རྩེཿམུན་སེལ།
དང་པོ། རང་ངོས་ནས་སྐད་ཡིག་ལ་འཇོགས་པའི་འདུ་ཤེས་མཚོན་པ།
སྐད་དང་ཡི་གེ་ནི། རིག་གཞུང་གསོན་གནས་ཀྱི་གཞི་རྩ་དམ་པ་ཞིག་ཡིན་པ་མ་ཟད། རང་རེའི་མི་རིགས་ཀྱི་རྒྱུད་པ་གཞན་དུ་མི་འགྱུར་བར་བྱེད་པའི་མཐུན་རྐྱེན་ཞིག་ཀྱང་རེད། ཅེས་གནའ་དེང་གི་མཁས་པ་མང་པོ་ཞིག་གིས་བསྒྲགས་དང་སྒྲོག་གིན་ཡོད་པ་རེད་ལ་དོན་དུ་ཡང་དེ་ལྟར་ངེས། རིན་ཐང་ཅན་གྱི་གསུང་དེ་དག་གིས་གཙོ་བ་ཅི་ཞིག་བསྟན་ཡོད་དམ། ཞེ་ན། དེས་ནི། མི་རབས་ཕྱི་མ་དང་ཕྱི་མའི་རིག་གཞུང་བཅས་ཀྱི་རྒྱུན་དེ་ཅི་ལྟ་བུ་ཞིག་ཏུ་འགྱུར་མིན་ནི། མི་རབས་སྔ་མ་ཚོའི་འཇོན་ཐང་ལ་རག་ལས་པར་བསྟན་ཡོད་པའང་གསལ་བཤད་བྱེད་མི་དགོས་པ་ཞིག་རེད། འོ་ན། སྐད་ཡིག་ཡུན་གནས་དང་ནུས་པ་ཇེ་མཐོར་འགྲོ་བར། ཐབས་གང་དང་ཅི་ཞིག ཡོད་དམ་སྙམ་ན། དེ་ནི། སྔར་བྱུང་ཐ་སྙད་ཀྱི་རིགས་རྒྱུན་འཛིན་དང་། སྦྲགས་མིའི་སྐད་ཡིག་ལ་མཆོག་ལྟའི་འདུ་ཤེས་འདོར་བ། ཐ་སྙད་གསར་བཟོའི་ལས་འགུལ་གྱི་རྣམ་གྲངས་ཇེ་མང་དུ་གཏོང་བ་སྟེ། གསུམ་ལས་ལྷག་པའི་ཐབས་ཤེས་གཞན་ཞིག་མེད་པར་གྲུབ་བོ།།
གཉིས་པ། བོད་རང་ཁུལ་གྱི་བོད་ཡིག་གི་གནས་སྟངས།
ང་བརྒྱད་སྐབས་ཀྱི་འཚུབ་མ་ནག་པོ་དེ་ཁད་ཀྱིས་ཡལ་བའི་མཐར། ཐོན་མའི་ཐུགས་ཀློང་ནས་བལྟམས་ཤིང་། དམ་པ་དུ་མའི་བདག་སྐྱོང་ལས་འཚར་བའི་རང་རེའི་བོད་ཡིག་ཀྱང་། ཤིན་ཏུ་ཉེ་བའི་འཆི་ལྟས་ཀྱིས་མནར་བའི་ནད་པ་ཚབས་ཅན་ཞིག་ཏུ་གྱུར་ཡོད་པའི་ཚེ། བོད་ཡུལ་མདོ་དབུས་ཁམས་གསུམ་གྱི་ཕུལ་བྱུང་དཔའ་བོ་ཁྱུ་ཞིག་གིས། གཏར་བསྲེག་ལུམས་སྦྱོང་ལྟ་བུའི་རིག་པའི་ཐབས་འཕྲུལ་མང་པོ་བསྟུད་མར་བཀོལ་པས། གེགས་རྐྱེན་དེ་དག་ལས་ཐར་ནས་མུ་མཐུད་དེ་གསོན་རྒྱུ་ཡིན་པའི་མདངས་ཤིག་ག་ལེར་ཐོན་བྱུང་། ཡིན་ནའང་། སྤྱི་ལོ་༡༩༨༦་ནས་སྤྱི་ལོ་༢༠༠༣་བར་ཏེ། ལོ་ངོ་བཅུ་བདུན་ཙམ་གྱི་རིང་ལ་སྐད་ཡིག་ཡར་རྒྱས་ཀྱི་ནུས་པ་མདུན་བསྐྱོད་དགོས་རབ་དང་། བརྡ་ཆད་ཁ་སྐོང་གི་ལས་འགུལ་ལ་དགེ་མཚན་ཆེ་ཚུལ་སོགས་ལག་ལེན་བྲལ་བའི་ལབ་བརྡོལ་ཁོ་ནའི་ངང་དེ་ལྟར་ལྷག་པ་རེད། དེའི་ཕྱིས་དང་ཕྱིས་ཤིག་ཏུ། མཁས་དབང་ཚུལ་ཁྲིམས་བློ་གྲོས་མཆོག་དབུར་བཞུགས་ཐོག བོད་རང་གི་ཡི་གེའི་རིག་གཞུང་དར་རྒྱས་གོང་འཕེལ་གཏོང་ཕྱོགས་ཀྱི་སྐོར་ལ་གྲོས་བསྡུར་བྱ་ཆེད།མཁས་པ་མང་པོ་གདན་ཞུས་ཀྱིས་ཚོགས་གྲོས་ཐེངས་འགར་བགྱིས་པ་དང་། ལྷག་དོན་སྤྱི་ལོ་༢༠༠༧་ཏེ་རབ་གནས་མེ་ཕག་ལོར་དམ་པ་ཁོང་གི་དགོངས་འཆར་བཞིན།ཁྲིན་ཏུའུ་གྲོང་ཁྱེར་དུ་བོད་ཡུལ་མདོ་དབུས་ཁམས་གསུམ་གྱི་མཁས་པ་བགྲེས་གཞོན་སྐོར་ཞིག་གིས་ནུས་ཤུགས་གཅིག་སྦྲེལ་མཛད་དེ། དཔེ་དེབ་༼གསར་བྱུང་རྒྱུན་བཀོལ་མིང་མཛོད༽ གསར་བསྐྲུན་དང་འགྲེམས་སྤེལ་བགྱིས་ཐོག ཐ་སྙད་དེ་དག་སྤྱི་ཚོགས་ཁྲོད་ཁྱབ་བརྡལ་དུ་འགྲོ་ཐབས་ཀྱི་ཐད་ནས་ཀྱང་རྣམ་གྲངས་ཅན་གྱི་ལམ་སྟོན་མང་པོ་ཞིག་བསྩལ་བས། དེ་ནས་བཟུང་ད་བར་ལོ་ངོ་བཅུ་ཙམ་ལས་ཕྱིན་མེད་ནའང་། བོད་ནང་ལ་མཚོན་ན། མི་མང་ཡོངས་ལ་སྦྲགས་མའི་སྐད་ཡིག་ལ་མཆོག་ཏུ་འཛིན་པའི་འདུ་ཤེས་གཏན་ནས་ལྷོད་ཅིང་། རང་གི་སྐད་ཡིག་དང་འཚམས་པའི་ཐ་སྙད་ཀྱི་དབུལ་ཕོངས་ལས་ཐར་བར་མ་ཟད། བོད་ཡིག་རིག་གཞུང་རང་རྐང་ལ་ཡང་དེང་རབས་ཤེས་བྱའི་ཁྲོད་ལ་འཕུར་སྐྱོད་ནུས་པའི་གྲིམས་ཤ་ཞིག་མངོན་ཡོད་དོ།།
གསུམ་པ། བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་བོད་ཡིག་གི་གནས་སྟངས།
བཙན་བྱོལ་སྤྱི་ཚོགས་ཁག་གི་ཁྲོད་ལ་ཆ་བཞག་ན། ༧གོང་ས་མཆོག་གི་ཐུགས་བསྐྱེད་ཀྱི་མཐུ་ལ་བརྟེན་ནས་བཞུགས་སྒར་དུ། རང་རེའི་རིག་གཞུང་དར་སྤེལ་རྒྱུན་འཛིན་ལ་དམིགས་ཏེ། ལས་ཁུངས་འགའ་ཞིག་བཙུགས་ཡོད་ལ།ཕྱོགས་གང་སར་དེ་དག་གི་མངའ་འོག་ཏུ་གཏོགས་པའི་ཡན་ལག་དང་། ཆེ་འབྲིང་བར་མའི་སློབ་གྲྭ་དུ་མ་བཙུགས་ཡོད་པ་མ་ཟད། དེ་དག་ཏུ་བྱེད་སྒོ་དང་ཤེས་བྱའི་རྣམ་གྲངས་ཙམ་གྱི་ཆ་ནས་ཧ་ཅང་ཕུན་སུམ་ཚོགས་པ་ཞིག་རེད། འོན་ཀྱང་། བོད་རང་གི་སྐད་ཡིག་གནས་སྟངས་ཀྱི་སྐོར་ལ་སློབ་གྲྭ་ཁག་གི་བོད་ཡིག་གནས་སྟངས་ཙམ་གྱི་ཆ་ནས་བལྟས་ན། ཟུར་བཞི་རྒྱབ་མདུན་གང་ནས་གཞལ་རུང་། ཡལ་ལ་ཉེ་བ་དང་། ལྷད་པ། མ་འདངས་པ་སྟེ། སྐྱོན་གསུམ་གྱིས་གདུང་གིན་ཡོད་པར་མངོན། དེ་དག་གི་འབྱུང་རྐྱེན་ནི། སྔོན་གྱི་མཁས་པ་དག་གི་གསུང་རབ་གླེགས་བམ་ཚོའི་ཁྲོད་ཀྱི་བརྡ་ཚིག་རིགས་མཁྲེགས་པོ་འདུག ཅེས་ལོགས་སུ་འཇོགས་པ་དང་། འབྲི་ཀློག་གང་གི་སྐབས་སུའང་མི་རིགས་གཞན་གྱི་མིང་ཚིག་དུ་མ་ཚབ་བཀོལ་བྱེད་པར་མཆོག་ཏུ་འཛིན་པ། གསར་བྱུང་ཐ་སྙད་ཀྱི་རིགས་ལ་དོ་སྣང་མི་བྱེད་པ་སྟེ་གསུམ་མོ།།གོང་དུ་སོང་མ་ཐག་པ་ལྟར། དེང་སྐབས་བོད་ནང་ཁུལ་གྱི་བོད་ཡིག་གི་ཆུ་ཚད་དང་། བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་གནས་ཚུལ་གཉིས་ལ་བསམ་བློ་ཞིག་བཏང་བ་ཡིན་ན། རྒྱུ་འབྲས་གོ་ལྡོག་ལྟ་བུའི་འཆར་སྣང་ཞིག་ངམ་ངམ་ཤུགས་ཀྱིས་སྐྱེ་འོང་སྟེ། གཞིས་ལུས་བོད་མི་ཚོ་ནི་རྒྱལ་ཁབ་གཞན་གྱི་བཙན་གནོན་འོག་ཏུ་ཡོད་ལ། ང་ཚོ་ནི་སྐྱབས་བཅོལ་བ་ཡིན་རུང་།རང་དབང་ཆ་ཚང་བ་ཞིག་ཡོད་པས་སོ།།འདིས་ཅི་ཞིག་མཚོན་གྱི་ཡོད་དམ། ཞེས་འདྲི་ན། འདིས་ནི་སློབ་གསོ་ལ་གསོའི་ལག་ལེན་ཞན་པ་དང་། རང་གི་སྐད་ཡིག་ལ་ཐད་ཀར་ཚད་པའི་བསམ་བློའི་འཛིན་སྟངས་ཀྱང་རྗེན་པར་བཏང་འདུག་པར་མཐོང་ངོ་།།
བཞི་བ། སློབ་གསོ་དང་ལས་འགུལ་སྐོར་གྱི་བསམ་ཚུལ་མདོར་བསྡུས།
བྱེས་བཞུགས་བོད་མའི་ཁྲོད་ན། སྐད་བཞི་སྨྲ་བའི་ལོ་ཙ་བ་དང་། དེང་རབས་ཚན་སྨྲ་བ་སོགས་ཁྱད་ཐོན་གྱི་མཁས་པ་མང་བ་ཡང་བདེན་པ་རེད། རང་གཞུང་གི་ཆབ་སྲིད་ལམ་ལུགས་གཞི་རྒྱ་ཆེ་ལ་གཏིང་ཟབ་པའང་བདེན་པ་རེད། འོན་ཀྱང་། བོད་རང་གི་སྐད་ཡིག་ཉམས་ཉེས་ཀྱི་ཐད་ལ་དོ་སྣང་མི་བྱེད་པ་འདིས་བྱས་ཚད་ཐམས་ཅད་བྱེ་མར་བྲིས་པའི་རི་མོོ་ལྟར་འགྱུར་བར་ངེས་ཏེ། རང་གི་སྐད་ཡིག་ནི་རིག་གཞུང་ཡུན་གནས་དང་མིའི་རིགས་རྒྱུད་གཏན་སྲིང་གི་གཞི་རྩ་གཙོ་བོ་ཞིག་ཡིན་པ་མ་ཟད། རང་དབང་འཐབ་རྩོད་ཀྱི་བྱ་བར་འབྲེལ་བའི་གཏན་ཚིགས་རིགས་ལ་ནམ་ཡང་མི་རྒུད་པའི་རྣོ་དབལ་སྟེར་བྱེད་ཅིག་ཀྱང་ཡིན་པས་སོ།། གལ་ཏེ། ང་ཚོས་དགོས་ངེས་ཀྱི་གནད་ལ་མི་འབབ་པའི་སློབ་གསོ་དང་། སྐད་ཡིག་གཅེས་སྐྱོང་གི་ལས་འགུལ་ཡིན་ཁུལ་གྱིས་འདི་འདྲ་ཁོ་ནའི་ངང་དུ་བསྡད་པ་ཡིན་ན། ང་ཚོའི་དམིགས་ཡུལ་མངོན་འགྱུར་འོང་རྒྱུ་ཕར་བཞག གལ་སྲིད། ད་དུང་ཡང་ལོ་ངོ་དུ་མ་ཞིག་གི་རིང་ལ་འདི་ལྟར་གནས་དགོས་ཚེ། ནམ་ཞིག་རང་རེའི་མི་རིགས་ཀྱང་གང་དུ་གྱེས་སའི་ཡུལ་དེ་དང་དེའི་མི་རིགས་ཀྱི་ངོ་བོར་འགྱུར་ཉེན་ཆེ། དེས་ན། རང་གཞུང་ནས་སྐད་ཡིག་ཡར་རྒྱས་དང་འབྲེལ་བའི་སློབ་གསོའི་བྱ་བཞག་གི་རིན་ཐང་ཇེ་མཐོར་གཏང་རྒྱུ་དང་། སློབ་གྲྭ་ཁག་གི་དགེ་སློབ་རྣམས་ཀྱིས་གཙོས། གཞུང་ཞབས་ལས་བྱེད་ཡིན་མིན་ཀུན་གྱིས་རང་རེའི་སྐད་ཡིག་འདིའི་ཉམས་རྐྱེན་དག་བསལ་བར་བྱ་བའི་ཕྱིར་དུ་ནུས་པ་གང་ཡོད་རེ་འདོན་ན་ལེགས། ང་ཚོ་དངོས་གནས། ལེ་ལོ་དང་སྒྱིད་ལུག་ལ་མགོ་མི་སྒུར་བར་རྣམ་རིག་བསྒྲིམ་སྟེ། ཐབས་ཤེས་ཤིག་གཏོང་ཐུབ་པ་ཡིན་ན། གཞིས་ལུས་ཁྲོད་ཀྱི་རང་རེའི་སྐད་ཡིག་རིག་གཞུང་གི་གནས་སྟངས་ལས་ཀྱང་། སྐད་ཡིག་མི་ཉམས་གོང་འཕེལ་དང་། ནུས་པའི་རྒྱུན་གསོ་བ་ལ་མཆོག་ཏུ་ཕན་པར་ངེས་པའི་ལས་འགུལ་དུ་མ་ཞིག་སྤེལ་ནས། རིམ་བཞིན་རང་རེའི་བོད་ཡིག་འདི་ད་ལྟའི་དུས་ཀྱི་དབྱིན་ཇིའི་ཡི་གེ་བཞིན་ས་སྒང་འདིའི་མི་རིགས་ཕལ་མོ་ཆེ་ཞིག་གིས་འཛམ་གླིང་ཡི་གེ་གཉིས་པར་ངོས་འཛིན་པའི་ཚད་ཅིག་ལ་ཡང་སྤར་ཐུབ་པ་ཡིན། དེ་ལ་རྒྱུ་མཚན་གཙོ་བོ་གཉིས་ཏེ། གཅིག་ནི༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་རང་དབང་དང་མཐུན་རྐྱེན་ཤིན་ཏུ་འཛོམས་པོ་ཡོད་ལ། གཉིས་པ་གང་ཞེ་ན། བཙན་བོད་མི་ཚོ་ནི། རྒྱ་བལ་འབྲུག་གསུམ་སོགས་ཧཱི་མ་ལའི་འདབས་འབྲེལ་ཡུལ་གྲུ་ཁག་དང་། ཤར་ནུབ་སོགས་ཀྱི་རྒྱལ་ཁབ་མང་པོ་ཞིག་ཏུ་སོ་སོར་གྱེས་ཤིང་གནས་སྡོད་བྱེད་ཀྱིན་ཡོད་པས་སོ།།ཞེས་ལྕགས་པོ་རིའི་བོད་སྨན་མཐོ་རིམ་སློབ་གླིང་དུ་རེས་གཟའ་སྤེན་པའི་ཕྱི་དྲོའི་ཆར་མགྱོགས་པོར་བྲིས་པའོ།།
་་་་་་་་ འོ་ན། སྐད་ཡིག་ཡུན་གནས་དང་ནུས་པ་ཇེ་མཐོར་འགྲོ་བར། ཐབས་གང་དང་ཅི་ཞིག ཡོད་དམ་སྙམ་ན། དེ་ནི། སྔར་བྱུང་ཐ་སྙད་ཀྱི་རིགས་རྒྱུན་འཛིན་དང་། སྦྲགས་མིའི་སྐད་ཡིག་ལ་མཆོག་ལྟའི་འདུ་ཤེས་འདོར་བ། ཐ་སྙད་གསར་བཟོའི་ལས་འགུལ་གྱི་རྣམ་གྲངས་ཇེ་མང་དུ་གཏོང་བ་སྟེ། གསུམ་ལས་ལྷག་པའི་ཐབས་ཤེས་གཞན་ཞིག་མེད་པར་གྲུབ་བོ།། ་་་་་་་་་
༼སྐད་ཡིག་ཡུན་གནས་དང་ནུས་པ་ཇེ་མཐོར་འགྲོ་བར། ༽ བོད་ཕྲུག་གང་མང་མང་ཞིག་བཟོ་བ་ལས། ཐབས་གཞན་པ་དེ་ཚོ་ནི། གྲྭ་བ་ཨ་ནེ་ཚོའི་ཚེ་གཅིག་གི་སེམས་ཤུགས་ཙམ་ལས། མི་རིགས་དང་མི་རྒྱུད། དེ་དག་གི་བོད་སྐད་དང་བོད་ཡིག་ཡུན་གནས་ལ་ཕན་པ་གང་ཡང་ཡོད་མི་སྲིད་ན། གཏན་ཚིག་རྫུན་མ་རེ་བཤད་ནས་བསྡད་ན་ཆོད་ག་རེ་ཡོད་པ་རེད། དེ་ལས་རྒྱོ་རྒྱོ་རེ་བརྒྱབས་ནས་བསྡད་ན་ཡག་ཤས་རེད།
མགྱོགས་བྲིས་ཡིན་ན་ཅིག། ཁྱོད་དགྲས་བདའ་ནི་ཡོང་གི་ནི་ཡོད་རྒྱུ་མ་རེད། དཔྱད་གཏམ་འགོད་འདོད་ན། བསམ་བློ་དྲུག་གསུམ་ཅོ་བརྒྱད་ཀྱི་བར་ནས་ཅིག་ཨེ་ཕྲིས་བལྟ་དགོས་བ་རེད། དེ་འདྲ་མིན་ན། ཀྱལ་ཀ་ཟེར་བ་དེར་གཏོགས་འགྲོ་ལི་ཨ་རོགས།
གནམ་ལགས། གཏན་ཚིགས། ཡག་ཤོས། ཞེས་འབྲི་རྒྱུ་དང་། ནི་སྒྲ་ནས་སྒྲའི་ཚབ་ཏུ་མི་འགྲོ་བ་བཅས་མཁྱེན་པར་མཛོད།
གནམ་ལགས། གཏན་ཚིགས་ཡང་དག་མིན་པ་ལ་སྐྱོན་གསུམ་དང་བྲལ་བའི་སྒྲུབ་བྱེད་ཡང་དག་རེ་ཁོད་དང་། གལ་ཏེ་དོན་དང་འབྱོར་སོང་ན། ལགས་སོ་ཞུའོ།།
གནམ་ལགས། གོང་དུ་བཀོད་པའི་ཡིག་ཉོག་གི་འཕྲེང་བ་དེ་དག་ལ། ནང་དོན་གྱི་ཆ་ནས་རྒྱོ་དང་འབྲེལ་བ་གང་ཡང་མེད་པ་གསལ་བོ་རེད། གལ་ཏེ། སླད་མའི་ཚེ་ན་རྗོད་བྱེད་རྒྱོ་ལ་བརྒྱུས་པའི་རྩོམ་ཡིག་རེ་བྲི་དགོས་བྱུང་བཞག་ཚེ། དེའི་དུས་སུ་ང་ཚོས་རྒྱོ་གཏམ་ཅི་དགར་བཤད་འོས་ལགས།
ལུས་ནད་བརྟག་ཐབས།
https://www.facebook.com/enjoy.science/videos/467704686910747/?hc_ref=NEWSFEED
སྐྱ་སེར་འདྲེས་མའི་རྟགས་གསལ།
https://www.facebook.com/love.tibet.9/posts/1190243601097710
རྒྱོ་རྒྱོ་བརྒྱབས་ན། རང་གི་འདོད་ཆགས་བསལ་བས་སྐྱིད་པ་གཅིག། མི་རིགས་ཀྱི་འཕེལ་ཁ་ལ་ཕན་པ་ནི་གཉིས། བོད་རིགས་དང་བོད་སྐད་ཀྱི་རྒྱུ་འཛུན་ཐབ་པ་ནི་གསུམ། རྒྱལ་ཁབ་དང་མི་རིགས། དེའི་བོད་སྐད། དེའི་ཡུལ་སྲོལ་རྒྱུན་སྐྱོང་བའི་དོན་དུ། འདི་ལས་ལྷག་པའི་བྱས་རྗེས་ཆེ་བ་ནམ་ཡང་དགོས་མི་སྲིད།
བུ་ཕྲུག་བརྒྱད་ཀྱི་ཕ་མ་བྱེད་མ་ཐུབ་ན། བོད་ཡིག་བོད་སྐད་ཕར་ལ་བཞག། མཐའ་ན། བོད་ཟེར་བའི་མ་འོངས་ལ་ཡང་ནག་ཁུང་ནག་རྐྱང་ཡིན་པ་ཤེས་སོ། ཧ་ཧ་ཧ།
གནམ་ལགས། མིའི་རིགས་རྒྱུད་སྤེལ་བ་ལ་རྒྱོ་དགོས་པ་བཤད་ཅི་དགོས། རེད་དེ། འོན་ཀྱང་། རང་གི་མི་རིགས་ཀྱི་ངོ་བོ་གཞན་དུ་མི་འགྱུར་བར་བྱ་འདོད་ཚེ། རྒྱོ་ཁོ་ནས་སྐྱོང་དཀའ་སྟེ། ད་སྔ་ཡན་ཆོད་དུ་འཛམ་གླིང་རྒྱལ་ཁབ་ཁག་གི་ཁྲོད། རིག་གཞུང་དང་བཅས་པ་གཞན་གྱི་ངོ་བོར་གྱུར་སོང་བ་ཡང་འགའ་རེ་བྱུང་ཡོད་ལ། དེ་ལྟར་གྱུར་པའི་རྒྱུ་རྐྱེན་གཙོ་བོ་ནི། རྒྱལ་ཁབ་དེ་དག་གི་མི་རྣམས་ཀྱིས་རྒྱོ་མ་བརྒྱབས་པས་མིན་ཏེ། ལེགས་པར་བལྟས་ན་མི་རིགས་རང་ཉིད་ཀྱི་སྐད་ཡིག་ལ་བྱ་ར་མ་བྱས་པས་དེ་ལྟར་གྱུར་པས་སོ།།
གནམ་ལགས། ཁྱེད་ཚོར་དངོས་གནས། རང་གཞན་ཚང་མར་ཕན་པའི་ཀུན་སློང་ཞིག་མཆིས་ན། སྐབས་དོན་དང་ཐད་ཀར་འབྲེལ་བའི་མཆན་བུ་རེ་འདེབས་རོགས།
ཀྱཻ། ཁ་བརྡའི་དྲྭ་ལམ་ན་བཞུགས་པའི་མཁས་པ་རྣམས་ལེགས་པར་གཟིགས་དང་། སྐྱོན་གསུམ་དང་བྲལ་བའི་སྒྲུབ་ངག་ཟེར་བ་དེ་འདྲ་ཞིག་ག་ལ་ཡིན།
རྒྱོ་ཞིམ་པོ་རྐུབ་ཀྱི་གུ་རམ་ཡིན།
མང་དྲག་ན་མཁལ་མའི་རྩ་ལ་གནོད།
སྐད་ཆ་འདི་བདེན་ཡིན་ནམ།
སྟོད་སྐད་་་་བུ་རམ་་ལ་་གུ་རམ་་་ཟེར།
ཀྱེ་ཀྱེ། མུན་འཐིབ།
མང་ཁ་ཉུང་གིས་མ་འདང་བ་ཟེར་ན་ཅི་རེད།
དགྲ་དམགས་མང་བས། བོད་དམགས་ཉུང་ཉུང་དེ་ག་ས་ག་ལ་གཏོར་བ་མ་ཡིན་ནམ། གཅིག་གྱིས།
དགྱ་མི་གནས་སྤོར་བ་བོད་ལ་ཡོང་རྒྱུ་མང་དྲག་ནས། བོད་སྐད་ལ་ནུས་བ་ཉམས་པ་མ་ཡིན་ནམ། གཉིས་གྱིས།
བོད་སྐད་དང་བོད་ཡིག་གིས་རང་མགོ་ཐོན་སའི་བོད་ཀྱི་སྤྱི་ཚོགས་ཉུང་དྲག་པས། བཙན་བྱོལ་ན་ཤུགས་ག་ཚོད་བརྒྱབས་ཀྱང་བོད་སྐད་ཡིག་ཉམ་བཞིན་པ་མ་ཡིན་ནམ། གསུམ་གྱིས།
རྒྱུ་དང་རྐྱེན་མ་ཤེས་བར་འུར་བརྒྱབས་ན། ཆོད་ག་རེ་ཡོད་པ་རེད།
བཙན་དང་དབང་གིས་བསྒྱུར་བཞག་པ་ཡོད་ན་ཡང་། གཙོ་བོ་དེ་དག་ལ་སྟོབས་ཀྱིས་མ་འདང་ཨེ་ཤེས། སྟོབས་དགོས་ན། ཁ་ལག་གཉིས་ཀ་མང་དགོས་བ་ཡིན་པ་རེད། ལྷག་ཏུ་མང་གཙོའི་དུས་ཚོ་འདི་ལ་མི་གྲངས་གང་མང་མང་དགོས་བ་ཨེ་ཤེས།
ཕྱི་རྒྱལ་ཁག་ན་བོད་མི་ཕ་མ་ཚོས་མི་རིགས་མི་གཙོ་པར་ཤོག་སྒོར་གཙོ་བོར་སྐྱབས་ནས་བུ་གུ་གཅིག་གམ་གཉིས་ལས་མི་བཟོ་པར་ཐ་ན་བོད་སྐད་བཤད་སའི་ཁྱིམ་ཆེན་པོ་ཞིག་མེད་པ་ཨེ་གོ་ཐལ།
མི་རིགས་དང་སྐད་རིགས་ཀྱི་གྱུང་འདི་འདྲ་བྱས་ནས་ཟས་བ་རེད་མ་གཏོགས། ཚིག་གསར་ཁ་ཤོས་ཞིག་མ་འདང་བའི་ལས་ལེན་ག་ལ་ཡིན།
བོད་སྐད་བཀོལ་ས་དང་བཤད་རོགས་མེད་ས་ན། བོད་སྐད་དགོས། ཚིག་གསར་གྱི་སྣོན་མ་དགོས་ཟེར་ནི་ཚང་མ། ཞིབ་དུ་བསམ་ན། ཐོས་བསམ་སྒོམ་གསུམ་མི་འཁྱོལ་བའི་གྲྭ་བླ་ཨ་ནི་དང་། གྲྭ་བླ་ནི་ལོག་ཁེར་ལོག་ལ་འདུག་མཁན་ཚོ། དེའི་མི་ཚད་། སློབ་ཕྲུག་མགོ་སྟོང་ཚོ་རྐྱང་རེད་འདུག། ཁྱོད་ཀྱང་གོང་གི་དུས་གྲལ་ནས་གཅིག་ཡིན་ཤས་ཆེ།
ཡིན་ན། སེམས་ཤུགས་ཡོད་ན། གྲྭ་བླ་ཨ་ནི་ཆོས་དོན་མི་ཤེས་ནི་ཡིན་ན་ལོག་ཤོག། ལོག་ནས་ཁེར་འདུག་མི་བྱེད་པར། བཟའ་ཚོ་སྒྲིག་ནས། ཉིན་ཉིན་དུ། མཚན་མཚན་དུ། རྒྱོ་རྒྱོ་རྒྱོབས། བུ་གུ་ག་ཚོད་འཇོན་འཇོན་ལས་དང་དེ་ནས། ངས་ཁྱོད་ལ་ཨ་མའི་བུ་དང་གདོང་དམར་བོད་རེད་ཟེར།
དེ་མིན།
བོད་སྐད་ཀྱི་ལས་དབང་བཤད་མཐར་ཞལ་འདེབས་བཙལ་ནིའི་རིགས།
མི་རིགས་ཀྱི་ལས་དབང་གླེང་མཐར་ཞལ་འདེབས་བསྡུ་ནིའི་རིགས།
རང་ལ་མིང་གྲགས་བྱུང་བར་ཀྱལ་གཏམ་གཏན་ཚིགས་ལ་བསྒྲགས་ནིའི་རིགས།
རིགས་འདི་ཚོ་ལ་མི་བསུན་པར་སུ་ལ་སུན། ཧ་ཧ་ཧ།
གནམ་ལགས། ཁྱེད་ཀྱིས་དང་པོར་བརྡ་དག་ཞིབ་ཆ་ཐོན་པ་ཞིག་སྦྱོངས། དེའི་རྗེས་སུ་སུམ་རྟགས་ལེགས་པོ་ཞིག་སློབས། དེ་ལྟར་བགྱིས་ཤིང་ནམ་ཞིག་གི་ཚེ། རྣམ་རིག་ནར་སོན་པ་ཞིག་བྱུང་ན། དེ་ནས་སྐད་ཡིག་རིག་གཞུང་གི་སྐོར་གླེང་ཆོག་
ལགས་སོ། སྐྱག་པ་བཙགས་ན་འབྲུ་རིགས་ཤིག་འབུད་རྒྱུད་མེད་པ་ཤེས་སོང་ངོ་། རང་རང་ས་ནས་རང་འདོད་རེ་བཤད་ནས་འདུག་ཡ་ལས། དེ་མིན། བྱ་ཐབ་གཞན་མེད་སོང་ནི་རེད། མགོ་ནི་མཁྲེགས། མིག་ཐག་ནི་ཐུང་། ང་ཡིན་ངས་ཤེས་ཟེར་བ་ལ་ཚོ་ཚ་ནི་མེད། ད་དུས་རབས་འདི་ལ་བྱོན་པའི།
མུན་སེལ་མགྱོགས་འབྲི་ནི་མཁས་བའི་ཏོག་གོ། ཧ་ཧ་ཧ།
གནམ། ལྟོས་དང་། མིག་རྒྱང་རིང་བོ་དང་། རྣམ་དཔྱོད་ཅན་ཞིག་ཡིན་ཐག་ཆོད་རེད། ཧ་ཧ་ཧ་
འབྲི་དར་མའི་སྒྲ་སྦྱོར་གླིང་།
https://www.facebook.com/TONGKORTHUPTEN/videos/pcb.10155158704821877/10155158701241877/?type=3&theater