སྤོབས་པ་མཐའ་ཡས།
ཆོས་རྒྱལ་འདི་ཉིད་ནི་ཡབ་རྒྱལ་པོ་དཔལ་བཀྲ་ཤིས་རྣམ་རྒྱལ་གྱི་སྲས་སུ་༡༩༢༣ ལོའི་ཟླ་༥པའི་ཚེས་༢༣ ཉིན་འཁྲུངས། ཁོང་ནི་རྒྱལ་སྲས་གཉིས་པ་ཡིན། ༡༩༦༥ ལོའི་ཟླ་༤ པའི་ཚེས་༤ ཉིན་འབྲས་ལྗོངས་རྒྱལ་ཁང་དུ་རྒྱལ་རབས་བཅུ་གཉིས་པར་མངའ་གསོལ་ཞུས།
ཁོང་རྒྱལ་སར་བཞུགས་པའི་དུས་རིང་ལ་ཡང་རྗེས་སུ་དྲན་པར་འོས་པའི་མཛད་རྗེས་ཁ་ཤས་ཤིག་ཡོད། དཔེར་ན། འབྲས་ལྗོངས་མངའ་སྡེའི་མི་སེར་ཡིག་རྨོངས་ལས་གྲོལ་ཚད་བརྒྱ་ཆ་ཉི་ཤུ་ནས་བཞི་བཅུ་ལ་འཕར། བྱིས་པ་སློབ་གྲྭར་ཞུགས་ཚད་ལྡབས་བཞི་འགྱུར་གྱིས་མང་དུ་སོང་། གཞུང་གི་ཡོང་འབབ་ཉིས་འགྱུར་དུ་འཕར། གཞུང་ལམ་གསར་བཟོ་ལྡབས་གསུམ་གྱིས་མང་དུ་སོང་། ཡུལ་མིའི་ཆ་སྙོམ་ཡོང་འབབ་སུམ་ཆ་གཅིག་མང་དུ་སོང་། གློག་གི་མཁོ་སྤྲོད་རྒྱ་ཁྱབ་དུ་བྱུང་བས་ལོ་རྒྱུས་ཀྱི་ཟིན་ཐོ་གཏོར་བ་བཅས་ཡིན།
ཡིན་ན་ཡང་ཁོང་འདས་པའི་དུས་སུ་ཁེར་རྐྱང་གི་གནས་སྟངས་སྐྱོ་བོ་ཞིག་གི་ངང་དུ་འདས། འདས་ལོ་ནི་༡༩༨༢ ལོ་རེད། དེ་ཡང་། ཁོང་གི་རྒྱལ་ཁབ་ཡང་ཁོང་ལ་མི་དབང་བར་གྱུར། སྐུ་ཟླ་དང་སྲས་སྲོས་རྣམས་ཀྱིས་ཀྱང་ཁོང་བསྐྱུར་ནས་སོང་། གང་ལྟར་ཡང་ཁོང་གི་ཐུགས་རེ་ལ་མ་འོངས་པའི་འབྲས་ལྗོངས་རྒྱལ་ཁབ་འདི་ཡར་རྒྱས་གོང་འཕེལ་ཅན་གྱི་སྤྱི་ཚོགས་ཤིག་ཏུ་འགྱུར་འདུན་ཡོད་པ་དང་། ཁོང་གི་མི་མང་གིས་ཀྱང་ཁོང་རྟག་ཏུ་སེམས་ཁོང་ནས་འབོར་མི་སྲིད།
འབྲས་ལྗོངས་ཆོས་རྒྱལ་དཔལ་ལྡན་དོན་གྲུབ་རྣམ་རྒྱལ་མཆོག་གི་བཞེད་དོན་རྣམས་འགྲུབ་པའི་སྨོན་འདུན་ཞུ།
རྒྱལ་སྲས་རླངས་འཁོར་གྱི་བརྡབས་རྐྱེན་གྱིས་ལྔ་ལམ་དུ་བརྫངས། སྐྱེས་དམན་སྐྲ་སེར་མོས་རྒད་པོའི་རོ་ལ་ཡང་བདག་པོ་མ་བརྒྱབ་པར་གཡུགས་ཤིང་བྱིས་པ་ཁྲིད་ནས་ཕྱིར་རང་ཡུལ་ལ་ལོག་སོང་།
རྒྱལ་པོ་སྟག་གདོང་ནས་མཚམས་ལ་བསྡད། བྱ་བྲལ་སང་རྡོར་བླ་མར་བསྟེན། དགེ་སློབ་གཉིས་ཀ་རྡ་ས་ལ་ཐུགས་མི་དགྱེས། རྒྱལ་ཁབ་བཙོང་བར་བསྙེད་ནས་འབྲས་ལྗོངས་མི་དམངས་རྣམས་ཁོ་ལ་མི་དགའ།
དེ་ཆ་འབྲས་ལྗོངས་ནི་་་ནེ་པ་ལའི་མི་རིགས་ཞིག་གིས་དབང་བསྒྱུར་བཞིན་ཡོད།
སྤོབས་མཐའ་པ་འདི་ཡང་དེའི་རིགས་ཡིན་པས་གཟབ་དགོས།
ཧ་ཧ་ཧ་ཧ་ཧ
རྒྱལ་པོའི་བཙུན་མོ་སུ་དང་སུ་བཞེས་པ་དང་། སྲས་དང་སྲས་མོ་ག་ཚོད་ཡོད་མེད་གསལ་ཆ་ཆེ་ཙམ་བྱུང་ན། ཀུན་ལ་བློ་སྐྱེད་འོངས་བ་ངེས་པས་་་་
རྒྱལ་པོ་དེ་བཟང་པོ་དང་བྱང་སེམས་ཅན་ཞིག་ཡིན་ན་ཅིས་ཕྱིར་མི་ཚང་མ་ཁོ་ཞེན་པ་ལོག་ཡིན་ནམ།
རྒྱལ་པོ་དེ་བཟང་པོ་དང་བྱང་སེམས་ཅན་ཞིག་ཡིན་ན་ཅིས་ཕྱིར་མི་ཚང་མ་ཁོ་ཞེན་པ་ལོག་ཡིན་ནམ།
གོ་ཐོས་ལ་ཁོང་ལ་དབྱིན་ཇི་བཙུན་མོ་ཞིག་ཡོད་པ་དེས་ཕྱི་མགོ་ནང་བཙོང་བྱས་ཏེ་ཁོང་ཕམ་ཉེས་བྱུང་རབས་འདུག།
མི་ཉག་རྒྱལ་ཁབ་སོག་པོ་ཅང་ཀེ་སིས་ཀྱིས་གཏོར་བ་ལས་མཆེད་པའི་འབྲས་ལྗོངས་རོ་རྒྱུས་ང་ལ་བཤད་ཡ་མང་བོ་ཡོད།
དགོས་མཁོ་ཅང་ཨེ་ཡོད་དམ།
ལོ་རྒྱུས་་
བཅོས
ཡ་ཤོད་དང་།
༧༽ དགེ་འདུན་རྒྱ་མཚོ་ལགས།
འབྲས་ལྗོངས་ལོ་རྒྱུས་ཅིག ད་ཅིག་ཤོད་དང་། ཀློག་རྒྱུ་སྒྲུག་ནས་བསྡད་ཡོད།
བཤད་རྒྱུ་མང་པོ་འདུག ཡིན་ན་ཡང་། མ་འགྲིགས་པ་ངོ་མ་དེ་འབྲས་ལྗོངས་ལ་བལ་པོའི་མི་རིགས་མི་འབོར་ཆེན་པོ་ཆགས། འབྲས་ལྗོངས་ཡུལ་མི་གཙང་མ་ཚོར་ནུས་པ་ཆེན་པོ་ཞིག་མེད། རྒྱ་གར་གཞུང་ངོས་ཀྱང་འབྲས་ལྗོངས་འདི་རྒྱ་གར་གྱི་མངའ་སྡེ་ཞིག་ཕལ་བ་ཞིག་ལ་བསྒྱུར་འདོད་མ་གཏོགས་རྒྱལ་ཁབ་ཅིག་གི་ངོ་བོར་འཇོག་འདོད་མེད། ད་ེལྟ་བུའི་གནོན་ཤུགས་མང་པོ་ཞིག་གི་འོག་དུ་རྒྱལ་པོ་ཚང་ཕམ་ཉེས་སོང་བ་རེད། ཡག་པོ་འདྲ་ཞིག་མ་བྱུང་བ་བདེན་པ་རེད། ངས་འདིར་ཚིག་ཁ་ཤས་ཤིག་བྲིས་པ་དེ་རྒྱལ་པོ་འདིའི་རིང་ལ་འབྲས་ལྗོངས་སྤྱིའི་ཡར་རྒྱས་གོང་འཕེལ་སོང་བའི་རྣམ་གྲངས་ཁ་ཤས་ཤིག་བཀོད་པ་མ་གཏོགས་མི་འདི་སྐྱོན་མེད་ཅིག་ལ་སྒྲུབ་གི་མེད་ལགས།
འབྲས་ལྗོངས་རྒྱལ་པོ་དེ་ངས་མཇལ་མྱོང་། ལོ་རྒྱུས་ཇི་ལྟ་བ་ཞིབ་གསལ་རྒྱུས་མེད། གོ་ཐོས་ལ་འབྲས་མོ་ལྗོངས་སུ་བལ་རིགས་བོད་རིགས་ལས་མང་བས་རྒྱལ་པོ་མེད་པར་སོང་བ་གོ་ཐོས་བྱུང་། ད་དེ་དབྱུགས་ཤོག
རང་རེ་བོད་པས་བོད་སྐད་ལ་བྱུས་གཏོགས་བྱེད་དགོས་པས། ངོ་མ་ལ་བོད་ལུང་པ་མང་པོར་སྔོན་རྗེས་གཉིས་ཀ་མ་དོར་བར་དངོས་མ། ཞེས་འབོད། ཡིག་སྐད་དུ་ཡང་དེ་འདྲ་ཡོད་པ། མདོ་སྨད་པ་དགེ་འདུན་ཆོས་འཕེལ་གྱིས་སྐད་རིགས་ཀྱི་སྒོ་ནས། བོད་གཅིག་སྒྲིལ་དགོས་པ་སེམས་ལ་གཉེར་ཏེ། ཡིག་སྐད་དང་མམཐུན་པར་དངོས་མ་ཞེས་བྲིས་པ་མཐོང་ཡང་། དིང་སང་གི་ཡི་གེ་འབྲི་མཁན་མང་པོས། ངོ་མ། ཞེས་སྔོན་རྗེས་མེད་པར་བཟོ་མཁན་དག་དང་བསྟུན་དགོས་པས་། སྤོབས་པ་མཐའ་ཡས་ཡིན་ཀྱང་གཞན་དབང་དུ་ཤོར་ཡོད་པ་སྙིང་རྗེའི་ཡུལ་དུ་གྱུར་པ་ཞིག་ཏུ་མི་འདུག་གམ། ཨ་ལ་ལ། སེང་གྲོང་ཞེས་པའི་རྒྱལ་ཁབ་ན་བྲིས་སོ། །
རྒྱལ་པོ་དེས་བོད་མོ་ཞིག་ཀྱང་བཙུན་མོ་བཞེས་པ་རེད་ཅེས་པ་ཅིག་གོ་མྱོང་ཡང་ངས་ནི་མོའི་མིང་ཙམ་ཡང་མི་ཤེས།