ལོ་ངོ་བདུན་དང་ཕྱེད་ཀའི་རིང་ བཙན་བཟུང་བཀག་ཉར་བྱས་པའི་རྗེས་སུ། ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ཨང་སན་སུ་སྐྱིད་ དེ་རིང་ གློད་གྲོལ་བཏང་འདུག
གློད་གྲོལ་བཏང་བའི་སྐར་ཆ་ཁ་ཤས་ཀྱི་མཇུག་ཏུ་དབུ་འཁྲིད་འདིར་རྒྱབ་སྐྱོར་བྱེད་མཁན་སྟོང་ཕྲག་མང་པོ་ ཁོང་གི་བཞུགས་གནས་སུ་འཛོམས་ཡོད་པ་དང་། དེར་ཁོང་གིས་གསུང་བཤད་སྟབས་བདེ་ཞིག་ཀྱང་གནང་ནས། ང་ཚོ་ཆིག་སྒྲིལ་བྱས་ན་ལས་དོན་གང་ཡིན་ཡང་འགྲུབ་ཐུབ་གི་རེད་ལ། ང་ཚོ་ལ་ད་དུང་ཡང་ལས་ཀ་མང་པོ་བྱེད་རྒྱུ་བསྡད་ཡོད་ཅེས་གསུངས་འདུག
ཨང་སན་སུ་སྐྱིད་ད་ལྟ་དགུང་ལོ་ ༦༥ ཡིན་པ་དང་འདས་པའི་མི་ལོ་ ༢༡་ གི་རིང་ ལོ་ ༡༥ ལ་ བཙོན་འཇུག་བཀག་སྡོམ་བྱས་ཡོད་པ་རེད།
རྒྱལ་ཁབ་ཅིག་ཡོད་པ་ཙམ་གྱིས་ཁྱེད་རང་ཚོ་སྐྱིད་པོ་རེད། གངས་ཅན་པ་རྣམས་ལ་ཨ་ཅག་ལགས་གཅིག་གཟིགས་དང་རྒྱལ་ཁབ་མེད། གཞན་ཡུལ་འཁྱམ་པ
ཨང་སན་སུ་སྐྱིད་གློད་གྲོལ་ཐོབ་པར་སྙིང་ཐག་པ་ནས་རྟེན་འབྲེལ་ཞུ། ད་ཡང་འབར་མའི་དམངས་གཙོའི་དབུགས་གསོ་མགོ་ཚུགས་ན་ཆོག་གི་རེད།
ཨང་སན་སུ་སྐྱིད་ལགས་གློད་གྲོལ་ཐོབ་པར་རྟེན་འབྲེལ་ཞུ། འཛམ་གླིང་གི་ཡང་སྟེང་ནས་ཞི་བདེའི་འཚོལ་སྙེགས་རྒྱལ་གྱུར་ཅིག ཁོང་གི་གསུང་༼ང་ཚོ་ཆིག་སྒྲིལ་བྱས་ན་ལས་དོན་གང་ཡིན་ཡང་འགྲུབ་ཐུབ་གི་རེད་་་་༽ཅེས་པ་འདི་དངོས་ནས་རིན་ཐང་ལྡན་པ་ཞིག་འདུག
འབར་མའི་དབུ་འཁྲིད་ཨང་སན་སུ་སྐྱིད་གློད་གྲོལ་ཐོབ་པར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
དེ་ནི་འགྲོ་མིའི་རིགས་ཞི་བདེ་ལ་ཁ་ཕྱོགས་པའི་སྔོན་བརྡ་ཞིག་ཀྱང་རེད།
དངོས་གནས་དགའ་འོས་པའི་གསར་འགྱུར་རེད་དེ། དེ་དང་མཉམ་དུ་སེམས་འཁྲལ་ཕལ་བ་ཞིག་ཡོད་པ་ནི་དྲག་པོ་གཞུང་ལ་ད་རེ་འོས་ཤོག་གི་རྒྱལ་ཁ་ཐོབ་མིན་གང་ལྟར་ཡང་ཁོང་ལ་ཆབ་སྲིད་ཀྱི་ལས་འགུལ་མུ་མཐུད་དེ་སྤེལ་རྒྱུའི་འགལ་རྐྱེན་འོག་ཁོང་ཡང་བསྐྱར་བཙོན་འོག་ཏུ་ཚུད་རྒྱུའི་ཉན་ཁ་མུ་མཐུད་དེ་གནས་བཞིན་པ་རེད།
རང་དབང་ཐོབ་པ་ལ་བཀྲ་ཤིས་བདེ་ལེགས་ཞུ། །
ཨང་སེན་སུ་ཀྱིད་ལགས་ལ་མཐའ་མའི་རྒྱལ་ཁ་ཐོབ་པ་རེད། བོད་རིགས་པཎ་ཆེན་བསྟན་འཛིན་དགེ་འདུན་མཆོག་སོགས་དང་། རྒྱ་རིགས་ལི་ཞིའོ་པོ་ལགས་སོགས་ལ་གློད་གྲོལ་ག་དུས་ཐོབ་བགྱི་རེད། འཛམ་གླིང་མི་མང་རྣམས་ཀྱིས་ད་དུང་མུ་མཐུད་ནས་ཤུགས་རྒྱོབས་ཤོག དགེའོ། དགེའོ།
དབུ་འཁྲིད་ཨང་སན་སུ་སྐྱིད་གློད་གྲོལ་ཐོབ་པར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
ང་ཚོ་ཆིག་སྒྲིལ་བྱས་ན་ལས་དོན་གང་ཡིན་ཡང་འགྲུབ་ཐུབ་གི་རེད།
ང་ཚོ་ཆིག་སྒྲིལ་བྱས་ན་ལས་དོན་གང་ཡིན་ཡང་འགྲུབ་ཐུབ་གི་རེད།
ང་ཚོ་ཆིག་སྒྲིལ་བྱས་ན་ལས་དོན་གང་ཡིན་ཡང་འགྲུབ་ཐུབ་གི་རེད།
ང་ཚོ་ཆིག་སྒྲིལ་བྱས་ན་ལས་དོན་གང་ཡིན་ཡང་འགྲུབ་ཐུབ་གི་རེད།
ང་ཚོ་ཆིག་སྒྲིལ་བྱས་ན་ལས་དོན་གང་ཡིན་ཡང་འགྲུབ་ཐུབ་གི་རེད།
འདི་རིན་ཐང་དང་ལྡན་པའི་བསླབ་བྱ་ཞིག་རེད།
བསླབ་བྱ་ཞེས་པ་གང་། ?
༼ང་ཚོ་ཆིག་སྒྲིལ་བྱས་ན་ལས་དོན་གང་ཡིན་ཡང་འགྲུབ་ཐུབ་གི་རེད༽
འདི་ང་ཚོ་བོད་རིགས་ཚོར་ཡང་སེམས་ཤུགས་སྤར་བའི་འབོད་སྒྲ་དོན་སྙིང་ལྡན་པ་ཞིག་བདའ་ལེ་།
ཨང་སན་སུ་སྐྱིད་ལ་མཐར་རང་དབང་གི་གཅིང་བཀྲོལ་ཐོབ་པར་དགའ་བསུའི་བཀྲིས་བདེ་ལེགས་ཞུ་།
བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་གང་མྱུར་རང་རེ་བོད་རིགས་རྒྱ་ནག་གི་བཙོན་འོག་ཏུ་ཡོད་པ་ཀུན་གཟིགས་པཎ་ཆེན་བསྟན་འཛིན་དགེ་འདུན་མཆོག་དང་། མཆོག་སྤྲུལ་བསྟན་འཛིན་དགེ་ལེགས་སོགས་ལ་གློད་གྲོལ་ཐོབ་ཐབས། དེ་བཞིན་བཙན་འབྱོར་ནང་དུ་ཡོད་པའི་བཟང་བཙོན་ལྟ་བུ་ཡོད་པ་བོད་རིགས་རྣམས་འཛམ་གླིང་རྒྱབ་ཁབ་གང་དུ་ཕེབས་འདོད་ཡོད་ན་ཕེབས་མི་ཆོགས་མཁན་དེ་མ་ཚད་རྒྱ་གར་ནང་དུ་ས་གནས་གང་འདོད་ལ་ཕེབས་མི་ཆོགས་མཁན་ལ་ཕེབས་ཆོགས་ཐབས་ལ་མི་མང་རྣམས་ཀྱིས་ད་དུང་མུ་མཐུད་ནས་ཤུགས་རྒྱབས་དགོས།
ལྕ་མ་ཨང་ས་སུའུ་རྗེ་ལགས་བཙོན་གྲོལ་ཐོབ་པ་ལ་སྙིང་ཐག་པ་ནས་བཀྲིས་ཤེས་བདེ་ལེགས་གྲངས་མེད་ཞུ་བ་དང་ཆབ་ཅིག།འབར་མེའི་མི་མང་རྣམས་མྱུར་དུ་དམར་ཤོག་ཀྱི་འཆིང་ཐག་ལས་གྲོལ་ནས་རང་དབང་དམངས་གཙོའི་དཔལ་ལ་སྤྱོད་ཐུབ་པའི་སྨོན་འདུན་ཡང་རྒྱུ་ཡིན།
ངོ་མ་འབར་མའི་རྒྱལ་ཁབ་ལ་སླར་ཡང་གཅིག་སྒྲིལ་གྱི་ནུས་པ་ཐོན་པའི་འཐབ་རྩོད་པ་ཨན་སང་སུ་སྐྻིའི་གསུང་ཐོས་རྒྱུ་དང་དམངས་གཙོའི་ལས་འགུལ་སྤེལ་ཐུབ་པ་བྱུང་བ་རེད། འདི་ནི་བསོད་ནམས་ཀྱི་གོ་སྐབས་ཡིན། ཁོ་བོ་ཡང་བོད་ནང་དུ་དེ་ལྟ་བུའི་དབུ་ཁྲིད་ཡོད་ན་འདྲའི་དགའ་བ་ལ། ལྕམ་སྐུ་ཁོང་ལ་དྲག་པོའི་གཞུང་གིས་དབྱིན་ཇི་ལུང་པར་རང་གི་ཁྱོ་གའི་འདས་མཆོད་ཀྱི་ཆེད་དུ་ཕེབས་ན་ཆོག་པ་ཟེར་ཡོད་ཀྱང་ ཁོང་གིས་ངོས་ལེན་མ་བྱས་པ་ནི་རང་མི་རིགས་ཀྱི་འཐབ་རྩོད་ཀྱི་ཆེད་དུ་ཡིན་པ་གསལ་པོ་རེད། གལ་སྲིད་ཁོང་ཕྱིའི་རྒྱལ་ཁབ་ཐཨེ་ལེན་ཌེ་ལྟ་བུ་ཞིག་གི་ནང་ལ་ཡོད་པའི་དབང་དུ་བཏང་ན་ནུས་པ་ཆེན་པོ་དེ་ཙམ་ཐོན་གྱི་མ་རེད། ཡིན་ན་ཡང། རང་ཅག་བོད་རིགས་རྣམས་ནི་རྒྱ་ནག་གི་སྲིད་བྱུས་གུ་ཡངས་གཏང་ནས་ཕྱི་ལོག་ཏུ་འགྲོ་ཆོག་པའི་ཆོག་འཆན་སྤྲད་སྐབས་ཚང་ཁ་ཤིག་ཤིག་གིས་ཐོན་པ་ནི་ཡག་པོ་མིན།
རང་མི་རིགས་ཀྱི་དོན་དུ་ལུས་སྲོག་བློས་གཏོང་ཐུབ་པའི་རྒྱལ་གཅེས་དཔའ་མོ་ཁྱེད་བཙོན་ལས་གློད་གྲོལ་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུ།
ཁྱེད་ནས་རང་མི་རིགས་དང་དམང་གཙོའི་ཆེད་དུ་ཇི་ཙམ་བཙོན་དུ་བཅུག་ཀྱང་ཕྱི་རོལ་དུ་བྲོས་བྱོལ་དུ་མི་འགྲོ་བར་བཙོན་ལ་སླར་ནས་སླར་ཡང་བཅུག་ཀྱང་བཟོད་སྒོམ་དེ་དག་ལ་མངགས་བརྗོད་ཡོད།
དེ་མིན་མང་པོ་ཞིག་བཙོན་ཁང་དུ་ཐེང་གཅིག་བཅུག་རྗེས་ཕྱི་རོལ་དུ་ཐར་ཐབས་བྱས་ཏེ་ལུང་པ་བསྐང་བའི་སྐད་ཤུགས་རྒྱབ་སྟེ་བཞུགས་པ་ལས་དངོས་སུ་འབད་བརྩོན་གནང་མཁན་ཤིན་ཏུ་དཀོན།
ཁྱེད་ལ་སླར་ཡང་བཀྲ་ཤིས་བདེ་ལེགས་ཡོད།
ཁྱེད་ཀྱིས་དགོངས་དོན་མྱུར་དུ་འགྲུབ་པའི་སྨོན་འདུན་ཡོད།
བཙན་འོག་ནས་ལོ་གྲངས་མང་པོར་དཀའ་སྡུག་མྱོང་ཞིང་རང་མི་རིགས་ཀྱི་ཆེད་དུ་གཏོང་ཕོད་ཅན་གྱི་ལྕམ་ཁྱེད་བཙོན་གྲོལ་ཐོབ་པར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ། ང་ཚོ་བོད་པ་ལའང་༧གོང་ས་མཆོག་དང་ལྕམ་ཁོང་གཉིས་འདྲ་བའི་མི་སྣ་མང་པོ་འཚར་ལོངས་ཡོང་བའི་རེ་བ་དང་སྨོན་ལམ་ཞུ།
Congrarulation!!!
ཞི་བདེའི་ལྷ་བྱ་དཀར་པོ་ཞིག་ལ་རང་དབང་ཐོབ་པར་དགའ་བསུ་ཞུ།
ཁོང་གིས་གསུང་པ་དེ་ག་རང་་རེད་ ང་ཚོ་ཚངས་མས་བོད་ཀྱི་ཡིག་གེ་དག་མ་ཞིག་འབྲི་རྒྱུ་ནི་ཧ་ཅང་གལ་ཆེན་རེད
ཁ་སང་ཨེ་ཤེ་ཡ་ཀློག་འཕྲིན་ཁང་ནང་ནས་ བོད་ནང་གིས་མི་སྣ་ཁ་ཤས་ཞིག་གིས་་མོ་བ་རེ་བ་ཁ་ཞེས་པའི་གར་ཆུང་ཞིག་བཏོན་ཡོད་པ་འདྲ་དེ་དྲ་གྲོོགས་ཚོ་སུའི་ལོན་ན་འདིར་འགོད་རོག་གནང་། ཐུགས་རྗེ་ཆེ།
ཨང་སན་སུ་སྐྱིད་ལགས་གློད་གྲོལ་ཐོབ་པར་རྟེན་འབྲེལ་ཞུ། འཛམ་གླིང་གི་སྟེང་ནས་ཞི་བདེའི་འཚོལ་སྙེགས་པ་རྣམས་དུས་ནམ་ཡང་རྒྱལ་གྱུར་ཅིག
ངོ་མ་བཤད་ན་ཁ་བརྡ་དྲ་བའི་ནང་ན་ཁ་བདེ་ཁོག་དོག་མང་པོ་འདུག །
མོ་བ་རེ་བ་ཁ་ཟེར་བའི་གཞད་གར་དེ་དང་དྲི་བ་དྲིས་ལན་ཨེ་ཤ་ཡ་རང་དབང་གློག་འཕྲིན་ཁང་གི་ལེའུ་ཚན་འདི་ན་ཡོད་ཀི http://www.rfa.org/tibetan/chediklaytsen/amdolaytsen/bumed/tibetan-in-tibet-released-vcd-releated-with-kalon-tripa-election-11122010123645.html