གཞང ངྷུ ལ ཧྥང་ཊན་གྱིས་བརྩམས། (Jean de la Fontaine 1621-1695)
སྙན་བཟང་གཡུང་དྲུང་ཚེ་རིང་གིས་བསྒྱུར།
དབྱར་དུས་སུ་འབུ་ཆ་ག་པས།
གླུ་དབྱངས་བླངས་པས།
རང་ཉིད་ཧ་ཅང་ཉམ་ཐག་ཏུ་གྱུར།
ནམ་ཞིག་གྲང་རླུང་ལྡང་བའི་དུས་སུ།
སྲིན་བུའམ་ཡང་ན་སྦྲང་མའི་ཆ་ཤས་ཙམ་ཡང་།
ཟ་རྒྱུ་མེད་པར་གྱུར།
འབུ་ཆ་ག་པ་ཁྱིམ་མཚེས་གྲོག་མ་ཚང་ལ།
ལྟོ་སློང་དུ་ཕྱིན།
དུས་ཚིགས་གསར་པ་མ་སླེབས་བར་དུ།
འཚོ་ཐབས་ཀྱི་ཆེད་དུ།
འབྲུ་རྡོག་འགའ་གཡོར་རོགས།
སྟོན་ཟླ་བརྒྱད་པའི་ནང་།
དུད་འགྲོར་ཁས་ལེན་ཡོད་པ་བཞིན།
སྐྱིན་ཚབ་ཀྱི་སྒང་ལ་སྐྱེད་ཀ་སྟེར།
ཁོང་གིས་ཁག་ཐེག་བྱས།
གྲོག་མ་གཡོར་མཁན་ཞིག་མ་རེད།
དེ་ནི་ཁོང་གི་སྐྱོན་ཆ་ཡིན་པ་རེད།
ཁྱོད་ཀྱིས་ནམ་ཟླ་ཡག་དུས་ག་རེ་བྱས་པ་ཡིན་ནམ།
ཁོང་གིས་འབྲུ་རྡོག་སྐྱི་མཁན་ལ་དེ་ལྟར་བཤད།
ཉིན་མཚན་སླེབས་ཐེངས་རེར།
ངས་གླུ་དབྱངས་བླངས་པ་ཡིན།
དགོངས་འགལ་མེད་པ་གནང་རོགས།
ཁྱོད་ཀྱིས་གླུ་དབྱངས་བླངས་པ་ཡིན་ནམ།
ང་དགའ་པོ་བྱུང་།
ཨུ་ནས། ད་ཞབས་བྲོ་འཁྲབ་རོགས།
“La Cigale et la Fourmi”
La cigale ayant chanté
Tout l’été,
Se trouva fort dépourvue
Quand la bise fut venue :
Pas un seul petit morceau
De mouche ou de vermisseau.
Elle alla crier famine
Chez la fourmi sa voisine,
La priant de lui prêter
Quelque grain pour subsister
Jusqu’à la saison nouvelle.
« Je vous paierai, lui dit-elle,
Avant l’août, foi d’animal,
Intérêt et principal. »
La fourmi n’est pas prêteuse :
C’est là son moindre défaut.
« Que faisiez-vous au temps chaud ?
Dit-elle à cette emprunteuse.
— Nuit et jour à tout venant
Je chantais, ne vous déplaise.
— Vous chantiez ? J’en suis fort aise :
Eh bien ! Dansez maintenant. »
The Ant and the Grasshopper
The cicada (cricket) having sung
All summer long,
Found herself most destitute
When the north wind blew :
Not even one little morsel
Of fly or worm.
She went to plea her famish
To her neighbor the ant,
Begging her to lend her
A little grain so she’d survive
Until the new season.
“I shall pay you, she told her,
Before the harvest*, animal’s oath,
Interest and principal.”
The ant is not a lender :
This is the least of her faults.
“What were you doing during the warm season ?
She asked this borrower.
— Night and day, to anyone
I sang, please you if it may.
— You sang ? I’m delighted :
Well, dance now.”
འགྱུར་ཡིག་ནི། བོད་ཡིག་ཏུ་བསྒྱུར། བོད་སྐད་དུ་འགྱུར། འདི་གཉིས་ཀྱི་ཕྱི་མ་དེ་ཡིན་དགོས། འགྱུར་སྙན་ཙམ་བྱུང་།