འབྲས་སྤུངས་ཞོ་སྟོན་དམག་གིས་བསྐོར་བ། ༼པར་རིས༽ Posted on 2012-12-25 By ཁ་བརྡ་ 7 Comments on འབྲས་སྤུངས་ཞོ་སྟོན་དམག་གིས་བསྐོར་བ། ༼པར་རིས༽ མཁོ་འདོན་པཿ བསོད་ནམས། འབྲས་སྤུངས་སྔགས་པ་གྲྭ་ཚང་གི་ཁྱམས་ར། འབྲས་སྤུངས་ཚོགས་ཆེན་རྡོ་བཅལ་སྒང་། པར།
ཁ་ནང་ལ་ཁྱི་ལྟོ་བླུག་རྒྱོ་འདི་ཚོས། ངོ་མ། ཁྱག་སྲེག་གས་འདུག་གི་ཟིག་མི་འཇུག་གི། དགོན་པ་ལྷ་ཁང་དམགས་ཁང་འདྲ་ཞིག་ལོས་ཡིན་འདོད་སྤྱད་འདྲ་ཟིག་བྱས་ཡོད་གི། འདི་ཚོའི་ནང་ལ་དྲུག་རྒྱག་རེ་སྐོར་ཐུབ་རྒྱུ་ན་རེ།
གཟིག་དང་དགོན་པ་ཡོད་ཚད་དམག་གིས་གང་བ་དང་། གྲྭ་པ་རེ་རེའི་རྗེས་ན་དམག་མི་གསུམ་བཞི་ཙམ་རེ་ད་དུང་སོ་བ་དང་གསངས་ཉུལ་བ་དུ་མས་དགོན་པ་དང་གྲྭ་པའིི་གནས་སྡོད་བྱེད་ས་ཡོད་ཚད་ལ་འདི་བཞིན་རེད། དེང་སང་ཁ་ཤས་ཀྱིས་གྲྭ་པས་གཅིག་མ་བྱས་གཉིས་མ་འགྱོན་ཞེས་བཤད་སྡད་པ་འདི་བདེན་གཏམ་ཞིག་རེད་འདུག་གམ། དམག་མི་དང་ཉན་རྟོག་པ་ཡོད་ཚད་དགོན་པ་དང་གྲྭ་པའི་རྗེས་སུ་རྒྱུག་བཞིན་པ་འདི་ཅི་ཞིག་གིས་ཆད་དུ་ཡིན་ན། ཆོལ་ཁ་གསུམ་གྱི་རིགས་ལས་བྱུང་བའི་མེ་ཕུང་དབུས་ཀྱི་ཁུར་ཚུམ་དང་ཀི་རིང་དུས་མཉམ་དུ་མཛད་མཁན་དེ་ཚོ་ལས་མང་ཆེ་བ་གྲྭ་བ་རེད་ད། ཤི་གསོན་ཀུན་ལ་སེམས་གསོ་དང་དགེ་སྒྲུབ་མཛད་མཁན་དེ་ཚོ་ཡང་གྲྭ་བ་རེད་བ། ང་འདས་ལོའི་ཡུ་ཤུལ་ས་ཁུལ་དུ་ས་ཡོམ་བྱུང་བ་ནས་བཟུང་བོད་ཀྱི་བླ་གྲྭ་འདི་ཚོ་ངོ་མ་བོད་པའི་བླ་སྲོག་ཞིག་ཡིན་པའི་ཚོར་བ་དེ་བྱུང་ཆོས་དང་རིགས་གཞུང་། སྐད་དང་ཡི་གེ ལ་རྒྱ་དང་སྙིང་སྟོབས་ཡོད་ཚད་ཀྱི་བདག་པོ་དང་འབྱུང་ཁུང་དེ་ཁོང་ཚོ་རེད་འདུག་བསམ་བྱུང་། འདས་པའི་ལོ་རྒྱུས་ལ་བསམ་ན་ཡང་ཁོང་ཚོ་ཡིན་ལ་ད་ལྟའི་དངོས་མཐོང་ལག་ཟིན་གྱི་གནས་ཚུལ་ལ་ཡང་ཁོང་ཚོ་ཡིན་མ་འོང་འདུན་ལམ་བསྟོན་མཁན་ཡང་ཁོང་ཚོ་རང་རེད་འདུག
མདེའུ་འཕུར་དུ་བཅུག་ཅེས་པའི་རྒྱ་མིའི་གློག་བརྙན་དེ་རྒྱ་ནག་གཞུང་ནས་བཀག་སྡོམ་བྱས་པ་རེད། ད་ལྟ་རྒྱ་མི་མང་པོའི་ཁྲོད་ཤོད་ཚུལ་ཞིག་ཡོད་པ་ནི་གལ་སྲིད་རྒྱ་ནག་དང་ཉི་ཧོང་གཉིས་དམག་ཤོར་བ་ཡིན་ན་རྒྱ་དམག་གི་མདེའུ་དེ་ཚོ་ཁ་ཕྱོགས་གང་ཐད་དུ་འཕུར་ཡོང་ཧ་གོ་དཀའ་ཟེར། བརྗོད་འདོད་པ་ནི་ད་ལྟའི་རྒྱ་ནག་གཞུང་འབངས་བར་གྱི་འབྲེལ་བ་དེ་རྣོ་ངལ་ཆེན་པོ་ཞིག་ལ་སླེབས་པ་དེ་རེད། སྐད་ཆ་དེ་དག་དྲན་དུས་ངའི་སེམས་ལ་ཡང་འབྲས་སྤུངས་ཚོགས་ཆེན་རྡོ་བཅལ་ཐོག་ལངས་བསྡད་པའི་དམག་མིའི་ཁྲོད་བོད་པའི་ཁྲག་བཞུར་བཞིན་པ་ག་ཚོད་ཡོད་ན་བསམས་སོང་། གལ་སྲིད་དམག་མི་དེ་ཚོས་དགོན་པའི་ནང་དུ་དམག་རྒྱག་དགོས་བྱུང་ན་མདེའུ་དེ་དག་ཡང་ཇི་ལྟར་འཕུར་ཡོང་ངམ་སྙམ།
གནའ་ཤི་བོ།
དགོན་པ་དམག་གིས་གང་བའི་དུས། །
ཆོས་རྭར་དམག་སྦྱོང་བྱེད་པའི་དུས། །
སློབ་དཔོན་པདྨས།
གྲྭ་པ་དམག་ལས་རྒྱལ་དགོས་ན། །
སྐུ་་ཐུགས་མ་བཞེངས་གསུང་ཉིད་སྦྱོངས། །
ཁ་ནང་ལ་ཁྱི་ལྟོ་བླུག་རྒྱོ་འདི་ཚོས། ངོ་མ། ཁྱག་སྲེག་གས་འདུག་གི་ཟིག་མི་འཇུག་གི། དགོན་པ་ལྷ་ཁང་དམགས་ཁང་འདྲ་ཞིག་ལོས་ཡིན་འདོད་སྤྱད་འདྲ་ཟིག་བྱས་ཡོད་གི། འདི་ཚོའི་ནང་ལ་དྲུག་རྒྱག་རེ་སྐོར་ཐུབ་རྒྱུ་ན་རེ།
གཟིག་དང་དགོན་པ་ཡོད་ཚད་དམག་གིས་གང་བ་དང་། གྲྭ་པ་རེ་རེའི་རྗེས་ན་དམག་མི་གསུམ་བཞི་ཙམ་རེ་ད་དུང་སོ་བ་དང་གསངས་ཉུལ་བ་དུ་མས་དགོན་པ་དང་གྲྭ་པའིི་གནས་སྡོད་བྱེད་ས་ཡོད་ཚད་ལ་འདི་བཞིན་རེད། དེང་སང་ཁ་ཤས་ཀྱིས་གྲྭ་པས་གཅིག་མ་བྱས་གཉིས་མ་འགྱོན་ཞེས་བཤད་སྡད་པ་འདི་བདེན་གཏམ་ཞིག་རེད་འདུག་གམ། དམག་མི་དང་ཉན་རྟོག་པ་ཡོད་ཚད་དགོན་པ་དང་གྲྭ་པའི་རྗེས་སུ་རྒྱུག་བཞིན་པ་འདི་ཅི་ཞིག་གིས་ཆད་དུ་ཡིན་ན། ཆོལ་ཁ་གསུམ་གྱི་རིགས་ལས་བྱུང་བའི་མེ་ཕུང་དབུས་ཀྱི་ཁུར་ཚུམ་དང་ཀི་རིང་དུས་མཉམ་དུ་མཛད་མཁན་དེ་ཚོ་ལས་མང་ཆེ་བ་གྲྭ་བ་རེད་ད། ཤི་གསོན་ཀུན་ལ་སེམས་གསོ་དང་དགེ་སྒྲུབ་མཛད་མཁན་དེ་ཚོ་ཡང་གྲྭ་བ་རེད་བ། ང་འདས་ལོའི་ཡུ་ཤུལ་ས་ཁུལ་དུ་ས་ཡོམ་བྱུང་བ་ནས་བཟུང་བོད་ཀྱི་བླ་གྲྭ་འདི་ཚོ་ངོ་མ་བོད་པའི་བླ་སྲོག་ཞིག་ཡིན་པའི་ཚོར་བ་དེ་བྱུང་ཆོས་དང་རིགས་གཞུང་། སྐད་དང་ཡི་གེ ལ་རྒྱ་དང་སྙིང་སྟོབས་ཡོད་ཚད་ཀྱི་བདག་པོ་དང་འབྱུང་ཁུང་དེ་ཁོང་ཚོ་རེད་འདུག་བསམ་བྱུང་། འདས་པའི་ལོ་རྒྱུས་ལ་བསམ་ན་ཡང་ཁོང་ཚོ་ཡིན་ལ་ད་ལྟའི་དངོས་མཐོང་ལག་ཟིན་གྱི་གནས་ཚུལ་ལ་ཡང་ཁོང་ཚོ་ཡིན་མ་འོང་འདུན་ལམ་བསྟོན་མཁན་ཡང་ཁོང་ཚོ་རང་རེད་འདུག
ལྷ་ས་མ་རེད། བཙོན་ར་རེད།