རྩོམ་པ་པོ། གྱི་ལིང་འཇིགས་མེད་ཀྱིས་བསྒྱུར།
(འདྲེན་བཀོད་མཁན་ཀླུ་སྨྱོན།)
ཚ་བོ་གཡོ་འཚོང་བྱས་པའི་ཚེ།།
རྨོ་མོས་ལྷ་ལ་སྐྱབས་འཇུག་ཞུས། །
སྤྱན་རས་གཟིགས་ཀྱི་ཐུགས་རྗེ་ལས།།
བྱིས་པ་བསྐྱབས་ནས་ཁྱིམ་དུ་སླེབས།།
༡༩༩༣ལོའི་དཔྱིད་འབྲིང་བ་སྟེ། ཞིང་རྩིས་ཀྱི་ཟླ་གཉིས་པའི་ཚེས་བཅུ་དགུ་ནི་སྤྱན་རས་གཟིགས་ཀྱི་འཁྲུངས་སྐར་ཡིན་པས་ཁྲིན་ཏུའུ་ཀྲོ་ཅུའེ་དགོན་པའི་སྤྱན་རས་གཟིགས་ལྷ་ཁང་གི་མདུན་དུ་མི་ཚོགས་རྒྱ་མཚོའི་རླབས་དང་མཚུངས། དེའི་གྲས་སུ་མགོ་སྐྲ་དུང་ལྟར་དཀར་བའི་རྒན་མོ་ལོ་ལོན་ཞིག་ཀྱང་གདོང་ལ་མྱ་ངན་གྱི་ཉམས་དང་བཅས་ཡོང་སྟེ་མཆོད་མེ་བསྒྲོན་ནས་སྤྱན་རས་གཟིགས་ལ་གུས་ཕྱག་ཕུལ་རྗེས་པུས་མོ་ས་ལ་བཙུགས་ཏེ་བློ་སེམས་རྩེ་གཅིག་གིས།ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །སྡུག་བསྔལ་དག་ལས་བསྐྱབ་ཏུ་གསོལ། །ཞེས་བཏོན།
འདོན་གྱིན་འདོན་གྱིན་རྒན་མོས་མིག་ཆུ་དང་བཅས་ན་རེ།འཕགས་པ་སྤྱན་རས་གཟིགས་མཁྱེན། འཕགས་པ་སྤྱན་རས་གཟིགས་མཁྱེན།ཁྱེད་ཀྱིས་ཐུགས་རྗེས་གཟིགས་ཏེ། ངའི་ཚ་བོར་མགོན་སྐྱབས་ཤིག་གནོངས། ཁོ་ནི་ངེད་ཚང་གི་ནོར་བུ་ཡིན།གལ་ཏེ་ཁོ་ཕྱིར་ཡོང་མེད་ན་རྒན་མོ་ང་ཡང་གསོན་ཐབས་མེད། ཟེར།
དེར་ཡུད་ཙམ་ངུས་རྗེས་སླར་ཡང་གོང་གི་ཚིག་དེ་བསྐྱར་ཅིང་མིག་ཆུ་ཆར་བའི་རྒྱུན་ལྟར་འབབ་ལ་སེམས་བསམ་པའི་གཏིང་ནས་གདུངས་པ་དང་བཅས་གསོལ་འདེབས་བྱེད།
མ་གཞིར་རྒན་མོ་དེ་ནི་རུས་ལིས་དང་།མིང་ཀྲི་ཧྥང་ཡིན་ལ། ལོ་དྲུག་ཅུ་རེ་དྲུག་ཡིན།མོ་ནི་ཁྲིན་ཏུའུ་གྲོང་ཁྱེར་གྱི་མི་ཡིན་ལ།ནང་བསྟན་ཆོས་ལུགས་ཀྱི་དག་ཞིང་བ་ལ་དད་པ་བྱེད་པའི་དད་ལྡན་ཞིག་ཡིན་འདུག ཉིན་བཅུའི་སྔོན་ལ་མོའི་ལོ་བཞི་ཅན་གྱི་ཚ་བོ་ཁྲིན་ཁྲོན་ལེན་སྒོ་ཁའི་སྲང་ལམ་དུ་རྩེད་མོ་རྩེ་བའི་སྐབས་སུ་རྒན་མོ་སྐོམ་པའི་དབང་གིས་ཚ་བོར་ཁྱོད་རང་འདི་ནས་གཞན་ལ་མ་འགྲོ་ཞེས་བཤད་རྗེས་ནང་ལ་ཆུ་འཐུང་དུ་སོང་ནས་ཕྱིར་ཡོང་དུས་མོའི་ཚ་བོ་གར་སོང་ཆ་མེད་དུ་གྱུར་འདུག
སྲང་ལམ་ནང་དུ་མི་ཚོགས་ཤིན་ཏུ་མང་བས་མོས་ཚ་བོའི་མིང་ནས་འབོད་བཞིན་ཇི་ལྟར་བཙལ་ཡང་མ་རྙེད།ཕྱི་དྲོར་ལས་ཚོགས་གྲོལ་ནས་མནའ་མ་ཁྱིམ་དུ་ཡོང་སྐབས་བྱིས་པ་གར་སོང་ཆ་མེད་དུ་གྱུར་པའི་གནས་ཚུལ་ཐོས་པས་དེ་མ་ཐག་ངུ་ཞོར་དང་སྡིགས་ཞོར་དུ།ཁྲོན་ལེན་ནི་མོའི་ནོར་བུ་ཡིན། མོའི་ཤ་ལས་ཆད་པའི་བུ་ཕྲུག་ཡིན།གལ་ཏེ་བྱིས་པ་མེད་སོང་ན་ང་ཡང་གསོན་རྒྱུ་མིན། ཟེར་ཞིང་།སླར་ཡང་རྒོན་མོའི་སྟེང་ལ་ངར་གྱིས་ཤོར་བཞིན། ལོ་དྲུག་ཅུར་སོན་ཡང་བྱིས་པ་ཞིག་ཀྱང་བདག་བྱེད་མི་ཐུབ་ན་དགོས་མཁོ་ཅི་ཞིག་ཡོད།གལ་ཏེ་ཁྱོད་ཀྱིས་ངའི་ཞི་ལི་བཙལ་ནས་མ་ཡོང་ན། ངས་ཁྱོད་ཀྱི་སྟེང་ལ་རོ་འཇོག་རྒྱུ་ཡིན།ཞེས་ངར་ངར་བྱེད།
འོན་ཀྱང་ལས་བཟང་བ་ཞིག་ལ་རྒན་མོའི་བུ་ནི་ཡ་རབས་སྲི་ཞུ་ཅན་ཞིག་ཡིན་པས། རང་གི་ཆུང་མར།ད་མ་ངུ་དང་། ང་མྱུར་དུ་མངགས་གཏོང་ཁང་ལ་གནས་ཚུལ་ཞུ་རུ་འགྲོ། སང་ཉིན་མི་འཚོལ་བའི་བརྡ་ཡིན་བྲིས་ཏེ་ཚགས་པར་སྟེང་ལ་བཀོད་ནས་ཕྱོགས་ཕྱོགས་སུ་འཚོལ་ཆོག་ཟེར་བཞིན་སེམས་གསོ་བྱས།
ཟླ་བ་ཕྱེད། ཟླ་བ་གཅིག བསྟུད་མར་ཟླ་བ་གསུམ་འགོར་ན་ཡང་གནས་ཚུལ་ཅི་ཡང་མ་བྱུང་བས་མནའ་མ་ཡང་ཟ་མ་མི་ཟ་ཞིང་སྐད་ཆ་མི་བཤད་པར་རྒྱུན་དུ་མིག་ཆུ་བཏོན་ནས་འདུག
རྒན་མོ་ལིས་ཀྲི་ཧྥང་གིས་རྟག་པར་ཚེས་གཅིག་དང་བཅོ་ལྔ་སོགས་སུ་ཀྲོ་ཅུའེ་དགོན་པའི་འཇམ་དབྱངས་གླིང་གི་སྤྱན་རས་གཟིགས་ཀྱི་སྐུ་མདུན་དུ་ཕྱག་དང་མཆོད་མེ་བྱས་ཤིང་རང་གི་ཚ་བོ་བདེ་འཇགས་ངང་སྔ་ཙམ་ནས་ཁྱིམ་དུ་ལོག་ཡོང་བར་སྐྱབས་འཇུག་ཞུས་ཤིང་།རང་གི་ཁྱིམ་ནས་ཀྱང་མཆོད་ཁང་བཞེངས་ཏེ་རྒྱུན་དུ་སྤྱན་རས་གཟིགས་ལ་གསོལ་བ་བཏབས་པས།གཉིད་གོང་དུའང་གསོལ་འདེབས་འདོན།
ཕྱི་དྲོ་ཞིག་ལ་རྒན་མོའི་བུ་ཁྱིམ་དུ་ཡོང་དུས་རང་གི་ཆུང་མ་ནི་སྨྱོན་པ་ཞིག་དང་འདྲ་བར་རྒན་མོའི་སྟེང་དུ་ཤོར་ནས།རྒན་མོ་ཧོན་ལོག་མ། ཁྱོད་ཀྱིས་ངའི་བུ་ཆུང་བོར་བ་རེད། ད་ང་ལ་ཁྱོད་ཀྱི་སྲོག་དགོས།ཞེས་སྐད་རྒྱག་བཞིན་པ་མཐོང་བས་དེ་འཕྲལ་རང་གི་ཆུང་མ་དམ་པོར་བཟུང་སྟེ་ན་རེ། དབྱང་ཕྱུག དབྱང་ཕྱུག ཁྱོད་ལྷོད་ལ་བོབས་དང་། བྲེལ་བ་མ་ལངས། ཨ་མ་ལ་མ་སྡིགས།མྱུར་དུ་ཁང་བའི་ནང་ལ་སོངས། ཟེར་བཞིན་སེམས་གསོའི་ཚུལ་དུ། དབྱང་ཕྱུག རྨོ་མོ་ཞིག་གི་ནང་ན་རང་གི་ཚ་བོར་ཤ་མི་ཚ་མཁན་ཞིག་གང་ན་ཡོད།ཕ་མ་ཞིག་གི་ནང་ན་ཡང་རང་གི་བུ་ལ་ཤ་མི་ཚ་མཁན་ཞིག་ག་ལ་དཔེ།ཨ་མ་ལ་མཚོན་ན་ཡང་བྱིས་པ་མེད་སོང་ན་འུ་གཉིས་དང་འདྲ་བར་སྙིང་ལ་སྡུག་བསྔལ་བཟོད་གླགས་མེད་པ་ཡོད་པས།ད་ཁྱོད་ཀྱིས་ཨ་མར་ལེ་བདའ་མ་བྱེད། གལ་ཏེ་དོན་དག་རེ་བྱུང་སོང་ན་འུ་གཉིས་ལ་སྲི་ཞུ་མི་བྱེད་མཁན་གྱི་མི་ཁའང་འཁོར་ཡོང་།ང་དེ་རིང་ཀྲོ་ཅུའེ་དགོན་པར་སློབ་དཔོན་ཆིན་ཏེན་ལགས་ལ་མཇལ་དུ་སོང་བ་ཡིན།ཁོང་གིས་ང་ལ་ཉེན་ཁའི་སྐབས་སུ་སྤྱན་རས་གཟིགས་ལ་གསོལ་བ་ཐོབས་དང་གེགས་དང་བར་ཆད་ལས་སྐྱོབ་ངེས་ཟེར།དེ་བས་འུ་ཚང་གིས་ཀྱང་སྤྱན་རས་གཟིགས་ཀྱི་སྐུ་ཞིག་བླུས་ཏེ་ཁྱིམ་མི་གང་བོས་མཆོད་པ་བྱེད།ཁྱོད་ཀྱིས་ལྟོས་དང་ཨ་མས་ཀྱང་ཁང་བའི་ནང་ན་སྤྱན་རས་གཟིགས་ལ་གསོལ་བ་འདེབས་ཀྱིན་འདུག དེ་བས་ཁྱོད་ཀྱིས་ཀྱང་སྤྱན་རས་གཟིགས་ལ་གསོལ་བ་ཐོབས་དང་།ངས་ཟ་མ་ལས་ཡོང་ཞེས་སློབ་གསོ་སྣ་ཚོགས་བཏང་།
བྱིས་པ་བོར་ན་ཟླ་བ་བཞི་འགོར་ནའང་སྔར་བཞིན་གྲག་འགུལ་མ་བྱུང་།
ཞིང་རྩིས་ཀྱི་ཟླ་དྲུག་པའི་བཅུ་དགུའི་ཉིན་ནི་སྤྱན་རས་གཟིགས་སངས་རྒྱས་པའི་དུས་བཟང་གི་ཉིན་མོ་ཡིན་པས་ཀྲོ་ཅུའེ་དགོན་པའི་ནང་དུ་ཡང་མཇལ་བ་ཧ་ཅང་མང་།རྒན་མོ་ལིས་ཀྲི་ཧྥང་གིས་ཀྱང་དགོན་པར་ཡོང་སྟེ་མཆོད་པ་བཤམས་ཤིང་།མཆོད་མེ་བསྒྲོན་ཏེ་སྤྱན་རས་གཟིགས་ཀྱི་སྐུ་མདུན་དུ་པུས་བཙུགས་ནས་ཡུད་ཙམ་ལ་གསོལ་འདེབས་བཏོན་རྗེས་སླར་ཡང་རང་གི་ཚ་བོ་ལ་མགོན་སྐྱོབ་གནང་བའི་སྐྱབས་འཇུག་ཞུས།དེར་མོ་རང་སྐད་འགག་ཅིང་མིག་ནས་མཆི་མ་འཁྲིགས་ཏེ་མཐར་དྲན་མེད་དུ་བརྒྱལ་སོང་།
བུ་མོ་སེམས་བཟང་གཉིས་ཀྱིས་མོ་རང་བསྐྱོར་ནས་ལྷ་ཁང་གི་ཟུར་ཞིག་ཏུ་བསྐྱལ་ཏེ་ན་རེ།ད་སེམས་མ་སྡུག དེ་བས་སེམས་བསམ་པའི་གཏིང་ནས་སྤྱན་རས་གཟིགས་ལ་གསོལ་བ་ཐོབས་དང་།དད་པ་ཅན་ལ་མགོན་སྐྱབས་ཡོད་ཅེས་སེམས་གསོ་བྱས།
རྒན་མོ་གྲུ་ཟུར་དེར་བསྡད་དེ་སྤྱན་རས་གཟིགས་ཀྱི་གསོལ་འདེབས་བཏོན་པ་ན་རིམ་གྱིས་སེམས་ལྷོད་ལ་བབས་ཤིང་མིག་མདུན་དུ་སྤྲིན་དཀར་བོ་དུམ་བུ་ཞིག་མངོན་བྱུང་།སྤྲིན་གྱི་ནང་ནས་ཚོན་མདོག་གི་འབྲུག་ཅིག་འཕུར་ཡོང་ཞིང་།འབྲུག་གི་རྒྱབ་ཏུ་ན་བཟའ་དཀར་བོ་ཅན་གྱི་སྤྱན་རས་གཟིགས་ཞབས་རྗེན་ཞིག་བཞུགས་ཡོད་ལ།ཁོང་གིས་ཕྱག་གཡས་པར་བདུད་རྩིས་གང་བའི་བུམ་པ་དང་གཡོན་པར་ལྗང་མྱུག་ཅིག་བཟུང་འདུག མོས་དེ་མ་ཐག་ཕྱག་འཚལ་བ་ན་སྤྱན་རས་གཟིགས་ཀྱིས་སྤྱན་འཛུམ་པ་དང་བཅས་མོ་ལ་གཟིགས་ཏེ་ན་རེ།རྒོན་མོས་ལེགས་པར་ཉོན་དང་།སྟོན་འབྲིང་བའི་དུས་ཆེན་སྐབས་ཚ་བོ་ཁྱིམ་དུ་ལོག་པར་འགྱུར།ཞེས་གསུངས་མ་ཐག་མི་མངོན་པར་གྱུར་སོང་།
དེ་ནས་མོ་རང་ཁྱིམ་དུ་ལོག་ནས་གནས་ཚུལ་དེ་རང་གི་བུ་ལ་བཤད་པ་ན་བུ་ཡང་ཤིན་ཏུ་དགའ་བར་གྱུར།འོན་ཀྱང་མནའ་མ་ད་དུང་ཡིད་ཆེས་ཀྱིན་མེད་པར་ཅང་མི་ཟེར།
དེ་ནས་སྟོན་འབྲིང་བའི་དུས་སྟོན་ལ་ཉེ་བའི་སྐབས་དེར།ཁོ་ཚོ་དང་ར་སྐོར་གཅིག་པའི་ཁ་ལོ་བ་ཞིག་ཀྭང་ཀྲུག་ལ་དངོས་པོ་སྐྱེལ་དུ་སོང་།སྤྱིར་བཏང་ཁོ་རང་སོང་ན་མ་འདོད་པར་གནང་བ་ཞུ་རྩིས་བྱས་མོད།འོན་ཀྱང་དགོང་མོ་དེར་ཁོའི་རྨི་ལམ་དུ།གལ་ཏེ་ད་ཐེངས་་ཀྭང་ཀྲུག་ལ་སོང་ན་རིན་པོ་ཆེ་ཞིག་དང་ལས་འབྲེལ་འདུག་པས།སོང་ན་ཀྭང་ཀྲུག་ནས་རིན་པོ་ཆེ་རྙེད་ཅིང་།བརྒྱད་པའི་བཅོ་ལྔར་ཁྱིམ་དུ་བསླེབ་ཟེར་བ་ཞིག་རྨིས་པས།གཉིད་ལས་སད་རྗེས་ཁོའི་སེམས་སུ་རིན་པོ་ཆེ་ཅི་ཞིག་རྙེད་སྲིད་དམ།དེར་ཅིག་བལྟ་དགོས་བསམ་སྟེ་ལས་ཀ་དེ་དང་ལེན་བྱས་ནས་ཀྭང་ཀྲུག་ཏུ་སོང་།
ཁོས་དངོས་པོ་བསྐྱལ་རྗེས་ཕྱིར་ལོག་པའི་ལམ་ནས་སྲང་བར་དུ་མི་ཚོགས་མང་བས་དལ་མོར་ཡོང་བཞིན་པའི་སྐབས་དེར་གློ་བུར་དུ་མདུན་གྱི་སྲང་ལམ་ནང་ནས་བྱིས་པ་སྐོར་ཞིག་རྒྱུགས་ཡོང་ཞིང་།སྙིང་རྗེ་བའི་བྱིས་པ་ཞིག་གིས་ཁོའི་རླངས་འཁོར་ལ་ཡུན་རིང་བལྟས་རྗེས། ཨ་ཁུ་ཀྲང་།ཨ་ཁུ་ཀྲང་། ང་རང་ཡུལ་ལ་འགྲོ་རྒྱུ་ཡིན། ཞེས་བོས།
ཁོས་བལྟས་པ་ན་དེ་ནི་རང་གི་ཁྱིམ་མཚེ་ཡི་བོར་ཟིན་པའི་བྱིས་པ་དེ་ཡིན་པར་ཤེས་ནས་དེ་མ་ཐག་རླངས་འཁོར་དུ་བླངས་རྗེས་རླངས་འཁོར་མགྱོགས་གཏོང་གིས་སྤྱི་ལེ་ཉིས་བརྒྱ་ལྷག་ལ་རྒྱུགས་པ་ན་རྗེས་འདེད་མཁན་སོགས་མེད་པས་ད་གཟོད་མགྱོགས་ཚད་ཇེ་དལ་དུ་བཏང་།
ཁྲོན་ལིན། ཁྱོད་རང་ཀྭང་ཀྲུག་ཏུ་ཇི་ལྟར་ཡོང་བ་ཡིན་ནམ།ཁོས་བྱིས་པ་ལ་དེ་ལྟར་དྲིས་པ་ན་བྱིས་པ་ན་རེ། ཉིན་དེར་ངས་སྒོ་ནང་ན་རྩེ་བཞིན་ཡོད།མི་ཞིག་གིས་ང་ལ་ཀ་ར་དང་སིལ་ཏོག་བྱིན་བྱུང་།དེ་ནི་ངའི་ཨ་ཞང་དང་ཧ་ཅང་འདྲ་བོ་ཞིག་འདུག་པས་ངས་ཀྱང་ཁོ་རེད་བསམ་སོང་།དེ་ནས་ཁོས་ང་རང་རླངས་འཁོར་དུ་བུད་དང་སྤྱི་གླིང་ལ་འགྲོ་ཟེར།ང་རླངས་འཁོར་དུ་བུད་ནས་སོང་བ་ན་ཁོས་ང་ལ་ཀྭང་ཀྲུག་ལ་བཙོང་བ་རེད་ཟེར།
འོ་ན་ཁྱོད་རང་བཙོང་ས་དེའི་རུས་ཅི་ཡིན་ནམ།
དེའི་རུས་ཝང་རེད། དེ་རིང་ཁོ་བཟའ་ཟླ་གཉིས་ཀ་ཁྱིམ་ན་མེད།ང་ཚོར་ར་སྐོར་ནང་ནས་སྡོད་ཟེར།
སྒོར་མོ་ག་ཚོད་བྱས་ནས་བཙོང་བ་རེད་དམ།
དེ་ངས་མ་ཤེས།
རླངས་འཁོར་ཁྲིན་ཏུའུ་ལ་འབྱོར་དུས་བརྒྱད་པའི་བཅོ་ལྔའི་ཕྱི་དྲོ་རེད།
རླངས་འཁོར་ར་ནང་ནས་བསྡད་པ་ན་ཁྲོན་ལེན་གྱིས། ཨ་ཁུ་ཀྲང་ལགས།བཀའ་དྲིན་ཆེ། ཟེར་བཞིན་རླངས་འཁོར་ལས་བབས་ཏེ། རྨོ་མོ། ང་ཕྱིར་ལ་ཐོན་ཡོད།ཟེར་བཞིན་ཁྱིམ་དུ་རྒྱུགས།
དེ་ལྟར་ཁོ་ཚོ་ཁྱིམ་མི་ལྷན་འཛོམས་བྱུང་ཞིང་།ཁོ་ཡུད་ཙམ་ལ་ཨ་མའི་པང་དུ་བརྙེས་ཤིང་།མ་བུ་གཉིས་ཀྱི་གདོང་ཡོངས་མཆི་མས་བརླན་པར་གྱུར།ཁྲོན་ལེན་གྱི་ཨ་ཕས་ཁ་ལོ་བ་ཀྲང་གི་ལག་མགོ་ནས་འཇུ་བཞིན།ཁྱོད་ནི་ངེད་ཚང་གི་བྱིས་པའི་སྲོག་སྐྱོབས་དྲིན་ཆེན་ཡིན། ངོ་མ་བཀའ་དྲིན་ཆེ། དེ་རིང་ངེས་པར་དུ་ངེད་ཚང་ནས་འདུག་དགོས།ཞེས་བཤད་པར་ཁ་ལོ་བས་ཀྱང་དང་ལེན་བྱས།
དགོང་མོར་ཁྱིམ་མི་གང་བོས་ཁ་ལོ་བ་ཀྲང་ལགས་ལ་བཀའ་དྲིན་ཞུས་ཤིང་།སྒོར་མོ་སྟོང་གཅིག་བྱིན་པ་ན་ཁ་ལོ་བས་འུ་ཅག་ནི་ཁྱིམ་མཚེ་ཡིན་པས།བྱིས་པ་སྐྱོབ་རྒྱུ་ནི་འོས་པ་ཞིག་རེད། སྒོར་མོ་མི་ལེན་ཞེས་གཏན་ནས་མ་བླངས།དེར་ཁྲོན་ལེན་གྱི་ཨ་མའི་བསམ་ཚུལ་ལྟར་ཨ་ཁུ་ཀྲང་ལགས་ནི་ཁྲོན་ལེན་གྱི་ཕ་གཡར་བྱེད་རྒྱུ་བྱས།
དེ་ནས་ཁྲོན་ལེན་གྱིས་ཕ་གཡར་ལ་ཕྱག་གསུམ་འཚལ་རྗེས།ཕ་གཡར་བཟང་། ཕ་གཡར་ལགས་དགོང་ལོ་བརྒྱ་དང་ཉི་ཤུ་བསྡད་ན་ཡང་ད་དུང་རྒས་རྒྱུ་མེད།ཅེས་སྙིང་རྗེ་བའི་ངག་གིས་བཤད་པས་ཁྱིམ་མི་གང་བོ་གད་མོ་ཤོར།
རྨོ་མོ་ན་རེ།འཕགས་པ་སྤྱན་རས་གཟིགས་ད་ངོ་མ་བྱིན་རླབས་ཅན་ཞག་རེད།སྟོན་འབྲིང་དུས་སྟོན་སྐབས་ཁྲོན་ལེན་ཁྱིམ་དུ་ལོག་ཡོང་གསུངས་པ་དངོས་གནས་ལུང་བསྟན་ཐོག་ལ་འཁེལ་སོང་ཟེར།
ཁྲོན་ལེན་གྱི་ཕ་མ་གཉིས་ཀྱང་དེ་ནས་བཟུང་ནང་བའི་ཆོས་ལ་དད་པ་བྱེད་མཁན་དུ་གྱུར་ཅིང་།ཕ་གཡར་ཀྲང་ཡང་ཆོས་དད་པ་ཞིག་ཏུ་གྱུར།རྨོ་མོ་ལགས་ཀྱིས་དེ་ནས་བཟུང་དམར་ཟས་སྤངས་ཏེ་དཀར་ཟས་ལ་རོལ། སྟོན་མོ་གྲོལ་དུས་ནམ་མཁའི་དཀྱིལ་གྱི་ཟླ་བ་དེའང་ཉ་གང་འདུག་གོ།།
གཏམ་རྒྱུད་འདི་ནི་རྒྱའི་《ནང་བསྟན།》ཞེས་པའི་དྲ་ཚུགས་སུ་བཀོད་ཡོད་ཅིང་།རྩོམ་པ་བོ་ཟི་ཁྲོན་གྱི་མིའོ་ཁྲང་ཡིན། རྩོམ་ཡིག་འདི་ཡང་《ལའོ་ཡང་གི་ནང་བསྟན།》ཞེས་པའི་ཟིན་ཐོ་ལས་བཤུས་པ་ཡིན་འདུག་ལ།སེམས་ལ་ཕན་པའི་དངོས་བྱུང་གནས་ཚུལ་ཞིག་ཡིན་པ་མཐོང་བས།དེ་མ་ཐག་བོད་ཡིག་ཏུ་བསྒྱུར་བའོ། །
ཡོང་ཁུངས། དགེ་ལུགས་པའི་དྲ་བ། སྤེལ་དུས། 2015-12-09 14:26:22
ཕ་རན་སི་དང་། སྲིད་སྐྱོང་མཆོག
https://www.facebook.com/273534819327898/videos/1150303454984359/
ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་བྱས་ནས། སྤེན་ཚེ་ལ་རྒོལ་བ།
https://www.facebook.com/tenzin.thinley.12327/videos/113398745711620/
་་་་་་་ གཏམ་རྒྱུད་འདི་ནི་རྒྱའི་《ནང་བསྟན།》ཞེས་པའི་དྲ་ཚུགས་སུ་བཀོད་ཡོད་ཅིང་།རྩོམ་པ་བོ་ཟི་ཁྲོན་གྱི་མིའོ་ཁྲང་ཡིན། རྩོམ་ཡིག་འདི་ཡང་《ལའོ་ཡང་གི་ནང་བསྟན།》ཞེས་པའི་ཟིན་ཐོ་ལས་བཤུས་པ་ཡིན་འདུག་ལ།སེམས་ལ་ཕན་པའི་དངོས་བྱུང་གནས་ཚུལ་ཞིག་ཡིན་པ་མཐོང་བས།དེ་མ་ཐག་བོད་ཡིག་ཏུ་བསྒྱུར་བའོ། །
ཡོང་ཁུངས། དགེ་ལུགས་པའི་དྲ་བ། སྤེལ་དུས། 2015-12-09 14:26:22 ་་་་་་་་་་་་
དེ་རིང་མ་གཏོགས་ཀློག་ཁོམ་བྱུང་། དངོས་གནས་ཡིན་ན། བྱིན་རླབས་ཆེ། འདིར་འགོད་པ་པོ་ལ། ཐུགས་རྗེ་ཆེ།
སྤྱན་རས་གཟིགས་ཀྱི་གཤམ་དུ་འབྲེལ་ཐག་འདི། འཇོག་ཆོག་པའི་སྣང་བ་ཞུས་ནས་་་
https://triciakehoe.wordpress.com/2016/01/30/tibet-and-the-cultural-revolution/
ནོར་ཝེ་རླུང་འཕྲིན་གི་དྲི་བར་ལན་འདེབས་ཁག་ཅིག
https://vimeo.com/152049621
སྤེན་ཚེ་སྲིད་སྐྱོང་ཐོབ་དགོས་དོན་ལ།
https://www.youtube.com/watch?v=axbUqNMcWI4
སྤེནཚེས།
https://www.facebook.com/tenpa.dhargyal.18/videos/732115183586641/