ང་དོ་ནུབ་བཟི་འདུག
ངས་རང་ཉིད་ལས་ང་རང་ཉིད་བཙལ་ན་
ཡིན་ཡང་ཟ་ཟི་ལང་ལུང་གི་འཇིག་རྟེ
དངོས་གཞི་་་ངས་རང་ཉིད་རྙེད་ཐབས ཤིག་མི་འདུག
ངས ་འདི་ལྟར་མི་ཡི་དབང་པོ་ཞེས་པ་ནི།
ཐམས་ཅད་མི་ལས་ལྷ་ལ་ཡིད་ཆེས་པ་དང་།
ཡོད་ཚད་ལྷ་ལ་བཅོལ།
ཡིན་ཡང་་་་ང་ནི་ལྷ་ལས་མི་ལ་ཡིད་ཆེས་དང་།
མི་ལས་སོ་སོ་རང་ཉིད་ལ་ཡིད་ཆེས་པ་ཡོད་པ་ཡིན།
འཇིག་རྟེན་མི་ཡི་ཡུལ་ན་དམ་ཆོས་ལྷ་དང་།
མི་ནི་གདོན་དུ་འདོད་པ་ནི།
ང་ལ་ལྡོག་ཕྱོགས་སུ་སོང་།
ཨ་རག་དང་ཆང་།
བུད་མེད་དང་སྨྱོ་རྫས།
ངས་འདི་ལྟར་འདོད།
གཞོན་དུས་སུ་ཡོད་ཚད་ཁྱོད་ཀྱི་ལོངས་སྤྱོད་དང་།
རྒས་དུས་སུ་ཐམས་ཅད་ཁྱོད་དང་རིང་དུ་གྱེས།
དོ་ནུབ་ང་དང་ངའི་གྲོགས་པོ་དོན་འགྲུབ།
འཇིག་རྟེན་སྐྱིད་པོ་ཞིག་གི་ཞིང་ན།
སྣང་པ་འཕུར་མ་ལེབ།
——–གྲོགས་དོན་འགྲུབ་དང་ལྷན་དུ་སྐྱིད་པོས་ཆང་ལ་རོལ་པའི་མཚན་མོ་ཞིག་ལ་་་་་་་་འཁྱམས་པོས།