ཨ་ནུ་ཐང་བསོད་ནམས་ཀྱིས།
———–
བཀའ་བློན་ཁྲི་བ་ནི་གླ་བ་ཞིག་དང་འདྲ་བར་གཞུང་ངམ་སྐུ་མདུན་གྱི་བཀའ་བཀོད་ཇི་བཞིན་འགྲོ་དགོས་བ་ལས་དམིགས་བསལ་གྱི་རྣམ་དཔྱོད་ངོམས་སུ་ས་ཆ་དེ་ཙམ་མེད་པས་འགྱུར་བ་ཆེན་པོ་བཏང་མི་ཐུབ། སྐུ་མདུན་གྱི་ཞལ་ཇི་སྲིད་འཚོ་བ་དེ་སྲིད་དུ་བོད་མིའི་སེམས་ནང་གི་གཙོ་འཛིན་སྐུ་མདུན་ཡིན་པ་ལས་བཀའ་ཁྲི་མིན། ཇི་སྲིད་བོད་མིའི་བསམ་བློ་མ་འགྱུར་བར་དེ་སྲིད་དུ་བཀའ་ཁྲིའི་རིན་ཐང་སླེབས་མི་སྲིད་པས་ཁྱད་འཕགས་ཀྱི་ནུས་བ་མེད་ལ། ཡུལ་གྱར་སྲིད་གཞུང་ཡང་དམངས་གཙོ་ཚད་ལྡན་ཞིག་ཏུ་འགྱུར་མི་ཐུབ། བོད་མི་རྣམས་ཀྱིས་སྔར་གོམས་ལས་བརྒལ་ནས་རང་རྐང་གི་བསམ་བློ་ཚད་ལྡན་ཞིག་འཛིན་པར་ཉུང་མཐར་ཡང་ལོ་བཅུ་ཕྲག་གཉིས་གསུམ་སྒུག་དགོས། རྒྱུ་མཚན་ནི་བོད་མི་རྣམས་ད་དུང་ཡང་ནར་མ་སོན་པའི་བྱིས་བ་ཞིག་དང་འདྲ་བ་སྐུ་མདུན་ལས་ལོགས་སུ་བྲལ་ནས་རང་ཁྱིམ་འཛིན་མི་ཐུབ་པས་ཡིན། གང་ལྟར་འོས་མི་རྣམས་ཀྱིས་རང་ཉིད་ཀྱི་འཇོན་ཐང་ངོམས་ནས་བཀའ་ཁྲིར་དངས་བླང་གིས་བཞུགས་པ་ནི་བོད་མི་རྣམས་རང་རྐང་ཐོགས་ལངས་རྒྱུའི་སྦྱང་བརྡ་ཞིག་ཡིན་པས་དགའ་འོས་བའི་དོན་བཟང་ཞིག་རེད་ལ། ཁོང་ཚོར་རྒྱུད་བོད་འདི་བླ་མའི་དབང་སྒྱུར་ནས་མི་མང་གིས་དབང་སྒྱུར་འོག་ཏུ་འགྲོ་ཐུབ་མིན་གྱི་ཚོད་ལྟ་ཞིག་ཡིན་པས་བཀའ་ཁྲིའི་ལས་འགན་ཆུང་ཆུང་ཞིག་གཏན་ནས་མིན། གལ་སྲིད་ལ་བཀའ་ཁྲི་ལ་བླ་མེད་ཀྱི་ནུས་པ་དང་ཆེད་འཕགས་ཀྱི་བྱིན་རླབས་ཡོད་ན། མི་མང་གིས་ཡིད་ཆེས་སླེབས་པའི་རྒྱུ་རུ་འགྱུར་ཞིང་བོད་འདི་མང་གཙོའི་དངོས་བོའི་ཐོག་རང་རྐང་སྟེང་ལངས་ཐུབ་པའི་སྔ་ལྟས་སུ་འགྱུར་བས་བཀའ་ཁྲི་ལས་དོན་ཆུང་ཆུང་མ་ཡིན། མིན་ཏེ་ནང་སྲིད་ཀྱི་འགན་དབང་ཕལ་ཆེར་བཀའ་ཁྲི་བ་ལ་ཡོད་པས་བཀའ་ཁྲི་ནི་བོད་ཀྱི་སྤྱི་ཚོགས་ཁྲོད་སྐུ་མདུན་མ་ཐེ་བའི་ཤུགས་རྐྱེན་སྤྲོད་ཐུབ་མཁན་གྱི་རྩ་ཆེའི་མི་སྣ་ཡིན་ལ། དེ་ལྟར་རིན་ཐང་སླེབས་ཆེད་མི་མང་ལ་ཡིད་ཆེས་སླེབས་པའི་བྱ་བཞག་སྐྱོང་དགོས་པས་འབྱུང་འགྱུར་གྱི་བཀའ་ཁྲི་ལ་མི་སེམས་འགུག་པའི་ལས་འགན་ཆེ་གྲས་གསུམ་ཡོད་པ་འདོད། དཔལ་འབྱོར་དང་ཤེས་ཡོན། མི་འབོར་འཕེལ་རྒྱས་བཅས་ཡིན་ལ་དེ་གསུམ་འབྱུང་འགྱུར་བཀའ་བློན་ཁྲི་བའི་ཁ་ཚ་དགོས་གཏུགས་ཀྱི་ཕྲག་ཏུ་བབ་པའི་ལས་འགན་ཡིན། བོད་རྒྱ་ཞི་མོལ་དང་བོད་ཀྱི་བཀའ་རྙོགས་སེལ་རྒྱུ་སོགས་མཐའ་ཐུག་གི་དམིགས་དོན་མང་ཡང་དེ་ནི་ཕྱི་སྲིད་དང་འབྲེལ་བས་སྐུ་མདུན་འཚོ་གཞིས་ཀྱི་སྐབས་བཀའ་ཁྲི་ལ་དེ་ཙམ་འབྲེལ་བ་མེད། རྒྱུ་མཚན་ནི་བཀའ་ཁྲི་སུ་ཞིག་བྱུང་ཡང་དབུ་མ་རང་གནས་ཡིན་པས་ཡིན།
༡ དཔལ་འབྱོར་གྱི་སྒང་ནས་བོད་ནི་དབུལ་ཕུང་ཡིན་ཞིང་ལྷག་པར་ཡུལ་གྱར་སྤྱི་ཚོགས་ཀྱི་དཔལ་འབྱོར་བརྒྱ་ཆ་བརྒྱད་ཅུ་ལྷག་གཞན་བརྟེན་ཡིན་པས་དགོན་པ་ལྟར་ནམ་ཡང་སྦྱིན་བདག་ལ་རེ་ལྟོས་གཙོ་ཆེ་འཛིན་པའི་འདུ་ཤེས་འོག་མི་མང་གི་ཆོད་སེམས་ལ་དོགས་ཕོགས་བཏང་བ་ཉུང་ཉུང་མིན་པས་དེར་འགོག་ཆེད། སྲོལ་རྒྱུན་གྱི་ལག་ཤེས་དང་དེང་རབས་ཀྱི་དངོས་བོའི་བཟོ་སྐྲུན་བྱེད་རྒྱུའི་བཟོ་གྲྭ་མང་དུ་འཛུགས་རྒྱུ་དང་། དེ་ནི་བོད་མི་རྣམས་དཔལ་ཀྱི་སྒང་བློ་སྤོབས་ཞི་ནས་སྡོད་མི་དགོས་བར་གཞན་དང་དཔུང་པ་མཉམ་གནས་ཡོང་བར་སྐུལ་འདེབས་བཏང་པ་མ་ཟད། དེས་བོད་ནང་དུ་ཆོས་ཁོ་ན་ཙམ་མ་ཡིན་པར་མ་འོངས་བར་མི་རིགས་འདི་རང་རྐང་སྟེང་ལངས་ཐུབ་རྒྱུའི་བཟང་ཕྱོགས་ཀྱི་ཉེར་ལེན་དང་། མཛུབ་སྟོན་གནང་པའི་ནུས་པ་ཡོད། གལ་སྲིད་བོད་གཞུང་གིས་དེ་ལྟར་མ་བྱེད་པར་སོ་ནམ་གྱི་སྟེང་དུ་ཨུ་ཚུགས་ཀྱིས་ཤུགས་གནོན་རྒྱབ་པ་ཡིན་ན་འབྲས་བུ་ལྡོག་ཕྱོགས་སུ་སྨིན་ངེས་རེད། རྒྱུ་མཚན་ནི་ཤེས་ཡོན་གྱི་ཆུ་ཚད་ངེས་ཐོན་པའི་གཞོན་སྐྱེས་མང་པོ་སློབ་གྲྭ་ཐོན་རྗེས་ཞིང་ཁ་གཉེར་ནས་འདུག་འདོད་མེད་པས་ཡིན་ལ། དེ་ལྟར་འདུག་ཀྱང་མི་སྲིད་དེ་གོ་སྐབས་བྱུང་ཚེ་ཀླད་ཤུགས་ཀྱི་ལས་ཀ་འམ་གྲོང་ཁྱེར་དུ་འགྲོ་འདོད་ཡོད་པས་ཡིན། མ་ཟད་བོད་མི་ཚོར་རྗེས་ལུས་ཐེབས་པའི་རྐྱེན་རྩའང་སོ་ནམ་མ་ཤེས་བའི་མིན་པར་དེང་དུས་དང་མཐུན་པའི་ཤེས་རིག་སྟེ་བཟོ་ལས་ཀྱི་ཆུ་ཚད་ཞན་ཞིང་རྒྱལ་སྤྱིའི་འགྱུར་འགྲོས་ལ་གོ་རྟོགས་ཉུང་བས་ཡིན་པས་གང་དུ་སྐྱོ་ན་གནས་དེར་ཁ་གསབ་བྱེད་རྒྱུ་ནི་རྒྱལ་ཁའི་སྔོན་འགྲོ་ཡིན་པས་བོད་གཞུང་གིས་དེ་ཕྱོགས་ལ་ཤར་གྲུ་མཉམ་འདེགས་བྱེད་རྒྱུ་གནད་དུ་མཐོང་། གྲོང་གསེབ་ནས་གྲོང་ཁྱེར་དུ་སྤོ་རྒྱུ་དང་གྲོང་ཁྱེར་ནས་ཤེས་རིག་གི་ལམ་དུ་བསྐྱོད་རྒྱུ་ནི་འཛམ་གླིང་སྤྱིའི་འགྱུར་འགྲོས་ཡིན་པས་གཞུང་གིས་དེ་ལ་ཁ་གཏད་མཇལ་པའི་ནུས་པ་དཀོན་ལ། མཇལ་ཡང་མཐའ་མ་ཕམ་ངེས་ཡིན་པ་དོགས་གཞི་བྲལ། དེ་བརྟེན་བོད་གཞུང་གིས་བོད་མི་རྣམས་ལས་ཀའི་ཆེད་དུ་བདག་མེད་ཀྱི་བྱིས་པ་བཞིན་གྲོང་ཁྱེར་ཁག་ཏུ་ཁ་ཐོར་མི་འགྲོ་སླད། གནའ་དེང་གི་གནས་བབ་དང་མཐུན་པའི་བཟོ་གྲྭ་དང་ལག་རྩལ་ཁང་མང་དུ་འཛུགས་རྒྱུ་གལ་ཆེན་ཡིན་ལ། རྒྱ་གར་ལ་མི་འབོར་ཆེ་པས་ཉོ་མཁན་ཡང་མང་དུ་ཡོད་ངེས་རེད། འཕེལ་རྒྱས་སོང་ཚེ་རྒྱལ་སྤྱིའི་ཚོང་ཟོག་ཏུ་སྒྱུར་རྒྱུའི་གོམ་པ་སྤོ་རྒྱུ་དང་། བོད་དོན་ཡང་གནའ་གོམས་བཞིན་རེ་ལྟོས་ཁོ་ནས་སྡུག་སྨྲས་འདོན་མི་དགོས་བར་ཚོང་དང་འབྲེལ་ནས་དྲིལ་བསྒྲགས་དང་མཛའ་གྲོགས། རྒྱབ་སྐྱོར་མི་ཉུང་བ་ཞིག་རེག་ངེས་རེད། འོན་ཀྱང་དེའི་ནུས་བ་ཇི་ལྟར་ཐོན་མིན་ནི་གཞུང་གི་འཆར་བཀོད་དང་གནད་ཁྲིད་ལ་རེག་ལས་བས་འབྲས་བུ་འདི་དང་འདི་ཐོན་མིན་གསལ་བཤད་ཞུ་དཀའ་ཡང་། དཀའ་ལས་རྒྱབ་ན་བཀྲ་ཤིས་ཀྱི་མྱུ་གུ་འབུས་ངེས་རེད། ཞིང་ཁ་བདག་མེད་མང་ན་དེ་དག་ནུབ་ཕྱོགས་ལྟར་སྒེར་བདག་ཅན་དུ་སྒྱུར་ནས་མི་རེ་ཟུང་ངམ་ཚོགས་པ་ཁ་ཤས་ཀྱིས་སོ་ནམ་བྱས་ཤིང་ཐོན་སྐྱེད་ཀུན་ཡུལ་གྱར་སྤྱི་ཚོགས་གཙོ་བོ་བྱས་ཏེ་ཚོང་སྒྱུར་བྱེད་ཐུབ་ཚེ། མི་ཁྱིམ་རེ་རེའི་ས་ཞིང་གི་ཆེད་དུ་མི་ཚེ་བཏང་མི་དགོས་བས་སྤྱི་སྒེར་གཉིས་ལ་ཕན་ཐོགས་ཡོད་པ་སྨོས་མེད་རེད།
༢ ཤེས་ཡོན་ཏེ་ཡུལ་གྱར་སྤྱི་ཚོགས་ཀྱི་སློབ་སྦྱོང་གཙོ་བོ་ནི་སྐད་ཡིག་དང་ཆོས་ཀྱི་སློབ་སྦྱོང་ཡིན་ཞིང་དེ་ལས་ཡར་རྒྱས་བཏང་ཆེད་ཤིང་བཟོ་དང་མགར་བ། གྱོན་ཆས་དང་ཐང་ག སྨན་པ་སོགས་སྦྱང་ཡུལ་ཉུང་ངུ་ལས་མེད་པས་དེ་དག་དུས་དང་མཐུན་པའི་ཡར་རྒྱས་བཏང་ཐོག་ནུབ་ཕྱོགས་དང་རྒྱ་གར་སོགས་ཀྱི་བཟོ་རིག་ལག་རྩལ་གང་ཐུབ་ཀྱིས་བོད་ཀྱི་སྤྱི་ཚོགས་དུ་ཚུལ་ལེན་བྱེད་རྒྱུ་གནད་དུ་མཐོང་། རྒྱུ་མཚན་ནི་བོད་ཀྱིས་ལོ་ངོ་སྟོང་ཕྲག་གཅིག་ཙམ་རིང་ནང་དོན་རིག་པ་དང་རིག་གནས་གཙོ་ཆེ་བཟུང་ནས་དེ་ཚུལ་ལེན་དང་ཡར་རྒྱས་བཏང་བ་ལས་དངོས་བོ་འཕེལ་རྒྱས་ཀྱི་གཞི་རྩ་བཟོ་རིག་དང་དཔལ་འབྱོར་རིག་པ་འཐུས་ཤོར་ཚབས་ཆེན་ཤོར་བས་དེ་ངེས་བར་དུ་ཁ་གསབ་བྱེད་རྒྱུ་ནི་མི་རིགས་འདི་གཞན་དང་ལྷན་དཔུང་པ་མཉམ་གཤིབ་ཐུབ་པའི་རྩ་བའི་ཆ་རྐྱེན་ཡིན་ལ། མི་རབས་འདིའི་ཕྲག་ཏུ་བབ་པའི་གལ་ཆེའི་ལས་འགན་ཡིན།
༣ མི་འབོར་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་རྒྱུ་ནི་མི་རིགས་འདི་རྒྱུན་གནས་ཐུབ་མིན་དང་འབྲེལ་པས་ངེས་བར་དུ་གོང་ས་མཆོག་གིས་གསུངས་བ་བཞིན་གྲྭ་འབོར་འཕེལ་ན་བཟང་མོད། མཐའ་ཐུག་མི་རིགས་འདིའི་ཚེ་སྲོག་ལ་འཇིགས་སྣང་སྐུལ་བས་དེ་དོན་གང་ས་ནས་མི་མང་ལ་གོ་རྟོགས་སྤེལ་ཐུབ་པའི་བློ་སྤོབས་ཡོད་པའི་ཐོག་མི་སེམས་འགུག་ཅིང་སྤྱི་སྒེར་གཉིས་ལ་ཕན་པའི་ལས་འགུལ་སྣ་ཚོགས་སྤེལ་ནས་སྐྱེས་རྒྱུན་ཆབ་སྤེལ་བཏང་བྱེད་རྒྱུ་དེ་རེད། ཡིན་ཡང་དཔལ་འབྱོར་ཡར་རྒྱས་མེད་ན་དགོན་པ་ནི་དབུལ་ཕུང་དང་སྤྱི་ཚོགས་ཀྱི་ཕམ་ཁ་མྱོང་བའི་འུ་ཐུག་ཕྱོགས་ཁག་གི་བྱོལ་ས་ལྟ་བུ་ཆགས་ནས་མི་མང་དེ་ལ་ཚང་ཁ་བྱེད་ཉེན་ཆེས་པས་དཔལ་འབྱོར་ཡར་རྒྱས་བཏང་རྒྱུ་ནི་རྩ་གནད་དུ་འཁུམས་ཏེ། དཔལ་འབྱོར་གྱིས་མི་ལ་ཤེས་རིག་དང་འགྲོ་སྡོད། འཚོ་གནས་དང་འགུལ་སྤྱོད་ཀྱི་རང་དབང་སྐྲུན་པས་ཡིན། རྒྱུ་མཚན་ནི། ཁྱིམ་གཅིག་ལ་དཔལ་འབྱོར་མེད་ན་ཁྱིམ་གཞི་ཁ་བྲལ་བཏང་ལ། ཚོགས་པ་གཅིག་ལ་དཔལ་འབྱོར་མེད་ན་ཚོགས་པ་ཁ་ཐོར་བཏང་། མི་རིགས་གཅིག་ལ་དཔལ་འབྱོར་མེད་ན་གཅིག་བསྡུ་དཀའ་ལ། སྲིད་གཞུང་གཅིག་ལ་དཔལ་འབྱོར་མེད་ན་རྒྱུན་གནས་དཀའ་བས་འབྱུང་འགྱུའི་བཀའ་ཁྲིའི་ལས་འགན་གཙོ་བོ་ནི་བོད་སྲོལ་མ་བརླགས་པའི་ཐོག་དེང་དུས་དང་མཐུན་ཞིང་ཡར་རྒྱལ་ལྡན་པའི་བོད་གསར་བ་ཞིག་འཛུགས་སྐྲུན་བྱེད་རྒྱུ་ཡིན་ལ། དེ་ནི་གཞོན་སྐྱེས་རྣམས་ཀྱིས་དུས་རབས་ཕྱད་ཀའི་རིང་སྒུག་པའི་རེ་བ་ཡིན་ཞིང་། དེས་རྒྱ་ནག་གཞུང་དང་འཛམ་གླིང་མི་མང་ལ་བོད་འདི་ལས་སླ་བ་ཞིག་མིན་པ་པར་སྒྱུར་བཅོས་དང་གསར་གཏོད་བྱེད་པའི་ནུས་བ་ཡོད་པ་གསལ་བྱེད་ཐུབ་པ་མ་ཟད། ལོ་ངོ་སྟོང་ཕྲག་ལྷག་གི་རིང་གཉིད་དུ་གཡུར་བའི་མི་རིགས་ཤིག་དཀྲོགས་མཁན་གྱི་ཅུང་བརྡ་འགྱུར་བའི་ལམ་ཁ་ཡོད།
ཡུལ་གྱར་སྤྱི་ཚོགས་ཀྱི་མི་རབས་རྒན་པ་རྣམས་ཀྱིས་བཀའ་དྲིན་ལ་བརྟེན་ནས་བཙན་བྱོལ་བོད་གཞུང་སྲ་བརྟན་བཙུགས་ཤིང་བོད་འདི་རྒྱལ་སྤྱིའི་ཐོག་ངོ་ནོངས་མི་དགོས་བའི་མི་རིགས་ཤིག་ཏུ་བཟོས་བ་མ་ཟད། བོད་དོན་ཡང་རྒྱལ་སྤྱིའི་གནད་དོན་དུ་གང་མཚམས་སུ་བསྒྱུར་བའི་རླབས་ཆེན་གྱི་ལས་འཕྲོ་འཇུག་སྐྱོང་ཐོག བོད་འདི་ཁྱུང་ཆེན་ཞིག་དང་འདྲ་བར་སྤྲིན་དང་རྡེབས་ནས་ཕྱོགས་བཞིའི་གནམ་ཕང་སྐྱོད་རྒྱུའི་དུས་ཚིགས་སྨིན་ལ་ཉེ་ཞིང་། གོ་སྐབས་དེར་ཆུ་ཟོས་སུ་མི་འགྲོ་ཆེད་གོང་དུ་བཀོད་པའི་གནད་དོན་གསུམ་པོ་འབྱུང་འགྱུར་བཀའ་ཁྲིའི་ལས་འགན་དུ་འདོད་དོ།།
ཨ་ནུ་ཐང་བསོད་ནམས་ལགས།
ཁྱོད་ཀྱི་བསམ་ཚུལ་འདོན་པ་ཤིན་ཏུ་བཟང་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
མུ་མཐུད་གསུང་རོགས།
བཀུར་འོས་གྲོགས་ཨ་ནུ་ཐང་བསོད་ནམས་ལགས། ཁམས་བཟང་། ཉིད་ཀྱི་གནད་ལ་འཁེལ་ཞིང་དོན་ལ་གནས་པའི་འབྱུང་འགྱུར་བཀའ་ཁྲིའི་སྐོར་ལ་ཆེད་རྩོམ་ཞིག་སྤེལ་གནང་བ་དེ་དགའ་སོང་ལ། མ་འོངས་པར་ཡིན་ནའང་། འདི་ལྟ་བུའི་དུས་སུ་བབ་ཅིང་ངེས་པར་དུ་སྤེལ་དགོས་པའི་ཆེད་རྩོམ་གང་མང་སྤེལ་གནང་ཡོང་བར་ཞུ། གང་ལྟར། ཉིད་ཀྱི་ཆེད་རྩོམ་དེ་ངེད་གཞོན་སྐྱེས་སྐོར་ཞིག་གིས་གོ་སྒྲིག་དང་རྩོམ་སྒྲིག་བྱས་ཏེ་བཏོན་དང་འདོན་པའི་《བཀའ་བློན་ཁྲི་པ་》ཞེས་པའི་ཚགས་པར་ནང་དུ་བཀོད་ན་འགྲིགས་མིན་གྱི་ལན་ཞིན་གནང་རོགས་ཞུ། ལྷག་པར་དུ། ཉིད་ཀྱི་མྱུར་འཕྲིན་ཁ་བྱང་ཞིག་སྐུར་དང་ངེེད་ཅག་གིས་བཏོན་ཟིན་པའི་ཚགས་པར་ཁག་གློག་ཀླད་བརྒྱུད་ལམ་བསྐུར་ངེས་ཡིན་ལགས། རྨེའུ་དཀོན་རྒྱམ་ནས།
ཨ་ནུ་ཐང་བསོད་ནམས་ལགས།
སོ་སོའི་མ་འཇོན་ན་སྐུ་མདུན་ལ་ལེ་ཁག་དཀྲི་ས་མེད་པར་སེམས། སྐུ་མདུན་ནས་སྐུ་དབང་ཚང་མ་མི་མང་ལ་གནང་ནི་དམངས་གཙོ་ཚད་ལྡན་་ཞིག་ལ་འགྱུར་ཐུབ་པའི་ཐུགས་རེ་ཡོད་ཀྱང་། ང་ཚོའི་མི་རིགས་འདི་རང་དོན་ལས་གཞུང་དོན་གཙོ་བོར་འཛིན་མཁན་ཉུང་དྲག་པ་དང་གཅིག ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་རེ་ཆེ་བ་དང་གཉིས། བཙན་བྱོལ་སྤྱི་ཚོགས་ནང་ལྟ་བུར་དཔེར་མཚོན་ན། གསར་འབྱོར་དང་རྙིང་འབྱོར་གྱི་དབྱེ་འབྱེད་ཆེ་བ་དང་གསུམ། འདི་དག་གིས་རང་ཅག་གི་སྤྱི་ཚོགས་འདི་བརྟན་ལྷང་དང་གོང་བུ་གཅིག་ཏུ་བསྒྲིལ་བའི་་དམངས་གཙོ་ཚད་ལྡན་ཞིག་ཏུ་འགྱུར་ཐུབ་ཀྱི་མེད་པར་མཐོང་། བཀའ་བློན་ཁྲི་བ་ནི་ཤེས་འཇོན་དང་ལྷག་བསམ་ལྡན་པའི་མི་བུ་ཞིག་དགོས་པ་བཞིན་ང་ཚོའི་སྤྱི་ཚོགས་ནང་རེ་གཉིས་ཡོད་ཀྱང་། གོང་ཞུས་དུག་གསུམ་གྱིས་རྒྱུ་རྐྱེན་བྱས་ཏེ། དངོས་ཡོད་ཤེས་འཇོན་དང་ལྷག་བསམ་དཀར་བའི་སྐྱེ་བོ་རྣམས་ལ་འོས་མི་བླུག་པ་གཡོ་རྒྱུ་ཁྲམ་གསུམ་དང་ཕྱོགས་རེས་འཐེན་འཁྱེར་ལ་དགའ་བའི་མི་རེ་ཟུང་ལ་རྒྱུན་དུ་འོས་འཕེན་སྲོལ་ཡོད་པ་དེ་སྒྱུར་བཅོས་གཏོང་རྒྱུ་ཧ་ཅང་གི་ཁག་པོ་ཆགས་ཡོད་པས། ་ང་ཚོས་བཀའ་བློན་ཁྲི་བ་མི་ཡང་དག་པ་ཞིག་སླེབས་མི་ཐུབ་པ་གསལ་བོ་ཆགས་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་སྐུ་མདུན་ནས་བཀའ་སློབ་ལམ་སྟོན་རེ་མ་གནང་ན། ད་ཡོད་བཙན་བྱོལ་སྤྱི་ཚོགས་དེ་གནས་མི་ཐུབ་པའི་ཉེན་ཁ་ཆེན་པོ་ཆགས་ཡོད་པ་སེམས།
ཨ་ནུ་ཐང་བསོད་ནམས་ལགས་
ཡུལ་གྱར་ཟེར་བའི་ཚིག་འདི་ནི་རྒྱ་ནག་གིས་བོད་བཙན་བྱོལ་བ་ལ་བརྗོད་པའི་ཚིག་ཅིག་རེད།
ཡུལ་གྱར་ཟེར་བའི་དོན་ནི་གཞན་ཡུལ་དུ་འཁྱམས་པའི་དོན་རེད།
བཙན་བྱོལ་ཟེར་ན་ལེགས།
[བཀའ་བློན་ཁྲི་པ་ནི་གླ་བ་ཞིག་དང་འདྲ་བར་སྐུ་མདུན་གྱིས་བཀའ་བཀོད་ཇི་བཞིན་འགྲོ་དགོས་པ་ལས་དམིགས་བསལ་གྱི་རྣམ་དཔྱོད་ངོམས་སུ་ས་ཆ་དེ་ཙམ་མེད་པས་འགྱུར་བ་ཆེན་པོ་དེ་ཙམ་བཏང་མི་ནུས་]ཞེས་བཤད་འདུག་དེ་འདྲ་རང་ཡིན་ནམ། སྐུ་མདུན་གྱི་བཀའ་སློབ་ཡང་ཡང་གནང་བར་གཞིགས་ན་ངོས་རང་ཕྱེད་རྒན་ཡོལ་ཡིན་གསུངས་སོང། དེ་ཡི་དོན་གང་ཡིན་ནམ།
རྒྱ་ནག་གིས་འདི་ལྟར་ཤོད་ཀྱི་ཏ་ལི་བླ་མའི་བཀས་བཀོད་རྒྱུད་འཛིན་གྱི་ཡུལ་གྱར་ཅེས་བཤད་པ་དང་མཐུན་པར་མཆིས།
ངོས་ནས་བསམ་ན་དེ་འདྲ་རང་ཡིན་རྒྱུ་རེད་མི་དྲན། ཉེ་ཆར་རང་བོད་གཞུང་དམངས་ཀྱི་ཚོགས་ཆེན་ཐེང་དང་པོ་ལྷོ་ཕྱོགས་སུ་ཚོགས་སྐབས་སུ་༧གོང་ས་༧་མཆོག་གིས་སྐབས་རེར་བཀའ་བློན་ཁྲི་པ་ལ་ངས་ཤ་བཅུས་རྒྱབ་དགོས་པའང་ཆགས་ཀྱི་འདུག་ཅེས་གསུངས་སོང། དེ་ཡིས་ག་རེ་སྟོན་གྱི་འདུག་གམ།
ངས་ཨ་རུ་རས བཤད་པར ངོས་ལེན་བྱེད་ཀྱིན་ཡོད་།
ཟམ་གདོང་བཀའ་ཤག་གིས་ཤེས་ཡོན་སྲིད་ཇུས་གསར་བ་དང་། སོ་ནམ་ཞིང་ལས། དཔལ་འབྱོར་ལས་ཁུངས་ཀྱི་ཚོང་ལས་དང་ས་ཁང་ཡོངས་རྫོགས་སྒེར་བདག་ཅན་དུ་བསྒྱུར་ཟིན་པ་དང་། བོད་རྒྱའི་འབྲེལ་མོལ་ཁོར་ཡུག་བསྐྲུན་ཆེད་རྒྱ་ནག་ལ་ངོ་རྒོལ་སྐད་འབོད་བྱེད་མི་ཆོག་པའི་བཀའ་ཁྱབ་བཏང་བ་སོགས། བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་དབུ་ཁྲིད་པའི་བཀའ་ཤག་གིས་བཙན་བྱོལ་བོད་གཞུང་ལ་འགྱུར་བ་ཆེན་པོ་ཆེས་མང་པོ་བཏང་ཟིན་པ་རེད། འགྱུར་བ་ཆེན་པོ་དེ་ཚོར་ལ་༧གོང་ས་མཆོག་གིས་ཐེ་ཇུས་སྣེ་གཅིག་བྱས་མཐོང་མེད་པ་ང་ཚོས་གསལ་བོ་ཤེས་ཡོད་རེད། ད་དུང་རྒྱ་གར་གཞུང་དང་འབྲེལ་བ་བྱས་ཏེ་བོད་མི་གསར་འབྱོར་ཚོར་བལ་ཡུལ་སྣེ་ལེན་ཁང་བརྒྱུད་ནས་བལ་ཡུལ་རྒྱ་གར་གཞུང་ཚབ་ཁང་ནས་ལམ་ཡིག་དེབ་དཀར་པོ་བཟོས་པ་དང་། ཕྱི་རྒྱལ་ལ་འགྲོ་མཁན་གྱི་བོད་མི་ཚོར་དམ་དྲགས་ཚད་མཐོ་གནང་བ་སོགས་ཟམ་གདོང་རིན་པོ་ཆེ་རང་གི་དགོངས་པ་ཤ་སྟག་ཡིན་པ་དང་། ༧རྒྱལ་བ་རིན་པོ་ཆེར་བསྟུན་དགོས་མེད་པར་བཀའ་ཤག་རང་གི་དབང་ཚད་ཀྱི་ཐོག་ནས་བཟོས་པའི་སྲིད་ཇུས་དང་འགྱུར་བ་རེད། དཔེ་མཚོན་འདི་དག་གི་ཐོག་ནས་བཀའ་ཁྲི་ལ་ནུས་པ་དང་འཇོན་ཐང་ཡོད་ན་༧རྒྱལ་བ་རིན་ཆེར་བསྟུན་དགོས་མེད་པ་གསལ་བོ་རེད། བྱས་ཙང་༼བཀའ་བློན་ཁྲི་བ་ནི་གླ་བ་ཞིག་དང་འདྲ་བར་གཞུང་ངམ་སྐུ་མདུན་གྱི་བཀའ་བཀོད་ཇི་བཞིན་འགྲོ་དགོས་བ་ལས་དམིགས་བསལ་གྱི་རྣམ་དཔྱོད་ངོམས་སུ་ས་ཆ་དེ་ཙམ་མེད་པས་འགྱུར་བ་ཆེན་པོ་བཏང་མི་ཐུབ།༽ ཞེས་པ་འདི་མཐོང་དང་ཨ་ནུ་ཐང་བསོད་ནམས་ཟེར་བ་འདི་རྣ་བ་མེད་པའི་འོན་པ་དང་། མིག་མེད་པའི་ལོང་བ། ཞིབ་འཇུག་བྱེད་མི་ཤེས་པའི་དུད་འགྲོ་ཞིག་དང་འདྲ་ལ་དྲན་སོང་། མདོར་དེད་ན་བཀའ་ཤག་དང་བོད་མི་མང་གིས་༧རྒྱལ་བ་རིན་ཆེ་ཕྱིས་རས་ནང་བཞིན་བེད་སྤྱོད་བཏང་ཡོད་པ་རེད། འགན་ཆེ་ཤོས་དང་དཀའ་ལས་ཁག་ཤོས་ཚང་མ་༧གོང་ས་མཆོག་སྐུ་རྐྱང་གི་སྐུ་རྒྱབ་ཏུ་བཀལ་ཡོད་པ་མ་ཟད། ད་དུང་ཡང་རང་འགན་རང་གིས་མི་ཁུར་ཞིང་། རང་དོན་རང་གིས་མི་བྱེད་པར་སྐྱབས་སུ་མཆིས་ཟེར་ཞོར་ལ་འགན་ཚང་མ་༧གོང་ས་མཆོག་གི་སྐུ་རྒྱབ་ནས་མར་ལེན་གི་ཡོད་པ་མ་རེད། ད་དུང་འཇམ་ནོར་སོགས་ལྟ་གོས་ལ་སེམས་ཁྲེལ་མེད་མཁན་ཚོས་ཉིན་མཚན་མེད་པར་༧གོང་ས་མཆོག་གི་སྐྱོན་བརྗོད་ཀྱི་གོ་སྐབས་བཙལ་ནས། ཁྱོད་ལ་ཧ་ལས་ཡ་ག་རེ་ཡོད་མདོག་མདོག་ངོ་ཚ་ཁྲེལ་མེད་ཀྱི་སྐད་ཆ་དྲན་ཚད་༧གོང་ས་མཆོག་ལ་བཤད་ཀྱི་ཡོད་པ་རེད།
མཁྱེན་དཔྱོད་ཟབ་པའི་རྨེའུ་དཀོན་རྒྱམ་ལགས།
ཡིན་ད་ཡིན། སྐུ་ཉིད་ཀྱིས་ཕྲན་གྱི་བསམ་ཚུལ་འདི་《བཀའ་བློན་ཁྲི་པ་》ཚགས་ཤོག་སྟེང་བཀོད་བྱུང་བ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ། དེ་ནི་དགའ་འོས་བའི་དོན་བཟང་ཞིག་ཡིན་པས་སྤྲོ་སེམས་ཁོལ་བའི་ངང་མོས་མཐུན་ཡོད། ཐུགས་རྗེ་ཆེ།
ཨ་རུ་ར་དང་སྟག་སྨྱོན་གཉིས་ལགས།
ཁྱེད་གཉིས་ཀྱིས་ངའི་བསམ་ཚུལ་ལ་གོ་བ་མ་ལོན་པར་ལྡོག་ཕྱོགས་ཀྱི་འགྲེལ་བཤད་བརྒྱགས་བཞིན་ཡོད་པས་ཅུང་གསལ་བཤད་ཞུ་འདོད་བྱུང་། ལྷག་པར་སྟག་སྨྱོན་ཟེར་བ་ནི་ལྟ་བ་རྙིང་ཞིང་ཀླད་པ་མཁྲེགས་ལ་རི་མྱི་ཡི་འདུ་ཤེས་ཆེ་བས་ཚིག་རྩུག་མ་གཏོགས་གནས་ལུགས་ཉན་མི་ཤེས་མཁན་ཞིག་ཡིན་ཤེས་ཆེ་བས་ཕན་ཐོགས་ཡོད་པ་མ་མཐོང་ཡང་། མཁྱེན་དཔྱོད་ཡངས་བའི་ཀློག་མཁན་ཚོས་གོ་ནོར་མི་ཐེབས་རྒྱུའི་ཆེད་དུ་འགྲེལ་འདོད་བྱུང་། ཀློག་མཁན་ཚོ་ལ་དགོངས་དག ཚིག་ཅུང་རྩུབ་ཀྱང་འདི་ནི་ངས་དྲ་ཐོག་ནས་སྟག་སྨྱོན་ཤེས་བའི་མྱོང་འཚོར་ཡིན་ལ་སྟག་སྨྱོན་ཟེར་བ་ནི་ཚིག་མཁོ་མཁན་ཞིག་ཡིན་པས་དགོས་དབང་གིས་བེད་སྤྱོད་བཏང་རྒྱུ་ཡིན།
དང་པོ། ངས་སྐུ་མདུན་གྱིས་བོད་མིའི་བསམ་བློ་ཚོད་འཛིན་ཐེབས་ཚུལ་གླིང་བཞིན་མེད་ལ་སྐུ་མདུན་གྱིས་མི་མང་གིས་རང་དབང་བཏང་འཛིན་བྱེད་ཀྱིན་ཡོད་པ་དེ་བས་བཤད་ཀྱིན་མེད། ངས་བཤད་པ་ནི་མི་མང་གིས་སྐུ་མདུན་ལ་རེ་བ་བཅོལ་རྒྱུ་མང་དྲགས་ནས་རང་ཉིད་ཀྱི་འགུལ་སྤྱོད་ལ་ཚོད་འཛོན་ཐེབས་བཞིན་ཡོད་གླེང་བཞིན་ཡོད་ལ། དེས་དབང་གིས་མི་འཇོན་པོ་སུ་ཞིག་སླེབས་ཀྱང་སྐུ་མདུན་ནང་བཞིན་ཡིད་ཆེས་དང་ཆེད་མཐོང་མེད་པས་མི་དེའི་འགུལ་སྤྱོད་ལ་སྤྱི་ཚོགས་ཀྱིས་བཀག་རྒྱ་ཐེབས་ཚུལ་གླེང་བཞིན་ཡོད། དེ་ནི་སྐུ་མདུན་གྱིས་མི་མང་ལ་དབང་ཡོད་ཀྱིས་ཡིད་ཆེས་བྱེད་དུ་བཅུག་པ་མ་ཡིན་པར་མི་མང་གིས་སྐུ་མདུན་ལ་ཡིད་ཆེས་དང་བློ་ཁེབས་བྱས་ཏེ་འགན་འཁུར་ཡོད་ཚད་སྐུ་མདུན་ལ་སྤད་ཅིང་སྐུ་མདུན་ནི་སྤྱི་ཚོགས་ཀྱི་གནོན་ཤུགས་འཁུར་བའི་མི་སྣ་ཞིག་ཏུ་བཟོས་བ་རེད། དེ་ནི་སྐུ་མདུན་གཅིག་བུ་མ་ཡིན་བླ་སྤྲུལ་ཀུན་རེད། བླ་སྤྲུལ་རྣམས་ལ་མི་མིང་གིས་མིང་ཞིག་བཏགས་ཤིང་ངོས་འཛིན་བྱས་ནས་འགན་འཁུར་ཡོད་ཚད་ཁོང་ཚོ་བཀལ་བས་སྤྲུལ་སྐུ་རྣམས་ཀྱིས་རང་ཉིད་ལ་མི་མང་གིས་བཀུར་བའི་མཚན་དང་མཁུར་བོ་འདོད་མེད་ལ་མ་ལྟོས་བར་དེ་ནི་ཁོང་ཚོའི་ལས་ཀར་ཆགས་པས་ངེས་བར་དུ་རྒྱུན་སྐྱོང་བྱེད་དགོས་ཏེ། མ་བྱས་ན་མི་མང་གི་རེ་བ་ཡོད་ཚད་ཆུ་ནང་བླུགས་པས་སྤྲུལ་སྐུ་ངོས་འཛིན་ངོས་འཛིན་བྱེད་རྒྱུ་སོགས་དཀའ་ངལ་སྣ་ཚོགས་མི་མང་གི་གནོན་ཤུགས་དབང་གིས་ཕྲག་ཏུ་བླངས་ནས་ཡང་སྲིད་རྩད་གཅོད་དང་ངོས་འཛིན་བྱེད་ཀྱིན་ཡོད། གལ་སྲིད་མི་མང་ལ་བླ་སྤྲུལ་མི་མཁོ་ན་དེ་ནི་ཡོང་ཐབས་མེད་དེར་མི་མང་གིས་བཟོས་བས་སོ། དེ་བརྟེན་སྐུ་མདུན་གྱིས། མ་འོངས་བར་ཏཱ་ལའི་བླ་མའི་ཡང་སྲིད་མཁོ་མིན་ནི་བོད་རྒྱ་ཆེའི་མི་མང་ལ་རེག་ལས་གསུངས་བའི་རྐྱེན་རྩ་དེ་ཡིན། ཡིད་མི་ཆེས་ན་ཡང་སྲིད་ངོས་འཛིན་བྱེད་པའི་རྒྱུད་རིམ་ལ་གཟིགས་དང་། བླ་མ་ཚོར་དཀའ་ལས་དང་སྤྱི་ཚོགས་ཀྱི་གནོན་ཤུགས་ག་ཚོད་ཡོད་མེད་ཤེས་ངེས་རེད། ཉེར་ཆར་སྐུ་མདུན་གྱི་བཀའ་སློབ་ཀྱི་ནང་ང་ཚོའི་སྤྱི་ཚོགས་ནང་འཇོན་པོ་ག་ཚོད་ཡོད་ཀྱང་ང་ལ་རྒྱལ་པ་རིན་པོ་ཆེ་མིང་ཡོད་ཕྱིན་མཚམས་རེ་མི་སུ་ཞིག་གིས་བྱེད་མི་ཐུབ་པ་ངས་བྱེད་ནུས་པས་བཀའ་ཁྲིས་གནང་མ་ཐུབ་པའི་་ཕྱག་ལས་བྱུང་ཚེ་ངས་ལས་རོགས་པ་བྱེད་ཐུབ་ཅེས་བས་བའི་དོན་ལས་བོད་མིའི་འདུ་ཤེས་ག་འདྲ་ཡིན་མིན་ཤེས་སླ་བ་ཞིག་རེད།
སྟག་སྨྱོན་གྱིས “མདོར་དེད་ན་བཀའ་ཤག་དང་བོད་མི་མང་གིས་༧རྒྱལ་བ་རིན་ཆེ་ཕྱིས་རས་ནང་བཞིན་བེད་སྤྱོད་བཏང་ཡོད་པ་རེད། འགན་ཆེ་ཤོས་དང་དཀའ་ལས་ཁག་ཤོས་ཚང་མ་༧གོང་ས་མཆོག་སྐུ་རྐྱང་གི་སྐུ་རྒྱབ་ཏུ་བཀལ་ཡོད་པ་མ་ཟད། ད་དུང་ཡང་རང་འགན་རང་གིས་མི་ཁུར་ཞིང་། རང་དོན་རང་གིས་མི་བྱེད་པར་སྐྱབས་སུ་མཆིས་ཟེར་ཞོར་ལ་འགན་ཚང་མ་༧གོང་ས་མཆོག་གི་སྐུ་རྒྱབ་ནས་མར་ལེན་གི་ཡོད་པ་མ་རེད།” ཁྱེད་ཀྱིས་བོད་མི་དང་བཀའ་ཤག་གིས་སྐུ་མདུན་ཕྱི་རས་ལྟ་བུ་བཏང་གི་ཟེར་བ་ལ་བདེན་ཆ་ཡོད་ཀྱང་ཡོད་ཚད་བདེན་པ་མིན། བོད་མིས་ཁྲོད་ནས་ལྷག་བསམ་རྣམས་དག་གིས་སྐུ་མདུན་ལ་དད་གུས་བྱེད་མཁན་མང་པ་ལས་ཕྱི་རས་བཞིན་བེད་སྤྱོད་བཏང་མཁན་ཉུང་ཉུང་ཡིན། འོན་ཀྱང་འགན་ཆེ་ཤོས་དང་དཀའ་ལས་ཁག་ཤོས་སྐུ་མདུན་ལ་ཡོད་པ་ནི་བདེན་ཞིང་དེ་ནི་ཡོད་དགོས་ཏེ། སྐུ་མདུན་ནི་མི་མང་གིས་ཡིད་ཆེས་ཡོད་པའི་དབུ་ཁྲིད་ཡིན་པས་སོ། འོན་ཀྱང་ཉིད་ཀྱིས་དེ་ལྟར་བྱེད་དགོས་བའི་རྒྱུ་རྐྱེན་མ་ཤེས་བ་ནི་བློ་ཕམ་གྱི་གཞི་མ་རེད། དེ་ནི་གོང་དུ་བཤད་པ་ལྟར”སྐུ་མདུན་གྱི་ཞལ་ཇི་སྲིད་འཚོ་བ་དེ་སྲིད་དུ་བོད་མིའི་སེམས་ནང་གི་གཙོ་འཛིན་སྐུ་མདུན་ཡིན་པ་ལས་བཀའ་ཁྲི་མིན། ཇི་སྲིད་བོད་མིའི་བསམ་བློ་མ་འགྱུར་བར་དེ་སྲིད་དུ་བཀའ་ཁྲིའི་རིན་ཐང་སླེབས་མི་སྲིད་པས་ཁྱད་འཕགས་ཀྱི་ནུས་བ་མེད་ལ། ཡུལ་གྱར་སྲིད་གཞུང་ཡང་དམངས་གཙོ་ཚད་ལྡན་ཞིག་ཏུ་འགྱུར་མི་ཐུབ།” དེའི་རྒྱབ་ལྗོངས་ནི་སྐུ་མདུན་ནི་དུས་ནམ་ཡང་བོད་མིས་ངོས་འཛིན་བྱས་བའི་དབུ་ཁྲིད་ལ་སྐུ་མདུན་བོད་མི་དབུ་ཁྲིད་ག་ཚོད་བྱས་བ་དེ་ཚོད་དུ་སྐུ་མདུན་གྱིས་འགན་ཆེ་ཤོས་འཁུར་དགོས་ལ་དེ་ནི་འོས་བབ་དང་མཐུན་པས་ངན་ཚང་འདྲི་རྒྱུ་ཅི་ཡང་མེད། རྒྱུ་མཚན་ནི། འགན་འཁུར་འཁུར་མཁན་དུ་མི་མང་གིས་སྐུ་མདུན་བཟོས་བས་སྐུ་མདུན་གྱིས་མགན་མ་འཁུར་ན་ཚངས་དབྱངས་རྒྱ་མཚོ་ལྟར་རྒྱལ་ཁམས་འཁེངས་བའི་དཀའ་རྙོགས་ཡོང་ངེས་རེད། དེ་བརྟེན། བོད་མི་རྣམས་ཀྱིས་མི་གཅིག་ལ་རེ་བ་རྒྱགས་རྒྱུ་འདོད་ནི་ཤིན་ཏུ་ཉེན་ཁ་ཆེ་ཞིང་མི་དེ་འདས་རྗེས་ལོ་ངོ་༢༠ལྷག་ལ{དེ་ནི་ཡང་སྲིད་ངོས་འཛིན་བྱས་རྗེས་ན་མ་སོན་པར་སྒུག་དགོས་བས་ཡིན}དབུ་ཁྲིད་མེད་པར་སྒུག་སྡོད་བྱེད་དགོས་བས། དེ་ནི་རྒྱལ་ཁབ་ཞིག་ལ་མཚོན་ན་ཅི་འདྲིའི་གྱོང་གུད་ཅིག་མ་རེད་དམ།
མི་མང་གི་སེམས་ནང་གི་དབུ་ཁྲིད་སྐུ་མདུན་ཡིན་ན་བཀའ་བློན་ཁྲི་བར་མིང་ཙམ་མ་གཏོགས་དོན་གྱིས་སྐུ་མདུན་གྱིས་བཀའ་བཀོད་ལ་འདའ་མི་ཐུབ་པ་སྨོས་མེད་རེད། དཔེར་ན། མཁས་དབང་འཇམ་དབྱངས་ནོར་བུ་ལྟ་བུ་རེད། ཁོང་གི་ཆབ་སྲིད་ཀྱི་ལྟ་བ་སྐུ་མདུན་དང་མི་མཐུན་པས་བཀའ་བློན་དུ་ཡོང་མི་ཐུབ་པ་ལས་དེ་མིན་ཤེས་ཚད་དང་ཉམས་མྱོང་། འཇོན་ཐང་གང་གི་ཕྱོགས་ནས་བཀའ་ཁྲིར་ལངས་ཆོག་ཆོག་རེད།
སྟག་སྨྱོན་གྱིས “འདི་མཐོང་དང་ཨ་ནུ་ཐང་བསོད་ནམས་ཟེར་བ་འདི་རྣ་བ་མེད་པའི་འོན་པ་དང་། མིག་མེད་པའི་ལོང་བ། ཞིབ་འཇུག་བྱེད་མི་ཤེས་པའི་དུད་འགྲོ་ཞིག་དང་འདྲ་ལ་དྲན་སོང་།” ཁྱེད་ཀྱིས་ང་ལ་ཁ་མེད་རྣ་མེད་ཀྱི་མིང་ཚང་བཏགས་ཀྱང་ངས་བྲིས་བའི་དོན་ལ་ཕྱོགས་རིས་ཀྱིས་འགྲེལ་བཤད་བརྒྱགས་པ་ནི་ཁྱེད་དྲངས་བའི་དོན་ལས་མ་འདས། རྒྱུ་མཚན་ནི་ངས་ཕྱོགས་གཅིག་ནས་བཀའ་ཁྲི་གླ་བ་ནང་བཞིན་ཁོང་གི་ཅི་འདོད་བཅོས་སྒྱུར་བྱེད་པའི་དབང་ཚད་མེད་པའི་རྒྱལ་ལྗོངས་ཕྱི་སྲིད་ལ་འགྱུར་བཏང་བའི་ཐོབ་ཐང་མེད་པས་ཡིན་ཚུལ་གསལ་བཤད་གནང་ཡོད་ཀྱང་ཁྱེད་ཀྱིས་དེའི་སྐོར་ཟུར་ཙམ་མེད་པར་རང་སྣང་གང་དྲན་དགག་རྒྱག་པ་ནི་སྨྱོན་པའི་མིང་དང་མཚུངས། འོན་ཀྱང་། ངས་ནང་སྲིད་ཕལ་ཆེར་བཀའ་ཁྲིར་དབང་བས་གལ་ཆེན་ཡིན་ཚུལ་བཤད་ཀྱང་ཁྱེད་ཀྱིས་ངས་བཀའ་ཁྲི་གལ་ཆེ་མི་ཆེ་ཚུལ་དུ་གོ་ནས་དགག་པ་བརྒྱགས་པ་ནི་ཡི་གེའི་ཡག་པོ་མི་གོ་བའི་དན་རྟགས་ཤིག་རེད་ལ། ཕྱི་སྲིད་དང་ནང་སྲིད་ཀྱི་ཁྱད་པར་མ་ཤེས་བ་ནི་ཆབ་སྲིད་ཀྱི་གོ་རྟོགས་མེད་པའི་རྟགས་རེད།
སྟག་སྨྱོན།
{ཟམ་གདོང་བཀའ་ཤག་གིས་ཤེས་ཡོན་སྲིད་ཇུས་གསར་བ་དང་། སོ་ནམ་ཞིང་ལས། དཔལ་འབྱོར་ལས་ཁུངས་ཀྱི་ཚོང་ལས་དང་ས་ཁང་ཡོངས་རྫོགས་སྒེར་བདག་ཅན་དུ་བསྒྱུར་ཟིན་པ་དང་། བོད་རྒྱའི་འབྲེལ་མོལ་ཁོར་ཡུག་བསྐྲུན་ཆེད་རྒྱ་ནག་ལ་ངོ་རྒོལ་སྐད་འབོད་བྱེད་མི་ཆོག་པའི་བཀའ་ཁྱབ་བཏང་བ་སོགས། བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་དབུ་ཁྲིད་པའི་བཀའ་ཤག་གིས་བཙན་བྱོལ་བོད་གཞུང་ལ་འགྱུར་བ་ཆེན་པོ་ཆེས་མང་པོ་བཏང་ཟིན་པ་རེད།}ཁྱེད་ཀྱིས་བཤད་པའི་གནད་དོན་འདི་དག་ནི་ནང་སྲིད་ཀྱི་ཁོངས་ཡིན་པས་ངས་བཀའ་ཁྲིར་ལ་ནང་སྲིད་དབང་ཚད་ཡོད་པ་ཁྱེད་ཀྱིས་བཤད་པའ་འདི་ལས་མང་དུ་ཁས་ལེན་བཞིན་ཡོད་ཅིང་། ཡོད་ཚུལ་བྲིས་ཟིན་པས་ང་ལ་སྐད་ཆ་འདི་དག་བེད་སྤྱོད་མི་འདུག གཞན་འདྲ་ཡོད་ན་བཤད་རྒྱུ་མ་བརྗེད།
ལ་སྟོད་ལགས།
ཡུལ་གྱར་ཟེར་བ་ནི་ས་མཐའ་འགྲིམ་པའི་བོད་མི་རྩོམ་པ་པོ་ཚོས་བཏགས་པའི་མིང་ཞིག་ཡིན་པ་ལས་རྒྱ་ནག་གིས་བཏགས་པ་མིན། འོན་ཀྱང་། རྒྱ་མི་རྩོམ་པ་ཁ་ཤས་ཀྱིས་མིང་འདི་བེད་བཏང་གི་ཡོད་ཤས་་ལ་སྒེར་རྩོམ་མཁན་ཚོས་མིང་ག་རེ་བེད་སྤྱོད་བཏང་བཏང་རེད། དེ་ནི་དཔྱད་པའི་མཐའ་ཟད་དེ། མི་སྒེར་བའི་རང་དབང་གི་སྨྲ་བརྗོད་ཚོད་འཛིན་མེད་པས་ཡིན། རྒྱ་ནག་གིས་དུས་རྒྱུན “ཏཱ་ལའི་རུ་ཚོགས་སམ་ཏཱ་ལའི་ཁ་བྲལ་རིང་ལུགས”ཟེར་ནས་བེད་སྤྱོད་བཏང་གི་ཡོད།
དགེ་འདུན་ཆོས་འཕེལ་གྱིས།
མདོ་སྨད་སྒང་དྲུག་ལྗོངས་ནས་རི་དྭགས་བཞིན་འཁྱམས་ནས།། གསུངས་བའི་དོན་སོགས་གཅིག་པ་ཡིན། དེ་ནི་རྩོམ་པ་པོ་རྣམས་གཞན་ཡུལ་ནས་རང་ཡུལ་དྲན་པའི་སེམས་འཚོར་སྐད་ཅིག་མ་ཙམ་ཞིག་ཡིན་ཤས་ཆེ། གང་ལྟར་གནད་དོན་འདི་དག་ལ་འཁྱམས་པའི་ཐ་སྙད་སྔོན་ནས་ད་བར་བོད་ཀྱི་སྤྱི་ཚོགས་ཁྲོད་བཀོད་སྲོལ་འདུག་ལགས།
ཡུལ་གྱར་ཟེར་བ་ནི་ངན་པ་མིན་ཞིང་ས་མཐའ་གནས་བའི་མི་ཞིག་དང་ཁྱིམ་ཚང་། ཚོགས་པ་ཞིག་མཚོན་ན་དོན་དངོས་དེ་ལྟར་རང་ཡིན། ལྷག་པར་ཆབ་སྲིད་ཀྱི་རྡུང་བརྡེགས་ཕོགས་པའི་མི་མང་ཞིག་ལ་མཚོན་ན་དེ་བས་ཡིན།
བཀའ་ཁྲི་ནི་གླ་བ་ཞིག་དང་འདྲ་ཟེར་བའི་དོན་གོང་དུ་བཤད་ཟིན་པ་ཡིན་པས་དེ་གཟིགས་པ་འཚལ། དེ་ནི་ཐ་སྙད་བེད་སྤྱོད་བྱེད་སྟངས་ཤིག་ཡིན་པ་ལས་དོན་གྱིས་དེ་ལྟར་ཡིན་ལགས། ཉིད་ཀྱིས་བསམ་ཚུལ་གསུངས་ཐུགས་རྗེ་ཆེ།
ཨ་ནུ་ཐང་བསོད་ནམས་ལགས།
ཁྱེད་ཀྱི་རྩོམ་དེ་ལ་ཡི་རངས་ཡོད།
འོན་ཀྱང་ཚིག་ཁ་ཤས་ཤིག་ལ་བསམ་ཚུལ་ཕུལ་བ་ལས་ཁྱོན་ཡོང་ནས་མ་འགྲིག་པའི་བསམ་ཚུལ་བཏོན་མེད་པས་ཐུགས་འཇག་དང།
ཁྱེད་ཀྱི་རྩོམ་གྱི་གཞི་མར་ངོས་ཀྱི་བློ་ལ་བབས་པོ་ཞིག་བྱུང་བས་ཐུགས་རྗེ་ཆེ
རྨེའུ་དཀོན་རྒྱལ་ལགས།
དགོངས་དག གོང་དུ་ངའི་གློག་འཕྲིན་ཁ་བྱང་འབྲི་རྒྱུ་བརྗེད་པས་འདི་ལྟར་ཏེ།
sonamgongchoe@gmail.com
གྲོགས་མཆོག་ཨ་ནུ་ཐང་བསོད་ནམས་ལགས།
ང་ཡིས་དྲི་བར་འགྲེལ་བཤད་གནང་བར་ཐུགས་རྗེ་ཆེ།
ངས་ཀྱང་དེ་ལྟ་བུའི་བསམ་ཚུལ་ཞིག་མཆན་གཞན་ཞིག་ཏུ་བཏབས་ཡོད་པས་གཟིགས་ཐུབ་པའི་རེ་བ་ཡོད།
བཀྲ་ཤིས་བདེ་ལེགས་ཡོད།
ཨ་ནུ་ཐང་བསོད་ནམས་ལགས།
ངོས་ནས་སྔར་བཤད་པའི་མཆན་དེ།
རྔ་གཡང་ཕྱུག་མོས་བྲིས་པར་མཆན་ཞིག་བཀོད་ཡོད་པས།
བོད་མི། བཀའ་ཁྲི། དམངས་གཙོ།
ཞེས་པར་བཀོད་ཡོད་གཟིགས་འདོད་ན་དེར་གཟིགས་རོགས།
གསལ་བཤད་བྱས་པ་དེ་ཡང་གོང་དང་གཅིག་པ་རེད། ཁྱེད་རང་ཁ་བཙུམས་བསྡད་ཀྱང་ངས་ཁྱེད་ཀྱི་ཁོག་མཐོང་སོང་། དེ་ཙམ་ཡིན།
ལ་སྟོད་ཀྱི་བུ་ལགས།
སྐུ་ཉིད་ཀྱིས་བསམ་ཚུལ་གསུངས་བ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ལ་དེ་བཞིན་ཁ་བརྡའི་ནང་དུ་མུ་མཐུད་དུ་གསུངས་བའི་སྨོན་ལམ་ཡོད། ངོས་གནས་ཉིད་ཀྱིས་གསུངས་བ་བདེན་པ་རེད། ཚིག་ཁ་ཤས་ཅུང་ཙམ་རྩུབ་དྲགས་ཀྱང་དགོས་དབང་དང་ཁ་གསལ་དོད་ཆེད་དུ་དེ་ལྟར་བཀོད་པ་ཡིན། དེ་བདེ་མོ། མུ་མཐུད་དུ་ཁ་བརྡའི་ནང་མཇལ་ཡོང་།
ཨ་རུ་ར་ལགས།
ཉིད་ཀྱིས་ཕྲན་གྱི་སེམས་ཤེས་བ་ཐུགས་རྗེ་ཆེ་ལ་ཉིད་ཀྱིས་བཤད་པ་དགའ་བསུ་ཡོད། ཁྱེད་ཀྱིས་”ང་ཚོའི་མི་རིགས་འདི་རང་དོན་ལས་གཞུང་དོན་གཙོ་བོར་འཛིན་མཁན་ཉུང་དྲག་པ་དང་གཅིག ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་རེ་ཆེ་བ་དང་གཉིས། བཙན་བྱོལ་སྤྱི་ཚོགས་ནང་ལྟ་བུར་དཔེར་མཚོན་ན། གསར་འབྱོར་དང་རྙིང་འབྱོར་གྱི་དབྱེ་འབྱེད་ཆེ་བ་དང་གསུམ། འདི་དག་གིས་རང་ཅག་གི་སྤྱི་ཚོགས་འདི་བརྟན་ལྷང་དང་གོང་བུ་གཅིག་ཏུ་བསྒྲིལ་བའི་་དམངས་གཙོ་ཚད་ལྡན་ཞིག་ཏུ་འགྱུར་ཐུབ་ཀྱི་མེད་པར་མཐོང་།” གནད་དོན་དེ་དག་གིས་མང་གཙོ་ཚད་ལྡན་ཆགས་རྒྱུར་འགོག་རྐྱེན་ཐེབས་ཚུལ་གླེང་ཡང་སྒེར་དོན་སྤྱི་དོན་ལས་གལ་ཆེ་འཛིན་པའི་འདུ་ཤེས་ནི་འགྲོ་བ་མི་ཡོངས་ཀྱི་བསམ་བློའི་གཤིས་ལུགས་ཡིན་ལ་སྒེར་གྱི་ཁེ་ཕན་གཞུང་གི་ཁེ་ཕན་ལས་གལ་ཆེ་འཛིན་རྒྱུ་མང་གཙོ་དང་དབང་རང་གི་མཐའ་ཐུག་གི་དམིགས་ཡུལ་ཡིན། དེ་བརྟེན་ཆེ་ཁིའི་སྲིད་འཛིན་གཟུར་བ་ཧ་བལ་གྱིས་སྐྱེས་བོའི་སྒེར་གྱི་ཐོབ་ཐང་ནི་གཞུང་གི་ཐོབ་ཐང་ལས་ཀྱང་གལ་ཆེ་ཚུལ་གསུངས་ཡོད། དེ་ལྟར་མིན་ན་སྲིད་དབང་སྒེར་སྤྱོད་པ་བཞིན་གཞུང་གི་ལྟ་བ་དང་ལངས་ཕྱོགས་འཁྱེར་ནས་མི་སྒེར་གྱི་ཐོབ་ཐང་ཅི་འདོད་དུ་གཉའ་གནོན་བྱེད་ངེས་རེད། མ་ཟད་མང་གཙོ་ཆེ་བའི་ཨ་རི་དང་ཡོ་རབ་སོགས་གང་དུ་ཕྱིན་ཡང་མི་རྣམས་ཀྱིས་གཞུང་དོན་ལས་སྒེར་དོན་གཙོ་འཛིན་བྱེད་ཀྱང་ཁོང་ཚོ་མང་གཙོ་ཡོང་བ་འགོག་རྐྱེན་གྱུར་མེད་ལ་གཅིག་གྱུར་ཡོང་དེ་བས་བཀག་རྡོ་གྱུར་མི་འདུག རྒྱུ་མཚན་ནི། མི་རྣམས་ཀྱིས་སྒེར་དོན་དང་པོ་དང་གཞུང་དོན་གཉིས་པ་འདོད་པའི་གོ་རྟོགས་གསལ་པོ་ཡོད་པ་མ་ཟད། དེ་གཉིས་ཕན་ཆུན་རྟེན་འབྲེལ་ཡིན་ཞིང་དེ་གཉིས་གཅིག་ཕན་གཅིག་གྲོགས་ཀྱི་དེ་ཉིད་ངོས་ཟིན་པས་རེད། དེ་ནི་སྤྱི་ཚོགས་ཀྱི་ཤེས་ཡོན་གྱིས་བཟོས་བ་རེད། གཞུང་དོན་སྒེར་དོན་ལས་གཙོ་ཆེ་འཛིན་པའི་གཞུང་ཞིག་འཇིག་རྟེན་འདིར་གནས་ཐབས་དཀའ་བ་ཨི་རུ་སི་དང་རྒྱ་ནག་གིས་གསལ་བཤད་བྱས་ཡོད། རྒྱལ་ཁབ་དེ་གཉིས་ཀྱིས་ལོ་ངོ་སུམ་ཅུ་ཙམ་ལ་གཞུང་དོན་སྒེར་དོན་ལས་གཙོ་ཆེ་འཛིན་པའི་ལམ་ལུགས་ལག་སྟར་བྱས་ཀྱང་། མི་མང་རྣམས་རང་དོན་མེད་ཚེ་གཞུང་དོན་ཁོ་ནའི་ཆེད་དུ་ལས་ཀ་ལས་མཁན་དཀོན་ཞིང་གཞུང་གི་ལས་ཀ་ལ་རང་དོན་བཞིན་ལྷག་བསམ་རྣམ་དག་གིས་ལས་མཁན་ཉུང་བས་འཕེལ་རྒྱས་ཀྱི་མྱུར་ཚད་དར་བ་མ་ཟད། དཔོན་པོ་རྣམས་ཀྱིས་ཀྱང་གཞུང་དོན་ཁ་ལ་འཁྱེར་ནས་མི་མང་ཅི་འདོད་བེད་སྤྱོད་བྱེད་པས་བཙན་ཤུགས་དང་བྲན་གཡོག་གི་འདུ་ཤེས་ཆེ་ལ། མིའི་གཤིས་ལུགས་ལ་སྒོ་རྡུང་བཏང་བས་ལམ་ལུགས་དེ་འཇིག་རྟེན་འདིར་རྒྱུན་རིང་གནས་མི་ཐུབ་ལ། གནས་ཀྱང་མེད་དེ། རྒྱ་ནག་དང་ཨི་རུ་སི་གཉིས་ཀྱིས་འུ་ཐུག་ནས་དཔལ་འབྱོར་སྒེར་བདག་ཅན་དུ་སྒྱུར་ཟིན། རང་ལ་ཁེ་ཕན་དེ་ཙམ་མེད་ན་གཞན་ཞིག་ཆེད་དུ་བྲན་གཡག་བཞིན་ལས་ཀ་ལས་མཁན་སུ་ཞིག་ཡོད། དེ་ནི་འཇིག་རྟེན་ཐོག་རེ་ཟུང་ལས་མེད་པས་བོད་མི་ལ་སྒེར་དོན་གྱི་འདུ་ཤེས་ཆེ་ན་འཇིག་རྟེན་གྱི་མི་སྤྱི་མཚུངས་ལྟར་མིའི་རང་གཤིས་རྣལ་མ་སྟོན་པ་ཙམ་ལས་དེས་གནོད་སྐྱོན་གང་ཡང་མེད།
ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་རིས་ཡོད་པ་ནི་བདེན་ཡང་དེ་ནི་བོད་སྤྱི་ཚོགས་ལ་མཚོན་ན་ཉུང་ཉུང་ཡིན་ཏེ། དེང་སྐབས་དེ་དག་གི་ཆེད་དུ་བོད་དོན་བཙོང་མཁན་ཤིན་ཏུ་ཉུང་། ལུང་ཚན་དང་གྲུབ་མཐའི་ཕྱོགས་རིས་ཀྱི་མང་ཉུང་ཙམ་མ་གཏོགས་འཇིག་རྟེན་གྱི་ས་ཕྱོགས་གང་སར་ཕྱོགས་ཞེན་མེད་ས་མེད་པས་དེས་བོད་སྤྱི་དོན་ལ་ཚབ་ཆེན་གྱི་གནོད་པ་ཐེབས་ཚུལ་ངོས་ལེན་དཀའ། འོན་ཀྱང་ཆོས་ལུགས་ཀྱི་ཕྱོགས་ཞེན་གྱིས་བོད་ཀྱི་སྤྱི་དོན་ལ་གནོད་ཅུང་ཚབས་ཆེན་ཐེབས་པ་ཕྲན་གྱིས་མོས་མཐུན་ཡོད་ཀྱང་། དེས་མང་གཙོ་ལ་འགོག་རྐྱེན་འགྲོ་བའི་ནུས་བ་དཀོན། མང་གཙོ་ནི་མི་མང་གང་ལ་མོས་ན་དེ་གཙོ་བཟུང་བྱེད་རྒྱུ་ལས་གཞན་གང་ཡང་མིན་པས། མི་མང་གིས་མོས་སའི་ཆོས་ལུགས་སམ་ཆོལ་ཁ་གང་ཞིག་གིས་རྒྱལ་ཁ་ཐོབ་ན་དེ་ནི་བདེན་པ་ཡིན། དེས་མང་གཙོ་ལ་མི་གནོད།
གསར་འབྱོར་དང་རྙིང་འབྱོར་བར་གྱི་ཕྱོགས་ཞེན་དང་མི་ཉུང་ཤས་ཞིག་ཡིན་པ་ལས་དེ་ཙམ་ཤུགས་ཆེན་པོ་མེད་པ་མ་ཟད། བཙན་བྱོལ་རྒྱུན་རིང་བསྡད་པའི་གསར་མི་ཞིག་རང་བཞིན་གྱིས་རྙིང་འབྱོར་ཆགས་ཤིང་། ལྷག་པར་གསར་རྙིང་རྩད་ནས་འགལ་བ་ཆེན་པོ་བྱུང་བའི་ལོ་རྒྱུས་མེད། དེ་ནི་རི་བོང་གནམ་ལྟས་ཀྱི་སྡུག་ངལ་རེད། དེ་ལྟར་བསམ་བློ་གུ་དོག་བཏང་ཚེ་འཇིག་རྟེན་འདིར་ཕྱོགས་ཞེན་དང་རྙོགས་དྲ་མེད་པའི་གནས་ཤིག་མེད་དེ། ཇི་སྐད་དུ།
ཕལ་མོ་ཆེ་ཡི་མི་རྣམས་ནི།།
དམ་པ་མ་ཡིན་ཕྱོགས་འཛིན་ཡིན།། ཞེས་གསུངས་བའི་དོན་ལ་གནས།
འོན་ཀྱང་། མི་སུམ་ཅུ་དང་བསམ་སུམ་དང་མཛོ་སུམ་ཅུ་རྭ་ཁ་དྲུག་ཅུ་ཡོད་པས་ཉིད་ཀྱིས་བསམ་ཚུལ་ཕྲན་ལ་མོས་མཐུན་དེ་ཙམ་མེད་ཀྱང་གུས་བཀུར་ཡོད།
ང་ཆེས་དགའ་སའི་མྱི་། ང་ཆེས་དད་སའི་བླ་མ་། བོད་ལ་ཆེས་དཀའ་དྲིན་ཅན་གྱི་གོང་ས་མཆོག་། གཞོན་དུས་སྐུ་དྲག་ཚོས་ལག་པ་བཤུས་ས་བྱེད་། རྒས་དུས་བོད་མི་ཚོས་ཞབས་འདྲེན་བྱས་སར་དགོང་དག་ཞུས་།
ཉིན་མཚན་མེད་པར་བོད་མའི་ཆེད་དུ་རྒྱུག་། ཁོང་ལ་ཞབས་སུ་བཀུར་གཡོག་པོ་མི་དགོས་། ཁོང་ལ་ནོར་ལ་ཆགས་པའི་ཐུགས་མི་མངའ་། ཞུ་བདེ་དེད་པོ་ཆེན་པོ་ནམ་ཡང་རྒྱལ་པར་སྨོན་།
ཨ་ཐར་ལགས། བཀའ་ཁྲིར་ནང་སྲིད་དང་ཕྱི་སྲིད་གཉིས་ཀར་བཟོ་ལྟ་བཟོ་རྒྱུའི་རང་དབང་ཡོད་པ་མ་ཟད། རྒྱ་ནག་གི་རྩ་ཁྲིམས་འོག་གི་རང་སྐྱོང་ཟེར་བའི་ཉེ་དུས་ཀྱི་ཡིག་ཆ་དེ་༧གོང་ས་མཆོག་གིས་བཟོས་པ་མ་རེད། དེ་ནི་ཟམ་གདོང་བཀའ་ཤག་དང་བོད་ནང་གི་གནད་ཡོད་མི་སྣ་དང་། ལྷག་པར་དུ་དམིགས་བསལ་སྐུ་ཚབ་རྒྱ་རི་སོགས་ཀྱི་དགོངས་ཚུལ་ཕྱོགས་བསྡུས་བྱས་ཏེ་ཡིག་ཆ་དེའི་སྒྲོམ་གཞི་ཨ་མ་གྲུབ་པ་རེད། ཡིག་ཆ་དེའི་ཡབ་ཡུམ་ངོ་མ་དམིགས་བསལ་སྐུ་ཚབ་རྒྱ་རི་དང་བཀའ་ཁྲི་ཟམ་གདོང་གཉིས་ཡིན་འདྲ། ༧གོང་ས་མཆོག་ཕྲུ་གུ་དེའི་ལོ་རྒྱུས་ཐོག་མཐའ་བར་གསུམ་དུ་རྒྱུས་མངའ་ཆ་ཚང་ཡོད་པ་མ་ཟད། མཐའ་མ་ཕྲུ་གུ་དེའི་མིང་ལ་ཡང་བསྟན་འཛིན་ཅེས་༧གོང་ས་མཆོག་གི་མཚན་ཐོག་ནས་བཏགས་པ་རེད། དེའི་ཕྱིར་བཀའ་ཁྲིའི་ཕྱི་སྲིད་ལ་ཤུགས་རྐྱེན་ཅི་ཡོད་མཐོང་བ་གྱིས་ལོ།
ཨ་ཐར་ལགས། བཀའ་ཁྲིར་ནང་སྲིད་དང་ཕྱི་སྲིད་གཉིས་ཀར་བཟོ་ལྟ་བཟོ་རྒྱུའི་རང་དབང་ཡོད་པ་མ་ཟད། རྒྱ་ནག་གི་རྩ་ཁྲིམས་འོག་གི་རང་སྐྱོང་ཟེར་བའི་ཉེ་དུས་ཀྱི་ཡིག་ཆ་དེ་༧གོང་ས་མཆོག་གིས་བཟོས་པ་མ་རེད། དེ་ནི་ཟམ་གདོང་བཀའ་ཤག་དང་བོད་ནང་གི་གནད་ཡོད་མི་སྣ་དང་། ལྷག་པར་དུ་དམིགས་བསལ་སྐུ་ཚབ་རྒྱ་རི་སོགས་ཀྱི་དགོངས་ཚུལ་ཕྱོགས་བསྡུས་བྱས་ཏེ་ཡིག་ཆ་དེའི་སྒྲོམ་གཞི་ཨ་མ་གྲུབ་པ་རེད། ཡིག་ཆ་དེའི་ཡབ་ཡུམ་ངོ་མ་དམིགས་བསལ་སྐུ་ཚབ་རྒྱ་རི་དང་བཀའ་ཁྲི་ཟམ་གདོང་གཉིས་ཡིན་འདྲ། ༧གོང་ས་མཆོག་ཕྲུ་གུ་དེའི་ལོ་རྒྱུས་ཐོག་མཐའ་བར་གསུམ་དུ་རྒྱུས་མངའ་ཆ་ཚང་ཡོད་པ་མ་ཟད། མཐའ་མ་ཕྲུ་གུ་དེའི་མིང་ལ་ཡང་བསྟན་འཛིན་ཅེས་༧གོང་ས་མཆོག་གི་མཚན་ཐོག་ནས་བཏགས་པ་རེད། དེའི་ཕྱིར་བཀའ་ཁྲིའི་ཕྱི་སྲིད་ལ་ཤུགས་རྐྱེན་ཅི་ཡོད་མཐོང་བ་གྱིས་ལོ།
ཨ་ནུ་ཐང་བསོད་ནམས་ལགས།ཉིད་ཀྱིས་༼བཀའ་བློན་ཁྲི་བ་ནི་གླ་བ་ ཞིག་དང་འདྲ་བར་གཞུང་ངམ་སྐུ་མདུན་གྱི་བཀའ་བཀོད་ཇི་བཞིན་འགྲོ་དགོས་བ་ལས་ དམིགས་བསལ་གྱི་རྣམ་དཔྱོད་ངོམས་སུ་ས་ཆ་དེ་ཙམ་མེད་པས་འགྱུར་བ་ཆེན་པོ་བཏང་མི་ ཐུབ།༽ཅེས་པའི་ཚིག་འདིར་འགྲེལ་བཤད་ཅིག་བྱས་འདུག རྩོམ་ཡིག་དང་པོར་འབྲི་དུས་ནས་བསམ་བློ་བཏང་དགོས་རེད། བྲིས་ཟིན་རྗེས་འགྲེལ་བཤད་ག་ཚད་ཅིག་བྱས་ཀྱང་ཁག་པོ་ཞིག་རེད། ཁྱོད་རང་གིས་ལྟོས་དང་། ཚིག་འདིས་༸་གོང་ས་མཆོག་སྐུ་དབང་བཙན་དྲགས་པ་ལྟ་བུའི་མ་རུང་བའི་ཚིག་ཅིག་རང་གི་ངོ་གདོང་དུ་འདུག གལ་སྲིད་ཁྱོད་མི་བུ་ཞིག་ཡིན་ན་འབྲི་སྲིད་རྒྱུ་མ་རེད་ལ། ངས་གནས་སྐབས་རིང་དེའི་འཐད་དགག་བྱ་རྒྱུ་མིན། སྤྱིར་བཏག་ང་ཚོ་བོད་པ་ལ་ཤེས་ཡོན་ཅན་དང་འཇོན་ཐང་ཅན་མ་དོན་པའི་སྡུག་བསྔལ་ཡོད་པ་ལས་༸གོང་ས་མཆོག་གི་སྐུ་དབང་འོག་ཤིང་བཟང་པགས་འོག་ཏུ་ཤི་བའི་ལོ་རྒྱུས་བྱུང་མྱོང་མེད། གནད་དོན་དེ་ནང་ཡང་ཤེས་པར་བྱས་ཐོག རྩོམ་རེ་འབྲི་དུས་འདི་ཕྱི་གཉིས་ཕུང་གི་ལས་གཞིར་མི་འགྲོ་བའི་རིགས་ལ་འབད་པ་གལ་ཆེ། མི་འགས་ཁྱོད་རང་གི་རྩོམ་དེ་ཧ་ཅང་གི་གལ་ཆེ་མདོག་བྱས་འདུག མི་དེ་ཚོའི་བསམ་སྤྱོད་ལ་དོགས་གཟན་བྱེད་གལ། མ་གཏོགས་ཧོར་གུར་དཀར་སྤྲེལ་འགྱོག་བཅག་པའི་དཔེ་བཞིན་མི་འོང་བའི་ངེས་མི་འདུག་གོ །
ངས་བཀའ་ཁྲི་བ་གླ་ཞིག་དང་འདྲ་བའི་དོན་དེ་ག་རང་ནས་རྗེས་སུ་བསྒྱུར་བཅོས་བཏང་མེད་ལ་ད་དུང་ཡང་བཏང་དགོས་བའི་རྒྱུ་མཚན་གང་ཡང་མ་མཐོང་། དེ་ནི་དངོས་ཡོད་རེད། དངོས་ཡོད་ལ་དུས་དབང་གིས་བཅོས་བསྒྱུར་བཏང་བའི་འདོད་པ་མེད་པས་ཐུགས་ལ་མ་འགྲོ་ན་དགོངས་དག གཅིག་བྱས་ན་ང་ནོར་ཡོད་ཤས་ཆེ། འོན་ཀྱང་། ངས་རང་ཉིད་ནོར་བའི་གནད་དོན་ཤེས་བ་དང་མཉམ་དུ་ནོར་འཁྲུལ་ངོས་ལེན་བྱེད་ངེས། དེ་ལ་ལ་རྒྱལ་འཛིན་རྒྱུ་གང་ཡང་མེད། མི་ཚང་མ་ལ་ནོར་འཁྲུལ་ཡོད་ཅིང་ཕྲན་ལྟ་བུ་བླུན་རྨོངས་ཤིག་ལ་ནོར་འཁྲུལ་ཡོད་ཡོད་པ་རེད། འོན་ཀྱང་། དེ་སྔོན་གྱི་དགག་པ་བརྒྱགས་མཁན་ཚོས་གནད་ལུགས་དང་མཐུན་ཞིང་ཡིད་འགུགས་ཀྱི་ཚིག་གཅིག་ཀྱང་ཐོན་མ་སོང་། ཐོན་པ་ནི་ཞེན་འདོད་རེད། ཞེན་འདོད་ཙམ་ལ་ཁས་ལེན་བྱེད་མུ་ཐུབ། སྐུ་མདུན་གྱིས་མཐའ་ཐུག་གི་མི་རིགས་འདིའི་ཁེ་ཕན་ལ་དགོངས་ཤིང་གཞན་དང་དཔུང་པ་མཉམ་གཤིབ་ཡོང་ཆེད་འགན་དབང་ཡོད་ཚད་གང་ཐུབ་ཀྱིས་མི་མང་ལ་གནང་ཡང་ར་ལུག་དང་ཕག་སོགས་ཀྱིས་འགན་དེ་འཁུར་འདོད་མེད་ཅིང་ཡོད་ཚད་ཡར་ཕྱིར་སྐུ་མདུན་ལ་འཕུལ་བཞིན་བཞིན་འདུག ར་ལུག་མང་དྲགས་པས་ཚད་ལྡན་གྱི་འགྱུར་བ་བཏང་རྒྱུ་ཁག་པོ་རེད། སྐུ་མདུན་གྱི་རེ་བ་སྟོང་ཟད་རེད། ར་ལུག་ལ་རེ་བ་བརྒྱབས་ཤིང་ལས་འགན་འཁུར་བའི་རྨི་ལམ་བཏང་བ་དོན་གྱིས་བློ་ཕམ་གྱི་རྒྱུ་ལས་རང་རྐང་སྒང་ལངས་རྒྱུ་ནམ་མཁའི་མེ་ཏོག་རེད། ནམ་མཁའི་མེ་ཏོག་ནི་སྙན་ངག་མཁན་པོས་རྟོགས་བཏགས་ཀྱི་བསམ་བློ་ལས་དོན་དངོས་ག་ལ་ཡོད།
ཟམ་གདོང་གིས་རྒྱ་ནག་གཞུང་ལ་བསམ་ཆའི་ཡིག་ཆ་ཕུལ་བ་ནི་ལམ་དབུ་གཞི་བཞག་གི་བྲིས་ཤིང་སྐུ་མདུན་གྱི་མོས་མཐུན་རྒྱུད་རྒྱ་གཞུང་ལ་ཕུལ་བ་ལས་རྒྱ་སྲིད་རིན་པོ་ཆེ་དང་ཟམ་གདོང་རིན་པོ་གཉིས་ཀྱིས་བཟོས་ནས་ཕུལ་ཞིག་མ་རེད། དེ་འདྲའི་དཀྲོགས་གཏམ་སྤྱི་ཚོགས་ནང་མ་སྤེལ་ན་བཟང་། དེ་འདྲ་བཤད་ན་དངོས་ཡོད་དང་འགལ་བ་རེད། རྒྱ་སྲིད་རིན་པོ་ཆེ་དང་བཀའ་ཤག་གིས་དཀྲོགས་གཏམ་འདི་ལྟར་སྤེལ་བའི་རྒྱུ་མཚན་ལ་བརྟེན་ནས་གསལ་བཤད་གནང་བ་མ་ཐོས་བ་ནི་ཡ་མཚན་རེད། གནས་ཚུལ་ལ་ཉོན་དང་། གསལ་ཆ་ཡོང་ངེས་རེད། རང་ཀྱིས་ཞེན་འདོད་ལ་གནས་ཚུལ་ལ་འཁྱོགས་བྱས་ན་བདེན་པ་ཡི་རྒྱལ་འགལ་དང་ལོ་རྒྱུུས་རྫུན་བཟོ་པ་ཡིན། དེ་ནི་དོན་གྱིས་མི་རིགས་ཀྱི་དགྲ་བོ་དང་སྤྱི་ཚོགས་ཁྲོད་དཀྲུགས་ཤིང་བཟོ་མཁན་ཡིན། ཞེན་འདོད་གལ་ཆེ་ཡང་། དེ་ལས་གལ་ཆེ་བ་ནི་བདེན་པ་ཡིན། བདེན་པ་ནི་ནམ་ཡང་བདེན་པ་ཡིན་པས་ངེས་བས་བཤད་དགོས། དེ་གནས་སྐབས་སུ་དཀའ་ངལ་འཕྲད་སྲིད་ཀྱང་མཐའ་ཐུག་བོད་པ་ཙམ་ཟད་འཇིག་རྟེན་གྱི་རྒྱུ་སྤུས་ལེགས་སུ་བཏང་བའི་རྩ་བའི་ཆ་རྐྱེན་རེད། དེ་བརྟེན། ངས་རང་གི་ཞེན་འདོད་ཀྱི་ཆེད་དུ་སྐྱག་རྫུན་བཤད་མི་ཐུབ། བོད་པ་ནང་ཚགས་སུ་སྐད་ཆ་ཡོད་ན་ཁ་ཐུག་བཤད་རྒྱུ་ལས་སྦ་གསང་ཡང་བྱེད་དགོས་དོན་མེད་པས་རང་གིས་ཤེས་ཚད་ཐད་ཀར་བཤད་པ་དེ་ཡིན།
ཟམ་གདོང་གི་ལྟ་བ་དངོས་ནི་བདེན་པའི་ཨུ་ཚུགས་ཡིན་ཡང་བཀའ་ཁྲི་བཞུགས་རྗེས་ཁོང་གི་ལྟ་བོར་བརླགས་སུ་ཕྱིན་ནས་དབུ་མ་གྱུར་བ་རེད། ད་ལྟ་བདེན་པའི་ཨུ་ཚུགས་ཀྱི་ལྟ་བ་གླེང་མཁན་མེད། ཟམ་གདོང་དབུ་མ་གྱུར་བའི་རྒྱུ་མཚན་ནི་དེང་འདིར་བཀའ་ཁྲི་ཡིན་ན་དབུ་མ་སུ་སྐྱོང་དགོས་བས་མ་ཡིན་ནམ།
གཙང་བུ་ལགས།
ཁྱེད་ཀྱི་རྣམ་རྟོགས་ཀྱིས་འགྲེལ་བཤད་ག་རེ་བརྒྱབས་བརྒྱབས་རེད། ཁྱེད་ཀྱི་རྟོགས་བཏགས་ཀྱི་གོ་བ་ལ་ངས་ཚོད་འཛིན་བྱེད་མི་ཐུབ། ཁྱེད་ཀྱིས་མི་བུ་ཟེར་ནས་ཚིག་འདི་བེད་སྤྱོད་བཏང་བཞིན་ཡོད་ཀྱང་། དེ་ནི་རི་བོང་ཅལ་རྒྱུགས་བཞིན་ཞོགས་དུང་གི་ལས་ཟློས་ཙམ་ཡིན་ཞིང་དོན་དངོས་མི་བུ་ཞེས་ན་གོ་དོན་ཅི་ཡང་མེད། འཇིག་རྟེན་གྱི་མི་ཡོད་ཟད་མི་བུ་མིན་ན་ཟོག་བུ་མ་རེད། མི་བཟང་བ་ཡང་མིའི་བུ་རེད་ལ་མི་ངན་པ་ཡང་མིའི་བུ་རེད། དེ་ལ་དམིགས་བསལ་གྱི་གོ་དོན་ཅི་ཡང་མི་འདུག དེ་ནི་ཐ་སྙད་སྐམ་པོ་སྐྱར་ཟློས་བྱས་བ་ཙམ་རེད། དེ་མིན་གཞན་གྱི་དགག་བཞག་ཡོད་ན་ཕེབས་དང་། དགའ་བསུ་ཡོད། རྒྱུ་མཚན་ནི། བདེན་པ་ནི་རྩོད་ཅིང་བརྟགས་དཔྱད་བྱས་ནས་རྙེད་དགོས་བས་ཡིན།
ཨ་ནུ་ཐང་ལགས། ང་ཁྱོད་རང་གི་རྩོམ་ཡིག་ཐུང་ངུ་འདི་ལ་བལྟས་ནས་ཐང་ཆོད་སོང་ལབ་ན་ཁྱོད་རང་བློ་ཕམ་སྐྱེས་ཀྱི་རེད། རེད་དེ། ང་ཡང་དངོས་པོའི་གནས་ལུགས་ལ་འགྱུར་བ་གཏོང་འདོད་མེད་མཁན་ཞིག་སོང་བས་ངས་ཀྱང་ཁྱོད་རང་ལ་དགའ་བསུ་ལས་ཀྱང་ཞུ། དང་པོ་ཁྱོད་ཀྱིས་༼མི་བུ་ཟེར་ནས་ ཚིག་འདི་བེད་སྤྱོད་བཏང་བཞིན་ཡོད་ཀྱང་། དེ་ནི་རི་བོང་ཅལ་རྒྱུགས་བཞིན་ཞོགས་དུང་གི་ལས་ཟློས་ཙམ་ཡིན་ཞིང་དོན་དངོས་མི་ བུ་ཞེས་ན་གོ་དོན་ཅི་ཡང་མེད། ༽ཅེས་དང་། ཡང་༼འཇིག་རྟེན་གྱི་མི་ཡོད་ཟད་མི་བུ་མིན་ན་ཟོག་བུ་མ་རེད། མི་བཟང་བ་ཡང་མིའི་བུ་རེད་ལ་མི་ངན་པ་ཡང་མིའི་བུ་རེད། དེ་ལ་དམིགས་བསལ་གྱི་གོ་དོན་ཅི་ཡང་མི་འདུག དེ་ནི་ཐ་སྙད་སྐམ་པོ་སྐྱར་ཟློས་བྱས་བ་ཙམ་རེད།༽ཟེར། གྲོགས་པོ་ལགས། མི་བུ་ཞེས་པའི་ཚིག་འདི་རི་བོང་ཅལ་རྒྱུགས་ཀྱང་མ་རེད་ལ། ཞོགས་དུང་ལགས་ཀྱི་ལད་ཟློས་ཀྱང་མ་རེད། མ་ཟད་ཁྱོད་རང་གིས་གསུངས་པ་བཞིན་གོ་དོན་མེད་པ་ཞིག་རྩ་བ་ཉིད་ནས་མ་རེད། གྲོགས་པོ་ལགས། གོ་དོན་མེད་པ་དང་མི་ཡི་བུ་ཡིན་ཚོད་ལ་གོ་བ་གཉིས་འགལ་བ་ཞིག་མཐོང་གི་མི་འདུག་གམ། དངོས་གནས་ངས་ཀྱང་ཁྱེད་ཀྱི་རྟོག་བཏགས་ཀྱི་གོ་བ་ལ་ངས་ཚོད་འཛིན་བྱེད་མི་ཐུབ་ངེས་ཅན་རེད། མི་བུ་མིན་ན་ཟོག་བུ་ཡིན་དགོས་པའི་ཁྱབ་པ་ཡོད་པ་ནི་སྐུ་ཉིད་ལ་རིག་ལམ་མེད་སྐྱོན་ལགས། གྲོགས་པོ་ལགས། མི་ཡི་བུ་ཡིན་ཚད་མི་བུ་ཡིན་ཀྱང་མི་བུ་ཞེས་མི་ལབ་པ་ནི། ལག་པ་དང་ལྡན་ཚོད་ལ་ལག་ལྡན་ཞེས་མི་བརྗོད་པ་བཞིན་ནོ། །
གྲོགས་པོ་ལགས། མི་བུའི་ཐ་སྙད་སྐམ་པོ་བསམ་ན། ངས་ཁྱེད་ལ་བཤད་ཆོག མི་ནི་སྨྲ་ཤེས་ཤིང་དོན་གོ་བའི་རིགས་ཅན་ཞིག་ལ་ཟེར་ཞིང་། ཁྱད་ཆོས་དེ་དང་ལྡན་པའི་སྐྱེས་བུ་ཞིག་ལ་མི་བུ་ཟེར་བ་ཡིན། དེ་མིན་གོ་དོན་མེད་པ་སོགས་ཁྱེད་ཀྱི་རྣམ་རྟོག་གིས་འགྲེལ་བཤད་ག་རེ་བརྒྱབས་བརྒྱབ་ཅིག་རྩ་བ་ཉིད་ནས་མ་རེད་དོ། །
རྩོམ་ཡིག་འདིས་སྐུ་ཉིད་ཉོབ་ཏུ་བཅུག་པ་དགོངས་དག་ཡོད། མ་ཀློག་ན་ཆོག མ་ལྟས་ནའང་ཆོག དེ་བརྟེན་ངའི་འདིའི་སྐོར་སྐྱར་སྐོར་ཡང་སྐོར་བཤད་ནས་སྐུ་ཉིད་ཉོབ་ཏུ་མི་བཅུག སེམས་ཁམས་བདེ་ན་འབྱུང་བཞི་བདེ་ཞིང་ཉིད་ཀྱི་འབྱུང་བཞི་བདེ་ཆེད་ཅི་ཡང་བཤད་རྒྱུ་མིན། ཉིད་རྩོམ་ཞིག་འདིའི་སྐྱོན་ཆ་གསུངས་ན་ཆོག ང་ལ་དངོས་གནས་གནོད་རྒྱུ་ཅི་ཡང་མེད། སྐྱོན་ཆ་ལ་གཡོ་བསྲང་གནང་བའི་སྨོན་ལམ་ཡོད། ཉིད་ཀྱིས་མི་བུའི་སྐོར་ལ་འགྲེལ་བཤད་གནང་བ་ཐུགས་རྗེ་ཆེ། རྩོད་ན་རྩོད་རྒྱུ་ཡོད་ཀྱང་ཉིད་ཀྱི་གསུངས་བ་ཕྱོགས་གཅིག་ནས་གནས་ལུགས་ཡོད་པས་བདེན་ཁ་འབུལ་བཞིན་ཡོད།
འོན་ཀྱང་མི་ཡིན་ཚེ་སྨྲ་ཤེས་ཤིང་དོན་གོ་བ་ཡིན་པས་མ་ཁྱབ་སྟེ། ལྐུག་དང་བོན་པ་མི་མ་རེད་ལས་མི་ཐུབ་ལ་མི་བུ་ཡང་མ་རེད་ཟེར་མི་ཐུབ། འོན་ཀྱང་ཁ་ཅིག་གིས་ཉིད་ཀྱི་འདོད་པ་བཞིན་གསུངས་མཁན་ཡོད་པ་བདེན་པ་རེད།
ཨ་ནུ་ཐང་བསོད་ནམས་ལགས།
གཤམ་གསལ་ཚིག་དུམ་དེ་དག་ཚང་མ་ཁྱེད་རང་བཤད་པ་རེད།
དང་པོ། “བཀའ་བློན་ཁྲི་བ་ནི་གླ་བ་ཞིག་དང་འདྲ་བར་གཞུང་ངམ་སྐུ་མདུན་གྱི་བཀའ་བཀོད་ཇི་བཞིན་འགྲོ་དགོས་བ་ལས་དམིགས་བསལ་གྱི་རྣམ་དཔྱོད་ངོམས་སུ་ས་ཆ་དེ་ཙམ་མེད་པས་འགྱུར་བ་ཆེན་པོ་བཏང་མི་ཐུབ།སྐུ་མདུན་གྱི་ཞལ་ཇི་སྲིད་འཚོ་བ་དེ་སྲིད་དུ་བོད་མིའི་སེམས་ནང་གི་གཙོ་འཛིན་སྐུ་མདུན་ཡིན་པ་ལས་བཀའ་ཁྲི་མིན། ཇི་སྲིད་བོད་མིའི་བསམ་བློ་མ་འགྱུར་བར་དེ་སྲིད་དུ་བཀའ་ཁྲིའི་རིན་ཐང་སླེབས་མི་སྲིད་པས་ཁྱད་འཕགས་ཀྱི་ནུས་བ་མེད་ལ། ཡུལ་གྱར་སྲིད་གཞུང་ཡང་དམངས་གཙོ་ཚད་ལྡན་ཞིག་ཏུ་འགྱུར་མི་ཐུབ།”
གཉིས། “ངས་སྐུ་མདུན་གྱིས་བོད་མིའི་བསམ་བློ་ཚོད་འཛིན་ཐེབས་ཚུལ་གླིང་བཞིན་མེད་ལ་སྐུ་མདུན་གྱིས་མི་མང་གིས་རང་དབང་བཏང་འཛིན་བྱེད་ཀྱིན་ཡོད་པ་དེ་བས་བཤད་ཀྱིན་མེད། ངས་བཤད་པ་ནི་མི་མང་གིས་སྐུ་མདུན་ལ་རེ་བ་བཅོལ་རྒྱུ་མང་དྲགས་ནས་རང་ཉིད་ཀྱི་འགུལ་སྤྱོད་ལ་ཚོད་འཛོན་ཐེབས་བཞིན་ཡོད་གླེང་བཞིན་ཡོད་ལ།”
གསུམ། “འོན་ཀྱང་ཆོས་ལུགས་ཀྱི་ཕྱོགས་ཞེན་གྱིས་བོད་ཀྱི་སྤྱི་དོན་ལ་གནོད་ཅུང་ཚབས་ཆེན་ཐེབས་པ་ཕྲན་གྱིས་མོས་མཐུན་ཡོད་ཀྱང་། དེས་མང་གཙོ་ལ་འགོག་རྐྱེན་འགྲོ་བའི་ནུས་བ་དཀོན། མང་གཙོ་ནི་མི་མང་གང་ལ་མོས་ན་དེ་གཙོ་བཟུངཞིག་གིས་རྒྱལ་ཁ་ཐོབ་ན་དེ་ནི་བདེན་པ་ཡིན། དེས་མང་གཙོ་་བྱེད་རྒྱུ་ལས་གཞན་གང་ཡང་མིན་པས། མི་མང་གིས་མོས་སའི་ཆོས་ལུགས་སམ་ཆོལ་ཁ་གང་ལ་མི་གནོད།”
ཟེར་དགུ་བདེན་པར་མི་བཟུང་ལེགས་པར་དཔྱད་ནས་བཟུང་། །སྨྲ་དགུ་བསམ་ལ་སྨྲ་ཞིང་རང་གི་མདོ་དོན་བསྡམ། །ཞེས་སོ།།
གཤམ་གསལ་ཚིག་དུབ་དེ་དག་ཚང་མ་ཁྱེད་རང་གིས་བཤད་པ་རེད།
ཨ་རུ་ར་ལགས།
ཉིད་ཀྱིས་ངས་བྲིས་བ་བཀོད་པ་དེ་བདེན་པ་རང་རེད། དེ་དོན་ལ་འགལ་བ་ཅི་ཡང་མེད། དོན་ཚན་གསུམ་པོ་དེ་དག་བདེན་པ་རང་ཡིན། སྐུ་མདུན་གྱིས་བོད་མིའི་ཆབ་སྲིད་ཀྱི་འདུ་ཤེས་འཛིན་སྟངས་རྙིང་བ་དེ་རྗེས་ལུས་ཡིན་པ་གཟིགས་ནས་མི་མང་ལ་གང་ཐུབ་ཀྱིས་མར་གནང་ཡང་མི་མང་ཤོས་ཀྱིས་དེ་དོན་ལ་ངོས་ལེན་མེད་པར་ཡར་འབུལ་བཞིན་ཡོད་པའི་ལྟ་སྟངས་འདིས་གསལ་བཤད་བྱས་དོན། བོད་ཀྱི་སྤྱི་ཆོགས་ནང་མདུན་གྱི་ཐུགས་དང་མི་མཐུན་པའི་བཀའ་བློན་ཁྲི་བ་ལྟ་ཅི། གང་ཟག་སྒེར་བ་ཞིག་གནས་རྒྱུ་ཁག་པོ་རེད། དེ་ནི་སྐུ་མདུན་གྱིས་བཙན་དབང་གིས་བྱེད་དུ་བཅུག་པ་མིན་ཡང་། མང་ཚོགས་ཀྱིས་སྐུ་མདུན་གྱི་དགོངས་བ་ཁ་གཡར་ནས་ལྟ་ཚུལ་མི་མཐུན་པ་ཀུན་ལ་རྡུང་བརྡེགས་བཏང་བས་རེད། དེ་ནི་མང་ཚོགས་ཀྱི་སྐྱོན་ཡིན་པ་ལས་སྐུ་མདུན་གྱི་སྐྱོན་ག་ལ་ཡིན། མང་ཚོགས་ཀྱིས་ལྟ་ཚུལ་མི་མཐུན་པའི་གང་ཟག་གཉིས་པ་ཞིག་བོད་ཀྱི་སྤྱི་ཚོགས་ཁྲོད་ཡོང་བར་དགག་བྱ་དང་གང་ཐུབ་ཀྱིས་གནོད་ཤུགས་སྤྲད་པས་རེད། གནས་ཚུལ་དེ་ནི་ངས་བཤད་པའི་དོན་ཚན་གསུམ་པར་མི་མང་གིས་ངོས་འཛིན་བྱས་བའི་ཆོས་རྒྱུད་དང་ཆོལ་ཁ་གང་རུང་གི་མི་སྣ་ལོ་ལྔའི་དབུ་ཁྲིད་འདེམས་པ་དང་ག་ལ་འདྲ། རྒྱུ་མཚན་ནི། མང་གཙོའི་འགྲོ་རིམ་ཁྲོད་མི་ཞིག་ཚེ་གང་གི་རིང་དབུ་ཁྲིད་དུ་བཀོད་རྒྱུའི་ལམ་སྲོལ་མེད་ཅིང་། རྒྱ་ཆེའི་མང་ཚོགས་ཀྱིས་སྐུ་མདུན་ཚེ་གང་རིང་བོད་ཀྱི་དབུ་ཁྲིད་དུ་བཀོད་རྒྱུ་འདོད་མོས་ཡོད་མེད་ལ་མ་ལྟོས་བར་དེ་ནི་རྒྱལ་པོ་ལམ་ལུགས་ལས་མང་གཙོ་དང་མཐུན་པའི་འགྲེལབཤད་དཀའ། རྒྱུ་མཚན་ནི། མང་གཙོའི་ཁྲིམས་ལུགས་ནང་མི་ཞིག་ཚེ་གང་དབུ་ཁྲིད་བྱེད་རྒྱུའི་ལམ་སྲོལ་མེད་པས་ངས་བཤད་པའི་དང་པོ་དང་གསུམ་པའི་འགལ་བ་ཅི་ཡང་མེད།
སྤྲེའུ་ལེ་མ་འཁྲབ། བོད་དོན་རང་གི་ཞེན་འདོད་དང་སྤྲེའུ་ལེ་ལ་བརྗེ་ག་ལ་རུང་། དེ་ལྟར་བྱས་ཚེ་རི་མིགས་འདི་བརླགས་རྒྱུ་ལས་རེ་བ་བྱེད་ས་དཀའ། ཐད་ཀར་བཤད་ན་སྐུ་མདུན་གྱིས་ཁོང་ལ་སྐུ་དབང་ཆེ་དྲགས་པ་དང་འགན་འཁུར་ལྗི་དྲགས་པ་གཟིགས་ཤིང་མི་མང་གིས་འདོད་མོས་ཡོད་མེད་ལ་མ་ལྟོས་བར་བོད་ཀྱི་ཆེད་དུ་མདུན་མཆོང་ཆེན་པོས་གྲོས་ཚོགས་ལ་དབང་ཆ་སྤྲད་ཀྱང་། མི་མང་གིས་དེ་ལས་ལྡོག་སྟེ་ལྟ་ཚུལ་དང་བསམ་ཚུལ་གསར་བ་འཁུར་མཁན་ཞིག་བོད་སྤྱི་ཚོགས་ཁྲོད་ཐོན་དུ་མི་བཅུག་པ་ནི་མང་གཙོ་ཕལ་ཞག་སྲིད་དབང་གཅིག་བསྡུ་ལས་ཀྱང་སྐྱོ་ལ། རང་ཉིད་འཆི་སར་འདེབས་པའི་ཐན་ལྟས་ཀྱི་བྱ་སྐད་ཉིད་དུ་ལགས།
ང་ཚོའི་སྤྱི་ཚོགས་ཀྱི་ཞན་ཆ་ཆེ་ཤོས་ནི་གནད་དོན་ཀུན་ལ་དེ་ཙམ་ཁ་གསལ་མེད་ཅིང་ཚུལ་ཆོས་དང་སྤྲེའུ་ལེ་ཡི་རྣམ་པ་ཤུགས་ཆེ་ཡོད་པས་དོན་གྱིས་མིའི་རང་གཤིས་དང་རིང་བའི་སྤྱི་ཚོགས་རྫུན་མའི་སྤྱི་ཚོགས་ཤིག་སྐྲུན་བཞིན་ཡོད། རྫུན་མའི་སྤྱི་ཚོགས་ཤིག་དུས་དང་མཐུན་པའི་འགྱུར་བ་མེད་ན་རྒྱུན་གནས་དཀའ་བའི་གནད་དོན་རྟོགས་མཁན་གྱིས་རང་རིགས་རིག་རྒོད་རྣམས་ཀྱིས་ལེགས་བཅོས་དང་བཅོས་བསྒྱུར་བཏང་ཞིང་། བཏང་བཞིན་ཡོད་པར་ཞབས་འདེབས་མ་ཐུབ་ཀྱང་། འགོག་རྐྱེན་དུ་མི་འགྱུར་བའི་རེ་བ་ཡོད། དེ་ནི་མི་རིགས་ཤིག་གི་ཁེ་ཕན་ཡིན་ལ། ང་ཚོ་ཚང་མའི་ཁེ་ཕན་ཡིན། ཁེ་ཕན་སྤྲེའུ་ལེ་མ་བརྗེ་རོགས་གནང་། ཐུགས་རྗེ་ཆེ།
ཨ་ནུ་ཐང་ལགས། ཉིད་ཀྱིས་སྐྱོན་ཆ་ལ་གཡོ་བསྲང་༼ཡོ་སྲོང་ཞེས་པ་མིང་ཡིན་པས་འདི་ལྟར་འབྲི་ན་བཟང་།༽གནང་བའི་སྨོན་ལམ་ཡོད། ཅེས་པའི་ཚིག་འདི་ངོ་མ་རིན་གོང་ཅན་ཞིག་མཐོང་ཡང་། སྐྱོན་ཆ་གསུངས་ན་ཆོག ང་ལ་དངོས་གནས་གནོད་རྒྱུ་ཅི་ཡང་མེད། ཅེས་པའི་ཚིག་དུམ་འདིར་བསམ་ཚེ་རང་རླམ་ཅན་ཞིག་མིན་ཚད་ཀྱང་མ་ངེས་ལ། ཕན་གནོད་ཅི་ཡང་མེད་པའི་མི་ཞིག་ལ་དཀར་ནག་གི་དབྱེ་བར་བཤད་པར་དགོས་པའང་ཨེ་འདུག་སྙམ།
རེད་དེ་ཁྱོད་ཀྱིས་ཕྱོགས་གཅིག་ནས་གནས་ལུགས་ཡོད་པས་བདེན་ཁ་འབུལ་བཞིན་ཡོད། ཅེས་དང་། གཞན་ཞིག་ནས་རྩོད་ན་རྩོད་རྒྱུ་ཡོད། ཅེས་གསུངས་འདུག་ལ། ང་ཡང་ཁ་སྔོན་བཤད་ཟིན་ལྟར་རྩོད་ནས་བརྡལ་ཤ་གཅོད་མཁན་ཞིག་སོང་བས་སླར་ཡང་དགའ་བསུ་དང་བཅས་རྩོད་པར་ཞུགས་པ་ཡིན།
ཨ་ནུ་ཐང་། ངས་ཁྱོད་ལ་མདང་དགོང་ནས་རིགས་ལམ་མེད་སྐྱོན་ཞིག་འདུག་ཚུལ་ཞུས་པ་མ་མཐོང་ངམ། ཉིད་ཀྱི་རྩོམ་དུམ་འདིའི་ནང་ད་དུང་འོན་ཀྱང་མི་ཡིན་ཚེ་སྨྲ་ཤེས་ཤིང་དོན་གོ་བ་ཡིན་པས་མ་ཁྱབ་སྟེ། ལྐུག་༼བ༽དང་བོས༼འོན༽་པ་མི་མ་རེད་༼ལབ༽མི་ཐུབ་ལ་མི་བུ་ཡང་མ་རེད་ཟེར་མི་ཐུབ། ཅེས་པའི་ཚིག་དོན་གཉིས་འཐད་ནས་སྐྱོན་གྱི་ཕུང་པོ་ཅན་འདི་འདྲ་བྲིས་ནས་ཁོ་བོར་རྒོལ་འདོད་ཀྱི་སྙིངཁམས་སྐྱེས་པ་ནི་ངོ་མ་ཁྲོན་པའི་སྦལ་བའི་དཔེ་དོན་གྱི་རྗེས་སུ་བསྙེགས་མི་འདུག་གམ།
ཨ་ནུ་ཐང་། ཁོ་བོས་མི་ལ་སྨྲ་ཤེས་ཤིང་དོན་གོ་བའི་རིགས་ཅན་ཞིག་སྦྱར་བ་མ་མཐོང་ངམ། བློ་ལ་ངེས་དགོས་པ་ཞིག་ལ། ཁོ་བའི་ཚིག་འབྲི་རེ་ལ་གོ་དོན་རེ་ཡོད་པས་རྗེས་ནས་དེ་ལྟར་གནང་རོགས། གཅིག་བྱེད་ན་གཏན་ཚིགས་རིགས་པ་ལ་སློབ་སྦྱོང་མེད་སྐྱོན་ཡིན་ངེས། རྗེས་མར་དུས་ཀྱིས་ལྕོགས་ན་ནང་དོན་དང་། གཏན་ཚིགས་ལ་འབད་གལ་ཆེ་བར་མ་ཟད། སུམ་རྟགས་དག་སོགས་ལའང་འབད་ཆེར་བསྐྱོད་ནས་རྩོམ་དུམ་རེ་སྤེལ་བ་ལས་ད་དུང་། ཚིག་དོན་གཉིས་འཐད་ནས་ཞན་ཆ་མང་གི དེ་མིན་ཐ་སྙད་སྐམ་པོ་ཙམ་ལ་རེ་ནས་རྩོམ་འབྲི་ཁུལ་ཡང་ཤི་བའི་རོ་ལ་གསོན་ཤུགས་རྒྱས་མི་སྲིད་པ་དང་གཉིས་སུ་མེད་པ་ཞིག་རེད།
ཨ་ནུ་ཐང་། རི་བོང་ཅལ་འདྲོགས་ཀྱི་གཏམ་རྒྱུད་ཤེས་ན་ཡུལ་གྱལ་སྲིད་གཞུང་རྩ་བ་ནས་མ་གསུངས་རོགས། དེ་མིན་དྲ་གྲོགས་ཨ་རི་རས་ཟུར་བཏོན་བྱས་པའི་རྩོམ་དུམ་ཁག་གསུམ་དེར་བཤད་པ་རེ་གནང་ཐུབ་ན་དོན་ཆེན་ཞིག་རྙེད་ཁོ་ཐག་རེད། སླར་ཡང་མཇལ་ཡོང་། བསྒུགས་ཡོད།
ཨ་རུ་ར་ལགས།
ཉིད་ཀྱིས་ངས་བྲིས་བ་བཀོད་པ་དེ་བདེན་པ་རང་རེད། དེ་དོན་ལ་འགལ་བ་ཅི་ཡང་མེད། དོན་ཚན་གསུམ་པོ་དེ་དག་བདེན་པ་རང་ཡིན། སྐུ་མདུན་གྱིས་བོད་མིའི་ཆབ་སྲིད་ཀྱི་འདུ་ཤེས་འཛིན་སྟངས་རྙིང་བ་དེ་རྗེས་ལུས་ཡིན་པ་གཟིགས་ནས་མི་མང་ལ་གང་ཐུབ་ཀྱིས་མར་གནང་ཡང་མི་མང་ཤོས་ཀྱིས་དེ་དོན་ལ་ངོས་ལེན་མེད་པར་ཡར་འབུལ་བཞིན་ཡོད་པའི་ལྟ་སྟངས་འདིས་གསལ་བཤད་བྱས་དོན། བོད་ཀྱི་སྤྱི་ཆོགས་ནང་མདུན་གྱི་ཐུགས་དང་མི་མཐུན་པའི་བཀའ་བློན་ཁྲི་བ་ལྟ་ཅི། གང་ཟག་སྒེར་བ་ཞིག་གནས་རྒྱུ་ཁག་པོ་རེད། དེ་ནི་སྐུ་མདུན་གྱིས་བཙན་དབང་གིས་བྱེད་དུ་བཅུག་པ་མིན་ཡང་། མང་ཚོགས་ཀྱིས་སྐུ་མདུན་གྱི་དགོངས་བ་ཁ་གཡར་ནས་ལྟ་ཚུལ་མི་མཐུན་པ་ཀུན་ལ་རྡུང་བརྡེགས་བཏང་བས་རེད། དེ་ནི་མང་ཚོགས་ཀྱི་སྐྱོན་ཡིན་པ་ལས་སྐུ་མདུན་གྱི་སྐྱོན་ག་ལ་ཡིན། མང་ཚོགས་ཀྱིས་ལྟ་ཚུལ་མི་མཐུན་པའི་གང་ཟག་གཉིས་པ་ཞིག་བོད་ཀྱི་སྤྱི་ཚོགས་ཁྲོད་ཡོང་བར་དགག་བྱ་དང་གང་ཐུབ་ཀྱིས་གནོད་ཤུགས་སྤྲད་པས་རེད། གནས་ཚུལ་དེ་ནི་ངས་བཤད་པའི་དོན་ཚན་གསུམ་པར་མི་མང་གིས་ངོས་འཛིན་བྱས་བའི་ཆོས་རྒྱུད་དང་ཆོལ་ཁ་གང་རུང་གི་མི་སྣ་ལོ་ལྔའི་དབུ་ཁྲིད་འདེམས་པ་དང་ག་ལ་འདྲ། རྒྱུ་མཚན་ནི། མང་གཙོའི་འགྲོ་རིམ་ཁྲོད་མི་ཞིག་ཚེ་གང་གི་རིང་དབུ་ཁྲིད་དུ་བཀོད་རྒྱུའི་ལམ་སྲོལ་མེད་ཅིང་། རྒྱ་ཆེའི་མང་ཚོགས་ཀྱིས་སྐུ་མདུན་ཚེ་གང་རིང་བོད་ཀྱི་དབུ་ཁྲིད་དུ་བཀོད་རྒྱུ་འདོད་མོས་ཡོད་མེད་ལ་མ་ལྟོས་བར་དེ་ནི་རྒྱལ་པོ་ལམ་ལུགས་ལས་མང་གཙོ་དང་མཐུན་པའི་འགྲེལབཤད་དཀའ། རྒྱུ་མཚན་ནི། མང་གཙོའི་ཁྲིམས་ལུགས་ནང་མི་ཞིག་ཚེ་གང་དབུ་ཁྲིད་བྱེད་རྒྱུའི་ལམ་སྲོལ་མེད་པས་ངས་བཤད་པའི་དང་པོ་དང་གསུམ་པའི་འགལ་བ་ཅི་ཡང་མེད།
སྤྲེའུ་ལེ་མ་འཁྲབ། བོད་དོན་རང་གི་ཞེན་འདོད་དང་སྤྲེའུ་ལེ་ལ་བརྗེ་ག་ལ་རུང་། དེ་ལྟར་བྱས་ཚེ་རི་མིགས་འདི་བརླགས་རྒྱུ་ལས་རེ་བ་བྱེད་ས་དཀའ། ཐད་ཀར་བཤད་ན་སྐུ་མདུན་གྱིས་ཁོང་ལ་སྐུ་དབང་ཆེ་དྲགས་པ་དང་འགན་འཁུར་ལྗི་དྲགས་པ་གཟིགས་ཤིང་མི་མང་གིས་འདོད་མོས་ཡོད་མེད་ལ་མ་ལྟོས་བར་བོད་ཀྱི་ཆེད་དུ་མདུན་མཆོང་ཆེན་པོས་གྲོས་ཚོགས་ལ་དབང་ཆ་སྤྲད་ཀྱང་། མི་མང་གིས་དེ་ལས་ལྡོག་སྟེ་ལྟ་ཚུལ་དང་བསམ་ཚུལ་གསར་བ་འཁུར་མཁན་ཞིག་བོད་སྤྱི་ཚོགས་ཁྲོད་ཐོན་དུ་མི་བཅུག་པ་ནི་མང་གཙོ་ཕལ་ཞག་སྲིད་དབང་གཅིག་བསྡུ་ལས་ཀྱང་སྐྱོ་ལ། རང་ཉིད་འཆི་སར་འདེབས་པའི་ཐན་ལྟས་ཀྱི་བྱ་སྐད་ཉིད་དུ་ལགས།
ང་ཚོའི་སྤྱི་ཚོགས་ཀྱི་ཞན་ཆ་ཆེ་ཤོས་ནི་གནད་དོན་ཀུན་ལ་དེ་ཙམ་ཁ་གསལ་མེད་ཅིང་ཚུལ་ཆོས་དང་སྤྲེའུ་ལེ་ཡི་རྣམ་པ་ཤུགས་ཆེ་ཡོད་པས་དོན་གྱིས་མིའི་རང་གཤིས་དང་རིང་བའི་སྤྱི་ཚོགས་རྫུན་མའི་སྤྱི་ཚོགས་ཤིག་སྐྲུན་བཞིན་ཡོད། རྫུན་མའི་སྤྱི་ཚོགས་ཤིག་དུས་དང་མཐུན་པའི་འགྱུར་བ་མེད་ན་རྒྱུན་གནས་དཀའ་བའི་གནད་དོན་རྟོགས་མཁན་གྱིས་རང་རིགས་རིག་རྒོད་རྣམས་ཀྱིས་ལེགས་བཅོས་དང་བཅོས་བསྒྱུར་བཏང་ཞིང་། བཏང་བཞིན་ཡོད་པར་ཞབས་འདེབས་མ་ཐུབ་ཀྱང་། འགོག་རྐྱེན་དུ་མི་འགྱུར་བའི་རེ་བ་ཡོད། དེ་ནི་མི་རིགས་ཤིག་གི་ཁེ་ཕན་ཡིན་ལ། ང་ཚོ་ཚང་མའི་ཁེ་ཕན་ཡིན། ཁེ་ཕན་སྤྲེའུ་ལེ་མ་བརྗེ་རོགས་གནང་། ཐུགས་རྗེ་ཆེ།
མ་གཞི་འདི་ཆུ་ཚོད་ཁ་ཤས་ཀྱི་གོང་ནས་བྲིས་ཟིན་ཡང་webགསར་བ་ཞིག་གི་ཐོག་བེད་སྤྱོད་བཏང་བའི་ཉེར་ལེན་གྱིས་ད་དུང་ཡང་མཆན་ཐོག་རྒྱུ་སྒུག་པས་འདིར་ཕབས་བཤུས་ཀྱིས་བཀོད་པ་ཡིན།
གཙང་བུ་ལགས།
ཁྱེད་ཀྱི་ཡི་ནོར་གསལ་བཞིན་ཡོད་པས་ངས་ཀྱང་ཁྱེད་ཀྱི་ཡིག་ནོར་གླེང་ན ཡུལ་གྱལ མ་གསུངས་ ཡུལ་གྱར་ཞེས་འབྲི་དགོས། འོན་ཀྱང་ང་ལ་ཡུལ་གྱར་མ་བཤད་ཀྱང་རྒྱུ་མཚན་ཁྱེད་ཀྱི་ཞེན་འདོད་ལས་ཅི་ཡང་མེད་པས་ངོས་ལེན་བྱེད་མི་ཐུབ་སྟེ། དབྱིན་ཡིག་ཏུ Tibetan Exile GV ཞེས་ནས་བོད་གཞུང་རང་གི་བེད་སྤྱོད་བཏང་བཞིན་ཡོད་པས་ངས་བཏང་ན་མི་ཆོག་པའི་རྒྱུ་མཚན་ཅི།
ཁྱེད་ཀྱིས “མི་བུ་མིན་ན་ཟོག་བུ་ཡིན་དགོས་པའི་ཁྱབ་པ་ཡོད་པ་ནི་སྐུ་ཉིད་ལ་རིག་ལམ་མེད་སྐྱོན་ལགས། གྲོགས་པོ་ལགས། མི་ཡི་བུ་ཡིན་ཚད་མི་བུ་ཡིན་ཀྱང་མི་བུ་ཞེས་མི་ལབ་པ་ནི། ལག་པ་དང་ལྡན་ཚོད་ལ་ལག་ལྡན་ཞེས་མི་བརྗོད་པ་བཞིན་ནོ། །” ངས་འཇིག་རྟེན་གྱི་མི་ཡོད་ཟད་མི་བུ་མིན་ན་ཟོག་བུ་མ་རེད། ཟེར་བ་ལས་མི་བུ་མིན་ན་ཟོག་བུ་ཡིན་པའི་ཁྱབ་པ་ཁས་བླངས་མེད། ཁས་བླངས་མེད་པའི་གནད་དོན་ཞིག་བཙན་ཤུགས་ཀྱིས་ངའི་མགོ་གཡུག་པ་ནི་ཁྱེད་ཀྱིས་ཚན་མ་སྦྱངས་རྟགས་རེད་དམ། ཡང་ཁྱེད་ཀྱིས་ “མི་ནི་སྨྲ་ཤེས་ཤིང་དོན་གོ་བའི་རིགས་ཅན་ཞིག་ལ་ཟེར་ཞིང་། ཁྱད་ཆོས་དེ་དང་ལྡན་པའི་སྐྱེས་བུ་ཞིག་ལ་མི་བུ་ཟེར་བ་ཡིན།” དེ་ནི་མ་ཁྱབ་སྟེ། སྨྲ་མི་ཤེས་ཤིང་དོན་མི་གོ་བའི་ལྐུག་དང་འོན་པ་ཆོས་ཅན་མི་བུ་མ་ཡིན་ཐལ། སྨྲ་ཤེས་ཤིང་དོན་གོ་བའི་རིགས་ཅན་མ་ཡིན་པས་ཕྱིར། ལྐུག་པ་དང་འོན་པ་མི་བུ་མ་ཡིན་ན་མངོན་སུམ་ལ་སྨྱོན་པས་རྒྱུ་མཚན་དང་གཏན་ཚིག་ཅི་ཡང་མེད། ཅི་ཡིན་སྙམ་ན། ལྐུག་པ་དང་འོན་པའང་མིའི་མངལ་ལས་སྐྱེས་བས་སོ།
ཧཧ། གཙང་བུ་ལགས། ཁ་ཕོད་དང་ང་རྒྱལ་གཉིས་ཀྱིས་ཁྱེད་མིག་ཟུང་ཡོངས་སུ་བསྒྲིབས་ནས་བདེན་དོན་མཐོང་རྒྱུ་དཀའ་ཏེ། ཁྱེད་ཀྱིས་འདི་ལྟར་{ཁོ་བོས་མི་ལ་སྨྲ་ཤེས་ཤིང་དོན་གོ་བའི་རིགས་ཅན་ཞིག་སྦྱར་བ་མ་མཐོང་ངམ། བློ་ལ་ངེས་དགོས་པ་ཞིག་ལ། ཁོ་བའི་ཚིག་འབྲི་རེ་ལ་གོ་དོན་རེ་ཡོད་པས་རྗེས་ནས་དེ་ལྟར་གནང་རོགས།} ཁྱེད་ཀྱི་ཚིག་འབྲི་ལ་གོ་དོན་ཡོད་པ་དེ་ལྟར་ཡིན་ནམ། ཁྱེད་ཀྱི་གཞན་གྱིས་བཤད་སྐབས་ཁྱབ་བ་བཅད་ནས་ཚུལ་རྒོལ་བྱས། རང་གི་མགོ་ལ་ཡོང་དུས་མཚན་མཆོན་གྱི་ཁྱབ་བའི་ཟུར་ཙམ་ཡང་མི་གླིང་བར་མི་ཡིན་ན་སྨྲ་ཤེས་དོན་གོ་ཡིན་དགོས་ཟེར། དེ་ལྟར་ཡིན་ན་རྒྱལ་སྤྱིའི་འགྲོ་བའི་མིའི་ཡོངས་ཁྱབ་གསལ་བསྒྲགས་དང་འགལ་ཞིང་དབང་བོ་མ་ཚང་མི་མང་པོ་ཞིག་མི་མིན་པར་འགྱུར་བས་འཇིག་རྟེན་འདིར་བཙན་པོ་དང་དྭངས་མ་མིན་ན་ཉམ་ཆུང་ཞིག་
གཙང་བུ་ལགས།
འབྲི་མཚམས་ལས་ལག་པ་ཤོར་བས་གནད་དོན་དེ་དག་ཞི་དག་སྟོན་ཁོམ་མ་སོང་བས་རྩིས་མེད་ཡིན། ཐུགས་ལ་མ་འཛིན། འདིའི་འོག་གི་མཆན་བུ་ཀློག་རོགས་ཞུ།
གཙང་བུ་ལགས།
ཁྱེད་ཀྱི་ཡིག་ནོར་གསལ་བཞིན་ཡོད་པས་ངས་ཀྱང་ཁྱེད་ཀྱི་ཡིག་ནོར་གླེང་ན “ཡུལ་གྱལ་མ་རེད་་ཡུལ་གྱར་ཞེས་འབྲི་དགོས།”
འོན་ཀྱང་ང་ལ་ཡུལ་གྱར་མ་བཤད་ཀྱང་རྒྱུ་མཚན་ཁྱེད་ཀྱི་ཞེན་འདོད་ལས་ཅི་ཡང་མེད་པས་ངོས་ལེན་བྱེད་མི་ཐུབ་སྟེ། དབྱིན་ཡིག་ཏུ Tibetan Exile GV ཞེས་ནས་བོད་གཞུང་རང་གི་བེད་སྤྱོད་བཏང་བཞིན་ཡོད་པས་ངས་བཏང་ན་མི་ཆོག་པའི་རྒྱུ་མཚན་ཅི། ལྷག་པར་ཡུལ་གྱར་སྤྱི་ཚོགས་ཟེར་བ་ནི་ངས་གསར་བཏོད་བྱས་བ་ཞིག་མ་ཡིན་པར་བཙན་བྱོལ་རྩོམ་པ་པོ་མི་ཉུང་བ་ཞིག་གིས་བེད་སྤྱོད་བཏང་བཞིན་ཡོད། མ་ཤེས་ན་དུས་དེབ་དང་རྩོམ་ཡིག་མང་དུ་ཀློག་དང་། ཤེས་ངེས་རེད། ངས་ཁྱེད་ལ་ཡོད་ཚད་ཀ་ཁ་བཞིན་ཁྲིད་མི་ཐུབ།
ཁྱེད་ཀྱིས “མི་བུ་མིན་ན་ཟོག་བུ་ཡིན་དགོས་པའི་ཁྱབ་པ་ཡོད་པ་ནི་སྐུ་ཉིད་ལ་རིག་ལམ་མེད་སྐྱོན་ལགས། གྲོགས་པོ་ལགས། མི་ཡི་བུ་ཡིན་ཚད་མི་བུ་ཡིན་ཀྱང་མི་བུ་ཞེས་མི་ལབ་པ་ནི། ལག་པ་དང་ལྡན་ཚོད་ལ་ལག་ལྡན་ཞེས་མི་བརྗོད་པ་བཞིན་ནོ། །” ངས་འཇིག་རྟེན་གྱི་མི་ཡོད་ཚད་མི་བུ་མིན་ན་ཟོག་བུ་མ་རེད། ཟེར་བ་ལས་མི་བུ་མིན་ན་ཟོག་བུ་ཡིན་པའི་ཁྱབ་པ་ཁས་བླངས་མེད། ཁས་མ་བླངས་པའི་གནད་དོན་ཞིག་བཙན་ཤུགས་ཀྱིས་ངའི་མགོ་གཡུག་པ་ནི་ཁྱེད་ཀྱིས་མཚན་མ་སྦྱངས་བའི་རྟགས་རེད་དམ། ཡང་ཁྱེད་ཀྱིས་ “མི་ནི་སྨྲ་ཤེས་ཤིང་དོན་གོ་བའི་རིགས་ཅན་ཞིག་ལ་ཟེར་ཞིང་། ཁྱད་ཆོས་དེ་དང་ལྡན་པའི་སྐྱེས་བུ་ཞིག་ལ་མི་བུ་ཟེར་བ་ཡིན།” དེ་ནི་མ་ཁྱབ་སྟེ། སྨྲ་མི་ཤེས་ཤིང་དོན་མི་གོ་བའི་ལྐུག་པ་དང་འོན་པ་ཆོས་ཅན་མི་བུ་མ་ཡིན་ཐལ། སྨྲ་ཤེས་ཤིང་དོན་གོ་བའི་རིགས་ཅན་མ་ཡིན་པས་ཕྱིར། ལྐུག་པ་དང་འོན་པ་མི་བུ་མ་ཡིན་ན་མངོན་སུམ་ལ་སྨྱོན་པས་རྒྱུ་མཚན་དང་གཏན་ཚིག་ཅི་ཡང་མེད། ཅི་ཡིན་སྙམ་ན། ལྐུག་པ་དང་འོན་པའང་མིའི་མངལ་ལས་སྐྱེས་བས་སོ།
ཧཧ། གཙང་བུ་ལགས། ཁ་ཕོད་དང་ང་རྒྱལ་གཉིས་ཀྱིས་ཁྱེད་ཀྱི་མིག་ཟུང་ཡོངས་སུ་བསྒྲིབས་ནས་བདེན་དོན་མཐོང་རྒྱུ་དཀའ་ཏེ། ཁྱེད་ཀྱིས་འདི་ལྟར་{ཁོ་བོས་མི་ལ་སྨྲ་ཤེས་ཤིང་དོན་གོ་བའི་རིགས་ཅན་ཞིག་སྦྱར་བ་མ་མཐོང་ངམ། བློ་ལ་ངེས་དགོས་པ་ཞིག་ལ། ཁོ་བའི་ཚིག་འབྲི་རེ་ལ་གོ་དོན་རེ་ཡོད་པས་རྗེས་ནས་དེ་ལྟར་གནང་རོགས།} ཁྱེད་ཀྱི་ཚིག་འབྲི་ལ་གོ་དོན་ཡོད་པ་དེ་ལྟར་ཡིན་ནམ། ཁྱེད་ཀྱིས་གཞན་གྱིས་བཤད་སྐབས་ཁྱབ་པ་ཁས་ལེན་མ་བྱས་ཀྱང་བྱས་ཚུལ་གྱིས་ཁྱབ་བ་བཅད་ནས་ཚུལ་རྒོལ་བྱས། རང་གི་མགོ་ལ་ཡོང་དུས་མཚན་མཆོན་གྱི་ཁྱབ་བའི་ཟུར་ཙམ་ཡང་གླིང་རྒྱུ་མེད་པར་མི་ཡིན་ན་སྨྲ་ཤེས་དོན་གོ་ཡི་རིགས་ཅན་ཡིན་དགོས་ཟེར། དེ་ལྟར་ཡིན་ན་རྒྱལ་སྤྱིའི་འགྲོ་བའི་མིའི་ཡོངས་ཁྱབ་གསལ་བསྒྲགས་དང་འགལ་ཞིང་དབང་བོ་མ་ཚང་བའི་མི་མང་ས་ཡ་མང་པོ་མིའི་རིགས་མིན་པར་འགྱུར་བས་འཇིག་རྟེན་འདིར་བཙན་པོ་དང་དྭངས་མ་ལས་ཉམ་ཆུང་ཞིག་འཚོ་ཐབས་མེད་པར་འགྱུར་བས་ཁྱེད་ལ་ཅི་འདྲའི་ཕྱོགས་ཞེན་དང་སྡུག་རྩུབ་ཆེ་བ་ལ། གཞན་གྱིས་ཐོས་ན་འཇིགས་སྐྲག་སྐྱེས་ངེས་རེད། དེ་ནི་ཆེན་པོ་ལ་ངོ་བསྟོད་དང་ཉམ་ཆུང་ལ་ཐུབ་ཚོད་བཏང་བ་ཞིག་མ་རེད་དམ། རང་ཉིད་ཞེན་སའི་ཆེན་པོ་ཞིག་ལ་ཚིག་རྩུབ་གཅིག་ཀྱང་བཤད་འདོད་མ་དགོས་ཐོས་འདོད་ཀྱི་སྤོབས་པ་ཙམ་ཡང་མེད་ཅིང་། སྡང་སའི་མི་ལ་བརྙས་བཅོས་དང་དམའ་འབེབ་ཀྱི་ཚིག་ངན་ག་ཆོད་བཤད་ཀྱང་ཆོད་ཤེས་མེད་པའི་ལྟ་སྟངས་འདི་ཁྱེད་ཀྱིས་གང་ནས་སྦྱངས་བ་ཡིན། དངོས་གནས་འགོ་ནད་རེད། འགོ་ནད་ཚབས་ཆེན་རེད།
{རྗེས་མར་དུས་ཀྱིས་ལྕོགས་ན་ནང་དོན་དང་། གཏན་ཚིགས་ལ་འབད་གལ་ཆེ་བར་མ་ཟད། སུམ་རྟགས་དག་སོགས་ལའང་འབད་ཆེར་བསྐྱོད་ནས་རྩོམ་དུམ་རེ་སྤེལ་བ་ལས་ད་དུང་། ཚིག་དོན་གཉིས་འཐད་ནས་ཞན་ཆ་མང་གི དེ་མིན་ཐ་སྙད་སྐམ་པོ་ཙམ་ལ་རེ་ནས་རྩོམ་འབྲི་ཁུལ་ཡང་ཤི་བའི་རོ་ལ་གསོན་ཤུགས་རྒྱས་མི་སྲིད་པ་དང་གཉིས་སུ་མེད་པ་ཞིག་རེད།} ཁྱེད་ཀྱིས་ངའི་གནས་སྟངས་དང་སློབ་སྦྱོངས་ཀྱི་རྒྱུད་རིམ་ཅི་ཡང་མི་ཤེས་ཀྱང་སྤོབས་སེམས་ཀྱིས་གློ་བུར་འདི་ལྟར་ཐག་གཅོད་བྱེད་པ་ནི་རང་ཚང་སྟོན་པ་ལས་གཞན་ཅི་ཡང་མིན། དེ་ནི་ཁྱེད་ཀྱི་མཐོང་རྒྱ་དང་ཐོས་རྒྱ་ཞན་ཞིང་འཇིག་རྟེན་གྱིས་འགྱུར་འགྲོས་ལ་གོ་རྟོགས་ཆུང་བའི་དན་རྟགས་རེད། དེ་ནི་ཁྱེད་ཀྱིས་ང་ལ་རང་རློམ་ཆེ་ཚུལ་གསུངས་ཀྱང་རང་ཉིད་རང་རློམ་ཆེ་བའི་མཚོན་རྟགས་མ་རེད་དམ། གཞན་སྐྱོན་ཁབ་རིག་ཀྱང་རང་སྐྱོན་རི་བོ་མི་མཐོང་བའི་དཔེ་ལས་མ་འདས། ངས་ཁྱེད་འདི་ལྟར་གཏིང་ཐག་ཆོད་པའི་སྡོམ་ཚིག་བཀོད་བཀོད་མོ་ཐུབ། རྒྱུ་མཚན་ནི་ངེད་གཉིས་ཐུག་མ་ཐག་པ་ཡིན་ཁར་ཉིད་ཀྱིས་མིང་རྫུན་བེད་སྤྱོད་བཏང་བས་ཡིན། མིང་རྫུན་བེད་སྤྱོད་བཏང་མཁན་ཞིག་ཡིན་ཕྱིན་སེམས་ནས་བཀག་རྒྱ་མང་ཞིང་མགོ་དྲན་འཕྲུལ་ཞིག་ཡིན་ཤས་ཆེ། འོན་ཀྱང་ད་དུང་ཧ་མི་གོ ངས་ཁྱེད་ལྟར་ཐག་གཅོད་བྱེད་མི་ཐུབ། གཅིག་བྱས་ན་ཁྱེད་ཀྱི་བཤད་བ་བཞིན་ཤེས་ཚད་དང་རྣམ་དཔྱོད་ཞན་པའི་སྐྱོན་ཡིན་རྒྱུ་རེད།
{ཅེས་པའི་ཚིག་འདི་ངོ་མ་རིན་གོང་ཅན་ཞིག་མཐོང་ཡང་། སྐྱོན་ཆ་གསུངས་ན་ཆོག ང་ལ་དངོས་གནས་གནོད་རྒྱུ་ཅི་ཡང་མེད། ཅེས་པའི་ཚིག་དུམ་འདིར་བསམ་ཚེ་རང་རླམ་ཅན་ཞིག་མིན་ཚད་ཀྱང་མ་ངེས་ལ། ཕན་གནོད་ཅི་ཡང་མེད་པའི་མི་ཞིག་ལ་དཀར་ནག་གི་དབྱེ་བར་བཤད་པར་དགོས་པའང་ཨེ་འདུག་སྙམ།} “ང་རླམ་མ་རེད་རང་རློམ་ཞེས་འབྲི་དགོས།”དེ་ནི་ཞོར་དུ་ང་མཁས་བའི་ཡིག་ནོར་ལ་ཞུ་དག་ཙམ་ཡིན།
ཁྱེད་ལ་ངས་སྐད་ཆ་དྲང་མོ་བཤད་ཀྱང་འཁྱོག་པོ་བཤད་ཀྱང་གཅིག་པ་རེད། མི་རེ་ཟུང་གིས་ངའི་བསམ་ཚུལ་ལ་འདོད་མོས་མེད་ན་དེ་ནི་ཆོག་ཅིང་སྟོན་པའི་གསུངས་ལ་འཇིག་རྟེན་ཀུན་གྱིས་ཚད་མ་ལྟ་བཞིན་མེད་ལ། དེ་ལྟར་ལྟ་བའི་གྲུབ་མཐའ་ཞིག་དར་མེད་པས་ཡིན། དེ་བརྟེན་ཁྱེད་ཀྱིས་ང་ལ་དགག་པ་བརྒྱགས་ཀྱང་གནོད་རྒྱུ་མེད་ཚུལ་བཤད་པ་ཉིད་ཀྱིས་དེ་ལས་ལྡོག་སྟེ་འགྲེལ་གནང་བཞིན་ཡོད་པས་ཁྱེད་ལ་མཚོན་ན་ངས་གང་བཤད་པ་ཐམས་ཅད་ཉེས་པ་རེད། དེ་ནི་ཁྱེད་ཀྱི་ངའི་ཕྱོགས་ལ་ཉེས་ཕྱོགས་ཀྱིས་ལྟ་བས་རེད། དབྱིན་སྐད་དུ you are person who thinks on negative way. དེ་བརྟེན་ངས་ཁྱེད་ལ་གནས་ལུགས་ཀྱི་ཐོག་ནས་རྩོད་པ་བྱེད་རྒྱུ་ཡིན། གནས་ལུགས་ཡོད་ན་ཤོག་ཡ། གཙང་བུ་ལགས། ཁྱེད་ཀྱི་སྐད་ཆའི་ཟུར་ལས་སྤྱི་ཚོགས་ཀྱི་འགྲོ་སྟངས་རྨོངས་བའི་གྲྭ་རྒྱགས་ཤིག་གི་དྲོ་བ་ལྷོག་ལྷོག་ཏུ་འཁྱིལ་ཡང་མིག་གིས་མ་མཐོང་ཞིང་སྐབས་དོན་མ་འབྲེལ་བས་ཞུ་འདོད་མ་སྐྱེས། ད་དུང་དུས་ལ་མ་བབ་པས་ཡིན།
ཡང་སྙིང་། རྒྱུ་མཚན་འཁུར་ནས་ཤོག མུ་མཐུད་དུ་འགྲོ།
ཡ་རྒྱ་སྟག་སྨྱོན་པ།
ཁྱེད་ཀྱི་ང་ལ་དགག་པའི་བརྒྱབས་པའི་ལན་དེ་མཆན་ཨང་༢༢དུ་བྲིས་ཟིན་ཡང་ད་དུང་ཡང་ཕྱི་ལན་མེད་པས་འདི་སྐྱར་བཀོད་ཞུ་འདོད་བྱུང་བས་འདི་ལྟར།
ཟམ་གདོང་གིས་རྒྱ་ནག་གཞུང་ལ་བསམ་ཆའི་ཡིག་ཆ་ཕུལ་བ་ནི་ལམ་དབུ་གཞི་བཞག་གི་བྲིས་ཤིང་སྐུ་མདུན་གྱི་མོས་མཐུན་རྒྱུད་རྒྱ་གཞུང་ལ་ཕུལ་བ་ལས་རྒྱ་སྲིད་རིན་པོ་ཆེ་དང་ཟམ་གདོང་རིན་པོ་གཉིས་གཅོ་བཟུང་གིས་བཟོས་ནས་ཕུལ་ཞིག་མ་རེད། དེ་འདྲའི་དཀྲོགས་གཏམ་སྤྱི་ཚོགས་ནང་མ་སྤེལ་ན་བཟང་། དེ་འདྲ་བཤད་ན་དངོས་ཡོད་དང་འགལ་བ་རེད། རྒྱ་སྲིད་རིན་པོ་ཆེ་དང་བཀའ་ཤག་གིས་དཀྲོགས་གཏམ་འདི་ལྟར་སྤེལ་བའི་རྒྱུ་མཚན་ལ་བརྟེན་ནས་གསལ་བཤད་གནང་བ་མ་ཐོས་བ་ནི་ཡ་མཚན་རེད། གནས་ཚུལ་ལ་ཉོན་དང་། གསལ་ཆ་ཡོང་ངེས་རེད། རང་ཀྱིས་ཞེན་འདོད་ཆེད་གནས་ཚུལ་ལ་འཁྱོགས་བྱས་ན་བདེན་པ་ཡི་རྒྱལ་འགལ་དང་ལོ་རྒྱུུས་རྫུན་བཟོ་བྱེད་པ་ནི་ཕུང་འདྲེ་རེད། དེ་ནི་དོན་གྱིས་མི་རིགས་ཀྱི་དགྲ་བོ་དང་སྤྱི་ཚོགས་ཁྲོད་དཀྲུགས་ཤིང་བཟོ་མཁན་ཡིན། ཞེན་འདོད་གལ་ཆེ་ཡང་། དེ་ལས་གལ་ཆེ་བ་ནི་བདེན་པ་ཡིན། བདེན་པ་ནི་ནམ་ཡང་བདེན་པ་ཡིན་པས་ངེས་བས་བཤད་དགོས། དེ་གནས་སྐབས་སུ་དཀའ་ངལ་འཕྲད་སྲིད་ཀྱང་མཐའ་ཐུག་བོད་པ་ཙམ་ཟད་འཇིག་རྟེན་གྱི་རྒྱུ་སྤུས་ལེགས་སུ་བཏང་བའི་རྩ་བའི་ཆ་རྐྱེན་རེད། དེ་བརྟེན། ངས་རང་གི་ཞེན་འདོད་ཀྱི་ཆེད་དུ་སྐྱག་རྫུན་བཤད་མི་ཐུབ། བོད་པ་ནང་ཚགས་སུ་སྐད་ཆ་ཡོད་ན་ཁ་ཐུག་བཤད་རྒྱུ་ལས་སྦ་གསང་བྱེད་དགོས་དོན་མེད་པས་རང་གིས་ཤེས་ཚད་ཐད་ཀར་བཤད་པ་དེ་ཡིན།
ཟམ་གདོང་གི་ལྟ་བ་དངོས་ནི་བདེན་པའི་ཨུ་ཚུགས་ཡིན་ཡང་བཀའ་ཁྲི་བཞུགས་རྗེས་ཁོང་གི་ལྟ་བོར་བརླགས་སུ་ཕྱིན་ནས་དབུ་མ་གྱུར་བ་རེད། ད་ལྟ་བདེན་པའི་ཨུ་ཚུགས་ཀྱི་ལྟ་བ་གླེང་མཁན་མེད། ཟམ་གདོང་དབུ་མ་གྱུར་བའི་རྒྱུ་མཚན་ནི་དེང་འདིར་བཀའ་ཁྲི་ཡིན་ན་དབུ་མ་སུ་སྐྱོང་དགོས་བས་མ་ཡིན་ནམ།
ཁ་སྣོན་དུ།
ཁྱེད་ཀྱིས “ཡིག་ཆ་དེའི་ཡབ་ཡུམ་ངོ་མ་དམིགས་བསལ་སྐུ་ཚབ་རྒྱ་རི་དང་བཀའ་ཁྲི་ཟམ་གདོང་གཉིས་ཡིན་འདྲ།” གཏན་ཐག་མ་ཆོད་ཅིང་འོལ་ཚོད་ཀྱིས་གནས་ཚུལ་བགྲང་ནས་གཞན་ལ་དགག་པ་མ་བརྒྱགས། གནས་ཚུལ་ལ་ཞིབ་འཇུག་ཡག་པོ་བྱས་ནས་དགག་པ་བྱེད་རྒྱུའི་རེ་བ་ཡོད། ཁྱེད་ཀྱི་སྨྱོན་པའི་མིང་ཅན་གྱིས་དོན་དངོས་སྨྱོན་པའི་སྐད་ཆ་བཤད་ན་འཇིག་རྟེན་གྱི་དཀྲུགས་ཤིང་རེད། གནས་ཚུལ་ཆུང་ཆུང་མ་རེད། དེ་ནི་སྐུ་ཚབ་གཉིས་ཀྱི་མི་ཚེའི་རིན་ཐང་དང་ཕྱག་ལས་ལ་ཐུག་པས་སྨྱོན་པའི་ཁ་ནས་བཤད་པ་བཞིན་ལས་སླ་པོ་ཞིག་མ་རེད། “ཡིན་པ་འདྲ།” གནས་ཚུལ་འདི་ནི་གནས་ལུགས་ཀྱི་མདུན་དུ་ཡོང་ས་མེད། ག་རེ་ཡིན་པ་འདྲ། ཁྱེད་ཀྱིས་ངེས་ཤེས་རྙེད་ནས་ལྟ་བ་བཟུང་ཞིང་གཞན་ལ་དགག་པ་བརྒྱབས་པ་མ་ཡིན་ནམ། མི་ཤེས་ན་མ་ཚིམས། ཤེས་ན་ཤོག་དང་། མུ་མཐུད་དུ་འགྲོ།
ཡ་སྟག་སྨྱོན་ལགས
ཤོག་དང་། སྒུག་ནས་ཡོད།
ཟམ་གདོང་རིན་པོ་ཆེས་བཀག་ཤག་གི་ཡིག་ཆ་གསལ་བཤད་གནང་དོན། {ཡིག་ཆ་དེ་ཉི་མ་གཅིག་ནང་བཟོས་པ་ཞིག་རྩ་བ་ནས་མ་རེད། ཡུན་རིང་པོར་བསམ་གཞིག་གོ་བསྡུར་གཏིང་ཟབ་ནན་པོ་བྱས་ནས། ཆབ་སྲིད་མཁས་པ་དང་ཁྲིམས་དོན་མཁས་པ། རྒྱ་ནག་གི་གནས་བབ་ལ་མཁས་པ་མང་པོ་ཞིག་དང་བཀའ་འདྲི་ཞུས་ནས་༧སྐྱབས་མགོན་རིན་པོ་ཆེ་དང་ཡང་ནས་ཡང་དུ་བཀའ་འདྲི་དགོངས་སྐོར་ཞུས་ཏེ་ཐག་གཅོད་གནང་བ་ཞིག་རེད། དེ་༸སྐྱབས་མགོན་རིན་པོ་ཆེ་རང་གིས་ཐག་གཅོད་གནང་བ་ཞིག་ཡིན་པ་ཟླ་བ་ཁ་ཤས་རྗེས་༧གོང་ས་མཆོག་གིས་ཡུ་རོབ་གྲོས་ཚོགས་ལ་གནང་བའི་སྦར་སིལ་གསུང་བཤད་ཀྱི་ནང་དུ། “ཕྱི་ལོ་༢༠༠༨ ཟླ་༡༠ ཚེས་༣༡ ཉིན། ང་ཚོས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་སྤྲད་པ་ཡིན། བསམ་འཆར་ནང་རང་སྐྱོང་སྐོར་གྱི་ང་ཚོའི་ལངས་ཕྱོགས་ཅི་ཡིན་དང་། རང་སྲིད་རང་སྐྱོང་དང་འབྲེལ་བའི་ང་ཚོའི་གཞི་རྩའི་དགོས་མཁོ་ཁག་ཇི་ལྟར་བསྐང་ཐུབ་མིན་འགྲེལ་བརྗོད་བྱས་ཡོད། ང་ཚོའི་བསམ་འཆར་འདི་དག་བོད་ཀྱི་དངོས་ཡོད་དཀའ་ངལ་སེལ་ཐབས་ཁོ་ནར་དམིགས་ཏེ་ལྷག་བསམ་རྣམ་དག་གིས་ཞུས་པ་ཡིན་” ཞེས་བཀའ་གནང་འདུག} ཁོ་བོས་བསྒྱུར་བཅོས་ཅི་ཡང་མེད་པས་ཚིག་རྣམས་ཐད་ཀར་བཀོད་པ་ཡིན།
ཨ་ནུ་ཐང་གི་མཁས་དབང་ལགས། སྐུ་ཉིད་ཀྱིས་ཡུལ་གྱར་ཞེས་པའི་ཚིག་འབྲི་འདི་དག་བཅོས་གནང་བར་ཐུགས་རྗེ་ཆེ་ཞུ།ཉིད་ཀྱིས་ཡུལ་གྱར་ཞེས་མིང་ཚིག་འདི་བོད་གཞུང་དང་། བཙན་བྱོལ་ནང་གི་རྩོམ་པ་པོ་འགས་བེད་སྤྱོད་བཏང་གི་འདུག་པས་ངས་ཀྱང་གཏང་གི་ཡིན་ཟེར། ཚིག་འདིས་སྐུ་ཉིད་ལ་རང་ལུགས་མེད་པའི་གསར་བུ་རྐྱལ་སྟོང་ཞིག་གི་ངོ་བོར་འཕངས་མི་འདུག་གམ ཡུལ་གྱར་ཞེས་པའི་ཚིག་འབྲི་འདི་དབྱིན་ཡིག་འདིའི་Tibetan Exile GV གོ་དོན་ཡིན་པས་རྒྱུ་མཚན་གྱིས་ལབ་ནའང་མི་འགྲིག་སྟེ། རྒྱ་སྐད་དུ་བོད་པ་ཞེས་པའི་སྐད་དོད་དུ་༼སྐྱེས་ཚང་༽ནུབ་བོད་བརྗོད་པ་ལྟ་བུ་རེད། དེ་ལ་བལྟས་ནས་ང་ཚོས་ནུབ་བོད་ཅེས་བརྗོད་ན་འོས་འཚམས་ཤིག་མ་རེད། དེ་ཙམ་མ་ཟད། ཡུལ་གྱར་ཞེས་པའི་གྱར་ཚིག་འདི་གོ་དོན་ཡག་པོ་ཞིག་མེད་པར་ཚིག་མཛོད་སོགས་ལ་གཟིགས་དང་ཤེས་ངེས་པ་ཞྀག་རེད། ངས་བཤད་སྙིང་ནི་གྱར་ཚིག་འདི་གོ་དོན་མི་བཟང་བས་མ་བྲིས་ན་ལེགས་ཚུལ་བཤད་པ་ཡིན།
གལ་སྲིད་ཡུལ་གྱར་ཞེས་པའི་ཚིག་འདིར་དེ་ཙམ་ཞེན་པ་ཡོད་ན་ཡུལ་གྱར་ཨ་ནུ་ཐང་ཞེས་བརྗོད་ཀྱང་འགྲིག་གི་རེད།
ཨ་ནུ་ཐང་།སྐུ་ཉིད་ཀྱིས་༼འོན་ཀྱང་ང་ལ་ཡུལ་གྱར་མ་བཤད་ཀྱང་༽ཞེས་པའི་ཚིག་སྦྱོར་འདི་དབྱིན་ཡིག་འཐད་བསྒྱུར་ཡིན་ངེས་ལས་བོད་སྐད་རང་བཞག་ལ་གོ་རྒྱུ་ཅི་ཡང་མི་འདུག དུས་དེབ་དང་། གསར་ཤོག རྕོམ་ཡིག་ཀློག་མང་བས་ཡིན་རྒྱུ་མ་རེད་ལ། གྲོགས་པོ་ལགས། ཁྱེད་ཀྱིས་ང་ལ་ཡོད་ཚད་ཀ་ཁ་བཞིན་ཁྲིད་མི་ཐུབ་ན་ཡང་སྐྱོན་མེད། རྗེས་མར་དུས་ཀྱིས་ལྩོགས་ན་ངས་ཁྱོད་རང་ལ་ཁྲིད་རོགས་བྱེད།
ངས་ཁྱོད་ལ་རིགས་ལམ་མེད་སྐྱོན་ཞེས་ལབ་དུས་སྐུ་ཉིད་ཀྱི་ཐུགས་ལ་མི་བདེ་བ་ཞིག་འཁྲུངས་ཀྱིན་འདུག་སྟེ། དེ་ནི་རང་གི་བྱས་པའི་ལས་ལ་འགྱོད་ཀྱང་ཅི་ཕན། དེ་ལས་བརྩོན་པར་བསྐྱེད་གལ་ཆེ་ལགས།
གྲོགས་པོ་ལགས། ཁྱོད་ཀྱིས་ངས་འཇིག་རྟེན་གྱི་མི་ཡོད་ཚད་མི་བུ་མིན་ན་ཟོག་བུ་མ་རེད། ཟེར་བ་ལས་མི་བུ་མིན་ན་ཟོག་བུ་ཡིན་པའི་ཁྱབ་པ་ཁས་བླངས་མེད། ཁས་མ་བླངས་པའི་གནད་དོན་ཞིག་བཙན་ཤུགས་ཀྱིས་ངའི་མགོ་གཡུག་པ་ནི་ཁྱེད་ཀྱིས་མཚན༼ཚད་༽་ མ་སྦྱངས་བའི་རྟགས་རེད་དམ། ཞེས་བྲིས་འདུག མི་བུ་མིན་ན་ཟོག་བུ་ཡིན་པས་མ་ཁྱབ་ན། མི་བུ་མིན་ན་ཟོག་བུ་རེད་དམ་ཞེས་པའི་ཚིག་འདི་གནམ་ས་གང་ལས་ཟག་བྱུང་། དེ་མིན་རྣམ་དཔྱོད་བློ་གྲོས་ལས་བྱུང་མི་སྲིད་པ་ཞིག་རེད།
ངས་མི་ནི་སྨྲ་ཤེས་ཤིང་དོན་གོ་བའི་རིགས་ཅན་ཞིག་ལ་ཟེར་ཞིང་། ཁྱད་ཆོས་དེ་དང་ལྡན་པའི་སྐྱེས་བུ་ཞིག་ལ་མི་བུ་ཟེར་བ་ཡིན། ལབ་དུས། སྐུ་ཉིད་ཀྱིས་༼དེ་ནི་མ་ཁྱབ་སྟེ། སྨྲ་མི་ཤེས་ཤིང་དོན་མི་གོ་བའི་ལྐུག་པ་དང་འོན་པ་ཆོས་ཅན་མི་བུ་མ་ཡིན་ཐལ། སྨྲ་ཤེས་ཤིང་དོན་གོ་བའི་རིགས་ཅན་མ་ཡིན་པས་ཕྱིར། ལྐུག་པ་དང་འོན་པ་མི་བུ་མ་ཡིན་ན་མངོན་སུམ་ལ་སྨྱོན་པས་རྒྱུ་མཚན་དང་གཏན་ཚིག་ ཅི་ཡང་མེད། ཅི་ཡིན་སྙམ་ན། ལྐུག་པ་དང་འོན་པའང་མིའི་མངལ་ལས་སྐྱེས་བས་སོ།
ཧཧ། གཙང་བུ་ལགས།༽ཞེས་བྲིས་འདུག ཨ་ནུ་ཐང་། སྐུ་ཉིད་ངུ་ས་དང་དགད་ས་ནོར་སོང་། ངུ་ཤེས་ན་དུས་ཚོད་ཡོངས་སུ་རན་སོང་། ཡང་སྐྱར་ཐལ་སྐམ་འདིས་སྐུ་ཉིད་ཚད་མ་མི་ཤེས་མཁན་ཞིག་ཡིན་པར་གསལ་བོར་བྱས་མི་འདུག་གམ།
ཡང་༼དེ་ལྟར་ཡིན་ན་རྒྱལ་སྤྱིའི་འགྲོ་བའི་མིའི་ཡོངས་ཁྱབ་གསལ་བསྒྲགས་དང་འགལ་ཞིང་ དབང་བོ་མ་ཚང་བའི་མི་མང་ས་ཡ་མང་པོ་མིའི་རིགས་མིན་པར་འགྱུར་བས་འཇིག་རྟེན་ འདིར་བཙན་པོ་དང་དྭངས་མ་ལས་ཉམ་ཆུང་ཞིག་འཚོ་ཐབས་མེད་པར་འགྱུར་བས་ཁྱེད་ལ་ཅི་ འདྲའི་ཕྱོགས་ཞེན་དང་སྡུག་རྩུབ་ཆེ་བ་ལ། གཞན་གྱིས་ཐོས་ན་འཇིགས་སྐྲག་སྐྱེས་ངེས་རེད། དེ་ནི་ཆེན་པོ་ལ་ངོ་བསྟོད་དང་ཉམ་ཆུང་ལ་ཐུབ་ཚོད་བཏང་བ་ཞིག་མ་རེད་དམ། རང་ཉིད་ཞེན་སའི་ཆེན་པོ་ཞིག་ལ་ཚིག་རྩུབ་གཅིག་ཀྱང་བཤད་འདོད་མ་དགོས་ཐོས་འདོད་ ཀྱི་སྤོབས་པ་ཙམ་ཡང་མེད་ཅིང་། སྡང་སའི་མི་ལ་བརྙས་བཅོས་དང་དམའ་འབེབ་ཀྱི་ཚིག་ངན་ག་ཆོད་བཤད་ཀྱང་ཆོད་ཤེས་མེད་ པའི་ལྟ་སྟངས་འདི་ཁྱེད་ཀྱིས་གང་ནས་སྦྱངས་བ་ཡིན། དངོས་གནས་འགོ་ནད་རེད། འགོ་ནད་ཚབས་ཆེན་རེད།༽ཟེར། མགོ་ནད་ངོས་མ་ཟིན་པའི་སྨན་པ་རྐྱལ་སྟོང་ཁྱོད་ཀྱི་གནས་སྟངས་དང་སློབ་སྦྱོངས་ཀྱི་རྒྱུད་རིམ་ཅི་ཡང་མི་ཤེས་ཀྱང་། ངས་སྤོབས་སེམས་ཀྱིས་གློ་བུར་འདི་ལྟར་ཐག་གཅོད་བྱེད་པ་ནི་སྐུ་ཉིད་ཀྱི་རྩོམ་དུམ་འདིའི་ཐོག་ནས་བསམ་པ་ཞིག་ཡིན། གལ་སྲིད་སྐུ་ཉིད་ཀྱི་ལོ་རྒྱུས་རྣམས་ངོ་སྤྲོད་གནང་ན་ངས་དགའ་བསུ་ཞུ་ལ་ངས་ཁྱོད་ལ་མི་ཤེས་མཁན་ཡང་མི་ལབ་ཨེ་གོ་བུ་ཆུང་ལགས།
གྲོགས་པོ་ལགས་། ང་ནི་སྐུ་ཉིད་ཀྱིས་གསུངས་བ་བཞིན་༼མགོ་དྲན་ འཕྲུལ་ཞིག་ཡིན་ཤས་ཆེ།༽ཡིན་ལ།༼སྤྱི་ཚོགས་ཀྱི་འགྲོ་སྟངས་རྨོངས་བའི་གྲྭ་རྒྱགས་ཤིག་ ༽གི་ལས་དབང་ད་དུང་རྫོགས་མི་འདུག
ཡང་སྙིང་། རྒྱུ་མཚན་འཁུར་ནས་ཤོག མུ་མཐུད་དུ་
གཙང་བུ་ལགས།
སྐད་ཀྱིས་སྐད་ཆ་སྐམ་པོ་སྐྱར་སྐོར་ཡང་སྐོར་བྱས་བ་ལས་གནད་དོན་ཅི་ཡང་འདུག དབྱིན་ཡིག་དེ་བོད་ཡིག་ཏུ་དོན་སྒྱུར་ལས་རྒྱ་སྐད་དུ་བོད་ཤིས་ཙང་དབྱིན་སྐད་དུ་བོད་ལ་ཁྲིའིབྷེ་ཁྲི་ཟེར་བ་དང་ག་ལ་མཚུངས། དེ་ནི་ར་མགོ་ལུག་སྦྱར་རེད། དེ་ཙམ་མ་ཤེས་ན་ཁྱེད་གླེང་བ་ཆུ་ཚོད་འཕྲོད་བརླགས་རེད།
ཁྱེད་ཀྱིས་མི་ཡིན་ན་སྨྲ་ཤེས་དོན་གོ་བ་ན། ཁྱེད་ཀྱིས་རྩ་བའི་ཁས་ལེན་མི་བུ་ཟེར་བའང་གོ་དོན་མེད་པའི་ཚིག་ལྷག་ཅིག་ཏུ་གྱུར་བ་མ་ཡིན་ནམ། རང་གིས་ཁས་ལེན་འགྱུར་བ་སྟངས་བ་ནི་བདེན་པ་མེད་རྟགས་མ་ཡིན་ནམ། ཁྱེད་ཀྱིས་བསམ་བློ་བཏང་བའི་ཐ་སྙད་བེད་སྤྱོད་བྱེད་པ་དེ་ཡིན་ནམ།
ཁྱེད་ཀྱིས་ང་ལ་བཤད་བཤད་རེད། ཁྱེད་ང་མི་ཤེས་ཤིག་རེད་ཟེར་ནས་ཤེས་མཁན་ཆགས་རྒྱུ་མེད་ལ་ཤེས་རེད་ནས་ཤེས་མཁན་ཆགས་རྒྱུ་མེད། ཁྱེད་ཀྱིས་ཅི་བཤད་ཀྱང་ངས་ཤེས་བ་རང་འཇགས་རེད། བསམ་བློ་ལྐུག་པ་མ་བཏང་།
ངས་ཁ་བརྡའི་ནང་དུ་ཟླ་གཉིས་གསུམ་རིང་བྲིས་བའི་གནས་ཚུལ་འདི་རུ་ཡོད་པས་ཁྱེད་ཀྱི་ང་ལ་དགག་པ་བརྒྱགས་ཚེ་དཔྱད་གཞི་མང་དུ་ཡོད་པས་གཟིགས་པ་ཚལ། ཉིད་ཀྱི་འདོད་པ་ལྟར་བཀོད་པ་ཡིན།
http://www.khabdha.org/?p=9774
http://www.khabdha.org/?p=10055
http://www.khabdha.org/?p=10465
ངས་འདིའི་ནང་དུ་མཆན་བུ་མང་པོ་བཏབས་ཡོད། གལ་སྲིད་ཁྱེད་ཀྱིས་ངའི་སྐོར་དངོས་གནས་ཤེས་འདོད་ཡོད་ན་ཅུང་ཙམ་གསལ་ཐོན་ངེས་ཡིན།
http://www.khabdha.org/?p=10743
http://www.khabdha.org/?p=9571
གནས་ལུགས་དང་བདེན་པ་ལ་ཅི་ཡང་མི་བརྩི་བར་རྒྱལ་ཁ་གཅིག་བུ་ལ་འདོད་རྔམ་ཡོད་པ་ནི་བསྡུས་གྲྭ་རིག་ལམ་ཙམ་ལས་གཞན་དུ་ཤེས་རྒྱ་ཆུང་བའི་སྐྱོན་རེད། ཡིན་པ་མིན་པ་སྒྲུབ། མིན་པ་ཡིན་པ་སྒྲུབ་ན་བསྡུས་གྲྭ་སྦྱངས་བའི་རྟགས་ཡིན་ཟེར་བའི་གཏན་ཚིག་ཁྱེད་ཉིད་འདའ་མི་འདུག ཁྱེད་ཀྱིས་བདེན་དོན་ཅི་ཡང་མི་སྙམ་པར་མི་མ་ཡིན་ན་ཟོག་ཡིན་པས་མ་ཁྱབ་ཟེར་ནས་སྐྱར་བཤད་ཡང་ཡང་བཤད་བྱ་བཞིན་འདུག ངས་དེའི་སྐོར་ལ་འགྲེལ་བྱས་ཀྱང་ད་དུང་བྱེད་ཀྱིན་འདུག གནད་དོན་ཞིག་ངོ་སྤྲོད་དང་རྒྱུས་ལོན་བྱེད་ཚེ་མཚན་ཉིད་ཁོ་ན་བཤད་འགྲེལ་བཤད་གནང་མི་དགོས་ཏེ། ངས་ཚིག་དང་སྒྲ་བཤད། རིགས་འདྲ་དང་རང་བཞིན། མཚོན་བྱ་དང་གཏན་ཚིག ལྡོག་ཕྱོགས་དང་དགག་ཕྱོགས། དཔེ་མཚུངས་དང་དོན་མཚུངས་སོགས་མང་དུ་ཡོད་པས་དེ་དག་ཀུན་ལ་ཁྱབ་བ་སྤྱད་ནས་སྒྲུབ་ན་ག་ལ་འགྲིག མི་འགྲིག་སྟེ་ཁྱབ་པ་མི་འཇུག་པས་ཡིན། ཁྱེད་ཀྱི་ལུགས་ལ་ཐམས་ཅད་ལ་ཁྱབ་པ་དགོས་བས་གོང་གི་གནད་དོན་དེ་བེད་མེད་རེད། དེ་ནི་ཙན་དན་བྱི་ལ་གྱུར་བའི་དཔེ་ལས་མ་འདས་ལ་དེ་ནི་ཁྱེད་ཀྱིས་གནད་དོན་གཅིག་ལ་ཕྱོགས་འཛིན་ཆེ་རྒྱུ་མང་པས་གཞན་གྱི་རིག་པ་རྟོགས་པའི་སྐྱོན་རེད། རྩོད་པ་བརྒྱབས་ན་ངེས་བར་དུ་བོད་ཀྱི་དགོན་པའི་རིག་ལམ་སྦྱངས་དགོས་འདོད་ན་བསམ་བློ་ཁབ་མིག་ལས་ཀྱང་དོག་པས་རེད། རྩོད་པ་རྩོད་སྟངས་དང་རྟགས་དཔྱད་སྟངས་བཏང་། ཞིབ་འཇུག་བྱེད་སྟངས་རིག་ཁྲི་སྟོང་མང་པོ་འཇིག་རྟེན་འདིར་ཡོད་ལ་མ་འོངས་བའང་མཐའ་མེད་དུ་ཡོང་ངེས་རེད། རྒྱུ་མཆན་ནི། མིའི་བསམ་བློ་དང་རྣམ་དཔྱོད་ལ་མཐའ་མེད་པས་རྩོད་སྟངས་ལའང་མཐའ་མེད། རྩོད་སྟངས་གཅིག་ལས་མེད་འདོད་ན་ཧ་ཅང་བླུན། བླུན་པའི་དབང་གིས་རྩོད་པ་རྩོད་ན་བོད་ཀྱི་རིག་ལམ་སྦྱངས་དགོས་འདོད། དེ་ནི་རང་མཐོང་ཆེས་ཆེ་དྲགས་པ་མ་ཡིན་ནམ། དེ་ལྟར་དགོས་མེད་ཀྱི་ངལ་རྒྱལ་འཁུར་ན་ཉིན་ཞིག་འགྱོད་ལྟ་ཡི་མི་བཟོད་པ་ཞིག་མགོ་ཐོག་ཏུ་འབབ་ངེས་རེད། དེ་སྔོན་བོད་གཞུང་གིས། ཉི་འོད་གར་ཁྱབ་ཀྱི་སྐྱེས་འགྲོ་ཡོངས་ཀྱི་མདུན་སར་ཞེས་དང་མ་འདས།
ཁྱེད་ཀྱི་བཟང་ངན་ཅི་ཞིག་བཤད་ཀྱང་བཤད་པའི་རྒྱུ་མཚན་གྱིས་ངའི་ཤེས་ཚད་ཡར་རྒྱས་དང་མར་རྒྱས་འགྲོ་བ་ཕན་གནོད་ཅི་ཡང་མེད་པས་ཁྱེད་ཀྱིས་ཅི་འདོད་དུ་གསུངས་ན་ཆོག ཁྱེད་ཀྱི་འདོད་པ་རེད། ཁྱེད་ཀྱི་རང་དབང་ལ་ངས་རྒྱབ་སྐྱོར་བྱེད་ཀྱིན་ཡོད།
དགོངས་དག ནོར་བཅོས།
གནས་ལུགས་དང་བདེན་པ་ལ་ཅི་ཡང་མི་བརྩི་བར་རྒྱལ་ཁ་གཅིག་བུ་ལ་འདོད་རྔམ་ཡོད་པ་ནི་བསྡུས་གྲྭ་རིག་ལམ་ཙམ་ལས་གཞན་དུ་ཤེས་རྒྱ་ཆུང་བའི་སྐྱོན་རེད། ཡིན་པ་མིན་པ་སྒྲུབ། མིན་པ་ཡིན་པ་སྒྲུབ་ན་བསྡུས་གྲྭ་སྦྱངས་བའི་རྟགས་ཡིན་ཟེར་བའི་གཏན་ཚིག་ལས་ཁྱེད་ཉིད་འདའ་མི་འདུག ཁྱེད་ཀྱིས་བདེན་དོན་ལ་ཅི་ཡང་མི་སྙམ་པར་མི་མ་ཡིན་ན་ཟོག་ཡིན་པས་མ་ཁྱབ་ཟེར་ནས་སྐྱར་བཤད་ཡང་ཡང་བཤད་བྱ་བཞིན་འདུག ངས་དེའི་སྐོར་ལ་འགྲེལ་བྱས་ཀྱང་ད་དུང་བྱེད་ཀྱིན་འདུག གནད་དོན་ཞིག་ངོ་སྤྲོད་དང་རྒྱུས་ལོན་བྱེད་ཚེ་མཚན་ཉིད་ཁོ་ནས་བཤད་འགྲེལ་བཤད་གནང་མི་དགོས་ཏེ། ངས་ཚིག་དང་སྒྲ་བཤད། རིགས་འདྲ་དང་རང་བཞིན། མཚོན་བྱ་དང་གཏན་ཚིག ལྡོག་ཕྱོགས་དང་དགག་ཕྱོགས། དཔེ་མཚུངས་དང་དོན་མཚུངས་སོགས་མང་དུ་ཡོད་པས་དེ་དག་ཀུན་ལ་ཁྱབ་བ་སྤྱད་ནས་སྒྲུབ་ན་ག་ལ་འགྲིག མི་འགྲིག་སྟེ་ཁྱབ་པ་མི་འཇུག་པས་ཡིན། ཁྱེད་ཀྱི་ལུགས་ལ་ཐམས་ཅད་ལ་ཁྱབ་པ་དགོས་བས་གོང་གི་གནད་དོན་དེ་དག་བེད་མེད་རེད། དེ་ནི་ཙན་དན་བྱི་ལ་གྱུར་བའི་དཔེ་ལས་མ་འདས་ལ། ཁྱེད་ཀྱིས་གནད་དོན་གཅིག་ལ་ཕྱོགས་འཛིན་ཆེ་རྒྱུ་མང་པས་རིག་པ་གཞན་མ་རྟོགས་པའི་སྐྱོན་རེད། རྩོད་པ་བརྒྱབས་ན་ངེས་བར་དུ་བོད་ཀྱི་དགོན་པའི་རིག་ལམ་སྦྱངས་དགོས་འདོད་ན་བསམ་བློ་ཁབ་མིག་ལས་ཀྱང་དོག་པས་ཏེ། རྩོད་པ་རྩོད་སྟངས་དང་རྟགས་དཔྱད་སྟངས་བཏང་། ཞིབ་འཇུག་བྱེད་སྟངས་སོགས་ཀྱི་རིག་ཁྲི་སྟོང་མང་པོ་འཇིག་རྟེན་འདིར་ཡོད་ལ་མ་འོངས་བའང་མཐའ་མེད་དུ་ཡོང་ངེས་རེད། རྒྱུ་མཆན་ནི། མིའི་བསམ་བློ་དང་རྣམ་དཔྱོད་ལ་མཐའ་མེད་པས་རྩོད་པ་རྩོད་སྟངས་དང་ཉམས་ཞིབ་བྱེད་སྟངས་ལའང་མཐའ་མེད། རྩོད་སྟངས་དང་ཞིབ་འཇུག་དཔྱད་སྟངས་གཅིག་ལས་མེད་འདོད་ན་ཧ་ཅང་བླུན། བླུན་པའི་དབང་གིས་རྩོད་པ་རྩོད་ན་བོད་ཀྱི་རིག་ལམ་སྦྱངས་དགོས་འདོད། དེ་ནི་རང་མཐོང་ཆེས་ཆེ་དྲགས་པ་མ་ཡིན་ནམ། དེ་ལྟར་དགོས་མེད་ཀྱི་ངལ་རྒྱལ་འཁུར་ན་ཉིན་ཞིག་འགྱོད་ལྟ་ཡི་མི་བཟོད་པ་ཞིག་མགོ་ཐོག་ཏུ་འབབ་ངེས་རེད། དེ་སྔོན་བོད་གཞུང་གིས། ཉི་འོད་གར་ཁྱབ་ཀྱི་སྐྱེས་འགྲོ་ཡོངས་ཀྱི་མདུན་སར་ཞེས་དང་མ་འདས།
ཁྱེད་ཀྱི་བཟང་ངན་ཅི་ཞིག་བཤད་ཀྱང་བཤད་པའི་རྒྱུ་མཚན་གྱིས་ངའི་ཤེས་ཚད་ཡར་རྒྱས་དང་མར་རྒྱས་འགྲོ་བ་ཕན་གནོད་ཅི་ཡང་མེད་པས་ཁྱེད་ཀྱིས་ཅི་འདོད་དུ་གསུངས་ན་ཆོག ཁྱེད་ཀྱི་འདོད་པ་རེད། ཁྱེད་ཀྱི་རང་དབང་ལ་ངས་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ང་ནི་ཡུལ་གྱར་བ་ཞིག་ཡིན་པས་གྱུར་བ་ཞེས་བ་བསོད་ནམས་ཞེས་འབོད་ཆོག
དེ་ནི་སྒེར་ཆོས་ཀྱིས
མདོ་སྨད་སྒང་དྲུག་ལྗོངས་ནས་རི་དྭགས་བཞིན་འཁྱམས་བཞིན།། ཞེས་བའི་དོན་ལས་མ་འདས།
བློ་བཟང་སེང་གེར་རེ་བ་བཅོལ་བ་དང་།།
བཀྲས་མཐོང་སྐུ་ངོར་བློ་གཏད་བྱས་པ་ལས།།
དངོས་པོ་སྟོབས་ཀྱིས་རིགས་པས་དཔྱད་ནས་ནི།།
སྤེན་ཚེ་ཉིད་ནི་བཀའ་ཁྲིར་འདེམས་ན་ལེགས།།