དྲེད་པོ།
འཕྲིན་བརྡ་རྣ་ལ་གཟན་པོ།།
གློ་ཁུག་ནང་ནས་གྲགས་སོང་།།
འཕྲིན་ཆུང་སྙིང་གི་ཐོ་བ།།
སྐད་འཕྲིན་ནང་དུ་འབྱོར་བྱུང་།།
སྐྱོ་བའི་མིག་ཆུའི་རིལ་བུ།།
མིག་གི་ནང་ནས་འཐོར་སོང་།།
ངོ་གདོང་ལེབ་ནས་འགྲིལ་ཏེ།།
ཁ་པར་མདུན་ཤེལ་བརླན་སོང་།།
མོག་པོའི་མིག་ཟུང་བརྒྱུད་དེ།།
འཕྲིན་ཚིག་སྙིང་ལ་ཟུག་སོང་།།
དམར་ཆུང་སྙིང་གི་རྩ་བ།།
ཡ་ཆུང་ཁོག་ནས་འབར་སོང་།།
མི་བཟོད་ན་ཟུག་དྲག་པོ།།
ཤ་རུས་གསེང་ནས་ཁོལ་སོང་།།
གློ་དང་མཆིན་པ་བསྲེཊ་ནས།།
ཤ་དང་རུས་པར་ཐུག་སོང་།།
ཉེས་མེད་རྡུང་རྡེག་ཚ་པོ།།
འཕྲིན་ཆུང་བརྒྱུད་ནས་བཏང་སོང་།།
ཁོག་པ་གྲི་ཡིས་གཤགས་ནས།།
སྙིང་ལ་རྟ་ལྕག་གཞུས་བྱུང་།།
ཕམ་ཁའི་རྡོག་ཁྲེས་ལྕི་མོ།།
རིན་མེད་རྒྱབ་ལ་ཉོས་སོང་།།
གཅིག་པུར་ཚེར་མའི་ཐང་ནས།།
རྐང་རྗེན་འགྲོ་དགོས་བྱུང་སོང་།།
29/5/2015