བསྟན་འཛིན་སྒྲོལ་མ།
བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་ཁག་གཅིག་རྗེས་གཉིས་མཐུད་དུ་བྱུང་དང་འབྱུང་བཞིན་པའི་དུས་སྐབས་འདིར། དྲ་རྒྱའི་མཐུན་རྐྱེན་ནི་གནས་ཚུལ་དེ་དག་བོད་ཕྱི་ལོགས་སུ་ཁྱབ་སྤེལ་གཏོང་བྱེད་ཀྱི་བརྒྱུད་ལམ་གལ་ཆེ་ཤོས་དང་། རྒྱ་ནག་གཞུང་གི་དྲ་རྒྱའི་ལྕགས་རིའི་རྒྱབ་ལོགས་སུ་སྦས་པའི་གསང་བ་ཁག་གི་རྐུབ་བརྡོལ་བྱེད་ཀྱི་ལག་ཆ་ཡག་ཤོས་དེ་ཆགས་ཡོད། ལྷག་པར་དུ་ཉེ་བའི་ལོ་ཟླའི་ནང་བོད་ཕྱི་ནང་གཉིས་སུ་དྲ་རྒྱ་བེད་སྤྱོད་གཏོང་མཁན་གྱི་བོད་མི་ཚོས་གློག་ཀླད་རྩིས་འཁོར་ནས་ཁྱད་ཆོས་སྣ་འཛོམས་ཅན་གྱི་ཁ་པར་བརྒྱུད་དྲ་ཐོག་ལ་འགྲུལ་བཞུད་བྱེད་པའི་འཕོ་འགྱུར་གྱི་ཁ་ཕྱོགས་གསར་བ་འདིའི་ཁྲོད་དུ་བོད་ཕྱི་ནང་གཉིས་དབར་གྱི་དྲ་རྒྱའི་བརྒྱུད་ལམ་དེ་འཚང་ཁ་ཤིག་ཤིག་ཏུ་གྱུར་ཅིང་། འཕྲིན་ཕྲན་ཞེས་པའི་ཁ་པར་གྱི་མཉེན་ཆས་གསར་བ་དེ་ཤུགས་ཆེར་དར་ཁྱབ་ཕྱིན་པའི་བརྒྱུད་རིམ་དེའི་ཁྲོད་དུ་བོད་མི་མང་པོ་ཞིག་གིས་དྲ་རྒྱའི་བདེ་འཇགས་དང་འབྲེལ་བའི་གནད་དོན་སྐོར་ལ་དེ་ཙམ་དོ་སྣང་མ་བྱས་པར་གསང་བའི་ཡིག་ཆ་གང་མང་འཕྲིན་ཕྲན་ཞེས་པའི་མཉེན་ཆས་དེ་བརྒྱུད་ནས་ཕན་ཚུན་ལ་གཏོང་རེས་བྱས་པའི་རྒྱུ་མཚན་གྱིས་བོད་ནང་གི་བོད་མི་མང་པོ་ཞིག་དྲ་རྒྱའི་ཐོག་ཏུ་འགྲུལ་བཞུད་སྐབས་་“རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་”ཁྲིམས་འགལ་གྱི་ཉེས་མིང་འོག་བཙོན་འཇུག་མནར་གཅོད་མྱངས་དང་མྱོང་བཞིན་ཡོད་པ་ཚང་མས་མཁྱེན་གསལ་རེད།ཡིད་སྐྱོ་བའི་བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་དེ་དག་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དུ་ཁྱབ་སྤེལ་བྱེད་རྒྱུ་ནི་བཙན་བྱོལ་སྤྱི་ཚོགས་ཁྲོད་དུ་འཚོ་སྡོད་བྱེད་བཞིན་པའི་བོད་མི་ཚོའི་འགན་འཁྲི་གཡོལ་མེད་ཅིག་ཡིན་མོད། འོན་ཀྱང་གནས་ཚུལ་དེ་དག་མཁོ་བསྡུ་བྱེད་དུས་སྣང་མེད་དུ་འཇོག་མི་ཉན་པའི་དོན་དག་གལ་ཆེན་ཁ་ཤས་ཡོད་པ་ཚང་མས་ངེས་པར་དུ་ཡིད་འཇོག་བྱེད་དགོས་ཀྱི་འདུག
གཅིག བོད་ནང་ནས་སྐྱེས་ཤིང་ཕྱིས་སུ་བཙན་བྱོལ་ལ་འབྱོར་བའི་བོད་མི་ཚོ་ནི་དྲ་རྒྱའི་བརྒྱུད་ལམ་ཁྲོད་དུ་གཞིས་ལུས་བོད་མི་ཚོ་དང་འབྲེལ་འདྲིས་ཤུགས་ཆེན་ཡོད་པ་བཞིན། ད་ལྟའི་དུས་སྐབས་འདིར་ང་ཚོས་བོད་ནང་གི་བོད་མི་ཚོའི་བདེ་འཇགས་ལ་ངེས་པར་དུ་བསམ་བློ་གཏོང་དགོས། བོད་ནང་གི་བོད་མི་ཚོའི་བདེ་འཇགས་ལ་བསམ་བློ་གཏོང་དགོས་ཀྱི་འདུག་ཟེར་དུས་ངས་ད་ལྟའི་དུས་སུ་དར་ཁྱབ་ཆེ་བའི་འཕྲིན་ཕྲན་མཉེན་ཆས་དེ་བོད་མི་ཚོས་བེད་སྤྱོད་གཏོང་རྒྱུ་མཚམས་འཇོག་བྱེད་དགོས་ཀྱི་འདུག་ལབ་ཀྱི་མེད། སྤྱིར་བཏང་དང་ནམ་རྒྱུན་གྱི་སྐད་ཆ་སོགས་འཕྲིན་ཕྲན་བརྒྱུད་ནས་བཤད་ན་འགྲིག་གི་ཡོད་ཀྱང་། ང་ཚོས་བོད་ནང་གི་བོད་མི་ཚོར་གནས་ཚུལ་གལ་ཆེན་ཁག་དང་གསང་བའི་ཡིག་ཆ་སོགས་འཕྲིན་ཕྲན་བརྒྱུད་ནས་མི་གཏོང་བའི་སྐུལ་མ་དང་ལམ་སྟོན་བྱེད་དགོས།
གནས་ཚུལ་དེ་དག་འཕྲིན་ཕྲན་བརྒྱུད་ནས་བཏང་ན། རྒྱ་ནག་གཞུང་གིས་གནས་ཚུལ་གཏོང་མཁན་གྱི་མི་དེ་ཁོང་གི་ཁ་པར་དང་བྱང་བུ་བརྒྱུད་ནས་ལམ་སེང་ངོས་འཛིན་ཐུབ་ཀྱི་ཡོད། གང་ཡིན་ཞེ་ན་ཁ་པར་དང་བྱང་བུ་གཉིས་ནི་ཡིད་ཆེས་བྱེད་ཆོག་པ་ཞིག་གཏན་ནས་མིན་ལ། དེ་དག་བརྒྱུད་ནས་གང་ཟག་སོ་སོའི་བདེ་འཇགས་ལ་དོ་ཕོག་རྒྱ་ཆེར་འགྲོ་གི་ཡོད། དེའི་སྐོར་གྱི་གནས་ཚུལ་རྒྱས་པ་ཀློག་འདོད་ཚེ་དྲ་ངོས་་http://karkhung.com/?p=113་ལ་གཟིགས་ཆོག་ལ། བརྙན་པར་གྱི་ལམ་ནས་གཟིགས་འདོད་ཚེ་དྲ་ཐག་ http://www.youtube.com/watch?v=SFECHL78U1U&feature=plcp དང་ http://www.youtube.com/watch?v=VOdmlHDGPWY&feature=plcp འདི་གཉིས་ཀྱི་ཐོག་ལ་བསྣུན་རོགས།
གཉིས། འཕྲིན་ཕྲན་ཞེས་པའི་མཉེན་ཆས་དེ་རྒྱ་ནག་གིས་བཟོས་པ་ཡིན་ལ། མཉེན་ཆས་དེས་HTTPS་ཞེས་པའི་བདེ་འཇགས་ཀྱི་མཐུན་རྐྱེན་དེ་བེད་སྤྱོད་གཏོང་གི་མེད་པས། དྲ་ལམ་བརྒྱུད་ནས་བཏང་བའི་གནས་ཚུལ་ཆ་ཚང་རྒྱ་ནག་གཞུང་གིས་མཐོང་ཐུབ་ཀྱི་ཡོད་ལ། སྦ་གསང་མེད་པར་ཕྱི་གསལ་ནང་གསལ་ངང་རྒྱུ་བཞིན་པའི་དྲ་ཐོག་གི་ཡིག་ཆ་རྣམས་དང་པོ་ང་ཚོར་མ་འབྱོར་གོང་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་བརྒྱུད་ཀྱི་ཡོད་པ་ཚང་མས་ཧ་གོ་དགོས། བོད་ནང་གི་གནས་ཚུལ་རྣམས་འཕྲིན་ཕྲན་གཅིག་པུ་བརྒྱུད་ནས་མ་གཏོགས་གཏང་མ་ཆོག་པ་དེ་འདྲ་ཡང་གཏན་ནས་མ་རེད། དཔེར་ན། འཕྲིན་ཕྲན་དང་ཁྱད་ཆོས་གཅིག་པ་འཛོམས་ཡང་། བདེ་འཇགས་ཀྱི་ཐད་ནས་འཕྲིན་ཕྲན་དང་བསྡུར་ན་ཁྱད་དུ་འཕགས་པའི་མཉེན་ཆས་གང་མང་་དཔེར་ན་whatsapp་དང་kakao་ voxer སོགས་ཡོད་ལ། མཉེན་ཆས་དེ་དག་བེད་སྤྱོད་བཏང་ནས་དྲ་ལམ་ལ་ཉུལ་དུས་ཁྱེད་ཀྱི་གནས་ཚུལ་རྣམས་སྦས་ནས་གཏོང་ཐུབ་ཀྱི་ཡོད། གང་ཡིན་ཞེ་ན་མཉེས་ཆས་དེ་དག་གིས་ག་དུས་ཡིན་ཡང་httpsཞེས་པའི་བདེ་འཇགས་ཀྱི་མཐུན་རྐྱེན་འཕར་མ་དེ་བེད་སྤྱོད་གཏོང་གི་ཡོད། ཡིན་ཡང་དུས་ད་ལྟའི་ཆར་མཉེན་ཆས་དེ་དག་བོད་ནང་དུ་དར་ཁྱབ་ཆེན་པོ་མེད་ཀྱང་ང་ཚོས་གཞིས་ལུས་བོད་མིའི་བདེ་འཇགས་གལ་ཆེ་ཤོས་ལ་བརྩིས་ནས་ཁོང་ཚོར་མཉེན་ཆས་དེ་དག་ངོ་སྤྲོད་དང་མཐུན་སྦྱོར་བྱེད་ཐུབ་པ་བྱ་དགོས། https་སྐོར་ལ་རྩོམ་ཡིག་རྒྱས་པ་ཀློག་འདོད་ཚེ་དྲ་ངོས་http://karkhung.com/?p=460་ཕེབས་ཆོག་ལ་བརྙན་པར་གྱི་ལམ་ནས་གཟིགས་འདོད་ཚེ་དྲ་ཐག་http://www.youtube.com/watch?v=wahkOj4V450&feature=plcp འདིའི་ཐོག་ལ་བསྣུན།
ལྷག་པར་དུ་གློག་ཀླད་རྩིས་འཁོར་བརྒྱུད་ནས་བོད་ཕྱི་ལོགས་སུ་གནས་ཚུལ་གཏོང་མཁན་གྱི་བོད་མི་ཚོར་ཡང་སོ་སོའི་ངོ་བོ་སྦས་པའི་ཐོག་ནས་གཏང་ཆོག་པའི་དྲ་ཚིགས་ཡོད་པ་དེ་དག་ཀྱང་ངོ་སྤྲོད་བྱེད་རྒྱུ་ནི་ད་ལྟའི་དུས་ཀྱི་གལ་གནད་ཆེ་ཤོས་དེ་ཆགས་འདུག
དཔེར་ན། གནས་ཚུལ་ཁག་བརྟན་པོ་བྱས་ནས་གཏང་ཆོག་པའི་མཐུན་རྐྱེན་ Google Drive དང་Dropbox www.ge.tt སོགས་དང་ད་དུང་ཡིག་ཆ་ཆེན་པོ་དང་བརྙན་པར་གྱི་རིགས་ལྗིད་ཁོག་ཚ་བོ་དེ་འདྲ་https://www.transferbigfiles.com/དང་https://wetransfer.com/བརྒྱུད་ནས་གནས་ཚུལ་གཏོང་དུས་སོ་སོའི་མིང་དང་གློག་འཕྲིན་ཁ་བྱང་སོགས་སྤྲོད་མི་དགོས་པར་ཐད་ཀར་གནས་ཚུལ་གཏོང་སའི་མི་དེའི་གློག་འཕྲིན་ཁ་བྱང་བྲིས་ནས་བཏང་ཆོག་པས་བདེ་འཇགས་ཀྱི་ཐད་ནས་ཧ་ཅང་ལེགས།
གསུམ། བོད་ནང་ནས་བཏང་བའི་ཡིག་ཆ་དང་འདྲ་པར་གལ་ཆེན་སོགས་འབྱོར་དུས་གང་ཟག་རེ་ཟུང་དང་ཚོགས་པ་ཁ་ཤས་ཀྱིས་སོ་སོའི་མཚན་མཐོང་ཕྱིར་བསྒྲགས་བྱེད་ཆེད་གནས་ཚུལ་དེ་དག་ཐོག་ལ་ཧམ་རྩོད་བྱས་ནས་དྲ་ཐོག་ཏུ་སུས་མགྱོགས་གཏོང་ཨེ་ཐུབ་ལ་ལྟ་བ་ནི་ང་ཚོའི་ཅོལ་ཆུང་གི་བྱེད་ལུགས་ཉག་ཅིག་ཡིན། བོད་ནང་ནས་བཏང་བའི་གནས་ཚུལ་དག་ཧ་ཅང་གལ་ཆེན་པོ་ཡིན་པ་བཞིན་ང་ཚོས་ནུས་ཤུགས་ཡོད་རྒུ་བཏོན་ནས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གང་ཐུབ་ཁྱབ་སྤེལ་བྱེད་དགོས་པ་ལས། གསར་ལམ་ཁག་ཏུ་མ་ཁྱབ་གོང་ངོ་དེབ་དང་སྤྱི་བཏང་གི་སྤྱི་ཚོགས་དྲ་ལམ་ཁག་ལ་ཁྱབ་བརྡལ་བཏང་བ་ཡིན་ན་དེས་བོད་ནང་གི་གནས་ཚུལ་གྱི་རིན་ཐང་ཕྱོགས་ཡོངས་ནས་རྩ་མེད་གཏོང་གི་ཡོད་ལ། ཕྱོགས་གཞན་ཞིག་ནས་བོད་ནང་གི་རང་ལུས་མེར་བསྲེགས་གཏོང་མཁན་གྱི་བོད་མི་ཚོའི་བློས་གཏོང་ཡོད་ཚད་ཆུད་ཟས་སུ་གཏོང་གི་ཡོད། དེའི་སྐོར་གྱི་གནས་ཚུལ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱལ་སྤྱིའི་སྤྱི་ཁྱབ་འགན་འཛིན་བསྟན་རྡོར་ལགས་ཀྱིས་སྤེལ་བའི་བསམ་ཚུལ་དང་རེ་སྐུལ་ཐུང་ཐུང་ཞིག་དྲ་ཐག་འདིའི་ཐོག་ http://www.youtube.com/watch?v=0HVghl__NGU&feature=youtu.be བརྙན་པར་གྱི་ལམ་ནས་གཟིགས་ཆོག
དཔེར་ན། ༢༠༠༨་ལོར་བྱུང་བའི་གནས་ཚུལ་གལ་ཆེན་སྐར་མ་ཉི་ཤུ་ལྷག་ཡོད་པའི་བརྙན་པར་ http://www.youtube.com/watch?v=-iwsNCnTApw་དེ་ང་ཚོས་རྒྱལ་སྤྱིའི་གསར་ལམ་་ཁག་ལ་ཁྱབ་བརྡལ་གཏོང་མ་ཐུབ་པ་ལ་པེ་ཅིན་ཏུ་ཡོད་པའི་བོད་ཀྱི་བུད་མེད་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་སྐྱོན་བརྗོད་གནང་་ཡོད་པ་ “མཐོང་མི་ཐུབ་པའི་བོད།”ཅེས་པའི་ཁོ་མོའི་སྒེར་གྱི་དྲ་ཚིགས་ན་གསལ།
དེར་བརྟེན། རྒྱལ་སྤྱིའི་གསར་ལམ་ཆེ་ཁག་ལ་བོད་ནང་གི་གནས་ཚུལ་རྣམས་མ་ཁྱབ་གོང་བོད་མི་ཚོས་གནས་ཚུལ་དེ་དག་སྤྱི་ཚོགས་དྲ་ལམ་གང་སར་ཁྱབ་སྤེལ་མ་གཏོང་རོགས་ཞེས་ལག་གཉིས་ཐལ་མོ་སྦྱར་ནས་ཞུ་འདོད་བྱུང་ལ། གནས་ཚུལ་དེ་དག་རྒྱལ་སྤྱིའི་གསར་ལམ་ཁག་ནས་ཁྱབ་སྤེལ་ངེས་གཏན་ཡོང་བ་ལ། སོ་སོར་གནས་ཚུལ་འབྱོར་མཚམས་ནམ་རྒྱུན་ནས་བོད་དོན་ཐོག་ལ་ཕྱག་ལས་གནང་བཞིན་པ་མ་ཟད། རྒྱལ་སྤྱིའི་གསར་ལམ་གལ་ཆེན་ཁག་ལ་འབྲེལ་བ་ཤུགས་ཆེན་པོ་ཡོད་པའི་བོད་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ལ་ལམ་སེང་འབྲེལ་བ་བྱེད་དགོས།
གལ་ཏེ་ཁྱེད་རང་རྒྱ་གར་ནང་དུ་བཞུགས་ཀྱི་ཡོད་ཚེ། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་སྡེ་ཚན་སོགས་ལ་འབྲེལ་བ་བྱེད་དགོས་ལ། གལ་ཏེ་ཁྱེད་རང་ཨ་རི་དང་ཡུ་རོབ་སོགས་སུ་བཞུགས་ཀྱི་ཡོད་ཚེ། ཨ་རིར་རྟེན་གཞི་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ལྟེ་གནས་ཁང་། བོད་དོན་ལས་འགུལ་བསྟི་གནས་ཁང་སོགས་ལ་འབྲེལ་བ་གནང་བ་ཡིན་ན་ང་ཚོའི་གནས་ཚུལ་ཁག་ཁྱབ་སྤེལ་གཏོང་བ་ལ་ཁྱད་པར་ཆེན་པོ་བཟོ་ཐུབ་ངེས་པས་རྩམ་གཟན་བོད་མི་ཚང་མས་ངེས་པར་དུ་ཡིད་འཇོག་བྱེད་རོགས།
འབྲེལ་གཏུགས་བྱེད་ཡུལ་གྱི་ཁ་བྱང་ཁག་ཅིག
བོད་ཀྱི་གཞོན་ནུ་ལྷན་ཚོགས། info@tibetanyouthcongress.org
བོད་རང་བཙན་སློབ་ཕྲུག་ཚོགས་པ། info@studentsforafreetibet.org
རྒྱལ་སྤྱིའི་བོད་དོན་ལས་འགུལ་ལྟེ་གནས་ཁང་། http://www.savetibet.org/contact
དཔྱད་གཞི་ཡིག་ཆ་ཁག་ཅིག
བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱལ་སྤྱིའི་སྤྱི་ཁྱབ་འགན་འཛིན་བསྟན་རྡོར་ལགས་ལ་དྲ་རྒྱའི་རང་དབང་དང་དྲ་རྒྱ་བེད་སྤྱོད་གཏོང་ཕྱོགས་སྐོར་ཨེ་ཤེ་ཡ་རང་དབང་གློག་འཕྲིན་ཁང་གིས་བཅར་འདྲི་བྱས་པ་ཞིག་དྲ་ཐག་http://bit.ly/R0GWLDའདིའི་ཐོག་ལ་བསྣུན་ནས་གཟིགས།
བོད་དོན་ལས་འགུལ་བསྟི་གནས་ཁང་གི་བསྟན་འཛིན་ཆོས་སྒྲོན་ལགས་ལ་ཁ་པར་གྱི་བདེ་འཇགས་སྐོར་ཨ་རིའི་རླུང་འཕྲིན་ཁང་གི་དྲ་སྣང་གི་བོད་ཀྱི་ལེ་ཚན་གཙོ་སྐྱོང་བ་ཚེ་རིང་སྐྱིད་ཀྱིས་བཅར་འདྲི་བྱས་པ་ཞིག་དྲ་ཐག་https://www.facebook.com/photo.php?v=333667236669068འདིའི་ཐོག་ལ་བསྣུན་ནས་གཟིགས།
བོད་དོན་ལས་འགུལ་བསྟི་གནས་ཁང་གི་བློ་བཟང་རྒྱ་མཚོ་ལ་སྐར་འཕྲིན་གཙོས་མཉེན་ཆས་འདྲ་མིན་གྱི་བདེ་འཇགས་སྐོར་ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་ལས་རིམ་ནང་བཅར་འདྲི་བྱས་པ་ཞིག་དྲ་ཐག་http://www.voatibetanenglish.com/media/video/1529776.htmlའདིའི་ཐོག་ལ་བསྣུན་ནས་གཟིགས།
མཆན།
རྒྱ་སྐད་དུ་weixin དང་དབྱིན་སྐད་དུ་wechat ཟེར་བའི་མཉེན་ཆས་དེ་ལ་བོད་པ་ཚོས་སྐར་འཕྲིན་དང་། ཕྲ་འཕྲིན། འཕྲིན་ཕྲན་སོགས་མང་པོ་འབྲི་སྲོལ་འདུག་ཀྱང་། ངས་QQ དང་པོད་ཕྲན་(weibo)སོགས་བརྒྱུད་ནས་བོད་ནང་གི་བོད་མི་མང་པོ་ཞིག་པ་ཡིན་ལ། ང་ནོར་མེད་ན་མཁན་པོ་ཚུལ་ཁྲིམས་བློ་གྲོས་གཙོས་མདོ་དབུས་ཁམས་གསུམ་གྱི་མཁས་པ་རྣམས་ཀྱིས་གསར་དུ་བསྒྲིགས་པའི་མིང་མཛོད་ནང་དུ་འཕྲིན་ཕྲན་ཞེས་གཏན་ལ་ཕབ་ཡོད་འདུག
ཕན་ཐོགས་ངེས་པའི་རྩོམ་འདི་སྤེལ་བར་དགའ་གུས་ཞུ།
བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་ཁག་གཅིག་རྗེས་གཉིས་མཐུད་དུ་བྱུང་ན་ཡང་ ངས་ཉིན་ལྟར་བལྟ་བཞིན་པའི་ཕྱི་རྒྱལ་གྱི་གཟུགས་མཐོང་རླུངས་འཕྲིན་ཁག་ནང་ད་བར་དེའི་སྐོར་་ཐེངས་གཅིག་ཀྱང་མཐོང་མ་བྱུང་བས་བློ་ཕམ་བྱུང།
རེད། ཡག་པོ་གསུངས་འདུག
བསྟན་འཛིན་སྒྲོལ་མ་ཞེས་པའི་ད་ལས་སྙན་རྩོམ་མམ་ལམ་སྟོན་གལ་ཆེན་ཞིག་གནང་འདུག འདི་དག་གི་དངོས་ཡོད་ཀྱི་ང་ཚོ་ལ་ཁ་ཡོད་ལག་ཡོད་ཀྱི་དགོ་མཁོ་ཏག་ཏག་རེད། ངའི་ངོ་དེབ་ཐོག་ནས་གྲོགས་པོ་དེ་ཚོར་ཧ་གོ་རུ་འཇུག་ངེས དགོངས་འཁྲོལ་ཡོད་པར་མཁྱེན་ལགས།
དྲ་རྒྱའི་ཐོག་གི་བདེ་འཇགས་དང་འབྲེལ་བའི་རྩོམ་ཡིག་གལ་ཆེན་ཞིག་བྲིས་འདུག བོད་པའི་སྤྱི་ཚོགས་ནང་གནས་ཚུལ་དེ་རིགས་ཁྱབ་སྤེལ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་འདུག
ལེགས་པོར་གསུངས་ནས་འདུག་པར་བསྟོད་དོ།།
ཉན་མཁན་ཁག་པོ་ཡིན་རྒྱུ་རེད། ཚང་མ་ང་རང་རྩ་ཆེན་གལ་ཆེན་དུ་འཛིན་མཁན་རྐྱང་རེད་བཱ།
གང་ལྟར་་་་་་ང་ཚོས་གཟབ་དགོས་སོ།།
དྲ་རྒྱ་བེད་སྤྱོད་གཏོང་ཐབས་ཀྱི་ལམ་སྟོན་འདི་རིགས་ནི་ཁ་ཚ་དགོས་གཏུགས་རེད། བཟང་གི
ཤིན་ཏུ་ལེགས་སོ
ང་ཚོས་གནས་ཚུལ་འདི་རིགས་སྣང་མེད་དུ་བསྐྱུར་ན་དཀའ་ངལ་མྱོང་མཁན་བོད་ནང་གི་བོད་མི་ཚོ་ཡིན་པས། ངེས་པར་དུ་གཟབ་གཟབ་བྱེད་དགོས་ཀྱི་འདུག
ཧ་ཅང་ཕན་ཐོགས་ལྡན་པ་ཞིག་སྤེལ་འདུག་པས་ཐུགས་རྗེ་ཆེ་ཞུ་བ་ཡིན།
གལ་ཆེ་བའི་གློག་འཕྲིན་སྐོར་གྱི་ཤེས་བྱ་ངོ་སྤྲོད་གནང་བར་སྒྲོལ་མ་ལགས་ལ་ཐུགས་རྗེ་ཆེ་ཞུ། ད་ལྟའི་དུས་ཚོད་འདི་ལ་ཕྱི་ནང་གཉིས་སྡོད་ཀྱི་བོད་མི་རྣམས་ཀྱིས་གློག་ཀླད་དང་ལག་འཁྱེར་ཁ་པར་བརྒྱུད་ནས་གལ་ཆེའི་ཡིག་ཆ་དང་བརྙན་འཕྲིན་ཅི་རིགས་སྐུར་སྤྲོད་བྱེད་སྟངས་བདེ་འཇགས་ལྡན་པར་བྱེད་རྒྱུ་དོ་གནང་ལྷག་དོན་བྱེད་དགོས་པ་ཆགས་ཡོད། དེ་མིན་རྒྱ་དམར་ཉེན་རྟོག་པས་བོད་ནང་གི་བོད་མི་མང་པོ་ཞིག་དྲ་ལམ་དང་ཁ་པར་བརྒྱུད་ནས་འཛིན་བཟུང་བྱེད་ཀྱིན་ཡོད།
དངོས་གནས་རེད། ཁ་ཚ་དགོས་གཏུགས་གིས་གནས་ཚུལ་རེད། ཐུགས་རྗེ་ཆེ་ཞུ་འདོད་བྱུང་།
ཁྱི་ཕྲུག་གི་དགའ་རོགས་བསྟན་འཛིན་སྒྲོལ་མ་འདི་བལྟས་བལྟས་རིག་རིག་ལ་དྲ་རྒྱའི་བདེ་འཇགས་ཀྱི་ཆེད་ལས་པ་ཞིག་ཆགས་བཞིན་འདུག
ཤུགས་རྒྱོབ་ཡག་པོ་འདུག
ཁྱི་ཕྲུག་གི་སེམས་པ་བསྟན་འཛིན་སྒྲོལ་མ་ལ་ཤོར་ཉིན་ནས་ངས་ཁོ་མོར་ཡོད་ཚད་སྦྱིན་པས། ཁོ་མོ་དེ་རིང་གི་ཚད་འདིར་སླེབས་པ་རེད། མཁན་པོ་ཉི་མས་ངའི་སྙིང་གི་ཚི་ལུ་བསྟན་འཛིན་སྒྲོལ་མ་ལ་ལྐོག་ནས་ཟུར་མིག་མི་འཕེན་པའི་རེ་བ་ཡོད་དོ།།
བོད་མི་རིགས་ཀྱི་ཁྲོད་དུ་གླེང་བཞིན་པའི་རིག་རུས་བསྐོར།།
བོད་རིགས་རྣམས་ལ་གནའ་ནས་ཆོས་རྒྱལ་རྣམས་དང་ལོ་རྩྭ་བ་ལ་སོགས་ཀྱི་བཀྲིན་ལ་བརྟེན་ནས་དཀའ་ངལ་ལ་ཁྱད་
དུ་བསད་ནས། ད་ལྟ་ང་ཚོའི་མིག་མདུན་དུ་སྤྱོད་པའི་བོད་སྐད་ཡིག་དང་འཛམ་གླིང་ཀུན་ལ་ངོམས་སུ་མཆོག་པའི་
ནང་བསྟན་རིགས་གཞུང་གསོ་རིགས་ལ་སོགས་མདོར་ན་རིགས་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ལ་སོགས་པ་གསར
་བཏོད་གནང་བ་རེད། དེ་དག་ཀྱང་སྐྱེ་བོ་ཕོ་མོ་སུ་འདྲ་ཞིག་ཡིན་རུང་འདྲ་མཉམ་གྱི་ཐོག་རང་རང་གི་བློ་རིག་ལ་ཞིག་
ནས། ཉམས་སུ་ལེན་ཆོག་པ་ལས་དེ་ལ་དབུལ་ཕྱུག་གི་དབྱེ་བ་མེད་ལ་རིགས་རུས་མཐོ་དམན་གྱི་དབྱེ་དེ་བས་ཡང་མེད།
ཁ་དཔེ་ལ་ཡང། ཨ་མའི་བུ་ལ་ཡོན་ཏན་ལྡན་ན་དགའ་ལྡན་ཁྲི་ལ་བདག་པོ་མེད་ཟེར་བ་ནས་གསལ་པོ་ཤེས། འོན་ཀྱང།
ང་ཚོའི་འདས་པའི་ལོ་རྒྱུས་ལ་ཕྱིར་མིག་ཞིག་བལྟས་པ་ན་བོད་ཡོངས་ལ་དབང་བའི་རྒྱལ་པོ་མེད་པ་ནས་བཟུང་བླ་ཆེན་
སྡེ་དཔོན། ས་བདག། ས་གནས་ཁག་གི་རྒྱལ་པོ། སོགས་ཀྱིས་དབང་སྒྱུར་འོག་ཚུད་དེ་ཁྲལ་པ། དུད་ཆུང་ནང་ཟན་སོགས་
རང་ལུས་རང་ལ་མི་དབང་ཞིང་ཐ་ན་གཅེས་པའི་སྲོག་ཀྱང་གཞན་གྱི་བདག་དབང་དུ་ཏུ་འཛིན་ནས་རང་ཉིད་ལ་ཐོབ་དབང་མེད་པའི་སྐུ་དྲག་འམ་མི་དྲག་གི་གྲལ་རིམ་གྱི་ནད་ཡམ་འགོག་ཏུ་མེད་པ་ཞིག་ང་ཚོའི་གདོད་མའི་སྤྱི་ཚོག་ནང་དར་ཁྱབ་ཤུགས་ཆེན་བྱུང་བ།ང་ཚོ་ཚང་མས་མཁྱེན་གསལ་རེད། བོད་ཤར་ཕྱོགས་ཁུལ་གྱི་ཨ་མདོ་སོགས་ཡུལ་གྲུ་ཁ་ཤས་ལ་མ་གཏོགས་
སྐུ་དྲག་རྣམས་ཀྱི་རྫུན་བཟོ་བྱས་པའི་བག་ཆགས་རྙིང་རུས་དེ་ད་ལྟ་ཡང་ལྷགས་ཡོད། ལྷག་དོན་དུ་སེམས་སྐྱོ་བ་ཞིག་ལ་བོད་ཀྱི
་ཡུལ་གྲུ་འགའ་ཤས་སུ་ད་དུང་ཡང་། མགར་པ་དང་བཤན་པ་ཐ་ཤལ་དུ་གཅོད་པའི་རྒྱ་གར་བྲམ་ཟེའི་སྲོལ་ངན་གྱི་རིགས་
རུས་དེ་དུས་རབས་ཉེར་གཅིག་གི་དུས་དེ་རིང་ཡང་མི་རྣམས་ཀྱི་མ་འདོར་བ་སེམས་སུ་ཉར་ཡོད། སྤྱིར་མཁས་དབང་ཆེན་མོ་
ཤར་ཡུལ་ཕུན་ཚོགས་ཚེ་རིང་མཆོག་ནས་{བོད་རྒྱ་ཆོས་འབྱུང་རྒྱས་པ་}དེ་བཞིན་བོན་གྱི་ལོ་རྒྱུས་དཔེ་རྙིང་
{དབུ་ནག་མིའུ་འདྲ་ཆགས}{གནའ་བོའི་དུས་རབས་ཀྱི་སྤྱི་ཚོགས}{རྗེ་འབངས་རྣམས་ཀྱི་རིགས་རུས་ཀྱི་འབྱུང་ཁུངས་
གསལ་བའི་སྒྲོན་མེ་}{རུས་མཛོད་མེ་ཏོག་སྐྱེད་ཚལ}ལ་སོགས་པའི་ལོ་རྒྱུས་ཆེ་ཁག་ལ་དཔྱད་གཞི་ཞིབ་ཚགས་གནང་བ་བརྒྱུད་བོད་ལ་རིགས་རུས་ཀྱི་དབྱེ་བ་ཧ་ཅང་མང་དེའི་དབྱེ་བ་ཐོག་མ་ཡང་གྲ་རིམ་གྱི་སྨྱུ་གུའི་ཐོན་པ་གསལ་པོའོ་ཞེས་
གསལ། ངས་བསམ་ན་དེ་དག་ཀྱང་མི་སོ་སོའི་ལས་རིགས་བྱེད་སྟངས་མི་འདྲ་བའི་ཐོག་དབྱེ་བ་ལས་འགྲོ་བ་མི་གཅིག་
མཚུངས་ལ་རིགས་དམན་པ་དང་ཐ་ཤལ་སོགས་གང་ཡང་མིན།སྤྱིར་འགྲོ་བ་མི་གཙོས་སེམས་ཅན་ཅི་འདྲ་ཞིག་ཡིན་རུང་རང་ཉིད་གསོན་པོར་གནས་པའི་ཆེད་འཚོ་བ་ཞིག་སྐྱེལ་དགོས་པ་ཆོས་ཉིད་རེད། དེ་ལ་ཡང་སྐྱེས་སྟངས་རབ་འབྲི་མཐའ་གསུམ་ཡོད་པས་ལས་རིགས་ཀྱང་ཧ་ཅང་མང། དེ་ཡང་ཕྱོགས་ཅིག་ནས་བསམས་ན་སེམས་ཅན་སོ་སོའི་བསམ་ནུས་འཇོན་གསུམ་ལ་རག་ལས་པ་ཞིག་ཡིན་དེ་ལ་དམའ་པ་
དང་ཐ་ཤལ་སོགས་འབྱེད་དོན་གང་ཡང་མེད། ང་ཚོ་བོ་རིགས་ལྟ་བུ་མཚོན་ན་མགར་པའི་ལས་རིགས། ཤན་པའི་ལས་རིགས་ལ་སོགས་པ་ཐ་ཤལ་དང་དམན་པ་མཐོང་ཆུང་གནང་སྲོལ་ཡོད་མོད་དོན་དངོས་ཐོག་དེ་དག་ནོར་
འཁྲུལ་ཞིག་ལས་མ་འདས་སོ། དེ་ནི་རང་ཉིད་འཇིག་རྟེན་སྟེང་སླེབས་འགོ་བརྩམ་པ་ནས་འཚོ་བ་ཞིག་སྐྱེས་དགོས་ལ་དེ་ལ་
དཔགས་པའི་བྱ་གཞག་ཞིག་འགྲུབ་དགོས་པ་རང་ཉིད་གསོན་པོར་གནས་པའི་དོན་རེད་ལ་སྐྱིད་ཡངས་བའི་བདེ་སྐྱིད་ཅིག་
དགོས་འདོད་པ་ཡང་རེད། འོན་ཀྱང་ཕྱིས་སུ་སྐུ་དྲག་དང་བླ་དྲག་མི་དཔོན་སོགས་ཀྱི་
སོ་སོའི་རིན་ཐང་དང་ཆེད་མཐོང་ཆེད། རྫུན་བཟོ་སྨྲན་ནས་ལས་རིགས་དང་སོ་སོའི་ཁེ་ཕན་ཆེད་འབྲས་བུ་སྟོན་མི་ནུས་པའི་
བོད་མིའི་རིགས་འགའ་ཐ་ཤལ་དང་རིགས་དམའ་བ་རུ་བརྩིས་པ་རེད་སེམས།
མ་ཟད་བོད་ཀྱི་བཙན་པོ་རིམ་བྱོན་སྐབས་རིགས་དང་རུས་ཀྱི་དབྱེ་བ་འབྱེད་སྲོལ་ཡོད་མིན་གསལ་པོ་མི་མངོ་པར་གཅིག་
མཚུངས་ལྟར་མཐོང། རྒྱུ་མཚན་ནི་བོད་པའི་རྒྱལ་རབ་ལོ་རྒྱུས་མང་ཆེ་བའི་ནང་བོད་མི་ཚང་མ་མིའུ་གདུང་དྲུག་ལས་བརྒྱུད་
སྲོལ་གསུངས། གལ་སྲིད་དེ་དག་དང་མི་འདྲ་བའི་འུ་ཚོའི་མི་རིགས་ནང་རིགས་དམའ་བའི་མི་རིགས་ཞིག་ཡོད་ན་ཏན་ཏན་
ལོ་རྒྱུས་ནང་གསལ་སྲིད་སེམས། འོན་ཀྱང་རིགས་མི་འདྲ་བ་དྲུག་ཡོད་གསུངས་བ་ལས་རིགས་དམའ་བ་དང་ཞན་པ་ཡོད་པ་
ད་ལྟར་བར་དུ་མི་མངོན། ཡང་རབས་བདུན་པའི་བོད་ཀྱི་བཙན་པོ་སྲོང་བཙན་
སྐབས་བོད་ཀྱི་སྟོབས་འབྱོར་མངའ་ཐང་དར་འཁྱབ་ཆེ་བའི་དུས་སྐབས་སུ་སྲོང་བཙན་གྱིས་དམག་བཤུགས་སྟོབས་འབྱོར་གྱི་
རྒྱ་ནག་གི་རྒྱལ་པོའི་སྲས་མོ་དང་བལ་ཡུལ་གྱི་རྒྱལ་པོའི་སྲས་མོ་རྣམས་གཉིས་བཙུན་མོ་བླངས་པས་ནས་ཤེས་ཐུབ། གལ་སྲིད། སྐབས་དེ་དུས་རིགས་དང་རུས་དམའ་བའི་དབྱེ་བ་འབྱེད་པ་ན་མི་རིགས་དང་རུས་རིགས་གོམས་གཤིས་སྐད་རིགས་རིང་
གཞུང་སོགས་གང་ཡང་མི་གཅིག་པའི་རྒྱལ་པོ་གཉིས་ཀྱི་སྲས་མོ་བོད་རྒྱལ་གྱི་ཁབ་ཏུ་བླངས་ནས་རང་ཉིད་ཀྱི་བཙུན་མོ་གནང་སྲིད་དམ། བླངས་པའི་དབང་དུ་བཏང་ན་ཡང་འབངས་དང་བློན་ཆེན་རྣམས་ཀྱི་དེ་ལྟར་བརྩིས་བཀུར་བྱེད་སྲིད་པ་མ་རེད
་སེམས། གལ་སྲིད་བོད་ཀྱི་རྒྱལ་པོའི་སྟོབས་འབྱོར་དང་མངའ་ཐང་ནི་ཅི་འདྲ་ཡོད་མིན་རྒྱལ་པོ་དེ་དག་གཉིས་ཀྱི་མཁྱེན་
གསལ་རེད། རྒྱལ་པོའི་ཀྱང་དབང་ཤུགས་འམ་སྟོབས་ཤུགས་བེད་སྤྱད་ནས་རྒྱལ་ཁབ་དེ་དག་གི་རྒྱུ་ནོར་འཕྲོག་བཅོམ་བྱེད་པ་
ལས་རྒྱལ་པོ་དེ་གཉིས་ཀྱི་སྲས་མོ་བཙུན་མོར་བཞེས་དགོས་དོན་ཡང་མེད། སྤྱིར་རིགས་རུས་དབྱེ་བ་ཡང་འུ་ཚོའི་ཆོས་ལུགས་གཉིས་ནས་དར་ཡོང་བ་ཞིག་རེད་སེམས། གལ་ཡིན་གསུངས་ན། བོན་གྱི་ཆོས་བརྒྱུད་ཁག་ལ་རིགས་ཀྱི་དབྱེལ་སྲོལ་མང་པོ་འདུག་ལ་དེ་བཞིན་ནང་བསྟན་ལ་ཡང་དེ་འདྲའི་གནས་ཚུལ་ཡོད།
ལྷག་པར་དུ་བོན་གྱི་ཆོས་ལུགས་ནང་རིགས་རུས་དབྱེ་བ་མི་འདྲ་མང་དུ་འབྱེད་པ་ཙམ་ལས་དམའ་བ་དང་ཞན་པ་ཡོད་ཚུལ་གསལ་པོ་མི་མངོན།
རིགས་དམའ་བའི་དབྱེ་བ་འབྱེད་སྲོལ་གཙོ་བོ་ནི་ནང་བསྟན་ནང་ཡོད་པ་དངོས་ཡོད་རེད།
རིགས་རུས་མཐོ་དམན་གྱི་དབྱེ་བ་འབྱེད་པའི་སྲོལ་ནི་བོད་སིལ་བའི་དུས་སྐབས་ནས་དབྱེ་བ་ཞིག་རེད་སེམས། གང་ཡིན་ཟེར་ན། སྐབས་དེ་དུས་བོད་ཀྱི་སྲིད་དབང་ལ་སེར་མོ་བའི་ལག་པ་འཆང་བའི་དུས་སྐབས་ཡིན་པས་དེ་དག་
ནས་བཟུང་རིམ་པས་བོད་རིགས་ཀྱི་འཚོ་བའི་ཁྲོད་ནང་བསྟན་སྤྱི་ཚོགས་ཀྱི་ཁོར་ཡུག་ནས་ཁྱབ་བརྡལ་དུ་ཕྱིན་པ་ཞིག་གསལ་པོ་རེད། དེ་དག་ཀྱང་མཁས་དབང་ཕུན་ཚོགས་ཚེ་རིང་གི་དཔྱད་གཞི་ཡིག་ཆ་དག་ནས་ཤེས། ཁོང་ནས་མཐར་ཐུག་ཕྱོགས་སྡོམས་དེ་འདྲ་སྐྱོན་འདུག།་”ཁ་བ་ཅན་གྱི་ཡུལ་གྲུ་སོ་སོར་རུས་རྒྱུད་དང་ཕ་ཚན་བརྩི་སྲོལ་མི་
འདྲ་བ་མང་ཞིང་། འོན་ཀྱང་རྒྱབ་ཏུ་ཁས་བླངས་པའི་རུས་རྒྱུད་གཙོ་བོ་ནི་མིའུ་རིགས་དྲུག་དེ་རང་ཡིན་ཞེས་ནན་གྱི་བཤད”
གསུངས་འདུག།{བོད་རྒྱ་ཚིག་མཛོད་ནང་}མགར་བ་ཟེར་བའི་ཐ་སྙད་ནི་སྔར་བོད་ཀྱི་རིགས་རུས་ཤིག་སྟེ་མགར་
སྟོང་བཙན་གྱི་རུས་མིང་ཡིན་ཞེས་འཁོད། བློན་པོ་མགར་སྟོང་བཙན་ནི་བོད་རྒྱལ་སྲོང་བཙན་ལ་ནང་བློན་དང་
ཕྱིར་བློན་དུ་མ་ཡོད་པའི་ནང་ནས་ནང་བློན་ཆེ་གྲས་ཞིག་ཀྱང་རེད། ཁོང་ནི་བོད་མི་རིགས་ལ་ཕྱག་རྗེས་ཧ་ཅང་
རླབས་ཆེན་པོ་གནང་མཁན་གྱི་སྐྱེ་བོ་ཕུལ་ཏུ་བྱུང་བ་ཡིན་ནོ། ཁོང་རུས་དམའ་ཡིན་ནམ། དེ་ནི་མི་སྲིད་པ་ཞིག་རེད།
[དག་ཡིག་གསར་བསྒྲིགས་ནང་]མགར་པ་ཟེར་བ་ནི་ལྕགས་རིགས་བརྡུང་ནས་ཡོ་བྱད་བཟོ་མཁན་གྱི་ལག་ཤེས་བཟོ་ལས་པའི་མིང་སྟེ། ལྕགས་མགར། ཟངས་མགར། དངུལ་མགར། ཞེས་གསུང། དེ་ནི་རིག་གནས་བཅུ་ཡི་ནང་ནས་ཡལ་གྱར་ཏེ་
བཟོ་རིག་པའི་ཁུངས་གཏོགས་པ་ཡིན། གང་ཡིན་ཟེར་ན་མགར་པ་ཞེས་པའི་ཚིག་དེ་ཅི་འདྲ་ཞིག་ལ་གོ་དགོས་མིན་
གོང་དུ་བཤད་ཟིན་པར་ལྟར། དེ་ནི་བོད་ཀྱི་གདོད་མའི་མི་རིགས་ཀྱི་གསར་གཏོད་ཀྱིས་རིག་གཞུང་ཁྱད་འཕགས་ཞིག་
ཡིན་པ་ང་ཚོའི་དཔྱད་ན་ཤེས། དེ་རྣམས་རུས་དམའ་བ་འཛིན་པ་ཡིན་ནམ།དེ་དག་རུས་དམའ་བར་འཛིན་པའི་དབང་
དུ་བཏང་བ་ན་ང་ཚོའི་མི་རིགས་དེ་ཆེས་རྗེས་ལུས་མི་རིགས་དང་ཆེས་རྨོངས་བའི་རྒྱལ་ཁབ་ཞིག་རེད།དེ་འདྲའི་ལྟ་བ་འཛིན་མཁན་དག་ཀྱི་སྐྱེ་བོ་རྣམས་ཀྱང་ཆེས་རྗེས་ལུས་ཀྱི་ལྟ་བ་དང་ཆེད་ཀླ་ཀློའི་འདུ་ཤེས་ཞིག་རེད་ སེམས། མགར་པ་རྣམས་ཀྱི་བཟོས་པའི་ལྕགས་རིགས་དང་ལྷ་སྐུ་རྣམས་ནམ་ཡང་ང་ཚོའི་འཚོ་བའི་ཕྲོད་བེད་སྤྱོད་དང་སྤྱོད་བཞིན་
རེད། ངས་བལྟས་ན་རྒྱལ་ཁབ་ཅིག་དང་མི་རིགས་ཞིག་ལ་ཚོན་ན། མགར་པ་ནི་རྒྱལ་ཁབ་ཡར་རྒྱས་གཏོང་མཁན་གྱི་རང་བཞིན་གསར་གཏོད་པ་ཞིག་
རེད་སེམས། དཔེ་ན་ང་ཚོའི་དགོན་པ་ཆེ་ཁག་དང་ལྷ་ཁང་ཆེ་ཁག་གི་ལྷ་སྐུ་རྟེན་གསུམ་དེ་དག་ནས་མགར་པའི་རིག་
རྩལ་ཀྱི་བྱུང་ཁུངས་རྟོགས་ཐུབ། འུ་ཚོའི་དེ་དག་ལ་དད་པ་བྱེད་པ་ཙམ་ལས་དེ་དག་གསར་བཟོ་མི་ཐུབ། འོན་ཀྱང། དེ་དག་བཟོ་བསྐྲུན་གནང་མཁན་དག་ཀྱང་ཐ་ཤལ་དུ་ངོ་འཛིན་བྱེད་པ་ནི་ཆེས་རྗེས་ལུས་རྣམ་པ་ཞིག་མ་རེད་དམ།
ཕྱིའི་རྒྱལ་ཁབ་རྣམས་ཀྱི་ཚན་རིག་དང་བཟོ་ལས་ལ་བརྟེན་ནས་ཡར་རྒྱས་མཁའི་བྱ་འཕུ་བ་ལྟར་གྱིས་འཕེལ་རྒྱས་ཧ་ཅང་ཤུགས་ཆེན་ཕྱིན་པ་མིག་མཐོང་ལག་འཛིན་རེད། དེ་དག་ཀྱང་ཁོ་པ་ཚོས་བསམ་སྤྱོད་དང་བག་ཆགས་དུས་རབས་དང་
མཐུན་པའི་རྣམ་སྤྱོད་བེད་སྤྱོད་པ་ལས་འཕེལ་རྒྱས་ཕྱིན་པ་ཞིག་རེད། འུ་ཚོ་དུས་རབས་དང་མཉམ་དུ་སྐྱོད་མི་ཐུབ་པའི་
རྒྱུ་མཚན་གང་ཡིན་ནམ། ངས་བཤད་ཡ་སྐད་ཆ་ནི་ནང་བསམ་བློའི་བློ་སྟོབས་འདྲ་མཉམ་ཟེར་བ་ཡིན། ཕྱི་རྣམ་པ་དང་
གོས་གྱོན་སྟངས་སྐྲ་གསེར་པོ་བཟོ་སྟངས་སོགས་དུས་རབས་དང་མཐུན་པ་ཡག་པོ་ཡིན་སྲིད་ཀྱང་མི་རིགས་ཀྱི་ནང་བསམ་བློ་ཡང་དུས་རབས་དང་མཉམ་སྐྱོད་ཐུབ་དགོས་པ་ནི་རྒྱལ་ཁབ་ཞིག་ལ་མཚོན་ན་བྱ་གཞག་ཨང་དང་པོ་བརྩི་དགོས།
འུ་ཚོ་ད་ལྟ་བར་དུ་དེ་ལྟར་འགྲོ་མ་ཐུབ་པའི་རྒྱུ་རྐྱེན་གང་ལ་ཐུག་ཡོད། ང་ཚོ་ལ་ཕྱིའི་རྒྱལ་ཁབ་ལས་ཕྱུག་པའི་རིག་
གཞུང་ནི་ཡོད། རང་བྱུང་ཐོན་རྐྱེན་གྱི་གཏེར་ནི་གཞན་ལས་ལྷག། དེ་དག་གང་ལ་ཐུག་ཡོད་ཟེར་ན། ང་ཚོའི་སེམས་སུ་
ད་དུང་ཡང་གྲལ་རིམ་རིག་ལུགས་ཀྱི་དབྱེ་འབྱེད་ཀྱི་བག་ཆགས་རྙིང་རུས་དེ་སེམས་ནས་དོར་མ་ཐུབ་པའི་རྐྱེན་ལ་ཐུག། འུ་ཚོས་བསམ་བློ་ཞིབ་ཚགས་ཞིག་བཏང་དང་མི་སུ་འདྲ་ཞིག་ཡིན་རུང་རྒྱལ་ཁབ་ཞིག་དང་སྤྱི་ཚོགས་ཅིག་ཏུ་
འཚོ་གཞེས་བྱེད་སྐབས་འདྲ་མཉམ་གྱི་རིན་ཐང་དང་མཐོང་འཇོག་གྱིས་བྱ་གཞག་སྒྲུབ་ནས་འཚོ་བ་སྐྱེལ་འདོད་པ་ལས་གཞན་གྱི་ཐལ་ཤལ་དང་དམའ་སར་བརྩི་བའི་བྱ་གཞག་ཞིག་སྒྲུབ་འདོད་བསམ་ཕལ་ཆེར་མི་སྲིད། དེ་འདྲ་ཡིིན་ཙང་
སྔོན་ཐོན་ལག་ཤེས་མཁས་རྣམས་ལ་རིགས་རུས་མཐོ་དམན་གྱིས་དབྱེ་བ་བཅད་པས་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཞིག་ཏུ་ཁ་ལོ་བསྒྱུར་མ་ཐུབ་པར་རྗེས་ལུས་ཐེབས་པའི་ཆ་ཤས་ཀྱི་རྒྱུ་རྐྱེན་ཅིག་རེད་སེམས། ངས་ཤེས། ལ་ཤས་ཀྱི་འུ་ཚོར་ད་ལྟའི་གནས་སྟངས་ཛ་དྲག་པོ་
ཆགས་ཡོད། འུ་ཚོ་ལ་གོ་སྐབས་ཞིག་རག་ཚེ་ང་ཚོའི་ག་རེ་ཡིན་ཀྱང་བྱེད་ཐུབ་ཟེར་མཁན་ཡང་འགའ་ཡོད་སྲིད།
་ངས་བལྟས་ན་དེ་གནང་ཐུབ་པའི་ནུས་པ་ང་ཚོར་ལྡན་ཡོད། དཔེར་ན་དེང་དུས་གློག་ཀླད་ཐོག་བོད་ཡིག་ཡིག་གཟུགས་
གསར་གཏོད་གནང་མཁན་གྲྭ་སྨོན་ལམ་ལ་སོགས་པའི་གསར་བཏོད་མཁན་འགའ་ཤས་ཀྱི་རང་གི་རྣམ་སྤྱོད་བེད་སྤྱད་ནས་
གློག་ཀླད་སྟེང་བོད་ཡིག་ཡིག་གཟུགས་སྟབས་བདེའི་ཐོག་བེད་སྤྱོད་ཐུབ་པའི་བོད་ཀྱི་ཡི་གེའི་གཟུགས་མི་འདྲ་མང་པོ་ཞིག་
གསར་བཟོགནང་ཡོད་པ་བོད་མི་ཀུན་གྱི་མཁྱེན་གསལ་ལོ། དེ་བཞིན་དདུང་ཁོང་ཚོ་ལྟ་བུ་གསར་གཏོད་པ་མང་པོ་ཞིག་སྗར་བྱོན་ཡོད་ལ་
ད་ལྟ་ཡང་ཡོད་སྲིད། འོན་ཀྱང། ང་ཚོའི་ཆོས་རྒྱལ་རྣམས་པའི་དུས་རབས་སྐབས་ཀྱི་གསར་བཏོད་མཁན་རྣམས་དང་སྡུར་ན་
གནམ་ས་ཁྱད། གང་ཡིན་གསུངས་ན། ད་ལྟའི་དུས་རབས་གསར་པ་ནི་ཤེས་ཡོན་དང་ཚན་རྩལ་གྱི་དུས་རབས་ཞིག་ཡིན། དེ་འདྲ་ཡིན་དུས་མི་ཡི་རིགས་བརྒྱ་ཆ་བདུན་ཅུ་ཡན་ལ་ཤེས་ཡོན་གྱི་གོ་སྐབས་ཐོབ་ཡོད་འཕེལ་རྒྱས་ཀྱང་ཧ་ལས་པ་ཕྱིན་ཡོད། ང་ཚོ་བོ་རིགས་ལ་མཚོན་ཀྱང།བརྒྱ་ཆ་བཞི་བཅུ་ཡན་ཙམ་ཤེས་ཡོན་གྱི་གོ་སྐབས་
ཐུབ་ཡོད་སྲིད། གདོད་མའི་གསར་བཏོད་པའི་དུས་སྐབས་སུ་མིའི་རིགས་ལ་ཤེས་ཡོན་གྱི་གོ་སྐབས་ལྟ་ཅིག།
དར་ཁྱབ་ཀྱང་ཧ་ཅང་ཉུང་ལ་བློ་རིག་འུ་ཚོ་དང་སྡུར་ན་ཤིན་ཏུ་དམའ། མ་ཟད་སྐབས་དེ་དུས་ཀྱི་མིའི་རིགས་རྣམས་
རང་ཉིད་ཀྱི་འཚོ་བའི་ཉམས་མྱོང་དང་བསྟུད་གོམས་བགྲོད་བསྐྱོད་པའི་དུས་སྐབས་ཞིགས་ཆགས་ཡོད།
དེ་འདྲ་ཡིན་ཙང་། ད་ལྟའི་གསར་བཏོད་པ་དང་འགྲན་ཟླ་མེད། འོན་ཀྱང། ཁོང་རྣམས་པའི་དུས་སྐབས་ཀྱི་གསར་བཏོད་རིགས་ནི།ད་ལྟ་འུ་ཚོད་མཐོང་ཐུབ་པའི་ཤུལ་བཞག་སྒྱུ་རྩལ་
དག་ཡིན་པ་དངོས་ཡོད་རེད། ངས་བཤད་པའི་གསར་བཏོད་ནི་རྒྱལ་ཁབ་གྱི་ཕྱིའི་དཔལ་འབྱོར་དང
་ཚན་རྩལ་རིག་པ་ལ་ཟེར་བ་ཡིན། ་ང་ཚོའི་མི་རིགས་དེ་དུས་རབས་གོང་མ་
དང་བྱས་ན་ལྷག་པ་ཆགས་དགོས་ཚོད་རེད།འོན་ཀྱང་དུས་རབས་དང་མཉམ་དུ་གོམ་སྟབས་སྐྱོད་མི་ཐུབ་པར་རྗེས་ལུས་
སུ་ལྷགས་དོན་གང་ཡིན་ནམ། འུ་ཚོའི་དུས་རབས་དེ་ལ་གོ་སྐབས་མ་རག་ཀྱང་དུས་རབས་བཅོ་བརྒྱད་དང
་བཅུ་དགུའི་གོང་གི་བོད་མི་རྣམས་ལ་ཁྱད་དུ་འཕགས་པའི་གོ་སྐབས་རག་ཡོད་
ལ་ཐོན་རྐྱེན་གྱི་ཡོངས་འབབས་ཀྱང་ལྡན་ཡོད། དེ་ག་རེ་ཡིན་ཟེར་ན་ཕྱིའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དངོས་ཟོག་རིགས་
ནི་རང་བྱུང་གཏེར་ལས་བཟོ་བསྐྲུན་བྱས་པ་ཞིག་རེད། དེ་འདྲ་ཡིན་དུས་ང་ཚོ་ནི་འཛམ་གླིང་སྟེང་སྣ་ག་འཛོམ་ཤོས་
ཀྱི་གཏེར་གྱི་ཕྱུག་པའི་རྒྱལ་ཁབ་ཞིག་ཡིན་པ་ལོ་རྒྱུས་ཡིག་ཆ་ནས་རྟོགས། འོ་ན་དུས་རབས་དེ་དག་གི་སྐབས་སུ་གསར་
གཏོད་པའི་མི་མེད་པ་རེད་དམ། ངས་བསམ་བློ་ལྟར་ན་དེ་འདྲ་ཙ་བ་ནས་མིན། གསར་གཏོད་པ་ཏན་ཏན་ཡོད། ཡོད་ན་
ཁོ་ཚོས་བཟོ་བསྐྲུན་མ་བྱེད་པ་ག་ཡིན་བཤད་ན། ངས་གོང་དུ་བཤད་མ་ཐག་པའི་འུ་ཚོའི་ད་ལྟའི་སེམས་ན་ཡོད་པའི་
བག་ཆགས་རྙིང་པ་དེ་དག་སྐབས་དེའི་དུས་དར་ཁྱབ་ཡིན་པས་སོང། མ་ཟད་དུས་རབས་དེའི་འབངས་དཀྱུས་མ་
རྣམས་ནི་གཞན་གྱི་བྲན་གཡོག་འོག་འཚུད་པ་དང་གཞན་རྣམས་རང་གི་ཁེ་ཕན་དང་རང་ཉིད་ཀྱི་དབང་ཆ་སྲུང་སྐྱོབ་
མ་གཏོགས་རྒྱལ་ཁབ་དང་མི་རིགས་ཀྱི་བདེ་འཇགས་ལ་བསམ་གཞིག་དང་འདུ་ཤེས་ཞན་པའི་སྐྱོན་རེད་སེམས། དེག་གང་ནས་མཚོན་ཟེར་ན། གོང་ལ་བཤད་ཟིན་པར་ལྟར་སྐབས་དེ་དུས་མི་རྣམས་བརྒྱ་ཆ་བརྒྱད་བཅུ་ཙམ་གཞན་གྱི་
དབང་སྒྱུར་འོག་ཚུད་ནས་རང་ལུས་ཀྱང་རང་ལ་མི་དབང་པའི་གྲལ་རིམ་རིང་ལུགས་ཞིག་བསྐྱལ་བ་ང་ཚོའི་རྒྱལ་རབ་གྱི་
དཔང་པོ་བྱེད་ཐུབ། བླ་སྤྲུལ་དང་མི་དཔོན་ས་བདག་བཅས་ཀྱི་མངའ་འབངས་རྣམས་ཁ་ལོ་བསྒྱུར་ནས་དགོན་
སྡེ་ཁག་གི་དགེན་འདུན་པ་ཁག་དང་སྐུ་དྲག་
འམ་མི་དཔོན་དག་གི་བུ་ཕྲུག་སོགས་ལ་མ་གཏོགས་འབངས་དཀྱུས་མ་རྣམས་ལ་ཤེས་ཡོན་གྱི་གོ་སྐབས་ཕྲན་བུ་ཞིག་ཀྱང་སྤྲད་
དཀའ། དེའི་དམིགས་ཡུལ་འང་ཁོང་རྣམས་ཀྱི་གོ་གནས་དང་བརྩིས་མཐོང་སོགས་གཞན་ལག་དུ་ཤོར་ཡོང་བསམ་པ་
ལས་རྒྱལ་ཁབ་་དང་འབངས་ཀྱི་བདེ་སྡུག་ལ་དེ་ཙམ་བསམ་གཞིག་གནང་མེད་པ་གསལ་པོ་རེད།
ཤན་པ་ཟེར་བ་ནི{་བོད་རྒྱ་ཚིག་མཛོད་ཆེན་མོ་ནང་}མི་དང་ཕྱུགས་ཀྱི་སྲོག་གཅོད་མཁན་ལ་གོ་ཟེར་དེ་ལྟ་ཡིན། ངས་བལྟས་ན་ཤན་པ་རྣམས་དམའ་བ་འཛིན་པ་དེ་ནི་
ཧ་ཅང་ཡང་གད་མོ་ཤོར་དགོས་པའི་ཁུང་ལུང་མེད་པའི་ལུགས་སྲོལ་ཞིག་རེད་སེམས། ཁྱེད་རྣམས་ཀྱི་བསམ་བློ་ཞིག་གཏོང་དང་བྱས་ན་བོད་ཁུལ་ཀྱི་འབྲོག་པ་རྣམས་རུས་དམའ་བ་ཡིན་ནམ། ཁོང་ཚོས་རང་རང
་གི་ཕྱུགས་རྣམས་རང་རང་གི་སྲོག་གཅོད་ཀྱི་ཡོད་པ་འུ་ཚོས་ཧ་གོ་དོན་གསལ་རེད། དེ་ཞལ་གད་ཀྱི་གཏམ་རྫུན་ཞིག་
མ་རེད་དམ། ཡང་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་མི་གསོད་ཁྲག་སྦྱོར་གྱི་ས་གཞི་ཀུན་ལ་ཁྱབ་པ་གསལ་པོ་
རེད་དེ་དུས་ཀྱི་མི་རྣམས་རིགས་རུས་དམའ་བ་ཡིན་ནམ། ང་བལྟས་ན་དེ་ནི་རྩ་བ་ནས་མ་རེད་ཅེས་མཐའ་གཅིག་ཏུ་
འགག་པ་ཡོད། གང་ཡིན་ཟེར་ན་དམག་ཆེན་དེ་ནི་མི་རིགས་ཞིག་དང་རྒྱལ་ཁབ་ཅིག་གི་བདེ་སྐྱིད་ཐོབ་འདོད་པའི་
ཁེ་ཕན་དང་རྒྱལ་ཁབ་ཀྱི་མངའ་ཐང་གཞན་ལ་ངོམ་ཆེད་སོགས་ཀྱི་རྒྱུ་རྐྱེན་ཞིག་དང་རྩ་དོན་ཞིག་གི་ཆེད་དུ་ཟིང་འཁྲུག
་དེ་ལང་པ་ཞིག་རེད་མ་གཏོགས་གཞན་དམིགས་ཡུལ་གང་ཡང་མིན། དེ་འདྲའི་གནས་ཚུལ་འུ་ཚོ་ལ་ཡང་བྱུང་ཡོད་པ་
རྒྱལ་རབས་ཀྱི་དཔང་པོ་བྱེད་ཐུབ། སྔོན་གྱི་ཆོས་རྒྱལ་རྣམས་ཀྱི་སྐབས་ཁྱིམ་མཚེས་རྒྱལ་ཁབ་དག་ལ་དམག་བཏང་ནས་
མི་གསོད་ཁྲག་སྦྱོང་གྱི་ཁེངས། དེ་དུས་ཀྱི་རྒྱལ་པོ་དང་དམག་མི་རྣམས་ཀྱང་རུས་དམའ་བ་ཡིན་སྲིད་དམ། ལྷག་པར་དུ་
སེ་འབྲས་དམག་ཅེས་གྲགས་ཆེ་བ་ཞིག་ཀྱང་བྱུང་ཡོད་པ་དེ་ཡང་སེར་མོ་བ་ནང་ཁུལ་བསད་རེས་བཏང་ཡོད་པས་དེ་
རྣམས་ཀྱང་རུས་དམའ་བ་ཡིན་ནམ།མ་རེད་རྩ་བ་ཉིད་ནས་མ་རེད་དེ་ནི་ངས་གོང་ལ་བཤད་ཟིན་པ་ལྟར་ཆོས་ཀྱི་དོན
་སྙིང་ངོ་མ་མ་རྟོགས་པའི་བླ་རྒན་དང་སྐུ་དྲག་དང་མི་དཔོན། ས་བདག་ལ་སོགས་པའི་ཀླད་མེད་བྱབ་ཆུང་དག་གི་
སྐད་ཆ་བྱབ་མེད་བཤད་ལས་ཀ་བྱབ་ཆུང་བྱེད་མཁན་ཚོས་ཆོས་ལུགས་ཀྱི་དབྱེ་བ་དང་རིགས་མཐོ་དམན་གྱི་བལྟ་བ་
དག་ཁ་རུ་འཁྱེར་ནས་བོད་འབངས་དབར་དབྱེན་
བསྐྲུགས་ཀྱིས་སོ་སོའི་སྲིད་དབང་ལ་སྲུང་སྐྱོབ་བྱེད་ཀྱི་ཆབ་སྲིད་ཀྱི་རྣམ་པ་ཞིག་ཡིན་པ་རེད། དེ་འདྲའི་ལྟ་བ་ཡང་
དུས་རབས་ཉེར་གཅིག་པའི་མགོ་སྟོད་བར་དུ་ལྷགས་ཡོད་པ་མ་ཟད་ད་ལྟ་ཡང་ཀླད་མེད་འགས་སེམས་ནས་དོར་ཐུབ་
མེད། བོད་ཀྱི་གཙང་སྟོད་ཁུལ་དུ་རིགས་དམའ་བ་རྣམས་ལ་ཡར་བ་ཟེར་སྲོལ་འདུག་མོད། ཡར་བ་ཟེར་བའི་ཐ་སྙད
་དེ་ནི་ཁ་འཐོར་བ་ཟེར། དེའི་ག་རེ་མཚོན་ཟེར་ན་སྔོན་གྱི་སྐུ་དྲག་དང་མི་དཔོན་རྣམས་ཀྱི་ཚད་ལས་འགལ་བའི་
དཔྱ་ཁྲལ་བསྡུས་ཀྱི་ཡོད་ཙང། རང་ཡུལ་དུ་གནས་ཐབས་བྲལ་ནས་གཞན་གྱི་ཡུལ་སྡེ་ལ་འཁྱམས་མྱུལ་ཕྱིན།
མཐའ་ན་རང་གནས་པའི་ཁྱིམ་སྡེ་ཡན་བཤུས་གཞོག་བྱས་ནས་གུར་ནང་སྡོ་དགོས་པ་དང་སློང་མོ་སློང་
དགོས་པ་དང་རྔོན་པ་བརྒྱག་དགོས་ཐུག་ཡོད་པ་རེད། མཐའ་ན་རྐུན་ཇག་ཡང་བརྒྱག་དགོས་པ་ཆགས་ཡོད། དེ་དག་ནི
་རིགས་དམའ་བ་གང་ཡང་མིན་པར་གྲམ་རིམ་བཤུས་གཞོག་རིང་ལུགས་ཀྱི་ཁོ་ཚོའི་ཡོད་ཚད་པགས་པ་བཤུལ་ནས་འཚོ་བ་སྐྱུག་བྲོ་པོ་དེ་འདྲ་སྐྱེལ་དགོས་ཐུག་བསམ།་དེ་ཡང་།{བཀའ་སློབ་སྙིང་གི་ནོར་བུའི་ནང་}༧གོང་ས་མཆོག་ནས་ཀྱང་
རིགས་རུས་མཐོ་དམན་དང་ཆོས་ལུགས་གྲུབ་མཐའ་ཁག་གི་ཁོངས་སུ་གཏོགས་ཀྱི་ཡོད། དོན་དུ་མི་ཚང་མ་བདེ་བ་
འདོད་པ་ལས་སྡུག་བསྔལ་མི་འོདད་པ་གཅིག་གྱུར་ཡིན་པས་སྡུག་བསྔལ་གྱི་འབྱུང་རྩ་གང་ཡིན་ངོ་ཤེས་པ་བྱས་ནས་ཕན་
ཚུན་གཅིག་ཕན་གཅིག་གྲོགས་བྱེད་དགོས། རང་ཅག་ཚང་མས་རིགས་རུས་མཐོ་དམན་དབྱེ་སྲོལ་ངན་པ་ལ་ངེས་པར་དུ་
འགྱུར་བ་གཏོང་དགོས། ཡང་ཕྱོགས་གཞན་ཞིག་ནས་ཆོས་ཀྱི་མིང་ཐོག་ཉམ་ཆུང་མི་མང་ལ་གཉའ་གནོད་དང་
བཤུ་གཞོག་བྱེད་པ་དང་མཐོང་ཆུང་ཐུབ་ཚོད་ཀྱིས་བརྡབ་བསིགས་གཏོང་བ་རིགས་བྱུང་བ་དེ་ནི་ཆོས་པའི་ཞབས་འདྲེན
་དང་བློ་ཕམ་བྱེད་འོས་པའི་བྱ་ཐབས་སྐྱོ་བ་ཞིག་ཡིན། ཆོས་པའི་གཟུགས་བརྙན་ཞིག་གིས་ཆོས་ཀྱི་མིང་འཁྱེར་ཏེ་
ཆོས་དང་མི་མཐུན་པའི་བྱ་བ་སྤེལ་རྒྱུའི་ཉེ་ཁ་ཡོད་པ་གཟིགས་ཏེ། སྟོན་པ་བཀྲི་ཅན་གྱི་སློབ་དཔོན་དང། བླ་མ་ལ་
མཚན་ཉིད་གང་དང་གང་དགོས་གསལ་པོར་གསུངས་ཡོད། དེར་བརྟེན་བླ་མ་ལ་དད་པ་དང་ཡིད་ཆེས་ཞུ་འོས་དང་
མི་འོས་བསྲེགས་བཅད་བརྡར་བའི་གསེར་བཞིན་བརྟག་དཔྱང་བྱེད་པའི་ཐོབ་ཐང་ང་ཚོའི་ལག་ཏུ་གནང་ཡོད་པས་
དཔྱད་ཞིབ་ནན་པོ་བྱེད་དགོས། སྤྱིར་བཏང་སྤྱི་ཚོགས་ཀྱི་ཐོག་ནས་བཤད་ཀྱང་དེ་སང་ཕོ་མོ་འདྲ་མཉམ་གྱི་ཐོབ་ཐང་
དང་རིགས་རུས་དབྱེ་བ་དང་ཤ་མདོག་དཀར་ནག་གི་དབྱེ་བ་ཡོད་སར་ཚང་མ་འདྲ་མཉམ་གཅིག་གྱུར་གྱི་ཐོབ་ཐང་
དགོས་པའི་འཐབ་རྩོད་བྱས་ཏེ་འགྱུར་བ་འགྲོ་མུས་སུ་ཡིན་པ་ལྟར། རྒྱ་ཆེའི་མང་ཚོགས་སྤྱི་དང་ལྷག་དོན་ཤེས་ཡོན་ཅན་
རྣམས་ནས་འདི་བསྐོར་བསམ་བློ་བཏང་སྟེ་ཤུགས་སྣོན་ངེས་པར་རྒྱ་དགོས་པ་ཆགས་ཡོད།། ཅེས་བཀའ་བསློབ་ནན་པོ་
གནང་དགོས་པ་དེ་ཡང་སྔོན་གྱི་བླ་སྤྲུལ་དང་སྐུ་དྲག་གི་བྱ་སྤྱོད་ལ་ཞིབ་འཇུག་གནང་ནས་གསུང་བ་ཞིག་ཡིན་པ་
གསལ་པོ་ཤེས། སྤྱིར་སངས་རྒྱས་ཆོས་ལུགས་ཡིན་ནའང་འདྲ་ཡེ་ཤུའུ་ཆོས་ལུགས་ཡིན་ནའང་འདྲ་དབྱི་སེ་ཆོས་ལུགས་
ཡིན་ནའང་འདྲ་གང་ལྟར་ཡང། ཆོས་ལུགས་ཚང་མའི་མཐའ་མའི་དམིགས་ཡུལ་གཙོ་བོ་ནི་མིའི་ཀུན་སྤྱོད་
བཟང་ཕྱོགས་སུ་གཏོང་རྒྱུ་དང་མིའི་སེམས་ལ་བདེ་བ་བསྐྲུན་ཆེད་ཀྱི་ཡང་དག་པའི་གཞན་ཕན་ཞིག་རེད་སེམས།
སྐྱེ་བ་སྔ་ཕྱིར་མཁས་ལེན་དང་ཆོས་ལ་དད་པ་བྱེད་མིན་བྱེད་སོ་སོའི་དཔྱད་པ་ལ་རག་ལས། ང་ཚོའི་གྲལ་རིམ་སྤྱི་ཚོགས་
སུ་འབྱོར་ལྡན་གྲ་རིམ་གྱིས་སངས་རྒྱས་ཆོས་ལུགས་བེད་སྤྱད་ནས་མི་དམངས་རྣམས་རྨོངས་པར་བཟོས་ཏེ་རང་གི་
མངའ་ཐང་བརྟན་པོ་བྱེད་ཆེད་ཀྱི་ལག་ཅ་ལྟ་འོ་བརྩིས་ཡོད། དེ་ནི་ངས་ཁ་བཤད་ཙམ་མ་ཡིན་པར་ལོ་རྒྱུས་དང་རྒྱབ་དག་
ནས་ཤེས་ཐུབ། སྤྱིར་བདག་ཅག་གི་སྟོན་པ་ཤྭཀྱ་ཐུབ་པས་ཀྱང་རྒྱལ་པོའི་སྲས་སུ་སྐུ་བལྟམས་པ་ཡང་ཁོང་གི་
རིགས་དང་རུས་ཀྱི་དབྱེ་བ་མ་ཡིན་པ་འུ་ཚོ་ལ་འཁོར་བར་སྙིང་པོ་མེད་པའི་རྒྱུ་མཚན་དཔེ་རུ་བླངས་ནས་སྐུ་བལྟམས་པ་
རེད་སེམས། གང་ལ་གསུང་ན་ང་ཚོས་མཁྱེན་གསལ་རེད་རྒྱལ་པོ་ཟེར་བའི་ཚིག་ནི་ཧ་ཅང་དབང་དང་སྟོབས་འབྱོར་
ཆེ་བའི་དཔོན་པོའི་རིགས་ཀྱི་མི་ཞིག་ཡིན་པ་དང་རང་ཉིད་ཀྱི་འཚོ་བ་ལྟོ་གོས་དབང་ཐང་ལོངས་སྤྱོད་གསུམ་ལ་སེམས་
ཁྲལ་མི་དགོས་པ་རང་ཉིད་གང་འདོད་ལྟར་བྱེད་པའི་སྟོབས་འབྱོར་ལྡན་པ་ཞིག་དང་། རང་ཉིད་ལས་དབང་ཐང་དང་
ནུས་པ་ཆེ་བ་མེད་པའི་མི་ཞིག་ལ་ཟེར་བ་ཡིན་པ་ཀུན་གྱི་མཁྱེན་གསལ་རེད་མོད། ཁོང་ཀྱང་དེ་འདྲའི་རིགས་སུ
་སྐུ་བལྟམས་པ་དང་བཙུན་མོ་ས་འཚོ་མ་ཁབ་ཏུ་བཞེས་ནས་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་སྲིད་ཁྲིར་མངའ་གསོལ།
དབང་ཐང་ལོངས་སྤྱོད་ཡར་ངོའི་ཟླ་ལྟར་འཕེལ་བའི་དུས་དེར་ཁོང་གི་ཁྱིམ་ཐབ་དང་བྲལ་ཏེ་རབ་ཏུ་བྱུང་བའི་
དགོངས་པ་ཡང་རང་ཉིད་ལ་དབང་དང་སྟོབས་འབྱོར་ཅི་འདྲ་ཡོད་ཀྱང་སྟོང་པའི་རང་བཞིན་ཡིན་པ་དང་
འཁོར་བ་འདིར་སྙིང་པོ་མེད་པ་རེད་བཅས་འུ་ཚོར་ལམ་བསྟན་འམ་དཔེ་མཚོན་སྟོན་པ་རེད་བསམ།
གལ་སྲིད་ཁོང་ནས་རིགས་དང་རུས་ལ་གཟིགས་པ་ཡིན་ན་འཁོར་བ་འདིར་གནས་པའི་འགྲོ་བ་རིགས་དྲུག་སེམས་
ཅན་ཐམས་ཅད་སྡུག་བསྔལ་ལས་འདྲེན་པའི་བློ་ཡང་དག་ཞིག་ཡོད་དམ། རིགས་དམའ་རྣམས་ཡང་སེམས་ཅན་གྱི་
ཁོངས་སུ་གཏོགས་ཡོད། བདག་ཅག་གི་སྟོན་པས་ཀྱང་རིགས་བཟང་བ་རྣམས་སྡུག་བསྔལ་ནས་འདྲེན་པའི་
ཆོས་ནི་བསྟོན་མེད། དེ་ལ་ཡང་འུ་ཚོ་བློ་ཞིབ་མོར་དཔྱོད་དགོས། དེ་སྔོན་ཡུལ་ལུང་ཁ་ཤས་ལ་མགར་བ་དང་ཤན་པ་གཙོས་རིགས་དམའ་བའི་བུ་ཕྲུག་
རྣམས་ལ་རིགས་དམའ་བའི་མིེེང་བེད་སྤྱད་ནས་དགོན་སྡེ་གྲྭ་ཚང་ཁག་ལ་གྲྭ་བཙུན་གྱི་ཐོབ་ཐང་མེད་པ་སོགས་ཀྱི་
ཐ་ཤལ་གྱི་ལས་ཀ་མང་པོ་གནང་ཡོད་པ་དེ་ནི་སངས་རྒྱས་ཀྱི་ཆོས་དོན་སྙིང་མ་རྟོགས་པའི་བླ་སྤྲུལ་དག་དང་གྲ་རིམ་
རྣམས་ཀྱི་རྗུན་བཟོ་བྱས་པ་ཞིག་རེད། གོང་དུ་བཤད་པ་ལྟར་སངས་རྒྱས་ཀྱི་ཆོས་ནི་འགྲོ་བ་རིགས་དྲུག་ཚང་
མ་ལ་བཏང་སྙོམས་ཐོག་བཤད་པ་ཞིག་མ་གཏོགས་རིགས་རུས་ཀྱི་དབྱེ་བ་འབྱེད་ནས་གསུངས་མེད།
གལ་སྲིད་དེ་འདྲ་ཡིན་ན་སངས་རྒྱས་ཆོས་དེ་ཡང་རིགས་དྲུག་གི་དོན་དུ་མིན། གང་ཡིན་ཟེར་ན། རིགས་དྲུག་
ཟེར་བ་ནི་སངས་རྒྱས་ཆོས་ལུགས་ནང་ལྷ་དང་ལྷ་མ་ཡིན། མི་། དུད་འགྲོ། ཡི་དྭགས། དམྱལ་བ་སྟེ་དྲུག་གོ།
དེ་དག་འཁོར་བའི་སྡུག་བསྔལ་ནས་སྐྱབས་མཁན་ཡང་དག་ཆོས་ལུགས་ཞིག་ཡིན་པ་འུ་ཚང་མས་ཁས་ལེན་
བྱེད་ཀྱི་ཡོད་མོད། རིགས་དམའ་བ་རྣམས་ཀྱང་མིའི་ཁོངས་སུ་གཏོགས་པ་མ་རེད་དམ།འགྲོ་བ་རིགས་དྲུག་གི་
ཁོངས་གཏོགས་མ་རེད་དམ། ཁོང་རྣམས་ཀྱང་བདེ་བ་འདོད་མཁན་སྡུག་བསྔལ་མི་འདོད་མཁན་ཅིག་མཚུངས་རེད།
ཁོང་རྣམས་ལ་དགོན་སྡེ་གྲྭ་ཚང་ནང་དུ་འཛུལ་བཞུས་བྱས་ནས་ཆོས་བསྒྲུབ་རྒྱུའི་ཐོབ་ཐང་ཀྱང་གོང་དུ་བཤད་པའི་
སངས་རྒྱས་ཆོས་ཀྱི་དོན་སྙིང་མ་རྟོགས་པའི་བླ་སྤྲུལ་མིང་འཁྱེར་མཁན་རེ་འགས་རིགས་རུས་མིང་སྐྱག་བཟོ་བྱས།
གཞན་གྱི་ཐོབ་ཐང་འཕྲོག་བཅོམ་བྱས་པ་མ་གཏོགས་གཞན་གང་ཡང་མ་རེད། འོན་ཀྱང་དེ་དག་ད་ལྟའི་བཙན་འབྱོར་
སྤྱི་ཚོགས་སྟེང་མེད་པ་འགྱུར་ཡོད་ལ་འགྱུར་ལྡོག་འགྲོ་བཞིན་ཡོད། འོན་ཀྱང་བོད་ཀྱི་ཡུལ་ལུང་མང་དག་ཞིག་ལ་ད་དུང་ཡང་དེའི་བག་ཆགས་མ་དོར་བ་ལྷག་ཡོད་དོ།
ཁ་གསལ་རུ་བཏང་ན། སྟོན་པ་ཤཱཀྱ་ཐུབ་པས་ཀྱང་མདོ་ལས་;ངའི་བསྟན་པ་ལ་རིགས་མི་གཙོ། རུས་མི་གཙོ།
བསླབ་པ་གཙོ་ཞེས་དང་ངེད་སྟན་པ་ལ་རིགས་མི་གཙོ། རུས་མི་གཙོ། སྒྲུབ་པ་གཙོ་གསུངས། དེ་ཡང་སྐབས་དེའི་
རྒྱ་གར་དུ་རིགས་རུས་ཀྱི་ཁྱད་པར་ཆེན་པོ་ཕྱེ་བའི་གནས་ཚུལ་འོག་ཤཱཀྱ་ཐུབ་པའི་བསྟན་པའི་བསྟན་པར་འཇུག་པ་ལ་
རིགས་རུས་སོགས་ཀྱི་མཐོ་དམན་དབྱེ་བ་གང་ཡང་མེད་པར་མ་ཟད། སྐབས་དེའི་རྒྱ་གར་གྱི་གདོལ་བ་ལྟ་བུའི་
རིགས་དམན་པ་དང་ཤན་པ་དང་ཉ་པ་དང། ལྷམ་མཁན། འཚེམ་མཁན། མགར་པ། ལ་སོགས་པའི་སེམས་ཅན་
ཉམ་དམན་པ་དང་སེམས་ཅན་ཉམ་ཐག་པ་རྣམས་ལ་ལྷག་པར་ཐུགས་བརྩེ་བ་ནི། ཇི་སྐད་དུ།
ན་བའི་བུ་ལ་ཁྱད་པར་དུ། མ་ནི་གདུང་བ་སྐྱེས་པ་ལྟར། དེ་བཞིན་བྱང་ཆུབ་སེམས་དཔའ་ཡང།
དམ་པ་མིན་ལ་ཁྱད་པར་བརྩེ། ཞེས་གསུངས་པ་ལྟར་བུའི་མཛད་པ་ཆེན་པོའི་སྒོ་ནས་སེམས་ཅན་ཐམས་ཅད་
འདྲ་མཉམ་ཡིན་པ་ལས་རིགས་རུས་དབྱེ་བ་མེད་པ་གསལ་པོ་ཤེས། མདོ་ནང་གསལ་བ་བལྟ་ན། འབྲེག་མཁན་གྱི་
རིགས་ལས་ཉེ་བར་འཁོར་བ་རབ་ཏུ་བྱུང་བ་དང། མགར་བའི་བུ་ཙུནྡ་རབ་ཏུ་བྱུང་ནས་དགེ་བསྙེན་གྱི་སྡོམ་པ་གནང་བ་
མ་ཟད། སྟོན་པ་ཤཱཀྱ་ཐུབ་པ་མྱ་ངན་ལས་འདའ་བར་བཞེད་པ་ན་ཉེ་གནས་ཀུན་དགའ་བོར་བདུད་ཀྱིས་རྣ་བ་བཀག་
པས་མ་ཐོས་ནས་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་སུ་མ་བྱུང་རུང། ཙུནྡས་གསོལ་བ་བཏབ་པས་སྐུ་ཚེ་ཟླ་བ་
གསུམ་བསྲིངས་ཏེ་བཞུགས་ཤིང་། མཐར་ཞལ་ནས་སླད་མའི་དུས་ཆོས་དང་ཆོས་མིན་རྣམ་པར་དབྱེ་བ་ན།
མདོ་སྡེ་དང་མཐན། འདུལ་བ་ལ་སྣང་། ཆོས་ཉིད་དང་མི་འགལ་ན་ངའི་བསྟན་པར་ཟུངས་ཤིག་ཅེས་གདམས་ནས་
མགར་བའི་བུ་ཙུ་ནྡ་ལས་བཤོས་ཀྱི་ཐ་མ་གསོལ་ཏེ་གྲོང་ཁྱེར་རྩྭ་ཅན་དུ་ཤིང་སཱ་ལ་ཟུང་གི་བར་ཐ་མའི་གཟིམ་ཁྲི་ལ་
སེང་གེའི་ཉལ་སྟངས་ཀྱིས་བཞུགས་ཏེ་སྐུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པ་སོགས་ལས་ཤཱཀྱ་ཐུབ་པའི་བསྟན་པར་
ཞུགས་པ་ལ་རིགས་རུས་མཐོ་དམན་དང་། བཟང་ངན་དང། གཙང་བཙོག་སོགས་ཀྱི་དབྱེ་བ་མཛད་ཚུལ་མེད་པ་ཤེས་སོ།།
ཤིང་སཱ་ལ་ཞེས་པ་ནི།{མངོན་བརྗོད་བསྟན་བཅོས}ལས་སྤོས་དཀར་གྱི་ཤིང་དུ་བཤད། ང་ཚོའི་རིགས་རུས་
དང་གཙང་བཙོག་སོགས་ཀྱི་དབྱེ་བ་གཅོད་པ་ནི་ངས་གོང་དུ་བཤད་པར་བལྟར་སངས་རྒྱས་ཆོས་ལུགསཀྱིས་གོ་རྟོགས་
མ་ཤེས་པའི་བླ་སྤྲུལ་དང་མི་དྲག་རྣམས་ཀྱི་ཀླ་ཀློའི་ཚུལ་དུ་སྐྱག་བརྗུན་བཟོས་ནས་འབངས་དབར་ལ་དབྱེ་རིགས་
གཅད་པ་ཡིན་པ་གོང་གི་གནད་དོན་དག་ནས་གསལ་པོ་དཔང་པོ་བྱེད་ཐུབ་བོ།། རང་ཉིད་ནས་བཅད་རྩོམ་འདི་བྲིས་དགོས་པའི་དམིགས་ཡུལ་ནི་སྔར་ནས་ང་ཚོད་བོད་མིའི་རིགས་སྤྱི་ཚོགས་སྟེང་དེ་འདྲ་བའི་བག་ཆགས་རྙིང་པ་མང་པ་ཞིག་ལྷགས་ཡོད། ལྷགས་པར་དུ་བོད་ཀྱི་ས་ཁུང་མང་པོའི་ནང་རིགས་རུས་དབྱེ་བ་དང་བུད་མེད་རྣམས་ལ་ཐོབ་ཐང་སོགས་མེད་པའི་རྐྱེན་ངའི་བཅད་རྩོམ་འདི་བྲིས། འོན་ཀྱང་ཤེས་རྒྱ་ཆེ་བའི་ཀློག་པ་པོ་དག་དང་དེ་བཞིན་ཤེས་རིག་ལ་མཁས་པའི་བོད་རིགས་སྤུན་ཟླ་རྣམས་ནས་ ངའི་འདི་ནོར་ཁྲུལ་དང་ཁུངས་ལུང་སོགས་མེད་པའི་རིགས་རྣམས་ནས་སློབ་སྟོན་དང་དག་བཅོས་འགའ་པ་སོགས་གནང་བ་ལ་། ངའི་ངོས་ནས་སྙིང་དག་པ་ནས་ཐུགས་རྗེ་ཆེ་ཞུ།
གང་ཡིན་ཟེར་ན་ངོས་ལ་དཔྱད་བརྩོམ་འདི་གཙོས་རྩོམ་རིག་ལ་དེ་ཙམ་གྱི་ཉམས་མྱོང་མེད་ལ་ཁྱེད་ཅག་བཞིན་མང་པོ་ཡང་བྲིས་མྱོང་མེད། འོན་ཀྱང་ང་རང་ཉིད་དེ་འདྲའི་རིགས་ལ་ཤིན་ཏུ་དགའ་ལ་ ང་རང་བོད་རིགས་ཞིག་ཡིན་པའི་ཆ་ནས་འདི་རིགས་ལ་དོ་སྣང་དང་སེམས་འཁུར་ཆེན་པོ་ཡོད། སླད་ངའི་བྲིས་པའི་རྩོམ་འདི་ནོར་འཁྲུལ་དང་ཕོག་ཐུག་སོགས་ཡོད་ཚེ་ སྙིང་དབུས་ནས་དགོངས་དག་ཞུ།། རྡོ་ཚེ་ནས