ཟླ་ཀླུང་།
ང་ཅག་འབྲས་ལྗོངས་ཡུལ་དུ། །སྐྱེས་པའི་བུ་མོ་རྣམས་ཀྱི། །སྐྱིད་སྡུག་གང་བྱུང་སྐོར་ལ། །དཀོག་མཆོག་ཐུགས་རྗེས་གཟིགས་རོགས། །ང་དང་མིང་པོ་གཉིས་ཀ། །ཨ་མའི་རུམ་ནས་སྐྱེས་ཀྱང་། །ང་ལ་ཐོབ་ཐང་མི་འདུག །འབྲས་ལྗོངས་བུ་མོའི་སྐྱོ་བ། །དྲིན་ཅན་ཕ་མ་གཉིས་པོའི། །ཁར་ཉན་ངག་འཁྲི་བྱས་ཀྱང་། །དབང་ཆ་གང་ཡང་མེད་པའི། །འབྲས་ལྗོངས་བུ་མོའི་སྐྱོ་བ། །ཕ་མར་རྒྱུ་ཟས་ས་ཞིང་། །ཅི་འདྲའི་ཆེན་པོ་ཡོད་ཀྱང་། །སྐལ་བ་གཏན་ནས་མེད་པའི། །འབྲས་ལྗོངས་བུ་མོའི་སྐྱོ་བ། །ཕ་མས་རིན་པ་ལེན་པས། །བྱད་གཟུགས་ཡག་པོ་མེད་ན། །ཁྱོ་ག་རྙེད་རྒྱུའི་དཀའ་ལས། །འབྲས་ལྗོངས་བུ་མོའི་སྐྱོ་བ། །རིགས་འབྱོར་མཐུན་པའི་ཁྱོ་ག། །རང་སྟོབས་མ་རྙེད་ཚེ་ན། །མི་ཚེས་ནང་གཡོག་དགོས་པའི། །འབྲས་ལྗོངས་བུ་མོའི་སྐྱོ་བ། །རང་གི་ཐབས་ཤེས་ཡོད་དགུས། །གལ་ཏེ་ཁྱོ་ག་རྙེད་ཀྱང་། །རང་དབང་གཞན་ལ་ཤོར་བའི། །འབྲས་ལྗོངས་བུ་མོའི་སྐྱོ་བ། །རང་ལུས་གཞན་གྱིས་ཉོས་པས། །ག་འདྲའི་སྡུག་བསྔལ་གཏད་ཀྱང་། །བསྲན་ནས་འདུག་དགོས་ཐུག་པའི། །འབྲས་ལྗོངས་བུ་མོའི་སྐྱོ་བ། །ནང་མིའི་ཐོབ་ཐང་མེད་པར། །སྡིགས་རྡུང་གཏམ་ངན་ངང་ནས། །ཉིན་མཚན་གཞན་གཡོག་རྒྱུག་པའི། །འབྲས་ལྗོངས་བུ་མོའི་སྐྱོ་བ། །ཆུང་དུས་ཕ་མས་གསོས་ཀྱང་། །ད་ལྟའི་གནས་ཚུལ་འདི་ཚོས། །སེམས་པ་དགའ་བོ་མི་འདུག །འབྲས་ལྗོངས་བུ་མོའི་སྐྱོ་བ། །ཉམ་ཆུང་བུ་མོའི་ཐོག་ཏུ། །འདི་འདྲའི་ལུགས་སྲོལ་ངན་པ། །སུ་ཡིས་བྱས་སམ་དྲན་བྱུང་། །འབྲས་ལྗོངས་བུ་མོའི་སྐྱོ་བ། །ཡུལ་ལུང་གཞན་ལ་མེད་པའི། །བུ་མོའི་མནར་གཅོད་འདི་ཚོ། །ནམ་ནུབ་རེ་སྒུག་བྱས་ཡོད། །འབྲས་ལྗོངས་བུ་མོའི་སྐྱོ་བ། །
ཀྱེ་མ། སྦས་ཡུལ་ནི་སྦས་ཡུལ་རང་རེད། འདི་འདྲའི་གནས་སྟངས་ད་དུང་ཡོད་པ་ཡིན་ནམ། ང་ད་ལོ་འབྲས་ལྗོངས་སུ་སོང་དུས། ངས་ནི་འབྲས་ལྗོངས་ནི་དཔལ་འབྱོར་དང་ཤེས་རིག་གང་ཐད་ནས་ཡར་རྒྱས་ལྡན་པ། བུ་དང་བུ་མོ་གོས་གྱོན་སྟངས་ཀྱང་ཧ་ཅང་གིས་དེང་རབས་ཀྱི་ཁྱད་ཆོས་ལྡན་པ་སོགས་ཕྱོགས་གང་ཐད་ནས་ཚད་མཐོ་བོ་ཞིག་རེད་འདུག་སྙམ་བསྡད་ཡོད། ད་བྱས་དུས་ད་དུང་ཡང་འདི་འདྲའི་གནས་སྟངས་ལྐོག་ལྐོག་སུབ་སུབ་ཀྱིས་གནས་བསྡད་ཡོད་པ་འདྲ། བུ་མོ། རང་ག་ལྐོག་ནས་དྷ་རམ་ས་ལར་བྲོས་ཤོག་དང་། འདི་ན་བོད་པའི་སྤྱི་ཚོགས་ཆུང་ཆུང་ཡིན་རུང་། རང་ལུས་འདོམ་པ་གང་བོ་རང་ལ་དབང་གི་རེད། ཁྱོ་ག་ཙོ་ད་ཕོ་སར་ང་ཡིན་ཁོ་ཡིན་ཟེར་ནི་མང་ནི་རེད། མི་ཚེ་གཅིག་ལ་དེ་འདྲས་སྡུག་ཅིག་བྱེད་དགོས་དོན་ཅི་ཡོད། དྲིན་ཆེན་ཕ་མར་རྗེས་མར་ག་ལེར་དྲིན་ལན་འཇལ་ཆོག་གི་རེད།
དག་ཆ་དང་ཚིག་སྦྱོར་ཡག་པོ་རང་མེད་ཀྱང་ནང་དོན་དེས་ཡིད་འགུལ་ཐེབས་སོང་།
སྐབས་འདིར་ངས་དགེ་ཆོས་ཀྱི་ཚིག་འདི་ངང་གིས་དྲན་བྱུང་།
ནོར་ལྡན་རྒན་པོ་ཁ་བའི་སྐྲ་ལོ་ཅན།།
ན་ཆུང་བུ་མོ་འདམས་ནས་ཉོ་བར་བྱེད།།
བཙོང་བའི་ཡོ་བྱད་ཙམ་གྱི་རྩིས་ཐང་ཅན།།
ཀྱེ་མ་བུད་མེད་རྣམས་ལ་དཔུང་གཉེན་མེད།།
དྷ་སར་བྲོས་ཤོག དྷ་སར་བྲོས་ཤོག
གཟོད་རྒྱམ་དང་ཟླ་ཀླུང་།
འབྲས་ལྗོངས་བུ་མོའི་ཐད་ཐུགས་ཁྲལ་མ་གནང་རོགས་ཞུ།
སྤྱིར་འབྲས་ལྗོངས་མངའ་སྡེ་འདི་རྒྱ་གར་ནང་མངའ་སྡེ་བཟང་ཤོས་ཀྱི་གྲས་ནས་ཡིན་ལ་དོན་ལའང་སྐྱིད་པོ་ཞིག་རེད། མི་རིགས་མཐུན་འགྲིལ། ཆོས་དད་རང་དབང་། དཔལ་འབྱོར། ཁྲིམས། ཤེས་ཡོན། རིག་གཞུང་སོགས་ལེགས་ཤིང་། ཕོ་མོའི་ཐོབ་དབང་ཐད་བུ་མེད་ཀྱིས་སྡུག་ཁུར་བ་གཅིག་ོུ་མིན་པར་ཐོབ་དབང་གི་རྩོད་གླེང་གང་ཡང་མེད།
འབྲས་ལྗོངས་པའི་བུ་མོར་བསམ་ན་ཕ་ས་དབང་གི་མེད་པ་བདེན་ཀྱང་དེ་ནི་གང་སར་མཐོང་རྒྱུ་ཡོད་པའི་ཆེས་སྤྱིར་གཏང་བ་ཞིག་ལས་མིག་བགྲད་ནས་ལྟ་དགོས་པ་དེ་འདྲ་མ་རེད། ལྷག་པར་གཉེན་སྒིག་ཐད་བུ་མོ་ཆེས་མང་བའི་སྐྱེས་ཆེན་པོ་ཐོབ་ལ་དེ་འང་བུ་མོ་དང་དེའི་ནང་མི་གཅིག་པུར་མིན་པར། བུ་མོའི་གཉེན་ཉེ་དང་ལྷག་པར་ཞང་པོའི་རིགས་ལ་གཉེན་སྟོན་དང་འབྲེལ་སྐྱེས་ཤིན་ཏུ་མང་བ་ཐོབ།
འབྲས་ལྗོངས་པའི་བུ་རྣམས་རང་ལུས་འདོམ་ངག་རང་ལ་དབང་བ་མི་ཚད་རང་གིས་འཇོན་ན་ཐོབ་གོ་ས་སོགས་ལ་ཕ་མ། རིགས་རུས། ཆོས་ལུགས་གང་གིས་དཀག་འགོག་མེད་པ་དངོས་ཡོད་ཡིན་པ་ལས་འོལ་ཚོད་གཏན་ནས་མིན།
ཁྱེད་ཀྱིས་ཧོབ་ཏེ་མཐོང་བ་དང་། ངས་ཞག་གསུམ་བཤིབ་ནས་མཐོང་བ་གཉིས་ལ་ཁྱད་པར་ཆེ་སྟེ།
མི་ཕམ་བཙུན་པས་གསན་ནས་བྲིས་པ་དང་། །
ཆོས་འཕེལ་འཆལ་པོས་མྱང་ནས་བྲིས་པ་གཉིས། ཞེས་པ་ལྟར་རོ། །ལུང་འདི་དེང་སང་ཁ་བརྡར་འགྲོ་དོན་ཆེན་པོ་འདུག་པ་ལྟར་འདིར་ཡང་དྲངས་སོ།།
མེ་ཏོག་དཀར་པོས་གསལ་བཤད་གནང་བར་ཐུགས་རྗེ་ཆེ་ཞུ། དངོས་གནས་བཤད་ན་ང་འབྲས་ལྗོངས་སུ་ཉི་མ་བཅུ་གྲངས་ཤིག་ལས་སྡོད་ཁོམ་མ་བྱུང་། ད་ཁྱོས་བཤད་པར་ཡིད་ཆེས་བྱེད་ཀི་ཡིན་ད། རྒྱུས་ཡོད་མེད་དང་མཐོང་ཐོས་སོགས་ལ་ཁྱད་ཆེན་པོ་ཡོད་པ་ངས་ཁས་ལེན་བྱེད་ཀི་ཡིན། འོན་ཀྱང་གོང་གི་འདི་འདྲ་དཀའ་ངལ་འཕྲད་བསྡད་པ་རེ་ཡོད་ན་ཁྱོད་གཅིག་རྩ། འདི་ཕྱོགས་ལ་མངགས་རྐྱང་བྱེད་རོགས། ཨེ་གོ་ཐ།
ཇི་སྐད་དུ་བཅོམ་ལྡན་བོད་ཀྱི་བུས།
བུ་མོ་བརྒྱ་ཕྲག་འཛགས་ཀྱང་མི་འཆི་བའི། །
བཟོད་པ་བརྒྱ་མཚོའི་མཇེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ཅིས་མ་བདེན། བཟོད་རྒྱམ་འདི་ད་འབྲས་ལྗོངས་བུ་མོ་ཞིག་འཛགས་འདོད་ཀྱི་ཆུ་ཁོལ་བཞིན་པ་མིན་ན་ཐང་
ཨ་རོད་མེ་ཏོག་དཀར་པོ། ད་ཁ་བཙོག་མ་བཤད་མ་གཏོགས། དྲ་ཐོག་ནས་བཀོག་ཡོང་། ཁ་སེང་ཀླུ་སྨྱོན་ངེད་གཉིས་ཀྱིས་ཁ་བཙོག་ཅིག་བཤད་མ་ཐག་སྐད་ཆའི་ཟུར་ཙམ་ཡང་མ་ལུས་པརདྲ་ཐོག་ནས་རྩ་བཀོག་བཏང་སོང་ད། ང་ལ་ད་དུང་སེམས་གཏམ་མང་པོ་བཤད་རྒྱུ་ཡོད་དེ། རྩ་བཀོག་བཏང་ཡོང་བསམ་ནས་ཞེད་ནི་ཞིག་རེད། ད་མི་བཤད།
གཞོན་དུས་མཇེ་ལའང་ཤ་ཤེད་ཆེ་བའི་དུས།།
གཞོན་ནུ་མ་ཚོའི་འདོད་པ་ལན་གྲངས་སྐོངས།།
རྒས་དུས་སེམས་ནས་འདོད་སྲེད་རབ་འཁྲུགས་ཀྱང་།།
ལ་ཕུག་རྙིད་པ་འདྲ་དེ་དགོས་མཁན་མེད།།
དགོངས་དག ཁ་ངན་ལང་དུ་སོང་བསྡད་ཡོད་ནི་རེད། ཚིག་འདི་ཆོ་ཁ་ནང་ནས་ཤོར་ཐལ། ཁ་བརྡ་ལགས་སྤོ་ལངས་མི་ཉན།
ཧ་ཧ་ཧ། གཟོད་རྒྱམ་ཁྱོད་བདེན།