རིག་འབྱུང་དོན་གྲུབ་བཀྲ་ཤིས།
བོད་ཀྱི་བང་ཆེན་གསར་ཁང་གིས་འབའ་བ་ཕུན་ཚོགས་དབང་རྒྱལ་གྱི་སྐོར་ལ། རྗེས་དྲན་གྱི་རྩོམ་ཡིག་ཕྱོགས་བསྒྲིགས་ཀྱི་དེབ་ཞིག་དཔར་བསྐྲུན་བྱེད་གི་ཡིན་ཞེས་གསལ་བསྒྲགས་སྤེལ་འདུག དམ་པ་ཁོང་གི་སྐོར་ལ་རྗེས་དྲན་གྱི་དེབ་ཞིག་འདོན་པ་དེ་ཧ་ཅང་ཡག་པོ་འདུག འོན་ཀྱང་། ཡིག་ཐོག་ནས་རྗེས་དྲན་ཞུ་སྟངས་སྐོར་ལ་ང་སྒེར་གྱིས་བསམ་ཚུལ་འགའ་གཤམ་དུ་ཞུ་འདོད་བྱུང་།
༡)
རྗེས་དྲན་དེ་སྙན་ངག་གི་ལམ་ནས་མ་བྱས་ན་ཡག སྙན་ངག་བྲིས་ནས་རྗེས་དྲན་ཡིན་ཟེར་བའི་སྲོལ་རྒྱུན་དེ་འུ་ཚོས་སྤངས་ཐུབ་ན་ཡག
༢)
བོད་ཕྱི་ནང་གཉིས་སུ་དམ་པ་ཁོང་ལ་དངོས་སུ་ཐུག་འཕྲད་བྱས་མྱོང་མཁན་མཁས་པ་འགའ་ད་དུང་ཡོད་པས། ཁོང་ཚོར་ཁོང་གི་སྐོར་ལ་དྲན་ཐོ་ཐུང་ཐུང་རེ་འབྲི་འཇུག་ཐུབ་ན་ཡག
༣)
དམ་པ་ཁོང་ལ་དངོས་སུ་ཐུག་འཕྲད་བྱུང་མེད་རུང་ཁོང་གི་བརྩམས་ཆོས་བལྟ་ཀློག་བྱས་མྱོང་མཁན་གང་འཚམ་ཡོད་པས། དེ་ཚོར་ཁོང་གི་སྐོར་ལ་རྩོམ་ཐུང་རེ་འབྲི་འཇུག་ཐུབ་ན་ཡག
༤)
ཁོང་གི་གཏམ་བཤད་དང་བརྩམས་ཆོས་བཅས་ཀྱི་སྐོར་ལ་ཞིབ་འཇུག་བྱས་མྱོང་མཁན་ཡང་འགའ་ཤས་ཡོད་པས། དེ་ཚོར་ཞིབ་འཇུག་རྩོམ་ཐུང་རེ་འབྲི་འཇུག་ཐུབ་ན་ཡག
༥)
བོད་རྒྱ་འབྲེལ་མོལ་ཟེར་བ་དེའི་བརྒྱུད་རིམ་ཁྲོད་དུ། ཁོང་ལ་དངོས་སུ་ཐུག་པ་དང་བརྒྱུད་ལམ་འདྲ་མིན་ནས་འབྲེལ་བ་བྱུང་མཁན་འགའ་ད་དུང་གསོན་པོར་ཡོད་པས། དེ་ཚོའི་ཁྲོད་ཀྱི་རྡ་ལམ་ས་ལའི་མཛད་གཙོ་གསར་རྙིང་རྩོམ་བྲིས་སྤེལ་མི་ཐུབ་མཁན་འགའ་ལ་ཁོང་གི་སྐོར་བཅར་འདྲི་རེ་བྱེད་ཐུབ་ན་ཡག
༦)
གོང་གི་ངེད་ཀྱི་བསམ་ཚུལ་འདི་དག་གཙོ་བོར་བཟུང་ནས་རྗེས་དྲན་གྱི་དེབ་ཞིག་འདོན་ཐུབ་པ་ཡིན་ན། ཡིག་ཐོག་གི་རྗེས་དྲན་ཡག་པོ་ཞིག་ཡོང་གི་རེད་དྲན།
དཔྱོད་ལྡན་རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས་ཀྱི་དགོངས་འཆར་དེ་ལ་མོས་མཐུན་ཡོད་ལགས། ཟམ་གདོང་གིས་ཁོས་འབའ་བ་ཕུན་དབང་ཞེད་པོ་ཞིག་ངོ་ཤེས་གི་ཡོད་ཟེར་ནས་གཏམ་བཤད་སྤེལ་འདུག ཁོ་ལ་ཡང་ཅིག་འདྲི་ཁུལ་བྱས་ན་ཅིག་བཤད་འདོད་ཡོད་ས་རེད་བསམ་བསམ་ཞིག་འདུག
ཨོ་་་་སྤོབས་མཐའ་ལགས། སྔོན་མ་ཕུན་དབང་རྒྱ་དམག་དང་མཉམ་དུ་བོད་ལ་དམག་རྒྱབ་མཁན་བསླེབས་སྐབས་སུ་ཕུན་དབང་གིས་བོད་པ་བསད་མེད་པའི་དཔང་རྟགས་ག་རེ་ཡོད་དམ།
་་་་་་་་་་་་་་་་ སྐད་ཆ་འདྲི་གི་ཡོད་ད།
ཕུན་དབང་དང་མཉམ་དུ་བསླེབས་པའི་རྒྱ་དམག་དེ་དག་བོད་པ་བསད་མཁན་བསླེབས་པ་རེད་་་མ་གཏོགས་རི་དྭགས་རྒྱག་མཁན་བསླེབས་པ་མ་རེད་་་ད།
རྒྱ་ནག་གི་སྲིད་འཛིན་ཞིང་ཅིན་ཕིང་ལགས་ཀྱིས་གུན་ཁྲན་རིག་ལུགས་ཀྱིས་སྤྱི་ཚོགས་རིང་ལུགས་བཙུགས་སྐབས་མའི་ཡི་ནོར་འཁྲུལ་བྱས་ཡོད་པར་ངོས་ལེན་བྱས་ནས་གཏམ་བཤད་བྱེད་བཞིན་འདུག བོད་མི་ཉུང་ཤོས་གིས་གུན་ཁྲན་རིང་ལུགས་པའི་གསར་བརྗེ་བ་ཕུན་དབང་གི་ནོར་འཁྲུལ་ཡང་ཁས་ལེན་གྱི་ལས་ལྡོག་ཏེ་ཡག་རབས་དང་བཟང་རབས་ལ་རྒྱ་ཡོད་རབས་བསྒྲབས་བཞིན་འདུག དཀར་ནག་ལྡོག་རང་རེད་ད། རྒྱུ་འབྲས་མེད་པ་རང་རེད་ད། ཉམ་ཆུང་བོད་མི་དམངས་ལ་མཐོང་ཆུང་དང་ཁྱད་གསོད་རང་རེད་ད།
པདྨ་བཀའ་ཐང་ལས། དུས་ནི་མི་འགྱུར་མི་ནི་འགྱུར་བ་ཡིན། དེ་དུས་མི་ལ་བསོད་ནམས་སྙན་གྲགས་མེད།་ཅེས་གསུངས་ཡོད་བཞིན་འགུ་ལེ། ལུང་ཚིག་འདི་དེང་གི་བོད་པའི་སྤྱི་ཚོགས་དང་སྦྱར་ནས་འགྲེལ་བཤད་ཤེས་མཁན་འདྲ་ཡོད་ན་་་འགྲེལ་བཤད་རེ་རྒྱབ་པའི་རེ་བ་ཆེན་པོ་ཡོད།
དེང་སང་བོད་མི་དེ་ཚོ་དགའ་ཆོག་ཆོག་སྡུག་ཆོག་ཆོག་དེ་འདྲ་ཅི་རེད། ཕུན་དབང་གིས་རྒྱ་དམག་བོད་ལ་དྲངས། ལོ་རྒྱུས་འཁྱོག་བཤད་བྱས། ལྟ་ལོག་བོད་མིར་སྤེལ་ནང་ཡང་ད་དུང་དཔའ་བོ་དང་། ལོ་རྒྱུས་ཀྱི་རྡོ་རིང་། བོད་ཀྱི་ནོར་བུ་སོགས་རེད་ཟེར། དེ་འདྲ་ཡིན་ན་མའོ་ཙི་ཏུང་བོད་ཀྱི་དཔའ་བོ་ཆེ་ཤོས། ནོར་བུ་ཆེ་ཤོས་ཡིན་རྒྱུ་རེད།
དགྲ་ནི་དགྲ་བོ་ཡིན་པ་ཤེས་ནས་ནི།
དགྲ་ལ་འཐབ་ནས་ཤི་བའི་དཔའ་བོ་ཡོད།
དགྲ་ནི་དགྲ་བོ་ཡིན་པ་ཤེས་ནས་ནི།
དགྲ་ལ་བྱོལ་ནས་གྲོས་བའི་དཔའ་བོ་ཡོད།
བྱོལ་བ་འཐབ་པ་གང་ཡང་མ་བྱས་པའི།།
དཔའ་བོའི་མིང་ལ་དགའ་བའི་དཔའ་བོ་ཡོད།
མདོར་ན་ཇག་རྐུན་ཚང་མ་དཔའ་བོ་ཡིན།
དེ་ཡི་སྒང་ལ་ཚང་མ་མཁས་བ་ཡིན།
མཁས་བ་དཔའ་བོ་མིན་པའི་བོད་པ་ཞིག།
ཞང་འབྲོག་ཡུལ་ལ་གནས་བའི་བོད་པ་ཚོ།།
ཡིན་ཡང་ང་རས་མྱིག་གི་ལྟ་ཕྱོགས་ལ།།
དཔའ་བོའི་མྱིང་ཙམ་མེད་པའི་དཔའ་བོ་ཡིན།
གཡོ་ལ་གོམ་པའི་འབའ་བ་ཕུན་ཚོགས་འདི།
དགྱ་ཁྲིམས་བཙན་པོའི་འོག་གི་ཚེ་ཐར་ཞིག།
སྟོད་འདོད་སེམས་པའི་ནང་ལ་མི་ཡོང་གི
སྨད་རུང་ཤི་ནས་ཉིན་འགའ་བྱིན་པ་རེད།
ཁུག་མ་སྟོང་བ་སྤྲུག་པར་མར་ལོ་ཞིག།
འབབ་རྒྱུ་མེད་པ་སུ་ཡིས་མི་ཤེས་སམ།།
ཞིང་འབྲོག
༄། བདེན་པ་རེད་ཡ། འབའ་ཕུན་ནས་རྒྱ་དམར་བོད་ལ་དྲང། ད་དུང་མའོ་ནས་ཆོས་དུག་ཡིན་པར་ལབ་མ་སོང་ཅེས་འཁྱོག་བཤད་བྱེད། རྒྱ་དམག་བོད་ལ་ཡོང་བའི་ཏེ་པོ་ཁོ་རེད། ལི་ཐང་ཨ་ཐར་ཨ་རི་ལ་གསང་བའི་སློབ་སྦྱོང་བྱེད། བོད་ལ་་གནམ་ཐོག་ནས་བབས། ཆུ་བཞི་དང། ང་ཅག་བོད་པའི་སྐྱབས་གནས་་བླ་ན་མེད་པ་གོང་ས་མཆོག་གདན་འདྲེན་ཞུས་བ་སོགས་བླ་ན་མེད་པའི་བྱེད་རྗེས་གཞག་ཀྱང་། ཏོག་ཙམ་ནོར་བའི་དགྲ་བོ་དག་མ་འཛིན། དེ་ཙམ་མཟད འབའ་ཕུན་ཁོས་གཡོ་རྒྱའི་རྒྱལ་རིན་པོ་ཆེ་ཡང་གུང་ཁྲན་ལ་བཟོ་གྲབ་བྱེད། གལ་སྲིད་གོང་ས་མཆོག་གུང་ཁྲན་ལ་བཟོས་ཡོད་ན་ད་ལྟ་བོད་བོད་ལ་རེ་བ་ཅི་ཡང་མེད་པར་ཆག་རེད། དངོས་གནས་བོད་པ་བསོད་ནམ་ཅན་རེད། ་གོང་ས་་་མཆོག་གུང་ཁྲན་མ་ཆག་པར་འཛམ་གླིང་ཞི་བདེའི་དད་དཔོན་དང་བོད་པའི་མཚོན་རྟགས་ཆག་པ་རེད། དགའ་བ་ལ་། སྐྱིད་པ་ལ། གུང་ཁྲན་ངོ་མ་། དམར་པོ་ངོ་མ་། བོད་རྒྱལ་ཁབ་ཆེན་མོ་མགོ་སྟེང་སློག་མཁན་དེ་། ་དེ་ལྟར་ཡག་པོ་ཡིན་ན་དངོས་གནས་ཆབ་སྲིད་ཟེར་ཡག་དེ་རྫུན་མ་རེད་ལ། ས་མཚམས་ཅི་ཡང་མེད་པའི་མགོ་རྙོག་ རེད།
འབའ་ཕུན་དབང་བོད་པའི་ནོར་བུ་ཡིན།
བློ་མཁས་མཛངས་ཉི་མ་རང་ཤར་རེད།
ཁ་བདག་མེད་གཡག་ཆེན་བཏང་འདྲ་བ།
གདོན་དྲ་འབུ་འདི་ཚོ་བོད་པའི་དགྲ།
སྤོབས་པས་བཤད་པར་བདེན་ཆ་འདུག ཟམ་གདོང་ལ་ཁོང་སྐོར་གསལ་བོ་ཞིག་བཅར་འདྲི་བྱས་ནས་ཁ་ནས་ཅི་འབུད་ཤེས་ཐུབ་ཀྱི་རེད་མོ
གོང་ནས་བསམ་ཚུལ་མི་ཉུང་བ་ཞིག་བྲིས་རུང་དམ་པ་ཁོང་གིས་བྱས་བའི་ནོར་བ་དེ་དག་ལས་ཡག་ཕྱོགས་ཀྱི་ལས་ག་རེ་བྱས་བ་ཧ་གོ་རུ་མེད་པ་འདྲ
རིན་འབྱུང་ལགས་ཀྱིས་བསམ་འཆར་ཡག་པོ་འདུག འབའ་པ་ཕུན་ཚོགས་ཀྱི་དབང་རྒྱལ་གྱི་ལོ་རྒྱུས་ནོར་འཕྱུག་མེད་པ་ཞིག་མཁྱེན་འདོད་ན་༸གོང་ས་ཡིད་བཞིན་ནོར་བུ་དང་། མཁས་དབང་ཟམ་གདོང་པཎྡི་ཏ་ཆེན་རྣམས་གཉིས་ལས་གསལ་བ་དང་ཁུང་དག་པ་ཞིག་སུ་ལ་ཡང་བཤད་རྒྱུ་ཡོད་པ་མ་རེད། དེ་མིན་སྐྱག་འབུ་ཅོ་རི་བ་དང་། ཁོ་དང་འདྲ་བའི་སྤྱི་ཚོགས་དྲ་འབུ་ཚོས་ཅི་ཡང་ཤེས་ཀྱི་མ་རེད། ཁོང་ཚོས་ཤེས་པ་གཅིག་ཁ་ཤས་ཡོད་པ་དེ་ནི་ཕྱོགས་ལྷུང་དང་། གཞིར་མེད་སྐུར་འདེབས་དང་སྒྲོ་འདོག་དག་རེད་ལ་ད་དུང་སྤྱི་པའི་རྩ་དོན་ཁ་གཡར་ནས་སྒེར་དོན་རེ་ཨེ་ཡང་རེ་བ་སེམས་ཁོངས་སུ་བཅངསམནས་བསྡད་ཡོད་པ་རེད།
འབའ་ཕུན་ལགས།
༡༽སྐྱེས་ས་བོད། འཆི་ས་རྒྱ་ནག
༢༽ཕ་མས་དད་ས། ཆོས། རང་གིས་དད་ས། ཆོས་མེད།
༣༽བོད་པས་རང་བཙན་རྩོད། འབའ་པས། དམར་ལུགས་གཏོད།
༤༽བོད་པས། རྒྱ་དམག་སྤྲད། འབའ་པས། རྒྱ་དམག་བོད་ནང་འདྲེན།
༥༽ བོད་གཞུང་གིས་རང་ས་སྲུངས། འབའ་པས་ས་མཚམས་གཏོར།
༥༩འི་སྔོན་དང་།
༡༽ང་ཚོས་བྲོས། འབའ་པས་བསྡད།
༢༽ང་ཚོ་ཐར། འབའ་པ་བཙོན་ལ་ཚུད།
༣༽ང་ཚོས་ཆོས་རིག་སྤེལ། འབའ་པས་ཀྱང། བོད་ཀྱི་སྐད་ཡིག་སྤེལ།
༤༽དབུ་མའི་ལམ་འཆས། འབའ་པས་དེ་ལ་རྒྱབ་སྐྱོར་བྱས།
༥༽གཞན་པས་མེར་སྲེག་ངོ་རྒོལ་བྱས། འབའ་པས་དེ་དག་གི་མངོན་འདོད་། ༸གོང་ས་མཆོག་བོད་ནང་ཕེབས་བཅུག་དགོས་པའི་དགོས་འདུན་བཏོན།
༤༽དབུ་མའི་ལམ་༼ལ་༽འཆས། འབའ་པས་དེ་ལ་རྒྱབ་སྐྱོར་བྱས།
རིག་འབྱུང་དོན་གྲུབ་བཀྲིས་ལགས་ཀྱི་དགོངས་ཚུལ་ལ་རྒྦ་བསྐྱོར་ཡོད།
བོད་སྤྱི་ཚོགས་གསར་རྙིང་གཉིས་ཀྱི་ལོ་རྒྱུས་རང་བཞིན་ལྡན་པའི་དམ་པ་ཁོང་དང་ཁོང་གི་མཛད་སྤྱོད་ལ་རྗེས་དྲན་དང་དགེ་སྐྱོན་གྱི་དབེ་ཞིབ་དགོས་ན་ཁོང་དང་འབྲེལ་བ་ཡོད་པ་དང་ཁོང་གི་མཛད་ཕྱོགས་ལ་རྒྱུས་ཡོད་ཀྱི་མི་སྣ་ཡིན་དགོས། དེ་མིན་མ་ཤེས་འཇོན་མདོག་དང་གཞན་ཟེར་གཡམ་རྒྱུག་གིས་སྤྱི་ཚོགས་ཟང་ཟིང་བཟོ་བ་ལས་དོན་གྱི་ཆ་ནས་བོད་མི་རིགས་བསྟན་སྲིད་ཀྱི་ཆེད་དུ་གང་ཡང་མི་འཇོན་མཁན་རིགས་ཀྱིས་དགོངས་ཚུལ་ལ་ཆེ་མཐོང་དང་དོན་སྙིང་དེ་ཙམ་མེད་པར་སེམས། སྤྱིར་བཏང་མཐོ་རིམ་དང་དམའ་རིམ། ཤེས་ཡོན་པ་དང་ཤེས་ཡོན་མེད་མཁན། ཕོ་མོ་དང་སེར་སྐྱ་དབྱེར་མེད་ཀྱིས་བསམ་ཚུལ་གསུང་ཆོག་གི་རེད་ལ་ཐོབ་ཐང་ཡང་རེད། འོན་ཀྱང་དྲ་ལམ་ཁག་གི་དྲ་འབུ་ཚོ་དང་སྤྱི་ཚོགས་ནང་གི་གཡམ་རྒྱུག་ཁོ་ན་ལས་དོན་དངོས་སྤྱི་ཚོགས་ལ་ཉམས་མྱོང་བྲལ་ཞིང་དོན་མེད་ལོག་རྩོམ་བྲིས་མཁན་ཚོའི་རྩོམ་ཡིག་བསྡུ་སྒྲིག་བྱེད་ན་རྗེས་དྲན་རྩོམ་དེབ་དེའི་སྤུས་ཚད་ལ་སྐྱོན་ཆ་ལས་མ་འདས། རང་གི་བསམ་ཚུལ་ཙམ་ཡིན།
རྒྱབ་སྐྱོར་ལ་བཅོས་རོགས
ངེད་རང་སྡོད་མ་ཚུགས་ནས་རྗེས་དྲན་དེབ་དེའི་སྐོར་ལ་བསམ་ཚུལ་ཐུང་ཐུང་འདི་ཙམ་བཏོན་པ་ཡིན།
དང་པོ།
ངེད་ཀྱི་བསམ་པར། འུ་ཚོའི་ཁྲོད་ན་འབའ་བ་ཕུན་ཚོགས་དབང་རྒྱལ་ལ་དངོས་སུ་ཐུག་མྱོང་མཁན་ཕལ་ཆེར་མེད། ཁོང་དང་མཉམ་དུ་ཕྱག་ལས་གནང་མྱོང་མཁན་ཡང་ཡོད་ཀྱི་མ་རེད། དེས་ན། འུ་ཚོས་ཁོང་གི་སྐོར་བརྗོད་པ་ལ་བརྒྱུད་ལམ་གཞན་ཞིག་ལ་མ་བརྟེན་རང་བརྟེན་ཡིན།
གཉིས་པ།
ཁོང་གི་སྐོར་ལ་ཡག་སྡུག་གི་བསམ་ཚུལ་མ་བཤད་སྔོན་ལ། ཁོང་གིས་བྲིས་བ་དང་བཤད་པ། གཞན་གྱིས་བྲིས་བ་བཅས་ཀློག་ཐུབ་ན་ཡག བསམ་ཚུལ་ལ་ཡང་དཔྱད་གཞིའི་ཁུངས་ཤིག་ཡོད་ན་ཡག བསམ་ཚུལ་ལ་ཁུངས་དགོས་རྒྱུ་འདི་གལ་ཆེན་པོ་རེད་དྲན།
གསུམ།
Goldstein གྱིས་བརྩམས་པའི་ “བོད་མི་གསར་བརྗེ་བ་ཞིག” (A Tibetan Revolutionary)ཟེར་བ་དེ་དང་དཔལ་འབྱོར་དཔར་ཁང་ནས་བཏོན་པའི་ “Witness to Tibet’s History” ཟེར་བ་དེ། ཚེ་རིང་ཤཱཀྱས་བྲིས་པའི་ “བཙོན་པ” (The Prisoner) རྡ་ལམ་ས་ལའི་བོད་ཀྱི་བང་ཆེན་གྱིས་བཏོན་པའི་ “རང་རྒྱལ་གྱི་མི་རིགས་གནད་དོན་དང་མི་རིགས་ལས་དོན་སྐོར་གྱི་ཕྱིར་རྟོག།” ཚེ་རིང་ཤཱཀྱས་བརྩམས་པའི་ “གངས་ལྗོངས་ཀྱི་འབྲུག” (The Dragon in the Land of Snow) སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ཀྱིས་བྲིས་བའི་ “བཙན་རྒོལ་རྒྱལ་སྐྱོབ་” བཅས་ན་ཁོང་གི་སྐོར་འདུག
ཚེ་རིང་ཤཱཀྱས་བྲིས་པའི་གངས་ལྗོགས་ཀྱི་འབྲུག་ཡིན་ན་དེར་ལྟ་ཡ་ཅང་མི་འདུག
དེར་ལོ་རྒྱུས་ཀྱི་རིན་ཐང་ཅི་ཡང་མི་འདུག དེ་ནི་ཁོང་ཆེད་རྩོམ་དོན་འགྲུབ་རྒྱལ་གྱི་སྐོར་བྲིས་པ་དེ་དང་འདྲ་བར་རིན་ཐང་ཅི་ཡང་མེད།