེ་༼མྱི་གཞི༽་གླེང་བའི་འདྲེ་ཚོགས་ཡ་མཚན་གྱི་རིགས་ཤིག་རེད་ཟེར
གང་ན་ཡོད ད་ཚུར་བྱོན་ཡ
ལྷ་ཀླུ་གཉན་གསུམ་ལ་ཁ་བརྡ་བྱེད་མཁན་གྱི་ཨ་ཁུ་དེ་ཚོ
ཆོས་སྐྱོང་སྲུང་མ་ལ་ལག་འཇུ་གཏོང་མཁན་གྱི་སྔགས་པ་དེ་ཚོ
ད་དུང
འདྲེ་ལ་མི་སྐྲག་པའི་སྙུག་འཛིན་པ་དེ་ཚོ
ལྷ་ལ་མི་རེ་བའི་འབོལ་རྩོམ་པ་དེ་ཚོ ཁ་བཤད་དོན་ལ་གནས་བ་བདེན་ན ཤོག་ཡ
༢༠༡༡ ༤ ༢༣ཉིན་གྱི་དགོང་མོ་འཛིན་གྲོགས་ཤེས་རབ་ཀྱི་ཉལ་ཁང་ནས་བྲིས།
ཨ་ཁུ་འཇིགས་བྱེད་སྐད་བཏང་ན་ཡག་རྒྱུ་རེད་ཡ།
འདྲེ་མ་རེད་མི་རེད།
མི་ལས་གཞན་པའི་འདྲེ་ཞིག་མི་འདུག
ཁྱེད་ཀྱིས་བཤད་པའི་འཇིགས་སུ་རུང་བ་དེ་ཨ་མས་བཤད་པའི་འདྲེ་དེ་གང་ནས་ཡིན།
ཨ་མས་བཤད་པའི་འདྲེ་དེ་ནི་སནང་མེད་ཀྱི་རིགས་ཤིག་དང་དེ་ནི་སྔགས་པ་ནུས་མཐུ་ཅན་དང་བླ་མ་གྲུབ་རྟགས་ཅན་ཆོས་སྐྱོངས་སྲུང་མས་མི་ཐུབ་པ་ཞིག་མ་རེད།
ཁྱེད་ཀྱིས་བཤད་པའི་འཇིགས་རུང་གི་འདྲེ་དེ་ཡི་ཁྱད་ཆོས་ཀུན་མི་ལ་ཚང་འདུག
ད་འདྲེ་དེ་ཡིས་ཐོན་ཤོག་ཟེར།
ངོ་ཐོག་ང་ཡང་འདྲེ་ཡི་ཁྱུ་ཚོགས་ཤིག་ཏུ་སླེབས་ཡོད་ས་རེད།
དྲ་འབུ་ཐམས་ཅད་བཟའ་རྒྱུའི་ཉག་གཅིག་རེད།
སྣང་མེད་ཀྱི་འདྲེ་ཞེས་པར་བཅོས་རོགས།