གནས་ཚུལ་མཁོ་འདོན་པཿ གཞུང་པ་བསོད་ནམས།
ཟླ་འདིའི་ཚེས་༣ཉིན་ཨ་མཆོག་ཉེན་
ལྷ་འབུམ་ཐང་རི་འགབ་མ་ནས་ཡིན་པའི་གྲྭ་དགེ་འདུག་རྒྱ་མཚོ་ནི་རང་ལོ་༤༧་ཡས་མས་དང་། མ་མིང་ལ་བསོད་ནམས་འཚོ་ཟེར། ཀད་ཀྱ་སྡེ་བ་ནས་ཡིན་པའི་གྲྭ་བློ་བཟང་འཕགས་པ་ནི་ཐོག་མར་རྔ་བ་རྐིཏི་དགོན་པ་ནས་གྲྭ་བ་བྱས་ཤིང་། ༢༠༡༠རྗེས་ནས་རྔ་བ་ས་ཁུལ་ནས་མ་ཡིན་པའི་གྲྭ་བ་ཚོ་རང་རང་སོ་སོའི་ས་གནས་སུ་མི་འདོད་བཞིན་བཙན་གྱིས་ཕྱིར་ཕུད་བཅས་ཤིང་དེ་ནས་བཟུང་འབོ་ར་དགོན་པ་ནས་སློབ་གཉེར་བྱས་ཤིང་། ད་ལྟ་རང་ལོ་༣༤དང་། ཕ་མིང་ལ་མཁར་བྱམས་རྒྱལ་དང་། མ་མིང་ལ་ཆོས་སྐྱོང་འཚོ་ཟེར་ཞིང་། མིང་སྲིང་དྲུག་ཡོད་པ་ལས་ལྔ་བ་དེ་ཡིན་ལ། ཕྱི་ལོ་༢༠༠༤ལོར་རྒྱ་གར་དུ་ཐོག་དང་བོ་བྲོས་བྱོལ་དུ་ཡོང་སྐབས་ལམ་བར་ནས་འཛིན་བཟུང་བྱས་ཏེ་གཞིས་ཀ་རྩེ་ནས་བཟུང་ཁྲིམས་ཁང་བརྒྱུད་དེ་ཕྱིར་བསང་ཆུ་རྫོང་དུ་འབྱོར་ཏེ་ཟླ་ཤས་རིང་བཙོན་འཇུག་བྱས་མཐར་རྒྱ་སྒོར་༥༠༠༠་གི་ཆད་པ་བཅད་དེ་ཕྱིར་བཏང་འདུག
སྦོག་ཚ་སྡེ་བ་ཆེ་བོ་ནས་ཡིན་པའི་གྲྭ་འཇམ་དབྱངས་བཟོད་པ་ནི་རང་ལོ་༢༥་དང་། ཕ་མིང་ལ་འཇམ་དབྱངས་རྒྱ་མཚོ་དང་། ཨ་མའི་མིང་ལ་དཀོན་མཆོག་སྐྱིད། ཁོང་རང་འཛིན་གྲྭའི་ནང་གི་སློབ་གཉེར་ཡག་ཤོས་གྲངས་ཡིན་འདུག རྩྭ་ས་སྡེ་བ་ནས་ཡིན་པའི་གྲྭ་འཇམ་དབྱངས་བློ་གྲོས་ནི་རང་ལོ་ཉི་ཤུ་ལྷག་ཡིན་པ་དང་། ཕ་མིང་ལ་གདུགས་དཀར།
ནོར་ལུང་གོང་མ་ནས་ཡིན་པའི་གྲྭ་འཇམ་དབྱངས་རྒྱ་མཚོ་ནི་རང་ལོ་ཉི་ཤུ་ཙམ་དང་། ཕ་མིང་ལ་སྙིང་ལྕགས་བྱམས་དང་། མ་མིང་ལ་ཀླུ་མོ་འཚོ་ཟེར། ཁོ་ལ་སྤུན་མཆེད་གཅིག་ཡོད།
གོང་གསལ་གྱི་གནས་ཚུལ་འདི་དེ་རིང་བར་དུ་རྒྱུས་ལོན་བྱེད་མ་ཐུབ་པ་དང་། རྒྱུ་མཚན་ནི་བོད་ཡུལ་གྱི་ས་གནས་གང་དུ་རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་མེར་བསྲེགས་ཀྱི་ལས་འགུལ་བྱུང་ན་དེར་དམ་དྲགས་ཤུགས་ཆེན་ཡོད་པ་ལྟར་ཕྱི་ཟླ་༡༠་བའི་ཚེས་༢༠ཉིན་རྒྱལ་གཅེས་པ་ལྷ་མོ་སྐྱབས་ལགས་ཀྱི་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་བྱས་པ་ནས་བཟུང་འབོ་ར་ས་གནས་ཡོངས་དང་ཁྱད་པར་དུ་དྲག་ཆས་སྤྲས་པའི་ཉེན་རྟོག་པ་དང་དམིགས་བསལ་ཉེན་རྟོག་པ་སོགས་ཀྱིས་འབོ་ར་ དགོན་པའི་ཕྱི་ནང་བར་གསུམ་སྐོར་ཏེ་དམ་དྲགས་ཧ་ཅང་ཆེ་བར་མ་ཟད། རྒྱ་གཞུང་གིས་བཙན་བཀའ་བཏང་བའི་གཙོད་དང་བླ་བྲང་རྨ་ཆུ་སོགས་ས་གནས་གཞན་དུ་ཡོད་པའི་བོད་རིགས་ལས་བྱེད་པ་ཚོར་ས་ཁུལ་འདི་གར་ཆེད་དུ་མངགས་ནས་གྲོང་ཚོ་ཁག་ལ་སློབ་གསོ་གཏོང་གིན་འཇུག་པ་དང་། ཉིན་མཚན་གཉིས་ཀར་སྐོར་སྲུང་བྱེད་ནས་ཁ་པར་དང་བརྡ་འཕྲིན་གྱི་རིགས་དུས་ཡུན་ཟླ་གཉིས་ཙམ་གྱིས་རིང་ཚོད་འཛིན་དང་བཀག་སྡོམ་འོག་ཡོད་པས་དུས་ད་ལྟའང་ས་གནས་དེ་གར་འབྲེལ་གཏུགས་བྱེད་རྒྱུར་ཧ་ཅང་ཁག་པོ་ཡོད་པ་བཅས།
༼པར་འདི་དུས་བབ་དྲ་ངོས་ནས་འདྲེན་བཀོད་ཞུས༽
ཆོས་ས་ཆོས་ཡུལ་ཞིག་ནས་ཆོས་མེད་ཀླ་ཀློ་དེ་ཚོས་བོད་མི་རིགས་འདི་ལ་གདུག་རྩུབ་ཚོད་མེད་བྱེད་པའི་ལས་ལ་ངོ་རྒོལ་དང་། ཤ་འཁོན་ཡོད། དྲག་ཆས་ཀྱི་གཡུལ་ས་འཛིན་མ་ཐུབ་ཡང་། མི་རིགས་ཀྱི་གཡུལ་ས་བཤམ་ནས་ཁྱེད་ཚོ་དུས་གཏན་དུ་བོད་ན་འདུག་ས་ཞིག་ཨེ་ཡོད་ལྟ་ཆོག།
ང་དགུའི་སྐབས་སུ། བོད་མི་དཔའ་བོ་ཞིག་གིས་ལྷམ་སྒྲོག་དེ་བསྡམ་པར་བྱས་ཤིང་སྐེ་རེགས་ཀྱང་དྲ་མ་ཞིག་བསྡམས་ཏེ་
ཀི་ཧི་ཀི་ཧི་ཀི་ཧི་ཞེས་ལན་ཁ་ཤས་ཞིག་རྒྱབ་སྟེ་ལ་དགུ་ལུང་དགུ་རྒྱབ་སྟེ་བྲོས་འདུག་ཟེར
གཞིས་ལུས་བོད་མི་ཚོར་རྒྱ་དམར་ཚང་གིས་འདུག་གི་མ་བཅུག་པའི་སྲིད་བྱུས་སྡུག་རྩུབ་འདིའི་འོག་མེར་བསྲེགས་དང་འཛིན་བཟུང་།བཅར་རྡུང་སོགས་ཀྱི་དཀའ་སྡུག་ཅི་འདྲ་བྱུང་ཡང་།བདེན་དོན་རྒྱལ་ཁ་དེ་ཇི་སྲིད་ནམ་ཐོབ་པར་རི་བོ་ཧི་མ་ལ་ཡ་དང་འགྲོགས་ནས་སྙིང་སྟོབས་དེ་གནས་ངེས།