ཚེ་རིང་།
ཐག་རིང་ཐག་རིང་ཞིག་ཏུ་འགྲོ་དགོས་དོན
ཁྱོད་དང་གཡོལ་བའི་ཆེད་མིན་ལ
ཐག་རིང་ཐག་རིང་ཞིག་ནས་འདུག་དོན
ཁྱོད་རང་བརྗེད་པའི་ཆེད་དུའང་མིན
ལོ་ཟླ་འདི ཐུར་དུ་བཞུར་བའི་རྒྱུགས་ཆུ་ཞིག་ན
ང་ནི་རྒྱུགས་ཆུ་དེས་ཁྱེར་བའི་ལོ་མ་ལེབ་མོ་དེ་ཡིན་འདུག
ཁུར་གྱིན་ཁུར་གྱིན་གང་ཞིག་ཏུ་འགྲོ་བཞིན་ཡོད་པ་དང
ཁུར་གྱིན་ཁུར་གྱིན་གང་ཞིག་ནས་འདུག་གྲབས་ཡོད་པ
ངས་གཏན་ནས་ཚོད་ཀིས་མི་ཐིག
སྟབས་འགྲིག་ན་ཆུ་བོ་ཕར་བཞུར་ཞིག་གིས
ང་སླར་ཡང་གནའ་བོའི་གནས་དེར་ཁྱེར་སྲིད
ཁྱོད་ཀྱི་འཕྲིན་ཐུང་ལས
ད་ནི་ལྷན་ཏུ་འཛོམས་དགོས་ཟེར
ཁྱོད་ཀྱི་འཕྲིན་ཐུང་ལས
ད་ནི་གནས་ཤིག་འཆའ་དགོས་ཟེར
ལྷམ་སྒྲོག་ངུ་ཞོར་བཅིངས་པའི་ནངས་མོ་དེ་ནས
ངས་ལྷན་འཛོམས་ཞེས་པའི་ཐ་སྙད་དེར་རེ་མ་མྱོང་ཡང
མྱི་སྐད་སྦོམ་པོ་བཤད་པའི་མི་ཚོགས་དེའི་ཁྲོད་དུ
ནམ་རྒྱུན ངས་ཅི་ཞིག་ལུས་ཡོད་པའི་ཚོར་བ་ཟ་ཟི་ཞིག
འདི་ནི ཁྱོད་ཀྱིས་བཤད་པའི་རྒྱུ་མཚན་དེ་དག་ཡིན་ནམ
འདི་ནི ང་ཡིས་དྲན་པའི་ལས་ཀྱི་སྦྲེལ་ཐག་དེ་ཡིན་ནམ
2014/08/24—མཚན་མོ།
ཨ་ཁ་ཁ།
དུང་བ་མེད་པའི་མྱི་ཞིག་ལ།
རེ་བ་བཅངས་བའི་འཕྲིན་པ་དེ་འདྲ།
ཨ་ཁ་ཁ།
རང་དབང་མེད་པའི་མྱི་ཞིག་ལ།
བརྩེ་བ་གདོས་བའི་སེམས་པ་དེ་འདྲ།
ཨ་ཁ་ཁ།
བུ་མོ་ཁྱོད་གང་ན་ཡོད།
ཁོང་དཔའ་བོ་ཞིག་མིན་ཐག་ཆོད་རེད།
ཨ་ཁ་ཁ།
ཁ་ནས་རང་དབང་མེད་སྐད།། དོན་ལ་རེ་ཐག་གཅོད་འདོད།། འཕྲིན་ལན་ཐུང་ངུ་འདི་འདྲ།། འཕྲད་འདོད་བཏང་མི་སྙིང་རྗེ།།