ཡི་གེར་ཕབ་མཁན་བློ་བཟང་བསྟན་འཛིན།་
མདོ་སྔགས་གི་དྲི་བ་དང་། བཀའ་ཁྲིའི་ལྗགས་ལན།
ཁ་སྔོན་ཉེའུ་ཡོག་ཏུ་༧དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་ལ་དྲི་བ་ཁ་ཤས་ཕུལ་མཁན་བྱུང་ཡོད་པ་དང་།་དེའི་ཁྲོད་ལས་སྐུ་ཞབས་མདོ་སྔགས་ལ་ལྗགས་ལན་རིང་པོ་གཅིག་གནང་སོང་། ལྗགས་ལན་དེའི་ཞོར་དུ་གནས་ཚུལ་ཁ་ཤས་བྱ་རྡོ་ལམ་འཕྲད་ཇི་བཞིན་རྟོགས་བྱུང་བ་ཁག་ནི་འདི་ལྟར།
སྐུ་ཞབས་མདོ་སྔགས་ཀྱི་འདྲི་བ་དེ་བོད་ནང་གི་འདྲི་བ་ཡིན་ཞེས་དྲིས་སོང་།
བརྙན་ཕབ་ཀྱི་དུམ་མཚམས་སྐར་མ
41:27 མདོ་སྔགས་ཀྱི་སྐད་ཆ། ༼ངའི་འདྲི་བ་འདི་བོད་ནང་གི་འདྲི་བ་གཅིག་ཡིན། བོད་ནང་གི་རང་ལུས་མེར་བསྲིགས་བཏང་མཁན་བོད་ཀྱི་རྒྱ་ཆེའི་མི་དམངས་ཀྱི་དོན་དུ་བོད་ཀྱི་བདེན་དོན་གྱི་ཆེད་དུ་རང་སྲོག་མེ་ལ་བཏང་མཁན་གི་གྲངས་འབོར་གྱི་ཆ་ནས་ཡིན། མིའི་ངོ་བོའི་ཆ་ནས་ཡིན། ཁ་སང་རྡོ་རྗེ་གདན་ལ་༧སྐྱབས་མགོན་རིན་པོ་ཆེ་དབུ་བཞུགས་ཐོག་བོད་ཀྱི་བླ་ཆེན་དགེ་འདུན་མང་པོ་ཞིག་གི་མདུན་དུ་མིང་སྒྲོག་སྦྱངས་གནང་དུས་དང་པོ་དེ་རང་ལུས་མེར་བསྲིགས་བཏོང་མཁན་དང་པོ་བཀྲ་ བྷེའི ་ལགས་ཀྱི་མཚན་བཏོན་མ་སོང་། དེའི་སྐོར་གྱི་བསམ་ཚུལ་དེ་བོད་ནང་དུ་ཤུགས་ཆེན་པོ་ཞེ་པོ་ཞིག་ཡོང་འདས་ཀྱི་འདུག་་་་་་་དེའི་རྗེས་ལ་པེ་ཅེན་ནས་ཡང་སྐུ་ངོ་མཆོག་ལ་ལན་དེ་འདྲ་འབྱོར་འདས་ཡོད་རེད། དེ་རིང་ཡང་བཀྲ་ བྷེའི མཚན་གསུང་མ་སོང་་་་་་་ཆེད་དུ་མངགས་ནས་གསུང་མ་བདེ་བ་ཡོད་རས་ཡང་ན་རྒྱུ་མཚན་གཞན་ཡོད་རས།་་་་་༽
༧ དཔའ་ལྡན་བཀའ་བློན་ཁྲི་པོའི་ལྗགས་ལན།
བཀའ་ཤག་གི་གསལ་པོ་ཤེས་ཀྱི་ཡོད་རེད་གསུངས་པ་དང་དེ་ཁྲོད་འདི་ལ་དུམ་མཚམས་ཕྱིས་ནས་བྲིས་ན།
བརྙན་ཕབ་དུམ་མཚམས་སྐར་མ།
46:00༼ངས་ཡིག་གེ་ཀློག་མཁན་དེ་ང་ཡིན། ངས་ཀློག་པའི་སྐབས་ལ་༢༠༡༡ནང་ཧ་གོ་བའི་ནང་ལོག་ནས་བྱས་བྱས་མིང་རིམ་པས་བཀླགས་ཡོད། ་་་་་་་ ཡག་པོ་བྱས་ནས་གཟིགས་དང་། ༽ དེ་ནས་བརྙན་ཕབ་དུམ་མཚམས་ ༤༨༤༤ ༼ཕྱོགས་གཅིག་ནས་ཐུགས་ཁག་ཡོད་མ་རེད་ད་བོད་སྐད་ཡག་པོ་མ་གོ་བ་ཡིན་ན། ད་ཏ་བྷེ་༼བཀྲ་ བྷེའི་༽འབོད་མ་སོང་གསུངས་འདོག་ཁག་པོ་རེད།
ཕྱོགས་གཉིས་ནས་བློ་ཕམ་ཡོད་་་་་་ནོར་བ་གཅིག་ལ་ནོར་སོང་གང་མི་མཛད་ཡིན། ་་་
བརྙན་ཕན་དུམ་མཚམས་༥༢༥༨༼ཡིན་པ་དེ་ལ་ངོས་འཛིན་བྱས་དེེ་ནས་ཏ་བྷེ༼བཀྲ་ བྷེའི་༽ཆད་བཞག་ཟེར་ན་འགྲིག་གི་ཡོད་རེད་པ། མ་རེད་ད། གང་མིན་མཛད་ཡིན་ཏ་བྷེ༼བཀྲ་ བྷེའི་༽འབོད་མི་འདུག་་་་༽
ད་ལན་གྱི་༧ དཔལ་ལྡན་བཀའ་བློན་ཁྲི་པའི་ལན་དེ་ནི་ཞོར་ལ་བོད་ཀྱི་རྩོམ་བྲིས་མཁན་འོད་ཟེར་ལགས་ལ་གསུངས་ཀྱི་ཡོད་པ་ནི་དངོས་གསལ་འདོད་པོ་རེད།
གང་ཡིན་ཟེར་ད་ད་བར་ཁ་གསང་པོར་བཀྲ་ བྷེའི་མཚན་འབོད་ཡོད་མེད་སྐོར་ཐད་ཀར་ཡིག་ཐོག་ནས་སྐད་ཆ་འདྲི་མཁན་ཁོང་ལས་བྱུང་མེད།
རྒྱུ་མཚན་གཞན་ནི་སྐུ་ཞབས་མདོ་སྔགས་ལགས་ཀྱིས་པེ་ཅེན་ནས་དྲིས་ཡོད་རེད་ཟེར་བ་དང་གཅིག
བཀའ་བློན་ཁྲི་པ་མཆོག་གིས་བོད་སྐད་ཡག་པོ་མ་གོ་ཙང་གསུངས་དོན་དང་གཉིས།
ད་དུང་བཀའ་བློན་ཁྲི་པ་མཆོག་ནས་གསུངས་བར་༼ ཡིན་པ་དེ་ལ་ངོས་འཛིན་བྱས། དེེ་ནས་ཏ་བྷེ༼བཀྲ་ བྷེ༽ཆད་བཞག་ཟེར་ན་འགྲིག་གི་ཡོད་རེད་པ། མ་རེད་ད། གང་མི་མཛད་ཡིན་ཏ་བྷེ་༼བཀྲ་ བྷེ༽འབོད་མི་འདུག་་་་ ༽དེའི་གོ་དོན་ནི་མཆོད་འབུལ་སྨོན་ལམ་ཐོག་མི་བཅུ་གཉིས་ཀྱི་མིང་འབོད་པ་དེ་ལ་རྗེས་སུ་ཡིད་རངས་བྱས་མ་བྱུང་བས་བློ་ཕམ་ཡོད་པ་དེ་ལ་ཟེར།
འོན་ཀྱང་བཀའ་ཁྲི་མཆོག་གིས་སྐར་མ་ལྔའི་དུས་ཚོད་སྤྱད་ཏེ་འོད་ཟེར་ལགས་ཀྱི་རྩོམ་དེ་བཀླགས་ཡོད་ཚེ་ད་ཚོད་ངར་ཤུགས་དང་ཁོང་ཁྲོ་སྟོན་དགོས་དོན་མེད་པར་མཐོང་། དེ་ན་འོད་ཟེར་ལགས་ཀྱིས་འདི་ལྟར་གསུངས་འདུག
༼ཟླ་༡ ཚེས་ ༤ ཉིན། དུས་དབང་ཉིན་བཞི་བའི་སྔོན་འགྲོའི་གསུང་ཆོས་གྲུབ་རྗེས། གསར་དུ་འོས་འདེམས་བྱས་པའི་བཀའ་བློན་ཁྲི་བ་(བཙན་བྱོལ་བོད་པའི་སྲིད་བློན།) བློ་བཟང་སེང་གེ་ལགས་ཀྱིས་གསུང་བཤད་གནང་། ཁོང་གིས་བོད་ནང་རང་ལུས་མེར་སྲེག་གནང་མཁན་གྱི་བོད་མིའི་དཀའ་སྡུག་མནར་གཅོད་གསེད་བཀྲོལ་གནང་བར་བཀའ་དྲིན་དང་། རང་ལུས་མེར་སྲེག་གཏོང་མཁན་ཚོའི་མཚན་དང་། དགུང་ལོ་སོགས་རེ་རེ་བཞིན་བཀླགས་པ་ལའང་ཐུགས་རྗེ་ཆེ་ཞུ། ༽ བཀའ་བློན་ཁྲི་བས་ག་རེ་བྱས་ནས་བཀྲ་བྷེའི་མིང་མ་བཀླགས་པ་ཡིན། ཅེས་པའི་རྩོམ་ལས་ལུངས་དྲངས།
གནས་ཚུལ་འདི་ལ་བལྟས་ན་བཀའ་ཁྲིས་འོས་ཟེར་ལགས་བོད་སྐད་ཡག་པོ་གོ་གི་མེད་ཙང་ཟེར་བའི་ཁེངས་དྲེགས་བྱས་པ་ལས་དོན་དངོས་ཐོག་བཀའ་ཁྲི་མཆོག་གི་འབངས་མི་དམངས་ཀྱི་བདེ་སྡུག་ལ་ཉན་འདོད་མེད་པ་ཙམ་མ་ཟད། མེ་འདའི་ཁ་རུ་གནས་ཤིང་རང་མི་རིགས་ཀྱི་བདེ་སྡུག་སྨྱུག་རྩེར་ལེན་མཁན་གྱི་རྩོམ་བྲིས་མཁན་འོད་ཟེར་ལགས་ལ་མཐོང་ཆུང་དང་ཁྱད་ཟོད་གནང་བ་ཡིན་པ་མངོན་ཐུབ།
གཅིག་བྱས་ན་བློ་བཟང་སེང་གི་བཀའ་བློན་ཁྲི་པའི་འོས་མི་ནས་བཀའ་བློན་ཁྲི་པའི་འགན་འཁུར་བའི་དུས་ཚོད་དེ་ནས་བོད་མི་ཚོས་ཁོང་ལ་བརྒྱབ་སྐྱོར་མཚོན་ཆེད་རང་ལུས་མེར་བསྲིགས་བཏོང་འགོ་ཚུགས་པ་རེད་ཞེས་པ་བོད་ ཀྱི་ལོ་རྒྱུས་ཐོག་འཁོད་ཨེ་ཐུབ་ལྟ་བའི་བསམ་བློ་དེ་བཀའ་བློན་ཁྲི་པ་བློ་བཟང་སེང་གི་མཆོག་ལ་མེད་པ་མི་སྲིད། ཁོང་གི་འཆར་གཞི་འདི་ཡང་ཡིན་སྲིད།
རྒྱུ་མཚན་ནི།
འབོད་སྒྲ་གཉིས་དེ་ངས་བཤད་པ་ཡིན“འོས་བསྡུ་ལངས་པའི་སྐབས་ལ་འོས་མི་ང་ཡིན། ངས་བཤད་པ་ཡིན།
དེ་ནི་བརྙན་ཕབ་ཀྱི་དུམ་མཚམས་སྐར་མ། 50:10ནས་50:36བར།
༼བོད་ལ་རང་དབང་བསྐྱར་བཟོ་བྱེད་ཡག
༧གོང་ས་མཆོག་བོད་ལ་གདན་འདྲིན་ཞུ་དགོས། འབོད་སྒྲ་དེ་གཉིས་ངས་བཤད་པ་ཡིན།༽
ད་དུང་དཔའ་བོ་ཕུན་ཚོགས་ལགས་༢༠༡༡།༣།༡༦ཉིན་རང་ལུས་མེར་བསྲིགས་པ་དང་། དེ་ནི་༧གོང་ས་མཆོག་གི་ཆབ་སྲིད་སྐུ་དབང་ཆ་ཚང་སྤྲོད་ཀྱི་ཡིན་གསུངས་པའི་རྗེས་ལ་རེད། ༣།༢༠ཉིན་བཀའ་བློན་ཁྲི་པ་འོས་འདེམས་བྱུང་བ་རེད། ངས་བཤད་པའི་འབོད་སྒྲ་དེ་གཉིས་རིམ་པས་སྐུ་ལུས་མེ་ལ་ཕུལ་མཁན་ཚོས་འབོད་སོང་།
བཀའ་ཁྲི་མཆོག་གི་བཀའ་མོལ་གསུངས་ཕྲོད་དེ་ལས་གནས་དོན་མང་པོ་ཞིག་རྟོགས་ཐུབ།
ད་དུང་རྒྱུ་མཚན་གང་ཞིག་ལ་བརྟེན་ནས་འདྲི་བ་འདི་ལ་ཁོང་གི་ངར་ངར་ཤུབ་ཤུབ་གནང་དགོས་ཡོད་དམ།
བྱས་པ་ཅན་གྱི་འོད་ཟེར་ལགས་ལ་བོད་སྐད་ཡག་པོ་མ་ཤེས་པའི་ཕྱ་དམོད་གནང་གི་ཡོད་དམ།
བོད་ནང་ལ་གནས་ཚུལ་དེའི ་ཐོག་བསམ་ཚུལ་མང་པོ་འདུག་ཟེར་བ་དེ་ལ་ཁ་ཡ་མི་གནང་བ་གང་ཡིན་ནམ།
གཅིག་བྱས་ན་གནས་ཚུལ་དེ་ཆེན་པོ་མིན་སྲིད།
འོན་ཀྱང་མི་གཅིག་གི་རང་སྲོག་མི་རིགས་ཤིག་དང་རྒྱལ་ཁབ་ཆེད་ཕུལ་བ་དེ་ནི་གནས་ཚུལ་ཆུང་ཆུང་མིན་ལ། མ་ཎི་དང་མཆོད་ཕུལ་ནི་རང་དབང་ལུང་པར་ག་དུས་ཡིན་ཡང་གནང་བའི་གོ་སྐབས་ཡོད།
བརྙན་ཕབ་དེ་ལས་འདྲི་བ་དྲིས་མཁན་སྐུ་ཞབས་པད་མ་ཟླ་ཆོས་ལགས་ཀྱི་འདྲི་བ་འདི་འདྲ་ཞིག་དྲིས་ཡོད་པ་འདྲ།
༼བཀའ་བློན་ཁྲི་པས་ག་རེ་གནང་ཡག་ཡོད།༽ཁོང་གིས་གསུངས་པའི་འདྲི་བ་དེ་ཉན་རྒྱུ་མིན་འདུག་མོས་བཀའ་བློན་ཁྲི་པས་ལྗགས་ལན་གནང་སྐབས་བསྐྱར་ཟློས་གནང་སོང་།
བརྙན་ཕབ་དུམ་མཚམས་06:02༼བཀ འ་བློན་ཁྲི་པ་ག་འདྲ་ཟེར་ཆགས་པ་རེད་ཟེར་ན་མི་དམངས་ཀྱིས་འོས་ཤོག་བླུགས་ནས་རྒྱབ་སྐྱོར་བྱས་ནས་ཆགས་པ་མ་གཏོགས། དོ་བདག་ང་འདུག་ཟེར་ལངས་བཞག་པ་མ་རེད།༽་་གནས་ཚུལ་འདི་ནི་ཁོང་གི་ལས་ཀའི་འཆར་གཞི་དང་། མ་འོངས་པར་ག་རེ་གནང་ཕྱོགས་ཐོག་སྐད་ཆ་ཐད་ཀར་དྲིས་པ་ཞིག་རེད་འདུག། དེ་ལ་ནི་ལན་དེར་ཁོང་རང་གི་བཀའ་ཁྲིར་ལངས་རྒྱུ་མ་བྱུང་ཟེར།
ལོ་ངོ་ལྔ་དེའི་ནང་སྟོད་བསྔགས་དང་གདེང་འཇོག་ངོས་ལེན་བྱེད་པ་ལས་སྐྱོན་བརྗོད་དང་། ཐེར་འདོན་མི་གནང་རོགས་ཞུ་བའི་འབོད་སྐུལ་གནང་སོང། འབོད་སྐུལ་དེ་ནི། རྒྱལ་ཁབ་ཅིག་གི་འགོ་ཁྲིད་ལ་མཚོན་ན། གདེང་ཚོད་མེད་པ་དང་། གཏན་པོ་མེད་པ། བློ་རྒྱ་ཆུང་བ། རང་སྐྱོན་ངོས་ལེན་མི་ཐུབ་པའི་སྐྱེས་བོ་ཞིག་ཡིན་པའི་རང་རྟགས་རེད། ལོ་ངོ་ལྔ་ནི་སྒྱུ་མ་མཁན་གྱི་རང་གི་མིང་ཁོ་ནའི་ཆེད་མིན་པར་ཤོག
བདག་ནི་དཔལ་ལྡན་བཀའ་ཁྲི་མཆོག་ལ་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་དང་ཞབས་འདེགས་ཞུ་མཁན་གྱི་འབང་མི་ཆུང་ཆུང་ཞིག་ཡིན། འོན་ཏེ་གནས་ཚུལ་འདི་ཡི་ཐད་བཀའ་ཁྲི་ལ་དྭངས་ལེན་ཞུ་མི་ཐུབ་ཏེ་རྒྱལ་གཅེས་དཔའ་བོའི་ཚེ་སྲོག་གི་རིན་ཐང་དང་སྙིང་སྟོབས་མཛང་མས་ལྷག་བསམ་གྱི་ལེགས་བཤད་དག་ལ་བདག་སྤྲོད་མི་བྱེད་པ་རང་ཉིད་ཀྱི་ནོར་འཁྲུལ་སྦས་ཆེད་དེ་དག་འབུར་འཇོམས་བྱེད་པའི་བྱ་སྤྱོད་འདི་ནི་སྲིད་དབང་སྒེར་སྤྱོད་ཀྱི་ལམ་ལུགས་དང་གཉིས་སུ་མ་མཆིས། གལ་སྲིད་ཁྱེད་ཉིད་མི་དམངས་ཀྱི་བདེ་སྡུག་སེམས་ལ་ཡོད་མཁན་དང་མི་རིགས་ཀྱི་ཆེད་དུ་ཕྱག་ལས་ངོ་མ་ཞིག་མཛད་དགོས་སྙམ་པའི་སྤོབས་པ་ཡོད་ན་ནོར་འཁྲུལ་ངོས་ལེན་དང་རྒྱལ་གཅེས་དཔའ་བོ་བཀྲ་བྷེའི་ནང་མི་དང་རྒྱ་ཆེན་བོད་མི་ཡོངས་ལ་དགོངས་དག་ཞུ་དགོས། དེ་ལྟར་མཛད་ཚེ་ཁྱེད་རང་ཉིད་ཀྱི་སྙན་གྲགས་ལ་ཕན་པ་ལས་གནོད་པ་མི་འགྱུར་བ་ནི་ཨ་རིའི་སྲིད་འཛིན་སྔ་ཕྱི་དག་གིས་གནད་དོན་མང་པོའི་ཆེད་དུ་མི་སེར་ལ་དགོངས་དག་ཞུས་སྟབས་མི་མང་ནས་བརྩི་བཀུར་ཆེ་རུ་སོང་བའི་ལོ་རྒྱུས་འདིས་བདེན་དཔང་བྱེད་ཐུབ། འཛམ་གླིང་སྟེང་གི་སྐྱེ་བོ་གང་ཞིག་ཡིན་ཡང་ནོར་འཁྲུལ་ཡོང་སྲིད་པས་ནོར་འཁྲུལ་ངོས་ལེན་བྱེད་ཐུབ་ཚེ་གནད་དོན་ཐག་གཅོད་ཐུབ་པའི་ཐབས་ལམ་གྱི་ཁ་ཕྱོགས་རྙེད་ངེས། དེ་ལྟར་མ་ཡིན་པ་རང་ཉིད་ཀྱི་ནོར་འཁྲུལ་སྦེད་བསྐུང་དང་དེ་དང་ཁ་གཏད་གྱུར་པ་ཚང་མར་སྐྱོན་བརྗོད་ཁོ་ན་བྱེད་པའི་ལམ་ལུགས་འདི་གུང་ཁྲན་ཏང་བྱ་སྤྱོད་ལས་བརྒལ་མེད། བཀའ་ཁྲི་མཆོག དཔལ་ལྡན་སྲིད་སྐྱོང་། སྙིང་གི་སྐད་ཆ་ཡིན།
བོད་ཀྱི་སྲིད་སྐྱོང་ཁོང་ནས་བསམ་བཞིན་དུ་དང། ་ཆེད་དུ་དཔའ་པོ་དམ་པ་དེའི་མཚན་མ་བཀླགས་པ་མིན་པ་ཤོག ང་ཚོས་ཁོང་དང་འོད་ཟེར་ལགས་གཉིས་ཀྱི་དབར་ལ་མ་དཀྲུག་ན་བཟང་། འབུར་དུ་འཐོན་པའི་བོད་མི་གྲགས་ཅནགཉིས་དགྲ་ཁ་གཏད་ཆགས་ན་། གནས་སྟངས་དེ་གང་འདྲ་ཡོང་གི་རིད། མི་ལ་ནོར་འཁྲུལ་མེད་པ་སུ་ཡང་ཡོད་མ་རེད། ལེན་གཅིག་གུ་ཡང་གཏོང་ན་ག་འདྲ་འདུག
བོད་ནང་གི་བོད་མི་ཚོས༼རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་༽ཞུ་བའི་འབོད་སྒྲ་འདི་ནི། བཀའ་ཁྲི་མཆོག་གིས་མ་དྲན་མ་གླེང་སྔོན་ནས་གླེང་བཞིན་པ་ཞིག་རེད། དུས་ཚོད་ཉེ་ས་ཞིག་ལ་བལྟས་ནས་བཤད་ན། ཉིས་སྟོང་བརྒྱད་ལོར་༼གོང་ས་གདན་ཞུ༽༼རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས༽ཞེས་འཕྲེད་དར་ཡང་འཕྱར་ཡོད་པ་རེད། ཡུལ་ཤུལ་ས་ཡོམ་སྐབས་སུ་༼གོང་ས་མཆོག་བོད་ལ་ཕེབས་འཇུག་དགོས་ཞེས་༼རྒྱ་གཞུང་ལ་སྙན་ཞུ༽ཡང་ཕུལ་ཡོད་པ་རེད། བཀའ་ཁྲི་མཆོག་གིས༼གོང་ས་མཆོག་བོད་ལ་གདན་འདྲེན་༽ནི་ཁོ་རང་གིས་དྲན་པ་ཞིག་དང་། ཁོང་རང་གིས་གླེང་བའི་རྗེས་ལ་རང་ལུས་མེར་སྲེག་གཏོང་མཁན་ཚོའི་སྐད་འབོད་ཀྱི་འབོད་ཚིག་ཏུ་སླེབས་པ་འདྲ་ཞིག་བཤད། ད་དུང་དུས་ཚོད་ཅིག་ཀྱང་གུང་བསྒྲིག་ནས་གསུང་འདུག་སྟེ། ཧམ་བཤད་ཆེ་དྲག་འདུག ངས་བཀའ་ཁྲི་ལ་སྐྱོན་འཛུགས་བྱས་པ་མིན། སྐད་ཆ་དྲང་མོར་བཤད་རྒྱུ་འདི་ཚང་མར་འགན་ཡོད་པ་ཞིག་ཆགས་ཡོད་པ་རེད།
བརྙན་འཕྲིན་འདིར། ངས་ཆ་ཚང་བལྟས་པ་ཡིན། སྐུ་ཤོག་མདོ་སྔགས་ལགས་ཀྱི་དྲི་བ་ཡག་པོ་བྱུང་འདུག་ལ། དྲི་བའི་རྒྱབ་ལྗོངས་ཀྱང་བཟང་གི། གང་ཡིན་ཟེར་ན། བོད་ཀྱི་རྩོམ་པ་པོ་གྲགས་ཅན་ལགས་ཀྱིས་དེ་འདྲ་གསུངས་ཡོད་པ་རེད།
ཨོ་་་་་་་འདི་ནས་ཁྱད་མཚར་ཞིག་ལ། བཀའ་ཁྲི་ངར་རང་རྫིགས་རྫིགས་ཞེ་བོས་བྱས་སོང་། ད་རུང་མི་མང་ཉན་མཁན་རྣམ་པའི་ངོས་ནས་འུར་འགྲོགས་ཆེན་པོ་བྱས་སོང་། དེ་ནི། ཧ་ལས་དགོས་པ་ཞིག་རེད་ད།
ལྷོ་པ་ལུང་རིགས་ཀྱི་གསུངས་པ་བཞིན། ངས་ཀྱང་ཁ་སྔོན་ནས་འབོད་སྒྲ་དེ་གཉིས་ཁོང་གིས་གསར་དུ་གསུངས་པ་མིན།་ ད་དུང་བོད་ནང་དུ་འབོད་སྒྲ་གཞན་ཞིག་ནི། བོད་མིའི་སྐྱིད་སྡུག་མཉམ་མྱོང། བཙན་བྱོལ་ནང་དུ་གཞིས་བྱེས་བོད་མི་མཉམ་འཛོམས། ཞེས་པའི་འབོད་སྒྲ་དེ་གཉིས་གཅིག་མཚུངས་ལྟར་རེད། ན་ནིང་བཀའ་ཁྲི་མཆོག་ནས་བོད་དོན་བསྐོར་ལ། སྐབས་དང་དུས་བསྟུན་པ་ཞེས་སྙན་པོ་ཞིག་བཤད་སོང་། ད་དངོས་ནས་བྱས་ན་ད་ལྟའི་དུས་ཚོད་འདི་སྐབས་དང་དུས་དེ་སླེབས་སོང་། རྒྱུ་མཚན་གང་ཡིན་ཞེ་ན། ད་ལྟ་བོད་ནང་བོད་མི་གཅིག་རྗེས་གཉིས་མཐུད་ལུས་སྲོག་འབུལ་གྱི་ཡོད་རེད། སྐུ་ངོ་མཆོག་ལ་སྐབས་དང་དུས་སླེབས་སོང་ཞེས་སྐད་གསང་མཐོན་པོའི་སྒོ་ནས་ཞུ་གི་ཡོད། དེ་མ་མཏོགས་སྐབས་དང་དུས་གཞན་འཚོལ་རྒྱུ་མེད། ཉེ་འཆར་ནིའ་ཡོརྐ་དུ་བཀའ་་ཁྲིིར་དྲི་བ་གཞན་ཞིག་ནི། ང་ཚོ་བོད་ནང་ཛ་དྲག་གི་གནས་ཚུལ་ད་ལྟ་ཐོན་དང་འཐོན་བཞིན་པ་རེད། བཀའ་ཤག་གི་ངོས་ནས་ལས་དོན་ག་འདྲ་ཞིག་བྱེད་རྩིས་ཡོད་ཅེས་དྲིས་སོང་། གུས་པའི་བསམ་པར་ལན་ཡག་པོ་ག་འདྲ་ཞིག་གནང་རྩིས་ཡོད་ན་བསམ་བྱུང་། དེའི་ལན་དུ་བཀའ་ཤག་གཅིག་པུའི་ལས་མ་འགན་མ་རེད། ང་ཚོ་ཚང་མའི་ལས་འགན་རེད་ཞེས་བཀའ་ལན་གནང་སོང་། བསམ་བློ་ཞིབ་མོར་གཏང་ན། དེ་་ཁ་བཀག་ཡེ་ལན་གཅིག་རེད་མ་གཏོགས་ཕན་ཐོག་ཡོད་པའི་ལན་ཁྱོན་ནས་མ་རེད། མདོར་ན་སྐབས་དང་དུས་སླེབས་སོང་།
ཁ་བརྡ་དྲ་བ་ཚང་ལ་མ་ཞུ་ཐབས་མེད་ཞིག་ལ། ཁྱེད་རྣམ་པས་རྒྱལ་ཕྱི་ནང་དང་བོད་ཕྱི་ནང་གི་གནས་ཚུལ་རབ་དང་རིམ་པ་དྲ་ལམ་ནས་བསྲིངས་པ་ལ་དགའ་བསུ་ཅི་བས་ཆེ། འོན་ཀྱང་འདིར་བཤད་འདོད་པ་ཞིག་ལ་གསར་འགོད་པ་དང་གསར་འགྱུར་གྱི་དགོས་དོན་ནི་རྒྱལ་ཁབ་དང་སྤྱི་ཚོགས་མི་རིགས་བཅས་ལ་གོ་བ་ལོག་སྒྲུབ་དང་དབྱེན་དཀྲུགས་བྱ་རྒྱུ་དེ་མ་ཡིན་པར། གཞུང་དང་མི་རིགས་ལ་ཕན་པ་སྤྱི་ཚོགས་གཅིག་བསྒྲིལ་དང་ཁ་ཕྱོགས་ངེས་གཏན་གྱི་ཕྱོགས་སུ་སྐུལ་འདེད་བྱེད་རྒྱུ་བཅས་ལ་འབད་འབུངས་བྱེད་དགོས་པ་ཡིན་མོད། དེང་ཁ་བརྡ་དྲ་བས་གསར་འགྱུར་འགོད་སྟངས་དང་གནས་ཚུལ་གཏོང་སྟངས་མང་པོ་ཞིག་ལ་བོད་མི་རིགས་ཀྱི་ཆིག་བསྒྲིལ་ལ་གཏོར་བཤིགས་དང་། མགོ་བྱེད་མི་སྣ་སེམས་ཤུགས་བཅག་ཐབས། གཞིས་སྡོད་བོད་མིའི་སེམས་ཁམས་ལ་རྨ་ཁ་བཟོ་ཐབས། དགྲ་དགའ་གཉེན་སྡུག་གི་བྱ་སྤྱོད་ཀྱི་ངོ་གདོང་དམར་བརྗེན་དུ་ཐོན་ཡོང་གི་འདུག་པས་སེམས་ཕམས་ཅི་བས་ཆེ། དཔེར་ན་ཉེ་ཆར་ཀིརྟིའི་ཕྱག་མཛོད་མདོ་སྔགས་ལགས་ཀྱི་དྲི་བ་ལ་བཀའ་ཁྲིས་ལན་གསུངས་སྐབས། ཧ་ཅང་གསལ་པོར་གསུངས་སོང་། དུས་འཁོར་དབང་ཆེན་སྐབས་མེར་བསྲེགས་པའི་མིང་འབོད་སྟངས་དེ་ནི་ཉིས་སྟོང་བཅུ་གཅིག་ལོའི་ནང་ལ་བྱུང་བ་དག་ཡིན་པས་བཀྲ་བྷེ་ལགས་ཉིས་སྟོང་དགུ་ལོར་མེར་བསྲེགས་པས་མིང་དངོས་སུ་མི་འབོད་པའི་རྒྱུ་མཚན་དེ་ཡིན་པ་དང་། མ་ཟད་ཉེ་ཆར་བཞུགས་སྒར་དུ་མཆོད་འབུལ་སྐབས་ཉིས་སྟོང་བཅུ་གཉིས་ལོའི་མེར་བསྲེགས་དཔའ་བོ་དག་མ་རྟོགས་མིང་སྨོས་མེད་ཚུལ་བཅས་གསལ་པོར་གསུངས་སོང་ཡང་། དེ་རིང་གསར་འགྱུར་ལ་བལྟོས་དང་། རྩོམ་པ་པོ་འོད་ཟེར་ལགས་དང་བཀའ་ཁྲི་བར་དུ་དབྱེན་དཀྲུགས་ལ་འབད་སྟངས་བཅས་ལ་བལྟ་དུས་ཁྱེད་ཅག་གི་ལས་དཀའ་དེ་ད་ལྟའི་དུས་ལ་དེ་འདྲ་མ་གནང་རོགས། ང་ཚོ་ས་ཡ་དྲུག་སྐྱིད་མཉམ་དང་སྡུག་མཉམ་དགོས་པ་ལས་དགོས་ནུས་མེད་པའི་ཕྱོགས་ཞེན་མ་གནང་རོགས་ཞེས་མི་ཞུ་ཐབས་མེད་བྱུང་སོང་།
བོད་ནས་ངོ་རྒོལ་གྱི་འབོད་ཚིག་དེ་བཀའ་ཁྲིས་ཐོག་མར་གསུངས་པ་ཡིན་ཟེར་བ་བདེན་པ་མིན་པ་ནི་ཀུན་གྱིས་ཤེས་གསལ་རེད། འོན་ཀྱང་དེ་ནི་གནད་འགག་དེ་ཙམ་མིན་འདུག །བཀའ་ཁྲིས་བཀའ་ལན་སྤྱི་ཡོངས་ནས་ཡག་པོ་འདུག །ལན་རྣོན་པོ་ཞེ་དྲག་འདུག །ཉམས་མྱོང་མུ་མཐུད་བསགས་རིམ་བཞིན་མུ་མཐུད་ནས་ཡར་རྒྱས་སུ་འགྲོ་རྒྱུ་རེད། བོད་རྒྱལ་ལོ། །
བོད་གཞུང་གིས་ཁོར་ཡུག་བསྐྲུན་དགོས་རེད་ཟེར་གྱིན་མེད། སྤྱི་མཐུས་གྲོས་ཚོགས་ཀྱི་གྲོས་གཞི་གྲོས་ཆོད་ལ་འགུག་དགོས་མ་རེད། འཚེ་མེད་ཞི་བ་དང་ཡུལ་ཁྲིམས་དང་མཐུན་པའི་ཐོག་ནས་ལས་འགུལ་ག་རེ་སྤེལ་ན་ཡང་སྤེལ་རོགས་ཟེར་ནས་གསུངས་པ་དེ་སྡོམ་ཆེན་པོ་ཞིག་ཏུ་མཐོང་སོང་། ཚིག་འདིས་དྲི་བ་མང་པོ་ཞིག་ད་ག་རང་གིས་ལན་བཏབ་སོང་སྙམ།
ལྷོ་ལུང་ལགས་ཀྱིས་གསུང་པ་བདེན་པ་རེད། བོད་ལ་རང་དབང་དགོས་ཟེར་བ་དེ་བཀའ་ཁྲི་ཁོང་མ་སྐྱེས་སྔོན་ནས་བསྒྲགས་ཏེ་ཡོང་པ་རེད། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པའི་འབོད་སྒྲ་དེ་ཡང་ ༢༠༠༨ དང་ཡུལ་ཤུལ་ས་ཡོམ་སྐབས་ནས་ཡིག་ངག་གཉིས་ནས་བསྒྲགས་ཡོད་པ་མ་ཟད། རྒྱ་དམར་སྲིད་འཛིན་ལ་ཡང་དེ་འབྲེལ་གྱི་སྙན་ཞུ་ཡང་ཕུལ་ཡོད་པ་རེད། དེ་ནས་དཔའ་བོ་བཀྲ་བྷེ་ལགས་ཀྱི་མཚན་གལ་སྲིད་བརྗོད་ན་མེར་སྲེག་ལས་འགུལ་འདི་བཀའ་ཁྲི་ཁོང་བཀའ་ཁྲིར་བཞེངས་པ་ནས་གསར་དུ་བྱུང་བའི་སྔོན་མེད་གསར་བྱུང་གི་ལས་འགུལ་ཞིག་ཏུ་བསྒྲུབ་མི་ཐུབ་པས་རེད། དེ་ནས་འོད་ཟེར་ལགས་ལ་ཟུར་ཟའི་ཚིག་མཚོན་འདེབས་སྟངས་འདིས་བཀའ་ཁྲི་རང་གི་ལྗིད་ཁོག་ཡང་རུ་བཏང་བ་ལས་འོད་ཟེར་ལ་གང་ཡང་གནོད་ཀྱི་མ་རེད། སྤྱིར་ཁོང་གིས་མི་མང་གལ་ཆེ་སྐོར་མང་པོ་གསུང་གིན་འདུག་སྟེ་མི་མང་གི་བསམ་ཚུལ་དང་དྲི་བར་དང་ལེན་བྱེད་ཐུབ་པའི་བློ་རྒྱ་མེད་པ་ད་རེའི་དྲི་ལན་དེས་གསལ་སྟོན་བྱས་བྱུང་། ཁོང་ལ་དངོས་གནས་བསྟོད་བསྔག་མ་གཏོགས་སྐྱོན་བརྗོད་འགྲོ་ས་མེད་པ་ཡིན་ནམ། དེ་ནས་ད་དུང་ཁོང་གིས་བློ་ཕམ་པའི་བཀའ་མོལ་གཅིག་གསུངས་སོང་། དེ་ནི་ཁོང་མི་མང་གིས་བཀའ་ཁྲིར་བདམས་པ་མ་གཏོགས་ཁོང་རང་ལངས་མེད་སྐོར་དེ་རེད། དེའི་དོན་དག་ཁོང་གིས་མ་འགྲིགས་པ་བྱུང་ན་དེ་མི་མང་གིས་མ་འགྲིག་པ་རེད་མདོག་མདོག་གསུངས་སོང་།
དེ་ནས་ལས་འགུལ་སྤེལ་སྟངས་སྐོར་ལ་ཡང་རང་རང་སྤེལ་རོགས་བྱོས། དུས་ལ་སླེབས་པ་རེད་ཟེར་བ་ལས་བཀའ་ཤག་གིས་དབུ་ཁྲིད་དང་ལམ་སྟོན་མེད་སྐོར་གསུངས་སོང་། བཀའ་ཤག་དང་བཀའ་བློན་མི་མང་ལ་ལམ་སྟོན་དབུ་ཁྲིད་བྱེད་མཁན་མིན་ན་ཅི་རེད། ངས་འདི་ནས་བཀའ་ཁྲི་མཆོག་ལ་ཡོན་ཏན་གྱི་ཆ་མི་འདུག་ཟེར་གྱི་མེད། ཁོང་གིས་རང་ཐུགས་རང་བདག་མ་ཐུབ་པའམ་གློ་བུར་བའི་ཚོར་བ་ཆུང་ཚགས་ཀྱི་དབང་དུ་ཤོར་ཏེ་རང་གི་ལྗིད་ཁོག་རང་གིས་མེད་པ་བཟོ་ཡི་འདུག་ཟེར་གྱི་ཡོད། བཀའ་ཁྲི་ང་ཆོལ་གསུམ་ཡོངས་ཀྱི་སྤྱི་མི་ཡིན་པའི་ཆ་ནས་ཕྱོགས་འཛིན་དང་ཞེན་ཁོག་མིན་པར་སྐྱོན་ཡོད་སར་སྐྱོན་དང་དགེ་ཡོད་སར་བསྟོད་བསྔག་དང་རྒྱབ་སྐྱོར་བྱེད་རྒྱུ་དམངས་གཙོའི་རྒྱལ་ཁབ་ཀྱི་འགྲོ་སྟངས་ཡང་དག་པ་དེ་རེད།
དེ་བཞིན་དེང་སང་དྲིལ་བསྒྲགས་དང་རྩོམ་ཡིག་སོགས་ཚང་མའི་ནང་ ༢༠༠༨ ནས་བོད་ནང་དྲག་གནོན་ཚབ་ཆེན་བྱུང་སྐོར་མགོ་འཛུགས་ཀྱིན་འདུག་པས་འདི་ཡང་འགྲིག་གི་མི་འདུག འདི་ལྟར་བསྒྲགས་ན་ཕྱི་མི་བོད་ཀྱི་གནས་ཚུལ་མི་ཤེས་མཁན་མང་པོ་ཞིག་གིས་༢༠༠༨ ནས་བཟུང་རྒྱ་དམར་གྱིས་བོད་ནང་ལ་དྲག་གནོན་དམ་བསྒྲགས་བྱས་པ་མ་གཏོགས་དེའི་སྔོན་ལ་དེ་འདྲ་མིན་པའི་བསམ་ཚུལ་འཛིན་ཡོང་བཞིན་འདུག ༡༩༤༠ ནས་ད་ལྟ་བར་རྒྱ་དམར་གྱིས་བཙན་གནོན་དང་མནར་གཅོད་མཚམས་ཆད་མྱོང་མེད།
བོད་མི་ཚོས་བཀའ་ཁྲི་ལ་རྒྱབ་སྐྱོར་མ་བྱས་བསམ་པ་མེད། ཁོས་བོད་ལ་ཅི་བྱེད་ཐུབ་རྒྱུ་ལ་བལྟ་རྒྱུ་ལྷག་ཡོད། མིའི་ཚེ་སྲོག་མེ་ལ་ཕུལ་བར་མཆོད་འབུལ་སྨོན་ལམ་གྱིས་འཐུས་སོང་བའི་སྲིད་བྱུས་དེར་སྐྱུགས་མེར་ལངས།
ཁ་བརྡ་ཚང་ལ་ཆེད་དུ་འདྲི་བ།
ནེའུ་ཡོག་ཏུ་བཀའ་ཁྲིའི་གཏམ་བཤད་ཀྱི་རྗེས་སུ་དྲི་བ་དྲིས་ལན་གང་གནང་བ་དེ་དྲ་ཐག་བརྒྱུད་ཆ་ཚང་བལྟས་པ་ཡིན། དེར་བརྟེན་འདིར་མདོ་སྔགས་ཀྱིས་དྲི་བ་གང་དྲིས་པ་དང་། བཀའ་ཁྲིས་ལན་གང་གནང་བ་དྲང་འབྲེལ་རྩ་བ་ནས་བཀོད་མི་འདུག
གལ་ཏེ་དངོས་འབྲེལ་གནད་དོན་གསལ་པོ་ཆགས་རེ་དང་གནས་ཚུལ་གསལ་པོ་བཟོ་རྒྱུར་བློ་སྤོབས་ཡོད་ན་དྲི་བ་དང་དྲིས་ལན་ཆ་ཚང་འགོད་འོས་དགོས་པ་ལས། སོ་སོའི་སྣང་བར་མ་སོང་བའི་བཀའ་ཁྲིའི་ཚིག་འགའ་དཀྱིལ་ནས་བཀོག་སྟེ་བོད་མིའི་དབུ་ཁྲིད་དང་མི་མང་དབར་མི་མཐུན་པ་ཆེད་དུ་བཟོ་བའི་ལས་དོན་འདི་ཡག་པོ་རྩ་བ་ནས་མ་རེད་སྙམ། དེར་བརྟེན་ཁ་བརྡ་དྲ་ཚིགས་ཀྱི་ལས་དོན་གཉེར་མཁན་ཚོར་ཆེད་དུ་དྲི་བ་འགའ་མི་འདོན་ཐབས་མེད་ཆགས་སོང་།
༡༽ ཁ་བརྡ་དྲ་ཚིགས་ཀྱིས་འདིར་སྤེལ་བའི་༼མདོ་སྔགས་ཀྱི་དྲི་བ་དང་། བཀའ་ཁྲིའི་ལྗགས་ལན་༽ཟེར་བར་ཁྲིམས་ལུགས་ཀྱི་འགན་ཁུར་ཡོད་དམ།
༢༽ ཁ་བརྡ་དྲ་ཚིགས་ཀྱིས་འདིར་སྤེལ་བའི་༼མདོ་སྔགས་ཀྱི་དྲི་བ་དང་། བཀའ་ཁྲིའི་ལྗགས་ལན་༽ཟེར་བར་བོད་ཀྱི་འཐབ་རྩོད་ཀྱི་འགན་ཁུར་ཡོད་དམ།
༣༽ ༼མདོ་སྔགས་ཀྱི་དྲི་བ་དང་། བཀའ་ཁྲིའི་ལྗགས་ལན་༽ཟེར་བ་འདི་ཁ་བརྡ་དྲ་བ་ཚང་གིས་ཆེད་བསྒྲིགས་བྱས་པ་ཡིན་ནམ།
༤༽ ༼མདོ་སྔགས་ཀྱི་དྲི་བ་དང་། བཀའ་ཁྲིའི་ལྗགས་ལན་༽ཟེར་བ་འདི་གཞན་གྱིས་བསྒྲིགས་ནས་ཁ་བརྡ་དྲ་བ་ཚང་ལ་བསྐུར་བ་ཡིན་ན་ཞིབ་བཤེར་གནང་ཡོད་དམ།
༥༽ ༼མདོ་སྔགས་ཀྱི་དྲི་བ་དང་། བཀའ་ཁྲིའི་ལྗགས་ལན་༽ཟེར་བ་འདི་གཞན་གྱིས་བསྐུར་བ་ཡིན་ན་བསྐུར་མཁན་མི་འགོད་པའི་རྒྱུ་མཚན་གང་ཡིན།
༦༽ ༼མདོ་སྔགས་ཀྱི་དྲི་བ་དང་། བཀའ་ཁྲིའི་ལྗགས་ལན་༽ཟེར་བ་འདིར་བཤད་པ་བཞིན་བཀའ་ཁྲིའི་སྒམ་ནན་གྱིས་ལན་འདེབས་ནན་པོ་གནང་བ་དེ་རྣམ་འགྱུར་སྡུག་པོར་མཐོང་གི་ཡོད་ཚེ། དང་ཐོག་མདོ་སྔགས་ནས་ཧ་ལས་པའི་རྣམ་འགྱུར་སྡུག་པོ་བསྟན་སོང་བ་གློག་བརྙན་ནང་ཡོད་བཞིན་པ་དེ་མི་འགོད་པའི་རྒྱུ་མཚན་གང་ཡིན་ནམ།
༧༽ བཀའ་ཁྲིས་ལན་འདེབས་སྐབས་ཕྱི་ལོ་ ༢༠༡༡ ལོར་བོད་དུ་མེར་བསྲེགས་ཀྱིས་འདས་གྲོངས་སོང་བ་ཚོའི་གཙོས་ཕྱི་ལོ་ ༡༩༥༠ ང་གྲངས་ནས་ད་བར་བོད་ཀྱི་རྩ་དོན་གྱི་ཆེད་དུ་འདས་གྲོངས་སོང་བ་ཚང་མ་ཡིག་ཐོག་ནས་བསྔོ་སྨོན་ཞུས་ཡོད་པར་ནན་བརྗོད་གནང་བ་དང་། དེའི་ནང་དགེ་འདུན་པ་བཀྲ་བྷེ་ལགས་ཚུད་ཡོད་སྐོར་དང་། དེ་བཞིན་ཕྱི་ལོ་ ༢༠༡༢ ལོར་མཆོད་འབུལ་སྐབས་ཕྱི་ལོ་ ༢༠༡༢ ལོ་ཞེས་གླེང་ཡོད་པ་འདི་དག་འགྲོ་ལུགས་ཡིན་སྐོར་དང་། འདས་གྲོངས་སུ་སོང་བ་ཚང་མའི་ནང་མི་སྤུན་མཆེད་ཚང་མར་བསྔོ་སྨོན་སྐྱབས་འཇུག་ཞུས་ཡོད་སྐོར་ནན་བརྗོད་གནང་ཡོད་པ་དེ་དག་ཁ་བརྡ་ཚང་གིས་མ་གོ་བ་དང་། ཡང་ན་དེ་དག་གླེང་ན་མི་བདེ་བ་གང་ཡིན་གསལ་བཤད་ཡོད་པ་ཞུ།
༨༽ ༼མདོ་སྔགས་ཀྱི་དྲི་བ་དང་། བཀའ་ཁྲིའི་ལྗགས་ལན་༽ཟེར་བ་འདིར་བོད་ལ་རང་དབང་བསྐྱར་གསོ་བྱེད་ཡག་དང་། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། འབོད་སྒྲ་དེ་གཉིས་ངས་བཤད་པ་ཡིན། ཅེས་བཤད་པ་དེའི་འཕྲོར་འབོད་སྒྲ་འདི་གཉིས་བོད་མི་མང་གི་འབོད་སྒྲ་ཡིན་པ་ཤེས་ཙང་བཤད་པ་ཡིན་སྐོར་ནན་བརྗོད་གནང་བ་དེ་མི་འགོད་པའི་རྒྱུ་མཚན་གང་ཡིན་ནམ།
xxxxxxxxxxxxxxxxxxxxxxxx
xxxxxxxxxxxxxxxxxxxx
ཀི་ཏི་དགོན་པའི་ཕྱག་མཛོད་མདོ་སྔགས་ཞུ་བ་ཞིག་གི་བཀའ་ཁྲི་མཆོག་ལ་བོད་ནང་རང་ལུས་མེ་མཆོད་འབུལ་མཁན་དང་པོ་དཔའ་བོ་བཀྲ་བྷེ་ལགས་རེད་། ཁོང་གི་མཚན་མཆོད་འབུལ་སྐབས་མ་གསུངས་པའི་གནད་དོན་ག་རེ་ཡོད་ཅེས་ངར་ཤུགས་ཆེ་པོའི་དྲིས་འདུག། དེར་བཀའ་ཁྲི་མཆོག་ནས་(མཚན་ལུས་པ་མ་རེད་གཞུང་གི་ཡིག་མཛོད་ཁག་ཏུ་གང་ཤེས་པ་དེ་ལོ་རིམ་གསལ་པོ་བཀོད་ཡོད་པས་དེར་དང་པོ་དཔའ་བོ་བཀྲ་བྷེ་ལགས་རེད་། འོན་ཀྱང་༢༠༡༡ནང་ཅེས་ལོ་བཅད་བྱེད་སྟངས་དེ་འགྲོ་ལུགས་ཤིག་རེད་། དེ་མིན་མཆོད་འབུལ་སྐབས་རྔ་བའི་དཔའ་བོ་བཅུ་གཉིས་ཀྱི་མཚན་འབོད་པ་ཡིན་འདི་གཟི་བརྗེད་ཆེ་པོ་རེད་ཧ་ལམ་བོད་མིའི་ལོ་རྒྱུས་ནང་བྱུང་མྱོང་ཡོད་མེད་མི་ཤེས། སོང་ཙང་སྐབས་དེར་དཔའ་བོ་གཅིག་གི་མཚན་མ་འབོད་པའི་གནས་ལུགས་ཡོད་པ་མ་རེད་། ང་ཚོའི་སྤྱི་ཚོགས་ནང་གང་བྱས་པ་དེར་ཆེ་མཐོང་མ་བྱེད་ན་ཆོག། ཡིན་ནས་དྲང་བདེན་དགོས་པ་གལ་ཆེ་པོ་རེད་། ད་ལྟ་ཁྱེད་རང་གི་ང་ཀི་ཏི་དགོན་པ་ནས་ཡིན་གསུང་སོང་། ཉིན་འཆར་རང་ཀི་ཏི་རིན་པོ་ཆེ་བཀའ་ཤག་གི་ངོས་ནས་ཨ་རིའི་གྲོགས་ཚོགས་ནང་གདན་དྲང་པ་ཡིན་ཅེས་སོགས་མཐའ་མ་དེར་ང་ལོ་ལྔ་དེ་འདྲའི་སྒང་བཏང་འདོད་མེད་ད་)ཅེས་བཀའ་ལེན་གནང་སོང་།
ཁ་བརྡ་རྩོམ་སྒྲིག་པ་ལྷན་རྒྱས་ལ་ཆེད་ཞུ།
ད་ལྟ་རང་ཡིག་གེར་ཕབ་མཁན་བློ་བཟང་བསྟན་འཛིན་ཟེར་བ་གསར་དུ་བཅུག་སོང་། དེ་མིན་གྱི་དྲི་བ་ཁག་ལ་ལན་གནང་རོགས།
འཇིགས་བྲལ་བསྟན་འཛིན་ཟེར་མཁན་དེར་ཞུ་རྒྱུར།
དང་པོ།
འདི་ཡིག་ཐོག་ལ་ཕབ་མཁན་ཁ་བརྡ་དྲ་བ་མིན། དེ་ང་ཚོར་གཏོང་མཁན་བློ་བཟང་བསྟན་འཛིན་ཞུ་བ་དེ་རེད་། འདི་མཁྱེན་པ་གནང་རོགས།
གཉིས་པ།
ཁ་བརྡ་དྲ་བ་ད་བར་དུ་ཕྱོགས་གཅིག་ལ་ལངས་ཀྱི་མེད་། ཁ་བརྡའི་ཕྱོགས་ཀའི་བསམ་ཚུལ་ལ་ཉན་པ་དང་བསམ་ཚུལ་མི་མཐུན་པ་འགོད་ཀྱི་ཡོད་། འདི་ཁ་བརྡ་དྲ་བའི་ཁྱད་ཆོས་ཡིན།
ཁྱད་ཆོས་འདི་ང་ཚོས་མུ་མཐུད་དུ་རྒྱུད་འཛིན་བྱེད་ཀྱི་ཡོད་།
གསུམ་པ།
དྲ་ཐོག་ཏུ་བཞག་པ་དེར་དགག་པ་ཡོད་ན། དེ་ལ་ང་ཚོས་དགའ་བསུ་ཞུ་མཁན་ཡོད་། ཁ་བརྡའི་སྒང་གི་རྩོམ་དང་གནས་ཚུལ་ལ་བརྟེན་ནས། ཁ་བརྡ་དྲ་བར་དོན་མེད་ཁ་རྡུང་གཏོང་མཁན་རིགས་ལ་ཁ་བརྡས་ནམ་ཡང་དགའ་བསུ་ཞུ་གིན་མེད་། འདི་ཡང་མཁྱེན་པ་གནང་རོགས།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com
འཇིགས་བྲལ་དེ་རིང་བར་དུ་ཁྱོད་ཀྱི་དྲི་བ་ཡག་པོ་ཞིག་མཐོང་མ་སོང་། ཡིན་ཡང་དེ་རིང་གི་དྲི་བ་འདི་དག་གནད་ལ་ཁེལ་བ་ཞིག་བཏང་འདུག ཐུགས་རྗེ་ཆེ།
མཆན་འདེབ་པ་ཚོའི་ནང་ན་རེ་སེང་གི་ཕྱོགས་རིས་ཐོན་འདུག་ག ད་དུང་། མདོ་སྔགས་ནག་པོ་བཟོ་ཐབ་བྱེད་ཀི་འདུག་ག་་་་་་་་་་་་་་་་་་་བཀའ་ཁྲི་དང་འོད་ཟེར་མཚོའི་བར་ལ་དཀྲུགས་ཤིང་གང་ཡང་མེད་ཀི་ར་་་་་་་་་་་་་་་་་་་་མདོ་སྔགས་ནག་རྐྱང་སྒྲུབ་ཐབས་བྱེད་སྟངས་འདི་ལ་དམིགས་ཡུལ་གཞན་ཞིག་ཡཡོད་སྲིད་པ་རེད་་་་་་་་་་་་་་་་་་་་་་་དྲང་མོ་ཡིན་ན། མི་མང་གི་དོག་དྲི་ལ་བཀའ་ཁྲི་ལགས་ཀྱིས་་་་་་་་་་་་་་་་་་ལན་དྲང་མོ་དགོས་པ་རེ་མོ ་་་་་་་་་་་་་གཡོལ་ཐབ་དང་ངར་ཤུག་སྟོན་པ་ནི་་་་་་་་་་་་་་་མི་དམངས་བསྐྱང་སྟང་ཤིག་ཡིན་ན་་་་་་་་་ཁེ་མཚར་རེ་ད་་་་་་་་་་་་་་་་
༡༧༽ ཁ་བརྡ་རྩོམ་སྒྲིག་པ་ལགས།
འཇིགས་བྲལ་བསྟན་འཛིན་ནས་ཞུ་རྒྱུར།
དང་པོ། འདི་ཡིག་ཐོག་ལ་ཕབ་མཁན་ཁ་བརྡ་དྲ་བ་མིན། དེ་ང་ཚོར་གཏོང་མཁན་བློ་བཟང་བསྟན་འཛིན་ཞུ་བ་དེ་རེད་། འདི་མཁྱེན་པ་གནང་རོགས།
གུས་པ་འཇིགས་བྲལ་ནས་ཞུ་རྒྱུར། གང་གསུངས་པ་དེ་ཡིན་རྒྱུ་བྱོས། ཡིན་ནའང་ངའི་དྲི་བ།
༢༽ ཁ་བརྡ་དྲ་ཚིགས་ཀྱིས་འདིར་སྤེལ་བའི་༼མདོ་སྔགས་ཀྱི་དྲི་བ་དང་། བཀའ་ཁྲིའི་ལྗགས་ལན་༽ཟེར་བར་བོད་ཀྱི་འཐབ་རྩོད་ཀྱི་འགན་ཁུར་ཡོད་དམ།
༤༽ ༼མདོ་སྔགས་ཀྱི་དྲི་བ་དང་། བཀའ་ཁྲིའི་ལྗགས་ལན་༽ཟེར་བ་འདི་གཞན་གྱིས་བསྒྲིགས་ནས་ཁ་བརྡ་དྲ་བ་ཚང་ལ་བསྐུར་བ་ཡིན་ན་ཞིབ་བཤེར་གནང་ཡོད་དམ། ཅེས་པ་འདི་དག་ལ་ལན་རག་མ་སོང་།
གཉིས་པ།
ཁ་བརྡ་དྲ་བ་ད་བར་དུ་ཕྱོགས་གཅིག་ལ་ལངས་ཀྱི་མེད་། ཁ་བརྡའི་ཕྱོགས་ཀའི་བསམ་ཚུལ་ལ་ཉན་པ་དང་བསམ་ཚུལ་མི་མཐུན་པ་འགོད་ཀྱི་ཡོད་། འདི་ཁ་བརྡ་དྲ་བའི་ཁྱད་ཆོས་ཡིན།
གུས་པ་འཇིགས་བྲལ་ནས་ཞུ་རྒྱུར། ཁ་བརྡ་དྲ་བས་ཀློག་པ་པོ་རྒྱ་ཆེའི་མང་ཚོགས་ལ་འགན་ཁུར་དགོས་པར་ངོས་འཛིན་བྱེད་ཀྱི་ཡོད་དམ་མེད་ཅེས་ཡང་བསྐྱར་འདྲི་དགོས་ཐུག་སོང་།
གསུམ་པ།
དྲ་ཐོག་ཏུ་བཞག་པ་དེར་དགག་པ་ཡོད་ན། དེ་ལ་ང་ཚོས་དགའ་བསུ་ཞུ་མཁན་ཡོད་། ཁ་བརྡའི་སྒང་གི་རྩོམ་དང་གནས་ཚུལ་ལ་བརྟེན་ནས། ཁ་བརྡ་དྲ་བར་དོན་མེད་ཁ་རྡུང་གཏོང་མཁན་རིགས་ལ་ཁ་བརྡས་ནམ་ཡང་དགའ་བསུ་ཞུ་གིན་མེད་། འདི་ཡང་མཁྱེན་པ་གནང་རོགས།
གུས་པ་འཇིགས་བྲལ་ཞུ་རྒྱུར། ཁ་བརྡ་དྲ་བར་ཁ་རྡུང་གཏོང་གི་མེད། ཡིན་ནའང་ཁ་བརྡ་དྲ་བས་བོད་དང་བོད་མིའི་སྤྱི་ཚོགས་ལ་འགན་ཁུར་ཡོད་མེད་ཞིབ་གཤེར་ཆེད་དུ་འདྲི་བཞིན་ཡོད།
། ང་ཚོར་སྨྲ་བརྗོད་རང་དབང་ཡོད་དུས་རྒྱུ་མཚན་ཡོད་པའི་གཏམ་བཤད་ག་རེ་བཤད་ཀྱང་ཆོག ཁ་བརྡ་ཚང་ལ་དཀྲུགས་ཤིང་རྒྱབ་མཁན་དང་སྒོ་རྒྱབ་དགོས་ལུགས་བཤད་ན་ཤིན་ཏུ་ནོར་བ་རེད། ཡིན་ནའང་མི་དགའ་ཤས་ཀྱི་སོ་སོའི་བསམ་ཚུལ་ཡིན་ན་བརྒྱ་ཆ་བརྒྱ་བདེན་པ་དང་། མི་གཞན་གྱི་བསམ་ཚུལ་སོ་སོ་དང་མ་མཐུན་ན་བརྒྱ་ཆ་བརྒྱ་འགག་པ་རྒྱབ་མཁན་ཡོད། དེ་ཚོར་ཟབ་དགོས་པར་མཐོང་། གང་ལྟར་ང་ཚོར་སྨྲ་བརྗོད་རང་དབང་དགོས། འགྲོ་བ་མིའི་ཐོབ་ཐང་དགོས། ཆོས་དད་རང་དབང་དགོས། བོད་ནང་ཞི་བདེ་དགོས་ཞེས་སྐད་འགོད་རྒྱབ་པ་ལྟར་སོ་སོའི་སྤྱི་ཚོགས་ནང་དེ་དེ་བཞིན་དུ་དགོས་ངེས་ཡིན། ཡིན་ནའང་སྐྱོན་བརྗོད་བཏང་ལ་གཉིས་ཡོད། རང་གི་སྤྱི་ཚོགས་ལ་སེམས་འཁུར་དང་ཤ་ཞེན་ཡོད་པའི་སྒང་ནས་སྐྱོན་འདོན་བྱེད་པ་དང་། གཉིས་པ་རང་གི་སྤྱི་ཚོགས་དེ་གཏོར་གཤིགས་གཏོང་རྒྱུའི་ཆེད་སྐྱོན་བརྗོད་བྱེད་པ་གཉིས་ནང་ནས་དང་པོ་ལྟར་ངེས་པར་དུ་བྱེད་དགོས། གཉིས་པ་ལྟར་སྐྱོན་བརྗོད་བྱེད་མཁན་ལ་ང་ཚོ་ཚང་མས་ཟབ་དགོས།
འཇིགས་བྲལ་བསྟན་འཛིན་ཞུ་མཁན་དེར་ལན་འདི་མཐའ་མ་ཡིན།
དང་པོ།
ཁ་བརྡའི་ཀློག་མཁན་རེ་རེའི་དྲི་བ་ལ་ཁ་བརྡར་ལན་མེད་། ཁྱེད་ལ་ཡང་དེ་མཚུངས་ཡིན།
གཉིས་པ།
གོང་དུ་ཞུས་བ་བཞིན། ཁ་བརྡས་བཀའ་ཁྲི་ལ་དགག་བཞག་དང་རྒྱབ་སྐྱོར་གྱི་བསམ་ཚུལ་རིགས་གཉིས་ཀ་འགོད་ཀྱི་ཡོད་། ད་ལྟ་བར་དུ་བཀོད་པ་ཡིན། མ་འོངས་པར་ཡང་དེ་མཚུངས་ཡིན། འདིའི་དཔེ་མཚོན་ལྟ་བུར་། ཉེ་སྔོན་ཁ་བརྡས་ཆེད་དུ་སྐར་ཁུང་ལེ་ཚན་གྱི་ཁོངས་སུ་བཀའ་ཁྲིར་བསྟོད་བསྔགས་ཀྱི་རྩོམ་ཞིག་དམིགས་བསལ་གྱིས་བསྒྱུར་ནས་བཀོད་ཡོད་། དེ་མཚུངས། བཀའ་ཁྲིར་དགག་པའི་རྩོམ་ཡིག་དག་ཀྱང་ང་ཚོས་འགོད་ཀྱི་ཡོད་།
དེ་ཙམ་ཞུ།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com
འཇིག་བྲལ་ཟེར་བ་འདིས། བློ་སེང་ལ་རྒྱབ་སྐྱོར་བྱེད་ཁུལ་གྱིས་ཁོ་རང་ཉིད་ཀྱི་རང་རྣམ་ཕྱི་རུ་བསྟན་སོང་ང་།
མདོ་སྔགས་ཞུས་མཁན་དེ་རྒྱ་གཞུང་གི་སོག་པ་དང་ཕྱོགས་ལྷུང་གི་སྨྱོས་མེད་ན་། ཁོས་བཤད་དོན་ངོ་མ་དགྲ་ལ་འཐབ་རྩོད་ཆེད་རེད་མི་འདུག། ཤོད་དོན་ངོ་མ་རྔ་བའི་ཕྱོགས་ལ་གྱོང་རག་སོང་མདོག་མདོག་རེད་། སྐད་ཆ་འདི་དགྲ་བོ་རྒྱ་གཞུང་ལ་དགོས་པའི་གཏམ་ཞིག་དང་བོད་རིགས་སྤུན་ཟླའི་སེམས་ཤུགས་བཅག་ཆེད་དམིགས་འདུག་གམ་མི་འདུག་གསལ་པོ་རེད་། དེ་ཡང་བཀའ་ཁྲི་མཆོག་ལ་ང་ཚོའི་བྱས་པ་ཡིན་ཧ་ལམ་རང་བཙན་ལེན་པའི་ཟོལ་ཀྱི་ཡུལ་བཤད་དེ་གཞུང་གི་ངོས་ནས་བྱས་རྒྱུ་མི་འདུག་ལྟར་བུ་ཞུས་ན་འགྲིག་གི་རེད་པས་མ་རེད་། དེ་ཡང་དཔའ་བོ་བཀྲ་བྷེ་ལགས་ཀྱི་མིང་མ་འབོད་པའི་གནས་ལུགས་མཁྱིན་བཞིན་དུ་ནང་ཁུལ་ཕྱོགས་རིས་འཐབ་རྩོད་གྱི་རྣམས་པ་དངོས་གསལ་སྟོན་ནས་ཉེས་འཛུག་བྱེད་སྟངས་འདིའི་ད་བར་གཞིས་བཞུགས་རྔ་བའི་དཔའ་བོ་དེ་དག་གི་རྣམ་ཤེས་ལ་ཕམ་ཁ་གཏེར་སོང་། ཉེར་བའི་འཆར་བཀའ་ཁྲིའི་ཀི་ཏི་བླ་མ་སྙན་གྲགས་ཆེ་བའི་ཨ་རིའི་གྲོས་ཚོགས་ནང་ཆེ་མཐོང་གི་གདན་ཞུས་མཛད་པར་ཕམ་ཁ་ཆགས་འདུག། དངོས་གནས་ཁོང་གི་སྐད་ཆ་འདི་ཀི་ཏི་དགོན་པའི་ངོས་ནས་ཡིན་ན་ཞབས་འདྲེན་རེད་། བོད་ནང་གི་དཔའ་བོ་དེ་དག་གི་རྒྱལ་ཞེན་དེར་རྒྱ་གཞུང་གི་བཤད་པ་བཞིན་ང་ཚོའི་བྱེད་པ་ཡིན་ཅེས་ཤོད་སྟངས་འདི་ལྟར་བུ་ཐོན་ན་དངོས་ཡོད་སོ་སོ་ཨ་རིའི་ཡུལ་ལ་སྐྱིད་པོ་བྱེད་དེ་སྡོད་ད་དུང་ང་ཚོའི་ཅེས་མེ་མཆོད་འབུལ་མཁན་དཔའ་བོ་དེ་དག་གི་གྲལ་ཏུ་ཚངས་ནས་དཔའ་བོ་ཡིན་མདོག་མདོག་གྱི་ལྟ་བ་འཁྱེར་ཏེ་བཀའ་ཁྲི་ལ་ངོ་རྒོལ་བྱེད་པ་འདི་ཧམ་པ་ཚར་ཐག་ཆོད་རེད་།
སེར་སྨད་བློ་དགའ་ཟེར་བ་དང་། འཇིགས་བྲབ་ཟེར་བ་འདི་ཚོས་ནམ་ཞིག་ཡིན་རུང་། རང་ཉིད་ཀྱིས་མི་འཛིན་པར་ཕྱོགས་སུ་ལྷུང་བའི་བསམ་བློ་ཞིག་འཁྱེར་ནས་ཡི་གེ་བཏགས་ནས། ཅིག་ཡིན་མདོག་མདོག་བྱེད་པའི་འགྲོ་སྟངས་ནི། རང་གི་གནས་སྟངས་རང་གིས་གསལ་འགྲེལ་བྱེད་ཀི་ཡོད་ནི་རེད་ད། སྙིང་རྗེ་ཁོང་རང་ཚོས་ད་དུང་ཤེས་ཀི་ཡོད་ནི་མ་རེད།
མདོར་ན། འབངས་མི་སེར་ལ་དྲི་བ་ཞིག་འདྲི་དབང་ཡོད་རྒྱུ་རེད་ལ། དེར་དོགས་པ་སེལ་བའི་ཆེད་དུ་བཀའ་དྲིན་ཞིག་དགོས་པ་བཀའ་ཁྲི་བློ་བཟང་སེངགེའི་ཐུགས་འགན་རེད་དེ། ཁོང་གིས་ལན་ནི་རྔམ་རྔམ་རྫིགས་རྫིགས་ཤིག་མ་གཏོགས་ཅི་ཡང་མི་འདུག འདིས་ཁོང་འབངས་མི་ལ་བཅིངས་པའི་བརྩེ་བའི་ཟབ་ཚད་དེ་མཐོང་བ་མ་ཡིན་ནམ།
ངས་ནམ་རྒྱུན་ཤར་ཁུག་སོགས་ཀྱིས་བཀའ་དྲི་ལ་རྙོག་དྲ་ཤོད་ཀིན་པ་སྤྱིར་བཏང་ཞིག་རེད་འདོད་ཀི་ཡོད་མོད། ཏག་ཏག་བསམས་སོང་ན། ད་ནི། བཀའ་དྲིའི་བྱ་སྤྱོད་ཁྱད་མཚར་ཡིན་ས་རེད་ད། རང་གི་སྙན་གྲགས་དང་དབང་ཆའི་དོན་མ་གཏོགས་པའི་མི་དམངས་ཀྱི་རེ་བར་བརྩི་འཇོག་བྱེད་ཀི་ཡོད་ས་མ་རེད།
ཁ་བརྡ་ཚང་། ཁྱེད་ཚོས་འཇིགས་བྲལ་ཟེར་མཁན་ཁྱི་གུ་འདིར་བྱམས་མདོག་བྱེད་དགོས་ཡོད་མ་རེད་། ཁོའི་དྲི་བ་དེ་ཚོ་དང་ཁྱེད་ཚོའི་དྲི་ལན་དེ་ཚོར་ཐད་ཀར་ཨ་རིའི་རླུང་འཕྲིན་ཁང་གི་འགན་འཛིན་རྣམ་པར་ཐོངས་དང་དེས་འགྲིག་ནི་རེད་།
ད་ལྟད་མོ་འདུག་ག སྒྲོམ་མ་ཟེར་བ་འདི་་་་་་་་་་་་་་ཀིཏི་གྲ་ཚང་གི་རེད་ད་་་་་་་་་་་་་ཁོས་ཆེད་མངགས་ཀྱིས་བཀའ་ཁྲིར་རྒྱབ་སྐྱོར་བྱེད་ཁུལ་གྱིས་་་་་་་་་་་་་་་སྐུ་ཞབས་མདོ་སྔགས་འདི་ནག་པོ་ནག་རྐྱང་བཟོ་ཐབས་བྱེད་ཀི་ཡོད་ནི་རེད་ད་་་་་་་་་་་་་མ་གཞི་ནས་ཁོག་པ་ནག་ཅིང་རིས་གཅོད་ཆེ་བའི་ཐེ་རིགས་རྣམས་ནི་་་་་་་་་་་་ལོ་རྒྱུས་ཀྱི་ནག་ཉེས་ཡོད་ཚད་ཁོ་རང་ཚོས་འཁུར་གི་རེད་་་་་་་་་་་་
འདི་ལོར་་་་་་རྔ་བ་ནས་རང་ལུས་མེར་བསྲེགས་གཏོང་དུས་་་་་་་་་་་་ཆོས་དང་འགལ་བའི་བསམ་ཚུལ་ཤུགས་ཆེན་པོ་ཁོ་ཚོས་བཤད་ཡོད་པ་རེད་དདདདདདདདདད་་་་་་་་་་་་་་་ཁོ་ཚོས་སྐྱིད་སྡུག་མཉམ་ཁུར་བྱེད་རྒྱུར་ཚབ་ཏུ་དཀྲུགས་ཤིང་བརྒྱབས་ཡོད་པ་རེད་་་་་་་་་་་་་་ད་དུང་་་་་་་་་་་་་་་འདི་ནས་སྐུལ་སློང་བྱེད་ཀི་ཡོད་ཚུལ་མཆན་མང་པོ་ཞིག་བཏབས་ཡོད་པ་རེད་་་་་་་་་་་་་་་འདིའི་སྤྱོད་ཚུལ་ནི་རྒྱ་གཞུང་གི་ལག་ཆར་ངོ་མ་དེ་ཆགས་ཡོད་པ་རེད་་་་་་་་་་་་་་་་་གཞན་ཡང་་་་་་་་་་་་་་་་་་་བླ་སློབ་བར་ལ་འཆལ་གཏམ་སྣ་ཚོགས་ཤོད་ཀིན་ཡོད་པ་རེད།
ཁ་བརྡ་རྩོམ་སྒྲིག་པ་ལགས། བཀའ་ཁྲི་ནག་པོ་བཟོ་དགོས་ན་དྲ་ལམ་དང་ཡང་ན་དྲ་འབུ་འགས་བཟོ་དཀའ་མོ་རེད་། གལ་སྲིད་གནད་ལུགས་ཡོད་པ་དང་རྒྱུན་མཚན་ཁུང་ལྡན་ཡོད་ན་ངེས་པ་ཏུ་སྐྱོན་བརྗོད་བྱེད་དེ་ཁྲི་ལས་ཕབ་དགོས་འདི་དམངས་གཙོ་རེད་། ང་ཚོ་ཚང་མར་མུ་མཐུས་ཡོད་། དེ་མིན་ལོང་བ་དང་འོན་པ་ཅང་ཅང་ཚོགས་ཏེ་ལོག་འགྲེལ་སྣ་ཚོགས་བྱེད་ཏེ་སྡོད་གནང་བ་ཡིན་ན་གྱོང་གུད་དེ་སྙན་གྲགས་ཆེ་ཨ་རི་ཧ་ཝེ་རི་ནང་བཞུགས་མཁན་བོད་རིགས་མཁས་དབང་བློ་སེང་སྒེར་ལ་རག་གི་མ་རེད་། དཔེ་མཚོན་ཞུས་ན་དགོས་པ་དང་རྒྱུ་མཚན་ཡོད་མེད་བལ་ཡུལ་གཞུང་ལ་གཟིགས་ན་མཁྱིན་ཀྱི་རེད་། དྲ་ལམ་འདི་ལྟར་བུ་དམངས་གཙོའི་འཐབ་རྩོད་ཕྱོགས་རིས་དེར་བོད་རྒྱལ་ཁབ་རང་བཙན་རག་པའི་ཉིན་མོ་ལ་ཡང་དགོས་མཁོ་མི་འདུག།
ཁ་བརྡ་རྩོམ་སྒྲིག་པས། ཁ་བརྡས་བཀའ་ཁྲི་ལ་དགག་བཞག་དང་རྒྱབ་སྐྱོར་གྱི་བསམ་ཚུལ་རིགས་གཉིས་ཀ་འགོད་ཀྱི་ཡོད་། ད་ལྟ་བར་དུ་བཀོད་པ་ཡིན། མ་འོངས་པར་ཡང་དེ་མཚུངས་ཡིན་ཟེར།
ཁ་བརྡ་ལ་ཕུལ་བའི་ལན། བསམ་ཚུལ་གང་འདྲ་ཞིག་བཀོད་ཀྱང་དེ་ནི་སྐྱེ་བོ་སྒེར་གྱི་བསམ་ཚུལ་རེད། ག་རེ་ཡིན་ནའང་ཡོང་སྲིད་པ་རེད། བསམ་ཚུལ་འདྲ་མིན་ཡོང་ཆོག་གི་མ་རེད་ཅེས་རྩ་བ་ནས་ཞུ་གི་མེད།
ཡིན་ནའང་ད་ལན་ང་ཚོ་བགྲོ་གླེང་བྱེད་བཞིན་པའི་ཁ་བརྡ་དྲ་བའི་ཐོག་གི་༼མདོ་སྔགས་གི་དྲི་བ་དང་། བཀའ་ཁྲིའི་ལྗགས་ལན་༽ཟེར་བ་འདི་གསར་འགྱུར་གྱི་ངོ་བོ་རང་དུ་འདུག་པ་ལས་བསམ་ཚུལ་གྱི་ངོ་བོར་སྤེལ་མེད་པ་ལོང་བས་བལྟས་ཀྱང་རྒྱལ་ཁམས་མཐོང་ཐུབ་པ་འདི་རེད།
མ་ཟད་ཁྱོད་རང་ཚོས་ཡི་གེར་ཕབ་མཁན་ཡིན་བློ་བཟང་བསྟན་འཛིན་ཞེས་བཀོད་པ་ལས་རྩོམ་པ་པོ་ཞེས་ཁྱོད་རང་ཚོས་བྲིས་མེད་པ་འདི་ནས་༼མདོ་སྔགས་གི་དྲི་བ་དང་། བཀའ་ཁྲིའི་ལྗགས་ལན་༽ཟེར་བ་འདི་ག་རེའི་ངོ་བོར་གྲུབ་ཡོད་མེད་ངས་འདི་ནས་ཁྱེད་རྣམ་པར་སློབ་དགོས་པ་ཞིག་རྩ་བ་ནས་མ་རེད་བསམ་གྱི་ཡོད།
དེས་ན་གསར་འགྱུར་ཡི་གེར་ཕབ་ནས་བསྐུར་བ་ཡིན་དུས་ཞིབ་བཤེར་གནང་དགོས་ཀྱི་རེད་དམ་མ་རེད། གསར་འགྱུར་ཟེར་བ་འདི་བསམ་ཚུལ་མིན་པ་ཁྱེད་རྣམ་པས་ལོས་མཁྱེན། གསར་འགྱུར་ཀློག་མཁན་ལ་གསར་འགྱུར་རྫུན་མའམ་ཁུངས་དག་མིན་པ་དང་། མ་ཟད་གསར་འགྱུར་དེ་ཁུངས་དག་ཡིན་དུ་ཆུག་ཀྱང་བོད་སྤྱིའི་རྩ་དོན་ལ་གནོད་པ་ཞིག་ཡིན་ན་ཁ་བརྡ་དྲ་བས་བོད་ཀྱི་འཐབ་རྩོད་ལ་འགན་ཁུར་དང་། ཀློག་པ་པོ་རྒྱ་ཆེའི་མང་ཚོགས་ལ་འགན་ཁུར་དགོས་པ་རེད་དམ་མ་རེད་ཟེར་གྱི་ཡོད། དྲི་བ་འདི་དག་ལ་ལན་འབུལ་གྱི་མིན་ནའང་ཁྱེད་རྣམ་པའི་རང་དབང་རེད།
ཁ་བརྡ་རྩོམ་སྒྲིག་པས། ཁ་བརྡས་ཆེད་དུ་སྐར་ཁུང་ལེ་ཚན་གྱི་ཁོངས་སུ་བཀའ་ཁྲིར་བསྟོད་བསྔགས་ཀྱི་རྩོམ་ཞིག་དམིགས་བསལ་གྱིས་བསྒྱུར་ནས་བཀོད་ཡོད་། དེ་མཚུངས། བཀའ་ཁྲིར་དགག་པའི་རྩོམ་ཡིག་དག་ཀྱང་ང་ཚོས་འགོད་ཀྱི་ཡོད་ཟེར།
ཁ་བརྡ་ལ་ཕུལ་བའི་ལན། སྤྱིར་བཏང་འདི་ནས་བཀའ་ཁྲིར་བསྟོད་པ་བྱས་པའི་རིགས་འགོད་རོགས་ཟེར་གྱི་མེད་ལ། སྨད་པ་བྱས་པའི་རིགས་འགོད་རོགས་ཟེར་གྱི་མེད། སྤྱིར་བཏང་བཀའ་ཁྲིའི་སྐོར་ལ་རྩོམ་ཡིག་ག་རེ་འགོད་མིན་ལ་བསམ་ཚུལ་བཤད་ཀྱི་མེད། མ་ཟད་རྩོམ་ཡིག་ག་རེ་འགོད་མིན་ཁྱོད་རང་ཚོས་རང་དབང་རེད། བསམ་ཚུལ་སྣ་ཚོགས་ཡོང་སྲིད་ཀྱི་རེད། ཡོང་དགོས་པ་ཞིག་ཀྱང་རེད།
ཡིན་ནའང་སུའི་སྐོར་ལ་ཡིན་ནའང་ཆོག གསར་འགྱུར་ཁུངས་དག་མིན་པ་དང་། བོད་སྤྱི་ལ་ཕུ་དཀྲུགས་མདའ་དཀྲུགས་གཏོང་བའི་ཁུངས་མེད་དམ་ཕྱོགས་གཅིག་ལྷུངས་པ་དེ་འདྲ་བཀོད་ན་རྩ་བ་ནས་ཡག་པོ་མ་རེད་ཅེས་ནན་བརྗོད་བྱེད་ཀྱི་ཡོད།
ང་ཚོས་བགྲོ་གླེང་གང་བྱས་པ་དེ་དག་༼བོད་ཀྱི་བང་ཆེན་དང་། བོད་ཀྱི་དུས་བབ། ཤམ་བྷ་ལ་ཕོ་ཉ་༽བཅས་ཀྱི་ཟིན་བྲིས་སུ་སྤེལ་ཡོད།