ཁ་སང་ཕྱི་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་བོད་མདོ་སྨད་ཀན་ལྷོ་ཁུལ་གྱི་འབྲུག་ཆུ་རྫོང་དུ་རི་བོ་ལུད་ནས་རྫོང་མཁར་དེ་ཉིད་ཀྱི་ཕྱེད་གཤགས་བྱས་ནས་གྲོང་ཁྱེར་དེའི་མི་རྒྱུ་གཉིས་ལ་གོད་ཆག་ཚབས་ཆེན་ཐེབས་པའི་གནས་ཚུལ་གང་སར་ཁྱབ་ཡོད་པ་རེད། གསར་ལམ་ཁག་ཏུ་མི་ཤི་གྲངས་༡༢༧ཙམ་དང་། རྨས་མ་བརྒྱ་ཕྲག་ལས་བརྒལ་བ། གར་སོང་མེད་པའི་གྲངས་འབོར་སྟོང་ཕྲག་ལས་བརྒལ་ཚུལ་བཤད་བཞིན་པ་འདུག་པས་ཤི་བའི་གྲངས་ཀ་ཕལ་ཆེར་སྟོང་དུ་ལོན་ངེས་སྙམ། དེ་ནི་ངའི་ཚོད་དཔག་ཙམ་ཡིན་པས་ཁ་ངན་པ་མ་གསུང་རོགས། ཉིན་དེའི་ཕྱི་དྲོ་དེར་རྒྱ་ནག་གི་སྲིད་བློན་དབུན་ཇ་པུས་འབྲུག་ཆུ་རྫོང་དུ་དངོས་སུ་འབྱོར་ནས་ལས་དོན་བཀོད་སྒྲིག་དང་རྨས་མ་སོགས་ལ་འཚམས་འདྲི་བྱས་པར་གསར་ལམ་ཁག་ཏུ་བཤད། དེ་རིང་ནི་མྱུར་སྐྱོབས་དང་། གནས་སྤོ་རས་གུར་སོགས་གཞུང་ནས་མཐུན་རྐྱེན་འབྱོར་བཞིན་ཡོད་འདུག
དེ་དང་མཚུངས་པར་བྱེས་ནས་ཀྱང་བཀའ་ཤག་གིས་ཐུགས་གསོ་འཚམས་འཕྲིན་དང་ཤི་བོ་ལ་བསྔོ་སྨོན་གནང་ཡོད་པ་རེད། ད་དུང་ཡང་འབྲེལ་ཡོད་རྣམ་པས་གསོན་པོ་རྣམས་ལ་རོགས་རམ་དང་འཚམས་འདྲི་ཤི་བོ་རྣམས་ལ་མ་ཎི་རེ་ཚ་འདོན་བྱེད་རྒྱུ་བརྗེད་མི་རུང་།
ད་ལོ་ང་ཚོ་བོད་མི་རྣམས་ཀྱི་མགོ་ལ་རང་བྱུང་ཁམས་ཀྱི་ཆག་སྒོ་ཆེན་པོ་ཡང་ཡང་འབྱུང་གིན་འདུག་པས་འདི་ཉིད་ཐན་ལྟས་ཤིག་གམ་ཡང་ན་གཞན་ཞིག དེ་སྔོན་ཁམས་སྐྱེ་དགུ་མདོ་རུ་ས་གཡོས་པའི་འཇིག་པ་དང་། ཁ་སང་ལ་དྭགས་སུ་གནམ་རལ་བའི་འཇིག་པ། དེ་རིང་འབྲུག་ཆུ་རུ་རི་ཉིལ་བའི་འཇིག་པ་འདི་དག་ཉམ་ཆུང་མི་རིགས་འདིའི་མགོ་ལ་ཚོགས་སྤུངས་སྤུངས་བྱེད་པ་འདི་ལས་རྒྱུ་འབྲས་ལ་འོས་སམ། ལྷ་དང་བླ་མའི་མངོན་ཤེས་ཀྱིས་གཟིགས་རྒྱུ་དང་། རྩིས་དང་མོ། པྲ་དང་ཇུ་ཐིག་སོགས་ཀྱིས་ང་ཚོས་འདི་དག་ལྟས་ཅི་ཞིག་ཡིན་པ་དཔྱད་པ་བྱེད་རིན་འདྲ་འདུག་གམ། ང་ནི་རྣམ་རྟོག་འདྲ་སློང་ཡོང་གིན་འདུག
ད་ཐེངས་རི་བོ་ལུད་པ་འདི་ལ་རྒྱུ་རྐྱེན་ཆེན་པོ་གསུམ་ལ་ངོས་འཛིན་བྱས་ཡོད་འདུག
༡༽ སྤྱིར་ན་འབྲུག་ཆུ་རྫོང་མཁར་ཉེ་འདབས་ཀྱི་ས་གཤིས་གྲུབ་སྟངས་ལ་འོག་གི་བྲག་རྡོ་རྣམས་བརྟན་པོ་མིན་པ་དང་།
༢༽ རྫོང་མཁར་འདི་ན་ནིང་བུན་ཁྲོན་ས་འགུལ་གྱིས་གནོད་ཐེབས་ས་ཁུལ་གཙོ་བོའི་གྲས་ཀྱི་གཅིག་ཡིན་པས། ས་འགུལ་བྱུང་བ་དེ་ལས་འབྲུག་ཆུ་རྫོང་མཁར་མཐའ་མཁོར་གྱི་རི་བོ་རྣམས་སྒུལ་ཟིན་པས་འོག་གི་བྲག་རྡོ་རྣམས་གས་ཆགས་ཤོར་བ་དང་། ས་འགུལ་གྱིས་གས་ཆག་གཏོང་བ་རྣམས་སླར་སོས་པ་ལ་ལོ་ངོ་གསུམ་ནས་ལྔ་བར་གྱི་དུས་ཡུན་དགོས་པས་ས་འགུལ་བྱུང་ནས་ལོ་ངོ་གཉིས་ལས་སོང་མེད་པས་སྲ་བརྟན་ཅན་དུ་གྱུར་མེད་པ་དང་།
༣༽ འབྲུག་ཆུ་ས་ཁུལ་ལ་ན་ནིང་གི་དུས་ཚིགས་བཞི་བ་ནས་ད་ལོའི་ལོ་སྟོད་བར་བསྟུད་མར་ཐན་པ་བྱུང་ནས། རྫོང་མཁར་མཐའ་འཁོར་གྱི་བྲག་ངོས་ལ་གས་སྲུབས་བྱུང་བའི་དབང་གིས་ཆར་ཆེན་འབབ་སྐབས་རི་ཉིལ་སླ་བ་དེ་རེད།
ཅེས་ས་གཤིས་རིག་པ་བ་རྣམས་ཀྱིས་དབྱེ་ཞིབ་བྱས་ཡོད་འདུག
མྱ་ངན་དང་བཅས་གཤིན་པོ་རྣམས་བར་དོའི་འཕྲང་ལས་གྲོལ་ཏེ་དལ་རྟེན་བརྒྱུད་རྣམ་མཁྱེན་གོ་འཕང་མྱུར་དུ་ཐོབ་པ་དང་། ཤུལ་ལུས་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཡོད།
སྙིང་རྗེ། འདི་གངས་རུད་དང་ས་རུད་གཉིས་ལས། ས་སུད་ཟེར་མཁན་དེ་རེད། ལས་ངན་དག་ནས་ལམ་བཟང་ཐོབ་པར་ཤོག
བོད་ལ་ད་ལོའི་ཆགས་འཇིག་འདི་གང་ཡིན་ནམ། ཨོཾ་མ་ཎི་པདྨེ་ཧཱུཾ།
འོ་ཡ། འོ་ཡ། ངས་སྒུག་བསྡད་ཡོད།
ཨ་ ཤེ་རོ་ཁོ་ད་ཡང་མ་བ་ཟིག།
དཀོན་མཆོག་མཁྱེན། ད་ནས་བཟུང་འབྱུང་བའི་འཇིགས་པ་མི་ཡོང་བ་ཤོག མྱ་ངན་ཞུ་ཤི་བོ་ཆེད་དུ་མྱ་ངན་ཞུས་ནས་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་འགོ་འཕང་མྱུར་དུ་ཐོབ་པར་སྨོན། མཉམ་སྐྱེད་བྱེད་རྗེས་ཤུལ་ནང་མི་སྤུན་མཆེད་རྣམས་ལ་ཐུགས་གསོ་དང་གདུངས་སེམས་མཉམ་སྐྱེད་ཡོད་ ཨྃ་མ་ཎི་པདྨེ་ཧུྃ། དཀོན་མཆོག་མཁྱེན་༔ འབྱུང་བ་གནོད་ཚེ་མི་ཡོང་ཤོག
ས་རུད་ཀྱིས་བསད། ས་ཡོམ་གྱིས་བསད། ཆུ་ལོག་གིས་བསད། རྒྱ་མིས་བསད། ད་བོད་པ་ཞིག་འཇིག་རྟེན་འདིའི་སྒང་ལྷག་ཀྱི་མ་རེད་གོ
དེང་གི་དུས་འདིར་ངེད་བོད་པ་ཚོར་འདི་འདྲའི་ཆག་སྒོ་ཡོང་རྒྱུ་ལ། གང་ལྟར་ང་ཚོ་ཚང་མ་ནང་པ་ཡིན་པས་སྔོན་གྱི་ལས་འབྲས་བསམས་ནས་ལས་ངན་དག་ནས་ལས་བཟང་གི་འབྲས་བུ་སྨིན་པའི་སྨོན་ལམ་རྒྱབ་རྒྱུ་དང་། འདས་པོ་རྣམས་ལ་བསྔོ་སྨོན་མ་ཎི་འུར་འདོན་དང་སོན་པོ་རྣམས་ལ་རོགས་རམ་གང་ཐུབ་བྱེད་རྒྱུའི་རེ་བ་ཞུ་བཞིན་ཡོད།
རྒྱ་ནག་སྲིད་བློན་འུན་ཇ་སྦའོ་སླེབས་ན་ཕྲན་བུ་རོགས་སྐྱོར་ལ་ནུས་པ་ཐོན་ཡོད་སྲིད་ སྲིད་བློན་དེ་མང་ཚོགས་ལ་བལྟ་ཐུབ་མཁན་ཞིག་ཡིན་ཟོ་འདུག
ཨོྃ་མཎི་པདྨ་ཧཱུྃ། ཨོྃ་མཎི་པདྨ་ཧཱུྃ ཨོྃ་མཎི་པདྨ་ཧཱུྃ ཨོྃ་མཎི་པདྨ་ཧཱུྃ ཨོྃ་མཎི་པདྨ་ཧཱུྃ ཨོྃ་མཎི་པདྨ་ཧཱུྃ ཨོྃ་མཎི་པདྨ་ཧཱུྃ ཨོྃ་མཎི་པདྨ་ཧཱུྃ། ཨོྃ་མཎི་པདྨ་ཧཱུྃ ཨོྃ་མཎི་པདྨ་ཧཱུྃ ཨོྃ་མཎི་པདྨ་ཧཱུྃ ཨོྃ་མཎི་པདྨ་ཧཱུྃ
ད་ཡང་འབྲུག་ཆུ་རྫོང་དུ་ས་རུད་ནས་མི་རྒྱུ་གཉིས་ཀ་གྱོང་གུན་ཚབ་ཆེར་ཕོག་པའི་གནས་ཚུལ་ངན་པ་ཞིག་གང་སར་ཁྱབ་པ་བཏབ་བཏུན་ནས་རྒྱ་དམར་སྲིད་སློན་དེས་ཆབ་སྲེད་ཀྱི་གར་སྟེགས་སུ་ཨཐཽན་ནས་གོ་སྐབས་ལེན་བཞིན་འདུག་ཡ་ད་མང་པོ་མི་བཤད་འདས་པོ་ཚོས་དོན་དུ་མ་ཎི་གྲོངས་གསོན་པོའི་ཆེད་དུ་རྒྱ་དམར་ལ་གཏད་གཅོག་རྒྱུའི་གྲ་སྒྲིག་བྱས་ན་མི་དགའ་འམ།ཨོྃ་མ་ཎི་པདྨེ་ཧཱུྃྃཿ
འབྲུག་ཆུ་རྫོང་ནི་་་་ངའི་ཕ་ཡུལ་དང་ཐག་ཉེ་བ་ཡོད་་་མ་གཞི་ས་ཆ་འདི་ཧ་ཅང་ཁོར་ཡུག་དོག་མོ་ཞིག་ཡིན་ནའང་རྩི་ཤིང་དང་ལོ་ཏོག་ཧ་ཅང་ཡག་པོ་ཡོད་ས་ཞིག་རེད་འདུག
གནས་ཚུལ་འདི་གོ་འཕྲལ་ཕ་ཡུལ་ལ་ཁ་པར་བཏང་ནས་སྐད་ཆ་དྲིས་བ་ཡིན་་་་་་གོ་ཐོས་ལ་མི་བརྒྱ་ཕྲག་ཁ་ཤས་བསད་ཡོད་རབས་འདུག་་་་ཟ་འབྲུ་དང་སྒོར་མོ་ཞབས་འདེབས་བསྡུས་ནས་སྐྱེད་ཀྱིན་འདུག་ཅེས་གླེང་བྱུང་་་་་་་་དེ་མིན་གཞན་ཅང་གོ་གི་ཡོད་ས་མི་འདུག
བལྟས་ངན་འབྱུང་གཞིའི་གནོད་པ་དང་། །
བལྟས་ངན་རྒྱ་དམར་ཇུས་ངན་གཉིས། །
ང་ཚོའི་ལྷ་ཀླུ་འདི་དག་ལ། །
ལྡོག་པའི་ནུས་པ་མེད་དམ་ཅི། །
ས་ཁུལ་དེར་རྒྱ་མིས་གློག་ཁང་བཅོ་ལྔ་ཙམ་བརྒྱབ་ཡོད་ལ་ཚད་མེད་པའི་ནགས་རི་གཅོད་འབྲེག་དང་གཏེར་ཁ་གང་བྱུང་སྔོག་འདོན་བྱས་པ་ལས་བྱུང་བས། མཐར་གཏུགས་ན་རྒྱ་མིས་བཟོས་པའི་བྱུར་དང་ཆག་སྒོ་རེད།
འབྲུག་ཆུའི་རི་ཉིལ་དོན་རྐྱེན་དེ་ཡང་ཡ་ང་བ་ཞིག་རེད། ད་ལོ་ལྷོ་ཨེ་ཤི་ཡ་འདི་ལ་ཅིག་འཕྲོད་ཡོད་ས་མ་རེད། དམིགས་བསལ་གྱིས་འབྱུང་བའི་འཇིགས་པ་ཆེ་བ་ལ།
ཨ་རོད་རྩམ་དགའ། ཁྱོད་དེང་སང་གང་དུ་ཡོད། བཟོད་རྒྱམ་ང་ལྡི་ལི་ན་ཡོད།
ཨོྃ་མ་ཎི་པདྨེ་ཧཱུྃ།
སེམས་ཆུ་བསགས་དེ་ཁོག་སྡུག་འཛིན་པ་ལས།།
འབྱུང་བཞིའི་གནོད་པར་ལྡོག་པ་མི་འདུག་ན།།
ཕྱིས་སུ་རང་རིགས་བོད་མི་གར་ཡོད་ཚོས།།
རང་རྩིས་ཆེ་རུ་གཏོང་བར་འབད་ན་ལེགས།།
ཤི་བོའི་ཚོའི་ཆེད་དུ་མ་ཎི་རེ་འདོན་པ་དང་། གསོན་པོ་ཚོའི་ཆེད་དུ་གྲ་སྒྲིག་ལེགས་པོ་རེ་བྱས་ན་ཡག་པོ་རེད།
དྲ་ཐག་འདི་ལ་གཅིག་གཟིགས་དང་།
http://www.bbc.co.uk/news/world-asia-pacific-10922991
མི་ཤི་གྲངས་ཇེ་མང་ནས་ཇེ་མང་རེད་འདུག
རྒྱ་དམར་གྱིས་བོད་བཙན་བཟུང་བྱས་པ་ནས་སྔ་རྗེས་སུ་བོད་མིའི་དྲུག་ཆ་གཅིག་སྟེ་ས་ཡ་གཅིག་ལྷག་དུས་མིན་རྐྱེན་འདས་སུ་བཏང་པ་དང། ལོ་སྔ་ཕྱི་འདིར་རང་བྱུང་གོད་ཆག་གིས་ཚེ་སྲོག་གང་མང་འཕྲོགས། ད་དུང་གྲ་བའི་གྲངས་འབོར་མང་དྲགས་པ་སོགས་ཀྱི་དབང་གིས་འུ་ཅག་མི་རིགས་ཀྱི་གྲངས་ཀར་ཚོད་འཛིན་ཐེབས་ཏེ་ཆེས་གྲངས་ཉུང་མི་རིགས་ཤིག་ཏུ་འགྱུར་བཞིན་པ་ནི་སེམས་འཚབ་ཧ་ཅང་ཆེ་བའི་གནད་དོན་ཞིེག་རེད། དེ་བས་བོད་མི་རེ་རེས་བསྒྲུབ་ཐུབ་པའི་ལས་ཀ་ཞིག་ནི་ངེས་པར་དུ་རིགས་རྒྱུད་སྤེལ་རྒྱུའི་ཐད་ཤུགས་རྒྱགས་དགོས་པ་དེ་རེད། འུ་ཚོ་མི་རེས་མི་ལྔ་རེ་མ་མཐར་བཟོ་ཐུབ་ན་རང་མི་རིགས་ཀྱི་རིགས་རྒྱུད་ཡུན་གནས་ལ་རེ་བ་ཅུང་ཡོད་པར་མཐོང།
འབྲུག་ཆུ་ལ་ཆུ་ལོག་རྒྱུགས་པ་དང་མི་གྲངས་མང་པོ་རྐྱེན་ལམ་དུ་ཕྱིན་BBC་དང་རྒྱ་ནག་གི་ཚང་གི་CCTV སོགས་བརྒྱུད་ནས་ཡུལ་ལུང་འདྲ་མིན་ནས་མཐོང་གི་ཡོད་པ་འདྲ། དཔེར་ན་ཐེ་ཝན་ནས་ཀྱང་གནས་ཚུལ་འདི་ཅུང་ཞིབ་གསལ་༼ང་ཚོ་གཅིག་པ་འདྲ་ཞིག་རེད།༽གྱིས་ཤེས་འདུག འོན་ཀྱང་རྒྱས་ཁྱབ་སྒྲག་བྱེད་སྟངས་ཀྱིས་བོད་མི་ཡིན་མ་ཤེས་བ་མ་ཟད། རྒྱ་མི་མང་པོ་ཞིག་གི་མགོར་ཡང་བསྐྱར་སྡུག་སླེབས་སོང་ཟེར་ནས་ཆོ་ངོས་འདོན་མཁན་ཡང་མང་པོ་འདུག་ཟེར། ད་ང་ཚོས་ཁྱབ་བསྒྲགས་ཀྱི་ནུས་པ་དེ་ཡང་ངེས་པར་དུ་ཤུགས་ཆེ་རུ་དང་རྒྱ་ཆེ་རུ་གཏོང་ངེས་ཞིག་འདུག
ད་དུང་མི་གྲངས་གཅིག་སྟོང་ལྷག་ཅིག་གར་སོང་ཆ་མེད་དུ་གྱུར་འདུག་ཡིན་ན་ཅིག་ཟེར། ད་འགྲོ་ས་གཅིག་རང་གཅིག་ལས་གང་ན་ཡོད། ཁོང་ཚོའི་བེམ་པོ་མ་རྙེད་པ་ལས་གཞན་ཤི་སོང་བ་ཐག་གིས་ཆོད། མི་རིགས་སྐྱོ་བོ་ཚོའི་མགོ་ཐོག་ཏུ་འདི་འདྲ་ཞིག་ཅིའི་ཕྱིར་ཡོང་དགོས་པ་ཡིན།
ལས་ངན་རྣམ་སྨིན་ཟད་པའི་དུས་མཐའ་འདིར། །
ས་དང་ཆུ་དང་མཚོན་གྱིས་འཇིགས་པ་ལས། །
རྒྱ་དང་བོད་དང་མི་རིགས་ཚོགས་གང་ཡིན། །
ཚེ་ལས་འདས་ཚད་༧རྒྱལ་བའི་ཐུགས་ཀྱིས་བཟུང་། །
སྲོག་ལས་གཅེས་བའི་རིན་ཆེན་གཞན་མེད་པའི། །
འགྲོ་བ་འདི་དག་འབྱུང་བཞིའི་དགྲ་བོ་ཡིས། །
འདི་ལྟར་ཕ་རོལ་ལམ་དུ་ཁྱུ་དང་ཁྱུ། །
འདེད་པའི་དུས་ངན་འདི་ཡི་ངོ་ཅིག་རྗོགས། །
དཀོན་མཆོག་མཁྱེན། ད་ལོ་ཡིན་ན་འགྱེལ་བའི་སྒང་ལ་རྡོག་བརྫིས་དང་། མུ་གེའི་སྒང་ལ་ཟླ་ལྷག་ཅེས་པའི་དཔེ་ཟླར་སོང་འདུག ལས་ངན་འདི་ཀོ་མྱོང་དོན་ཅི་ཡིས་ལན་ནམ།
༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པའི་སྣོད་བཅུད་རྟེན་འབྱུང་དང་འབྲེལ་བའི་གདམས་པ་ལས།
“ཐོག་མ་མེད་ནས་རྟག་ཏུ་གོམས་པ་ཡི།།
རང་ཉིད་གཅེས་འཛིན་བློ་ཡི་མཐུ་བརྟས་པས།།
སྤྱི་མཐུན་ལས་ཀྱིས་བསྐྱེད་པའི་ཁོར་ཡུག་ཁྱོན།།
འབྱུང་བ་སྦགས་བཙོག་མནོལ་བས་བསླད་པར་གྱུར།།
མཚོ་དང་མཚེའུ་དྭངས་བསིལ་ཡོན་ཏན་ཉམས།།
མཁའ་རླུང་དུག་ཅན་རྫས་རིགས་དུ་མས་ཁྱབ།།
མཁའ་དབྱིངས་རང་གྲུབ་བླ་བྲེར་བུ་ག་རྡོལ།།
སྔོན་མེད་ནད་རིགས་དུ་མས་འགྲོ་མང་མནར།།
སྲིད་པར་ཆགས་པའི་གངས་རི་མཐོ་བརྗིད་རྣམས།།
དབུ་འཕང་སྨད་ཅིང་རིམ་གྱིས་ཆུ་རུ་བཞུར།།
འཕེལ་འགྲིབ་བྲལ་བར་གྲགས་པའི་རྒྱ་མཚོ་ཡང༌།།
རང་བཞིན་ལས་འདས་གླིང་ཕྲན་དལ་གྱིས་བྱིངས།།
མེ་ཆུ་རླུང་གི་འཇིགས་པ་མཐའ་ཡས་ཏེ།།
ཚ་དྲོད་འབར་བས་རྩི་ཤིང་ནགས་ཚལ་སྐམ།།
རྒྱ་མཚོ་ཆེན་པོ་བ་ཚྭའི་ནུས་པ་ཉམས།།
ནགས་ཚལ་སྟོངས་པས་སྔོན་མེད་རླུང་འཚུབ་ལྡང༌།།
གང་དག་ནོར་གྱི་འབྱོར་པས་མ་ཕོངས་ཀྱང༌།།
གཙང་མའི་རླུང་ཙམ་བརྔུབ་པའི་སྐལ་བ་དབེན།།
ཆར་དང་ཆུ་རྒྱུན་རྣམས་ཀྱང་དག་བྱེད་ཀྱི།།
ནུས་པ་ཉམས་ཏེ་བརླན་བཤེར་རྫས་སུ་ཟད།།
མི་ཕྱུགས་སྐམ་གཤེར་གནས་པའི་སྲོག་ཆགས་ཀུན།།
ལུས་ལ་གདུག་ཅན་ནད་རིགས་དུ་མས་གཟིར།།
སེམས་ལ་བྱིངས་འཐིབ་རྨོངས་པས་རབ་ནོན་ཏེ།།
ལུས་སེམས་བདེ་ལ་སྤྱོད་པའི་གོ་སྐབས་ཕྲ།།
གཞན་ཡང་བཅོས་མའི་རྫས་སྦྱོར་ཆེས་སྤྱོད་ཅིང༌།།
འདོད་རྔམ་དབང་གིས་འཕྲལ་གྱི་ཁེ་ཕན་སླད།།
རྩི་ཤིང་ནགས་ཚལ་གཅོད་བྲེགས་ལ་སོགས་པས།།
འབྱུང་བ་ས་ཡི་ཟུངས་བཅུད་བརླག་པར་བྱས།།”
ད་དུང་གདམས་པ་འདི་ཆ་ཚང་དགོས་མཁན་མཆིས་ཚེ། དྲ་གྲོགས་བསྟན་ཚེའི་ཟིན་བྲིས་ལས་ལེན་རོགས་མཛོད།།
ཨེ་མ་ཡར་ངལ་བའི་གནས་ཚུལ་འདིའི་ཚོ་དངོས་གནས་སེམས་སྐྱོའི་ཡ་ཞིག་ཡིན་པ་མ་ཚད་ང་རང་ཚོའི་མ་ནི་དང་རོག་རམ་གང་མང་ཡོད་པར་མཁྱེན།
ས་ཆུ་མེ་རླུང་འབྱུང་བའི་བར་ཆད་ཀྱིས། །སྒྱུ་ལུས་གཡར་པོ་འཇིག་ལ་ཐུག་པའི་ཚེ། །ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས།། །ༀམཎྀཔདྨེཧཱུྃ། །ༀམཎྀཔདྨེཧཱུྃ།།ༀམཎ།ༀམཎྀཔདྨེཧཱུྃ། །ༀམཎྀཔདྨེཧཱུྃ། །ༀམཎྀཔདྨེཧཱུྃ། །ༀམཎྀཔདྨེཧཱུྃ། །ༀམཎྀཔདྨེཧཱུྃ། །ༀམཎྀཔདྨེཧཱུྃ། །ༀམཎྀཔདྨེཧཱུྃ། །ༀམཎྀཔདྨེཧཱུྃ། །ༀམཎྀཔདྨེཧཱུྃ།།ༀམཎྀཔདྨེཧཱུྃ། །ༀམཎྀཔདྨེཧཱུྃ།།ༀམཎྀཔདྨེཧཱུྃ། །ༀམཎྀཔདྨེཧཱུྃ།།ༀམཎྀཔདྨེཧཱུྃ། །ༀམཎྀཔདྨེཧཱུྃ།།ༀམཎྀཔདྨེཧཱུྃ། །ༀམཎྀཔདྨེཧཱུྃ།།ༀམཎྀཔདྨེཧཱུྃ། །ༀམཎྀཔདྨེཧཱུྃ།།ༀམཎྀཔདྨེཧཱུྃ། །ༀམཎྀཔདྨེཧཱུྃ།།ༀམཎྀཔདྨེཧཱུྃ། །ༀམཎྀཔདྨེཧཱུྃ།།ༀམཎྀཔདྨེཧཱུྃ། །ༀམཎྀཔདྨེཧཱུྃ།།ༀམཎྀཔདྨེཧཱུྃ། །ༀམཎྀཔདྨེཧཱུྃ།།ༀམཎྀཔདྨེཧཱུྃ། །ༀམཎྀཔདྨེཧཱུྃ།།ༀམཎྀཔདྨེཧཱུྃ། །ༀམཎྀཔདྨེཧཱུྃ།།ༀམཎྀཔདྨེཧཱུྃ། །ༀམཎྀཔདྨེཧཱུྃ།། དུས་ད་ ལོ་བར་ཆད་མང་བ་ལ། འཕགས་པ་སྤྱན་རས་གཟིགས་དབང་མཁྱེན་ནོ།
རྐྱེན་ངན་དབང་གིས་འདས་པའི་སྤུན་སྲིང་རྣམས།།
གནས་རིས་བར་བདོ་གང་དུ་མཆིས་ན་ཡང་།།
འཕགས་མཆོག་ཕྱག་ན་པདྨོའི་ཐུགས་རྗེ་ཡིས་།།
ཤར་ཕྱོགས་པོ་ཏ་ལ་རུ་སྐྱེ་བར་ཤོག
ལུས་ཀྱི་ཟུག་གཟེར་སྤུན་སྲིང་ཁྱེད་ཚོས་མྱོང་།།
སེམས་ཀྱི་ན་ཟུག་ངེད་ཚོའི་སྙིང་དུ་འཛེར།།
ངན་ཁག་ཡོངས་རྫོགས་འཁོར་ཡུག་སྦག་ཙོག་ཏུ།།
བྱེད་གཏེ་རྣམས་ཀྱིས་ངེས་པར་ཁྱེར་དགོས་སོ།།
ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། འགྲོ་བ་སུའི་མགོ་ལ་སྡུག་བསྡལ་ཡོང་ན་དེའི་ཆེད་དུ་ ཨོཾ་མ་ཎི་པདྨེ་ཧཱུཾ། ལྷག་པར་ཤ་ཁྲག་གཅིག་པའི་བོད་མི་རྣམས་པའི་ཆེད་དུ་ ཨོཾ་མ་ཎི་པདྨེ་ཧཱུཾ།
འདིར་འབྲུག་ཆུ་རྫོང་གི་གཞི་རྩའི་གནས་ཚུལ་ཤེས་མཁན་ཡོད་ན་བཀོད་རོགས་གནང་། དཔེར་ན་མི་འབོར་དང་དེའི་ནང་བོད་རིགས་ཀྱིས་བརྒྱ་ཆ་ཅི་ཟིན་དང་། ལུང་པའི་ཐུན་མིན་ཁྱད་ཆོས། གནའ་རབས་དང་ད་རབས་སོགས་གསལ་བཤད་གནང་ན་དགའ་བསུ་ཞུ།
འབྲུག་ཆུ་རྫོང་གི་གཞི་རྩའི་གནས་ཚུལ་ཤེས་མཁན་ཡོད་ན་བཀོད་རོགས་གནང་། དཔེར་ན་མི་འབོར་དང་དེའི་ནང་དུ་བོད་རིགས་ཅི་འདུས། གཞན་ལུང་པའི་ཐུན་མིན་ཁྱད་ཆོས། གནའ་རབས་དང་ད་རབས་སོགས་གསུང་ན་དགའ་བསུ་ཞུ།
ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཤུལ་ལུས་གཉེན་ཉེ་ཚང་མ་ལ་གདུང་སེམས་མཉམ་སྐྱེད་ཡོད་།
རང་རིགས་སྤུན་ཟླ་འདས་གསོན་གཉིས་ཀའི་ཆེད་དུ་ཐུགས་གསོ་དང་སྨོན་ལམ་གང་ཡོང་ཞུ་རྒྱུའི་ཡི་དམ་དང་བཅས་སོ། །
གཟའ་མིག་དམར་གྱི་ཉིན་རྒྱབ་ཏུ་རྒྱ་དམར་གཞུང་ནས་བཤད་ན་འབྲུག་ཆུའི་རི་ཉིལ་གོད་ཆག་ནང་ད་བར་མི་༧༠༢རྐྱེན་འདས་སོང་འདུག ཀུ་ཤུ་ཚགས་ཤོག་ཐོག་བཀོད་པར་གཞིགས་ན། ས་དེར་འདམ་རུད་རྒྱུགས་པ་དེར་གཞུང་ཕྱོགས་ནས་གནོད་འཚེ་ཕོག་ཚད་ལ་དཔོག་རྒྱག་ཚད་དམའ་དྲག་ཡོད་པ་དང་། ས་དེ་གའི་མི་མང་པོས་ཧ་ལམ་མི་༤༠༠༠ཙམ་ལ་རྐྱེན་ངན་འཕྲད་འདུག རྒྱལ་སྤྱིའི་གསར་འགྱུར་ཚན་པ་མང་པོས་འབྲུག་ཆུར་བཅར་འདྲི་བྱེད་ཐུབ་པའི་འབད་བརྩོན་བྱེད་བཞིན་འདུག ས་གཤིས་རིག་པ་མཁས་ཅན་གྱིས་འབྲུག་ཆུར་འདམ་རུད་ཤོར་བའི་རྒྱུ་མཚན་ནི། སྔོན་འགོག་གི་ལས་གྲྭ་སྐྲུན་མཚམས་བཞག་པ་དང་། ལོ་རབས་༥༠ནས་༩༠བར་དུ་ནགས་ཚལ་འབྲེག་གཏུབ་ཤུགས་ཆེན་བྱས་པས་ས་ཆུ་ཟད་ཆེ་བ། ༢༠༠༠ལོ་ནས་ཡང་ཆུ་གློག་ས་ཚིགས་མང་པོ་བཙུགས་པས་ས་གཤིས་ཀྱི་གོད་ཆག་བྱུང་བའི་ཉེན་ཁ་ཆེ་རུ་བཏང་བ་རེད་ཟེར། བཤད་ཡག་ལ་ད་ལྟ་འབྲུག་ཆུ་རྒྱུད་དུ་་ཆུ་གློག་ས་ཚིགས་༤༧ཡོད་སྐད་འདུག
སྐྱེ་དགུ་ལ་ས་ཡོམ་བྱུང་བའི་དུས་སུ་བོད་རིགས་སྐྱིད་སྡུག་མཉམ་ཁུར་བྱས་པའི་དཔེ་བཟང་ཉམས་པ་མེད་པར་རྒྱུན་སྐྱོང་དགོས། འཛམ་གླིང་གི་བོད་རིགས་རུས་བརྒྱུད་དང་ཤ་བརྒྱུད། ཚ་བོ་དང་ཡང་ཚ། གྲོགས་པོ་དང་གྲོགས་མོ། ཡང་གྲོགས་དང་དེའི་གྲོགས་པོ་ཐམས་ཅད་བཞེངས་ཤིག སྙིང་སྟོབས་དང་ཐུགས་བསྐྱེད། བརྩེ་སེམས་དང་ལ་རྒྱ་ཡོད་ཚད་འདོན་པའི་དུས་ལ་བབ་པོ། ལྷག་བསམ་ཅན་ཤེས་ཡོན་ཅན། རྩོམ་པ་པོ་རྣམས་མི་སྨྲའི་བརྟུལ་ཞུགས་ལ་མི་གནས་པར་རོགས་སྐྱོར་དཞང་སྨོན་ལམ་གནང་བར་འབོད་བསྐུལ་ཞུ་རོགས། རྩོམ་ཡིག་སྤེལ་རོགས། བཙན་པོའི་བུ་རྒྱུད། ལོ་རྒྱུས་ཀྱི་བདག་པོ། མཐོ་རྒང་གི་དཔའ་བོ། སྙིང་ལ་རུས་པ་ཅན། ལག་ལ་མཚོན་ཆ་ཅན། སྐྱིད་ན་ལག་ལྡང་སྦྲེལ་ས། སྡུག་ན་དཔུང་བ་གཤིབ་ས། མ་ཤེས་ན་བློ་འདྲི་ས། མ་ཐུབ་ན་སྐྱབས་བཅོལ་ས། གསང་བའི་སྙིང་གཏམ་བཤད་ས། གཅེས་པའི་ཚེ་སྲོག་གཏད་ས། བོད་རིགས་ཅིག་སྒྲིལ་དང་། བོད་པའི་ལ་རྒྱ། ནམ་ཡང ཉམ་པ་མེད་པར་གནང་དགོས། བོད་རྒྱལ་ལོ། །
ཨ་ཁ་ད་དངོས་གནས་འབྱུང་བ་ཟེར་མཁན་དེ་ཧ་ལས་པའི་དབང་ཆེན་ཞིག་རེད།
འདི་ནི་རང་བྱུང་གིས་ཆགས་སྒོ་ཞིག་རེད།
རྗེས་ལུས་ནང་མི་རྣམས་ལ་ཇི་ཙམ་གྱིས་སེམས་སྡུག་ཡོད། ཤོད་མི་ཤེས་པའི་སྡུག་བསྔལ་ཡོད་གཏན་རེད།
འོན་ཀྱང་ངས་འདིར་ཁ་སྟོང་པས་རྗེས་ལུས་ནང་མི་དང་གཉེན་ཉེ་རྣམས་ལ་སེམས་གསོ་དང་ཕྱི་མའི་ལྔ་ལམ་དུ་གཤེགས་ཟིན་པའི་འདས་པོ་དང་འདས་མོ་རྣམས་ལ་ལག་སྟོང་པས་བསྔོ་སྨོན་ཞུ་རྒྱུ་ལས་བྱེད་ཐབས་མི་འདུག
འོན་ཀྱང་ཐག་ཉེ་བའི་བླ་མ་དང་གྲྭ་བ་རྣམས་ལ་བསྔོ་སྨོན་ཞིག་ཕུལ་བ་ཡིན། དེ་དེ་འདྲའི་ཆེན་པོ་མ་རེད། འོན་ཀྱང་སེམས་བཟང་གི་ཟས་ལ་ཆེ་ཆུང་མེད། ཅེས་པ་དེ་ལ་ཡིད་ཆེས་ཡོད།
ད་དུང་དེ་དག་གི་ཆེད་དུ་ཞལ་འདེབས་འབུལ་ས་ཡོད་ན་ཁ་སྟོང་པ་མིན་ཙམ་ཞིག་དང༌། ལག་སྟོང་པ་མིན་ཙམ་ཞིག་འབུལ་གཏན་ཡིན།
ཨོཾ་མ་ཏྲི་མུ་ཡེ་ས་ལེ་འདུ།
ཨོཾ་མ་ཏྲི་མུ་ཡེ་ས་ལེ་འདུ།
ཨོཾ་མ་ཏྲི་མུ་ཡེ་ས་ལེ་འདུ།
ཨོཾ་མ་ཏྲི་མུ་ཡེ་ས་ལེ་འདུ།
གང་ཞིག་ཚེ་ལས་འདས་པ་རྣམས།
བདེ་བ་ཅན་གྱི་ཞིང་ཁམས་སུ།
བར་དོའི་འཇིགས་འཕྲང་ལས་གྲོལ་ནས།
མྱུར་དུ་གཏན་བདེ་ཐོབ་པར་ཤོག
གང་ཞིག་ཚེ་དང་ལྡན་པ་རྣམས།
འབྱུང་བཞིའི་འཇིགས་པ་ལས་གྲོལ་ཅིང༌།
ཕུན་ཚོགས་བདེ་སྐྱིད་ཉི་མའི་དྲོད།
མྱུར་ནས་མྱུར་དུ་འབར་བར་ཤོག
འདི་ལྟར་བསྔོ་སྨོན་ཆུ་ཐིག་ཙམ།
མཐའ་ཡས་མར་གྱུར་རྒྱ་མཚོ་ཆེར།
བབས་པའི་དགེ་རྩ་བསྐལ་བརྒྱའི་བར།
ཆེས་ཆེར་འཕེལ་བའི་རྒྱུར་གྱུར་ཤོག
ལ་སྟོད་དུ། མ་ཏྲའི་ཡང་ཕན་ཐོགས་ངེས་ས་ཕྱོགས་དེར་བོན་པོ་རེ་ཟུང་ཡོད་པ་ཐོས། ངའི་གོ་ཐོས་ལྟར་ན་ས་ཕྱོགས་འདིའི་བོད་པ་བོད་སྐད་བཤད་ཤེས་མཁན་ཉུང་ནའང་བོད་པའི་ལ་རྒྱ་དང་། མི་རིགས་ཀྱི་འདུ་ཤེས་གཞན་ལས་སྟོབས་ཆེ་ཞིང་ཤི་ན་ཡང་བོད་མིན་སྨྲ་མི་སྲིད་པ་ཞིག་རེད། གང་ཡིན་ཟེར་ན་ཁོང་ཚོའི་མི་རིགས་ནི་བོད་བཙན་པོའི་དམག་སྡེ་འཁྲུལ་མེད་ཡིན་པ་དང་། བོད་རྒྱའི་བར་དུ་འགལ་ཟླ་རིམ་པར་བྱུང་བའི་ནང་དཀའ་ངལ་གདོང་ལེན་གྱི་སེམས་ཤུགས་ལྷོད་པ་མེད་པ། རིག་གནས་གསར་རྗེའི་སྐབས་སུ་ཡང་འབྲུག་ཆུའི་མི་ཞེས་བློ་གཏད་ཁེལ་ཆོག་པ་ཡིན་ཚུལ་ས་ཕྱོགས་དེར་བྲོས་བྱོལ་དུ་འགྲོ་མྱོང་བའི་མི་ཁ་ཤས་ཀྱི་ཞལ་ལས་གཅིག་མཚུངས་སུ་གསུངས། ད་དེས་སྤུན་ཟླ་ལ་དཀའ་ངལ་བྱུང་བའི་དུས་འདིར་སྒོ་ཀུན་ནས་རོགས་རེམ་མི་ཉུང་བ་མཁྱེན་མཁྱེན།
དབང་ཆེན་ལགས་སེམས་སྡུག་གིས་ཁེངས་པའི་མི་འདི་ཚོའི་ཆེད་དུ་བསྔོ་སྨོན་གསུང་པ་ལས་སྡིག་པ་གསོག་མི་རུང༌།
ཨཱོཾ་མ་ཏྲི་མུ་ཡེ་ས་ལེ་འདུ།
ཨཱོཾ་མ་ཏྲི་མུ་ཡེ་ས་ལེ་འདུ།
ཨཱོཾ་མ་ཏྲི་མུ་ཡེ་ས་ལེ་འདུ།
ཨཱོཾ་མ་ཏྲི་མུ་ཡེ་ས་ལེ་འདུ།
ཨཱོཾ་མ་ཏྲི་མུ་ཡེ་ས་ལེ་འདུ།
ཨཱོཾ་མ་ཏྲི་མུ་ཡེ་ས་ལེ་འདུ།
ཨཱོཾ་མ་ཏྲི་མུ་ཡེ་ས་ལེ་འདུ།
ཨཱོཾ་མ་ཏྲི་མུ་ཡེ་ས་ལེ་འདུ།
བདག་ལ་དགྲ་རུ་ལང་པ་ཡང༌།
ཕ་མ་བུ་གཉེན་འདུ་ཤེས་ནས།
རྫོགས་པའི་བྱང་ཆུབ་མ་ཐོབ་པར།
རྟེན་བཟང་དལ་འབྱོར་རིམ་བརྒྱུད་ནས།
གཏན་བདེའི་བདེ་ཆེན་ཐོབ་པར་ཤོག
འབྲུག་ཆུའི་བོད་རིགས་ཀྱི་ཕ་སྐད་ནི་ཨ་མདོའི་འབྲོག་སྐད་དང་བར་ཐག་རིང་ཞིང་གོ་དཀའ་ཡང་། ཞིབ་མོར་ཉན་ན་ཁོང་ཚོའི་ཕ་སྐད་ཕལ་ཆེར་བརྡ་རྙིང་མང་པོ་ཡོད། སྤྱིར་ཐེ་བོ་སྨད་རྒྱུད་འབྲུག་ཆུ་གཙོ་བྱས་ཏེ་ཐེ་བོ་སྤྱི་ཡངས་ཀྱི་ཕ་སྐད་ནང་བརྡ་རྙིང་མང་། འབྲུག་ཆུའི་མི་རྒྱུད་དུང་དཀར་ཚང་གིས་ཀོང་པོ་ཁོག་ནས་ཡོང་བའི་མི་རྒྱད་ཡིན་པར་གསུངས། འབྲུག་ཆུའི་རྒན་རབས་པ་རྣམས་ཀྱིས་ཁོང་ཚོ་བཙན་པོའི་སྐབས་སུ་དབུས་གཙང་ནས་བཏང་བའི་དམག་རུའམ་དམག་སྡེ་ཡིན་ཞེས་རྒན་པོ་དག་གིས་མགྲིན་གཅིག་ཏུ་གླེང་། ལྷག་དོན་ཁོང་ཚོ་་ལོ་ངོ་སྟོང་ཕྲག་ལྷག་རིང་རྒྱ་བོད་གཉིས་ཀྱི་མཐའ་མཚམས་འདིར་བོད་མི་རིགས་ཀྱི་ལྩགས་རི་ལྟ་བུའི་འདུ་ཤེས་ཀྱིས་ཁོང་ཚོ་བོད་མི་རིགས་ཀྱི་ལ་རྒྱ་ཆེ་བའི་སྣང་ཚུལ་ཤུགས་ཆེ་འདུག རྒྱུ་མཚན་ཁོང་ཚོས་ལོ་ངོ་སྟོང་ཕྲག་རིང་རྒྱ་མི་རིགས་ལ་ས་མཚམས་འདིར་གདོང་ལེན་མཐའ་གཅིག་ཏུ་གནང་བསྡད་པས་ཁོང་ཚོ་བོད་དབུས་ཁུལ་ལས་ལྷག་པའི་རྒྱ་མི་རིགས་ལ་མི་དགའ་བའི་འདུ་ཤེས་གཏིང་ཟབ་ཏུ་ཡོད་པའི་གནས་ཚུལ་གསལ་བོ་འདུག
སེམས་མ་སྡུག སྤུན་ཟླ་མི་མང་། ཁྱེད་ཚོའི་ནང་མི་མང་པོ་བརླགས་ཀྱང་ཁྱེད་ཚོ་ཁེ་རྐྱང་མིན། ང་ཚོ་ཁྱེད་ཚོ་དང་ལྷན་དུ་ཡོད། བློ་མ་ཕམ། ཁྱེད་ཚོ་ཁེ་རྐྱང་མིན།
ཨ་ནུ་ཐང་ལ་སོགས་པའི་སྤུན་ཟླ་རྣམས་པས། འབྲུག་ཆུའི་གནས་ཚུལ་ངོ་སྤྲོད་བྱས་པ་ལེགས། ཐུགས་རྗེ་ཆེ། ད་དུང་ཡང་གནའ་རབས་དང་། དེ་རིང་གི་གནས་ཚུལ་གང་ཞིག་རག་ཀྱང་དྲ་ཐོག་ཏུ་འཇོག་རོགས།
རྒྱ་རོང་དང་འབྲུག་ཆུའི་ཕྱོགས་དེ་ཤད་ན་བོན་པོ་མང་པོ་ཞིག་ཡོད་པ་གོ་མྱོང་ཡོད་དངོས་གནས་བདེན་པ་ཡིན་ས་རེད་བོན་བླ་རྣམས་ཀྱིས་སྨོན་ལམ་གསལ་ལ་མི་གསལ་བ་ཞིག་སྐྱོར་བཞིན་འདུག་ཁ་སྔོན་སྐྱེ་ཀུ་མདོ་ལ་ཡང་འདི་འདྲའི་སྨོན་ཚིག་ཞིག་བྱུང་ན་བོད་མི་ཚང་མ་ལྡོག་རྩ་གཅིག་བསྒྲིལ་ལ་མཚོན་ནི་རེད་མོད།
ཡ་ད་མང་པོ་མི་བཤད།
ཨོྃ་མ་ཎི་པདྨེ་ཧཱུ༷ྃཨོྃ་མ་ཎི་པདྨེ་ཧཱུ༷ྃ
ཨོྃ་མ་ཎི་པདྨེ་ཧཱུ༷ྃཨོྃ་མ་ཎི་པདྨེ་ཧཱུ༷ྃ
ཨོྃ་མ་ཎི་པདྨེ་ཧཱུ༷ྃཨོྃ་མ་ཎི་པདྨེ་ཧཱུ༷ྃ
ཨོྃ་མ་ཎི་པདྨེ་ཧཱུ༷ྃཨོྃ་མ་ཎི་པདྨེ་ཧཱུ༷ྃ
ཨོྃ་མ་ཎི་པདྨེ་ཧཱུ༷ྃཨོྃ་མ་ཎི་པདྨེ་ཧཱུ༷ྃ
ཨོྃ་མ་ཎི་པདྨེ་ཧཱུ༷ྃཨོྃ་མ་ཎི་པདྨེ་ཧཱུ༷ྃ
ཨོྃ་མ་ཎི་པདྨེ་ཧཱུ༷ྃཨོྃ་མ་ཎི་པདྨེ་ཧཱུ༷ྃ
ཨོྃ་མ་ཎི་པདྨེ་ཧཱུ༷ྃཨོྃ་མ་ཎི་པདྨེ་ཧཱུ༷ྃ
ཨོྃ་མ་ཎི་པདྨེ་ཧཱུ༷ྃཨོྃ་མ་ཎི་པདྨེ་ཧཱུ༷ྃ
ཨོྃ་མ་ཎི་པདྨེ་ཧཱུ༷ྃཨོྃ་མ་ཎི་པདྨེ་ཧཱུ༷ྃ
འཇམ་དཔལ་དཔའ་བོ་ཇི་ལྟར་མཁྱེན་པ་དང་།།
ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ།།
དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར།།
དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ།།
འབྲུག་ཆུ་རྫོང་དུ་རི་བོ་ལུད་པ་དེའི་འབྱུང་ཙ་དངོས་ཡོད་དེ་གང་ཡིན་བརྩད་བཅོད་ཞིབ་ཚག་པོ་ཞིག་བྱེད་དགོས་རྒྱུ་གལ་ཆེན་པོ་རེད།
ཉི་སྔོན་རྒྱ་ནག་གཞུག་བོད་ཀྱི་རི་བོ་ཚང་མེའི་ནང་ཁོག་པ་དྲུས་ནས་ལས་ཀ་མ་རབ་ཐ་ཤལ་མང་པོ་ཞིག་བྱེད་ཀྱི་ཡོད་པའི་གནས་ཚཱུལ་མང་པོ་ཡོད་པའི་རི་འདི་དེ་ཚོའི་ནང་གི་ཅིག་མན་འདྲོའི་བསམ།།
གྲོགས་ཤ་རུས་གཅིག་པ་ལགས།
དངོས་གནས་རེད། རྒྱལ་རོང་ཕྱོགས་སུ་བོན་པོ་མང་པོ་ཡོད་རེད། ད་དུང་འབྲུག་ཆུའི་རྫོང་དུའང་བོན་པོ་ཡོད་རབས་གོ།
ཁྱེད་རང་གསུང་པ་ལོས་བདེན་ང་ཚོ་ཚང་མས་རྡོག་རྩ་གཅིག་སྒྲིལ་ལོས་དགོས།
འོན་ཀྱང་ཁ་སྔོན་སྐྱེ་དགུའི་མདོར་ས་འགུལ་བྱུང་དུས་ང་ཁ་བརྡ་ཚང་གི་ནང་དུ་མེད། དེ་དུས་ང་ལ་འདིར་འཛུལ་རྒྱུའི་ཐབས་ཤེས་བྱས་ཀྱང་ང་དེ་དུས་ཨ་རིར་ཡོད་པའི་རྐྱེན་གྱིས་ཁ་བྱང་བཟོ་ཐུབ་མ་སོང༌བར་བརྟེན་འདི་ལྟའི་སྨོན་ལམ་བྱེད་རྒྱུའི་གོ་སྐབས་མ་རག་པ་མ་གཏོགས་སེམས་ལ་བརྗེད་པ་མ་ཡིན་པས་དགོང་འཇག་ཞུ། འོན་ཀྱང་སྐབས་དེར་སོ་ལན་བོན་གྱི་གདན་ས་སྨན་རིར་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེའི་གཙོས་དགེ་འདུན་མང་ཚོགས་ཀྱིས་སྨོན་ལམ་ཉིན་འགྱང་གཅིག་ཚོགས་པ་བོད་ཀྱི་དུས་བབས་ཀྱི་ནང་དུ་གསལ་བ་མ་ཟད་འདས་གསོན་གྱི་ཆེད་དུ་ཞལ་འདེབས་ཀྱང་སྤྱི་སྒེར་གཉིས་ནས་བསྡུ་རུབ་ཀྱིས་ཕུལ་ཡོད་པ་གོ་ཐོས་བྱུང་བས་དེ་དོན་དགོང་འཇག་ཞུ།
ཨཱོཾ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོཾ་མ་ཏྲི་མུ་ཡེ་ས་ལེ་འདུ།
ཨཱོཾ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོཾ་མ་ཏྲི་མུ་ཡེ་ས་ལེ་འདུ།
བདག་གིས་དགེ་བའི་རྩ་བ་དང༌། གང་ཞིག་དགེ་བ་བགྱིས་ལས་སོགས། བགྱིད་ལ་རྗེས་སུ་ཡིད་རངས་ཞིང༌། མྱུར་དུ་བྱང་ཆུབ་ས་ལ་བསྔོ། སྔ་རབས་འདས་པའི་གཤེན་རབ་ཀྱིས། དམིགས་པ་མེད་པར་བསྔོས་པ་བཞིན། བདག་ཀྱང་དེ་བཞིན་བསྔོ་བར་བགྱི།
དགེ་སྤྱོད་ཡན་ལག་བརྒྱད་པའི་མདོ་ལས་དྲངས་སོ།
འབྲུག་ཆུ་རྫོང་ནི། ད་ལྟའི་ཀན་ལྷོ་བོད་རིགས་རང་སྐྱོང་ས་ཁུལ་གྱི་ཁོངས་ཤར་ཕྱོགས་སུ་ཡོད། ས་ཆ་དེ་ནི་རྒྱ་བོད་གཉིས་ཀྱི་ས་མཚམས་ཤིག་ཏུ་ཁེལ་གྱི་ཡོད་པ་དང་། ཡུན་རིང་པོ་ཞིག་ནས་རྒྱ་བོད་གཉིས་མཉམ་གནས་བྱས་ཡོད་པའི་ས་ཆ་ཞིག་ཡིན་འདུག ༡༩༩༩ལོའི་མི་འབོར་ལྟར་ན། མི་འབོར་ཆིག་འབུམ་ཉི་ཁྲི་དགུ་སྟོང་ལྷག་ཡོད་འདུག ༡༢༩༨༥༨
ས་ཆ་དེའི་མཐོ་ཚད་ནི། མཚོ་ངོས་ལས་མི་ཊར་ཆིག་སྟོང་ཡས་མས་དང་། འབྲུག་ཐར་གྱིས། ས་དེའི་བོད་རིགས་རྣམས། གཙོ་བོ་འབྲུག་དཀར་གཙང་བོའི་ངོགས་གཉིས་ཀྱི་ཆུ་བར་དང་། འབའ་གཙང་། མདའ་ཡུལ། གླུ་རྩེར། བོད་རྩ། ཁམས་སྒང་། ཅང་ཕན།ནན་ཡུལ་རྣམས་དང་། གུང་པ་ཆུ་བོའི་འབབ་རྒྱུད་ཀྱི་ལྟག་ཉིན་དང་། གུང་པ། ཐེམ་པ། དཔའ་ལུང་། སན་ཅོ་ཕེང་། བོད་ཡུལ། ཚ་སྒང་རྣམས་སུ་གནས་པར་བཤད།
ཁྲིན་ཆིན་ཡུན་གྱིས། ཆེས་གནའ་སྔ་མོར་ས་ཆ་དེར་པེ་མའམ་རྟ་དཀར་རིགས་ཡོད་པ་དང་། རྗེས་སུ་ཆང་གིས་བཟུང་། ཐང་གི་སྐབས་སུ་བོད་ཀྱིས་བཟུང་། ཁོང་ཚོ་ནི་བོད་ཀྱི་རྟ་དམག་གི་རྒྱུད་པ་ཡིན་པ་དང་། ཆས་གོས་ཀྱི་ཐོག་འདས་པའི་དུས་ཀྱི་རྟ་དམག་གི་ཁྱད་ཆོས་ཡོད་པར་བཤད།
འབྲུག་ཐར་གྱིས་དུང་དཀར་ཚང་གི་གསུང་ཞིག་དྲངས་པ་ལྟར་ན། ་་དེང་སང་གི་འབྲུག་ཆུ་རྫོང་ཁོངས་ཀྱི་བོད་རིགས་ནི། ཆོས་རྒྱལ་མེས་དབོན་རྣམས་ཀྱི་སྐུ་རིང་དུ། བོད་ལྗོངས་ལྷོ་ཁའི་ཀོང་པོ་རྒྱ་མདའ་ས་ཁུལ་ནས་དྲངས་པའི་ས་མཚམས་སྲུང་བའི་རྟ་དམག་གི་རྒྱུད་པ་ཡིན། དེའི་རུས་ནི། བོད་ཀྱི་རུས་ཆེན་གསུམ་གྱི་ནང་ཚན་ལྡོང་ཡིན་ལ། དུས་རབས་དགུ་པར་བོད་བཙན་པོའི་གཅིག་གྱུར་རྒྱལ་ཁབ་སིལ་བར་ཐོར་མུས། དབུས་ཕྱོགས་སྲིད་གཞུང་དང་འབྲེལ་བ་ཆད་དེ་སི་ཁྲོན་མའོ་ཝུན་དང་། བསྟན་པ། ཟུང་ཆུ། ཀན་སུའུ་ཐེ་བོ། ཐེ་རྒྱུད། བ་ཙེ། འབྲུག་ཆུ་བཅས་ཡུལ་ཁག་རྣམས་སུ་བཀྲམ་ནས་སྡོད་དགོས་བྱུང་མོད། སྐད་རིགས་དང་། ཡུལ་སྲོལ་གོམས་གཤིས། ཆོས་ལུགས་གྲུབ་མཐའ། ཡུལ་མིང་དང་མི་མིང་བཅས་ནི། གདོད་མའི་སྲོལ་མ་ཆགས་མ་ཉམས་པར་གནས་ཏེ། དཔེར་ན། དུས་ཆེན་རྣམས་སུ་ལྷ་བསང་བཏང་ནསཡུལ་ལྷ་གཞི་བདག་ལ་མཆོད་བཀུར་བྱེད་དུས་ཀོང་པོ་རོང་གི་གཞི་བདག་གི་མཚན་འབོད་པ་དང་། ཡུལ་གོམས་གཤིས་ལུགས་ཀྱི་ཆ་ནས་དཔྱད་ནའང་། གནའ་སྔ་མོའི་བོད་ཀྱི་རྟ་དམག་གི་ཆ་བྱད་རྒྱུད་འཛིན་བྱས་ཡོད་་ ཅེས་དང་། འབྲུག་ཐར་གྱིས། ་་འབྲུག་ཆུ་རྫོང་ཁོངས་བོད་ཡུལ་ཞང་ཁག་གི་བོད་རྣམས་ཀྱིས་རང་ཚོར་སྡེ་བ་པ་ཟེར་ཞིང་། དོན་དངོས་ན་ཆབ་མདོ་དང་སྡེ་ཆེན་སྦམ་རྩེ་རགས་ནས་མཆེད་པ་ཡིན་ཞིང་། རང་གི་ཕ་ཡུལ་མི་བརྗེད་པའི་ཕྱིར་ཡུལ་གསར་པ་དེ་ལ་བོད་ཡུལ་ཞེས་མིང་བཏགས། གཞན་ཡང་། ཚ་སྒང་ཞེས་པའི་ཞང་ཁག་གི་མིང་ཡང་མདོ་ཁམས་སྒང་དྲུག་གི་ནང་གསེས་ཚ་བ་སྒང་གི་བསྡུས་མིང་ཡིན་་ སོགས་གསལ་ན་དེ་དང་དེར་བལྟ་བར་རིགས་སོ།
འདི་དག་ལྟར་ན། མི་རྒྱུད་ཀོང་པོ་དང་ཁམས་ལ་འབྲེལ་བ་ཡོད་པ་དང་། གོང་དུ་སུ་ཞིག་ནས། ཁོང་ཚོའི་སྐད་དེ་ཁམས་སྐད་དང་ཉེ་བ་ཞིག་བཤད་པ་དེར་རྒྱུ་མཚན་ཡོད་པ་འདྲ།
བླ་བྲང་དུ། ཟ་ཁང་དང་མགྲོན་ཁང་སོགས་ནང་ཞབས་ཞུ་གནང་མཁན་གྱི་འབྲུག་ཆུའི་བུ་མོ་དེ་འདྲ་འགའ་རེར་ཐུག ཚུར་སྐད་ཆ་རྒྱ་སྐད་བཤད་གི་འདུག ཁྱེད་ཚོ་གང་ནས་ཡིན་དྲིས་པ་ཡིན། ངེད་ཚོ་འབྲུག་ཆུ་ནས་ཡིན་ཟེར། ཁྱེད་ཚོས་བོད་སྐད་བཤད་མི་ཤེས་སམ་ཞེས་དྲིས་པར། ཤེས། འབྲུག་ཆུའི་སྐད་ཤེས་ཟེར། ང་རང་ད་བར་ཕྱི་ལོགས་སུ་འཁྱམ་ནས་དབུས་སྐད་དང་ཁམས་སྐད་གང་ཡིན་ནའང་ཕལ་ཆེར་མི་གོ་བ་མེད་པས་ཁོང་ཚོའི་སྐད་དེའང་གོ་གི་རེད་བསམས་ནས། འབྲུག་ཆུའི་སྐད་ཤོད་དང་ཟེར་ནས་ཕར་ཨུ་ཚུགས་བརྒྱབས་པ་ཡིན། འབྲུག་ཆུའི་སྐད་ཁ་ཤས་བཤད་སོང་རྩ་ནས་གོ་གི་མི་འདུག དེ་ནས་མིང་ཁ་ཤས་ལ་དམིགས་བཙུགས་ཀྱིས་འདི་དང་འདི་ལ་ཅི་ཟེར་ཟེར་ནས་དྲིས་པར། གོ་མ་མྱོང་བ་རྐྱང་བཤད་ཡོང་གི་འདུག ད་ཀོང་པོ་བ་ཞིག་དེར་སོང་ན་གོ་བརྡ་འཕྲོད་ཀྱི་ཡོད་ན་མེད་ན་གང་ཤེས།
ལ་སྟོད་བུ་ལགས་འགྲེལ་བཤད་གནང་པ་ཐཱུགས་རྗེ་ཆེ་ངས་དུས་བབ་ལ་དོ་སྣང་བྱེད་རྒྱུ་ཉུང་པའི་སྐྱོན་རེད་དགོངས་པ་མ་འཚོམས།།
ལྷ་སྨོན་ལགས། འབྲུག་ཆུ་ནས་ཡིན་པའི་ཡར་འཕེལ་ཟེར་བ་ཞིག་ཨ་རིའི་Portland , Oregonཡོད་ཀྱང་ང་ལ་ཁོང་གི་ཁ་བྱང་སོགས་གང་ཡང་མེད། དེ་མིན་འབྲུག་ཆུ་དང་བར་ཐག་ཉེ་ཞིང་སྐད་དང་ཆས་གོས་གཅིག་པའི་ད་ལྟ་ཐེ་བོའི་རྫོང་ཁུངས་སུ་གཏོགས་པའི་མི་སྣ་ཁ་ཤས་རྡ་སར་ཡོད། འབྲུག་མི་ཐུག་ཀྱང་ཐེ་བོ་ཡིན་ཟེར་བ་ལས་འབྲུག་ཆུ་ཡིན་ཟེར་མཁན་ཧ་ཅང་ཉུང་། རྒྱུ་མཚན་ནི་གནའ་བོད་ལོ་རྒྱུས་ཐོག་འབྲུག་ཆུ་ཐེ་བོའི་ཆ་ཤས་ཤིག་ཡིན་པས་རེད།
གོ་ཐོས་ལྟར་ན་འབྲུག་ཆུའི་རི་ཉིལ་གྱིས་གནོད་སྐྱོན་ཕོགས་ཡུལ་མང་ཤོས་རྒྱ་མི་ཡིན་པ་དངོས་འབྲེལ་རེད།
བྱང་ཐང་གཡག་རྒོད་ལགས།
གང་ཡང་ཡོད་པ་མ་རེད།
ནར་བ་ནོར་བ། རྒྱལ་པོའི་བུ་ལ་ཡོད།
འཛར་བ་འཛེར་བ། ཤིང་ཙན་དན་སྡོང་པོར་ཡོད།
ཅེས་པའི་དཔེ་ལྟར་རེད། ཁྱེད་རང་མི་བསམ་ཤེས་ཡོད་མཁན་གཅིག་ཡིན་ས་རེད།
ཐུགས་རྗེ་ཆེ།
བརྒྱུད་ལམ་ཁག་གི་གནས་ཚུལ་ལ་གཞིགས་ན་ འདི་ ལྟ་བུའི་ཆུ་ལོག་གི་གནོད་ འཚེ་ཆེན་པོ་ཞིག་ཡོང་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི་རྒྱ་ནག་གཞུང་གིས་ཁོར་ ཡུག་གསུང་སྐྱོབ་ལ་དོ་སྣང་ཆུང་བའམ་ཡང་ན་རང་བྱུང་ཁམས་ལ་གཏོར་སྐྱོན་ཚད་ལས་ བརྒལ་བ་བཏང་བས་རྒྱུ་ཁོ་ནར་རག་ལས་ཡོད་འདུག
དེ་ཡང་འབྲུག་ཆུ་རྫོང་ས་ཆུ་སྲུང་འཛིན་ ལས་ཁུངས་ནས་ བཏོན་པའི་༼འབྲུག་ཆུ་རྫོང་ ཆུ་གློག་སྔོག་འདོན་འཛུགས་སྐྲུན་ཁྲོད་ས་ཆུ་སྲུང་འཛིན་སྔོན་འགོག་དོ་དམ་གྱི་ བྱེད་ཐབས༽ཟེར་བའི་རྩོམ་ཡིག་ཏུ། ཕྱི་ལོ་༢༠༠༣ ནས་ ༢༠༠༧བར། ཆུ་གློག་སྔོག་འདོན་འཛུགས་སྐྲུན་གྱི་ལས་འཆར ༥༣ ལ་གན་རྒྱ་བཞག་ཟིན་པ་དང་། ཆུ་གློག་སྔོག་འདོན་འཛུགས་སྐྲུན་ལས་འཆར་༤༡ བསྐྲུན་ཟིན་པའམ་སྐྲུན་མུས་དང་། རྣམ་གྲངས་ ༡༢ ཙམ་གྱི་སྔོན་འགྲོའི་ལས་དོན་འཕྲད་དུ་འགོ་འཛུགས་ཞུ་འཆར་ཡིན། ཆུ་གློག་སྔོག་འདོན་འཛུགས་སྐྲུན་ལས་འཆར་འདི་དག་གིས་རྫོང་ཡོངས་ཀྱི་འཛུགས་ སྐྲུན་ལས་འཆར་སྤྱིའི་བརྒྱ་ཆའི་ ༨༠ཡན་ཟིན་ཡོད། བསྐྲུན་ཟིན་པའམ་སྐྲུན་མུས་ཀྱི་ཆུ་གློག་སྔོག་འདོན་འཛུགས་སྐྲུན་ལས་འཆར་ ༤༡ འདིས་ས་ངོས་སྒུལ་སྐྱོམ་གྱི་རྒྱ་ཁྱོན་བསྡོམས་ ༣༢༢.༨༣hm2 ཟིན་ཞེས་བཀོད་འདུག
ས་གཤིས་རིག་པའི་ཆེད་མཁས་པ་དབྱང་ཡུང་ གིས་ ཀྱང་། ཐེངས་འདིའི་ས་རུད་ཀྱི་འབྱུང་རྐྱེན་ནི་འབྲུག་ཆུ་སྟོད་རྒྱུད་དུ་ཆུ་བེད་ལས་ གཞི་རྒྱ་ཆེར་སྤེལ་སྐབས ས་རྐོ་རྡོ་སློག་གི་བྱེད་ལས་ཀྱིས་ས་གཤིོས་གྲུབ་སྟངས་སོབ་སོབ་བཟོས་སྟབས་ཀྱི་ དབང་གིས་ཡིན་ཚུལ་བཤད་ཡོད།
འབྲུག་ཆུ་རྫོང་གི་དེབ་ཐེར་དུ་བཀོད་པ་ ལྟར་ན། ཕྱི་ལོ་1952ལོའི་ཟླ་ ༨་ནང་འབྲུག་ཆུ་ནགས་ལས་ཁང་བཙུགས་པ་ནས་ཕྱི་ལོ་ 1990ལོའི་བར། བསྡོམས་ཤིང་ནགས་མུའུ་ཁྲི་ 189.75གཅོད་འབྲེག་བྱས་ཡོད་པ་དང་། དེའི་ཁར་འབུད་ཤིང་དང་གང་བྱུང་ཤིང་ནགས་གཅོད་འབྲེག་གཏུབ་གསུམ་བྱེད་པ། ཤིང་ཆས་ནག་ཚོང་དང་རྐུ་འཁྱེར་སོགས་ཀྱི་རྐྱེན་པས་རྫོང་ཡོངས་ཀྱི་ཤིང་ནགས་ལོ་ རེར་མི་ཊར་རྒྱ་དཔངས་གྲུ་བཞི་མ་ཆིག་འབུམ་ཙམ་ཇེ་ཉུང་དུ་འགྲོ་བཞིན་ཡོད་པས། སྔོ་ཁེབས་ལ་གཏོར་བརླགས་ཚབས་ཆེན་དང་། སྐྱེས་ཁམས་ཁོར་ཡུག་ལ་ཚབས་ཆེའི་གཏོར་སྐྱོན་ཐེབས་ཡོད་འདུག
ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ གཞུང་ སྒྲུབ་ཁང་གིས་ཀན་སུའུ་ཞིང་ཆེན་ གཏེར་རྫས་ཐོན་ཁུངས་སྤྱིའི་འཆར་འགོད་དཔར་འགྲེམས་ཀྱི་བརྡ་ཁྱབ་ཅེས་པ་ཞིག་༢༠༠༣ ཟླ་༣ཚེས་༢༡ཉིན་བཀྲམ་པ་ལྟར་ན། གཏེར་ཁ་སྔོག་འདོན་གྱི་རྐྱེན་ལས་རི་ཉིལ་བ་དང་། གད་པ་རྡིབ་པ། འདམ་རུད་དང་ས་ཆུ་ཤོར་བ་སོགས་ས་གཤིས་ཀྱི་གནོད་སྐྱོན་གྱིས་ལོ་རེར་དཔལ་འབྱོར་ གྱི་གྱོང་གུད་རྒྱ་སྒོར་དུང་ཕྱུར་༦ ནས་༨ ཐེབས་པ་དང་། དེས་རྫོང་འདིའི་རང་བྱུང་གནོད་འཚེའི་གྱོང་གུད་ཀྱི་སྤྱིའི་སུམ་ཆའི་གཅིག་ཙམ་ ཟིན་པ་དང་། རྒྱ་ནག་རྒྱལ་ཡོངས་ཀྱི་ཆ་སྙོམས་ཚད། བཞི་ཆའི་གཅིག་ལས་ཆེས་ཆེར་མཐོ་བ་ཡོད་ཅེས་བཀོད་འདུག
ལན་ཀྲོའུ་སློབ་གྲྭ་ཆེན་མོའི་རིག་གཞུང་ དུས་དེབ་སྟེང་ བཀོད་པའི་འབྲུག་ཆུ་ དཀྱིལ་རྒྱུད་ནས་རི་ཉིལ་འདམ་རུད་འགོག་བཅོས་མ་ལག་དང་བྱེད་ནུས་ལ་ཞིབ་འཇུག་ཅེས་ པའི་རྩོམ་ཡིག་ཏུ། ནགས་ཚལ་གཏོར་ནས་ས་སྦོལ་དང་། རི་གཟར་ངོས་སུ་ས་ཞིང་འདེབས་ལས། འོས་འཚམ་མིན་པའི་གཏེར་སྔོག་ས་རྡོ་འགད་རྫས་ཀྱིས་གཏོར་བ། ལམ་བཟོ། ཆུ་གློག་ལས་གཞི་འཛུགས་སྐྲུན་དང་འཛུགས་སྐྲུན་ལས་གཞི་གཞན་དག་སོགས་ཀྱི་རྐྱེན་ ལས། ས་འཛིན་བརྟན་ཆ་ཤོར་བ་དང་། གད་རྡིབ། རི་ཉིལ་དང་འདམ་རུད་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ཅེས་བཀོད་ཡོད་པ་ སོགས་ལ་གཞིགས་ན་ཐེངས་འདིའི་ཆུ་ལོག་འདམ་རུད་ཀྱི་གནོད་འཚེ་འདི་ནི་རྒྱ་གཞུང་ གིས་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གཏོར་བཅོམ་ཚབས་ཆེན་བྱས་པའི་མཇུག་འབྲས་ངན་པ་ ཞིག་ཡིན་པ་དངོས་ཡོད་གནས་ཚུལ་གྱི་ཐོག་ནས་ཤེས་རྟོགས་ཐུབ་པ་ཞིག་རེད།
གོང་དུ་མཆན་༤༣ པར་འབྲུག་ཆུའི་སྐོར་ངོ་སྤྲོད་མ་སྟོང་ཙམ་བྱས་ཟིན་པའི་ནང་། རྒྱ་བོད་གཉིས་མཉམ་གནས་བྱས་ཡོད་པ་ཙམ་ལས་བཤད་མེད་པས་ད་འདིར་དེར་ཁ་གསབ་ཉུང་ཙམ་ཞིག་བྱ་བར་འདོད། འབྲུག་ཆུ་རང་ནས་ས་སྐྱེས་རྡོ་སྐྱེས་ཀྱི་མི་ཞིག་གིས་འབྲུག་ཆུའི་སྐད་ཀྱི་སྐོར་དཔྱད་རྩོམ་ཞིག་འོད་ཟེར་གྱི་དྲ་གནས་སུ་བཀོད་པ་ལྟར་ན། འབྲུག་ཆུར་རྒྱ་མི་ཁེ་གཙང་ཡིན་པའི་སྡེ་ཚོ་གཉིས་དང་གཞན་རྒྱ་བོད་གཉིས་ཀ་ཡོད་པའི་སྡེ་ཚོ་ཉུང་ཤས་ཤིག་ཡོད་པ་ལས་གཞན་ས་ཆ་མང་ཆེ་བར་བོད་མིའི་སྡེ་ཚོ་ཡིན་པར་བཤད། ས་ཆའི་སུམ་ཆ་གཉིས་བོད་སྡེས་བཟུང་ཡོད་འདུག་ཀྱང་བོད་མིའི་མི་འབོར་གྱིས་བརྒྱ་ཆ་སོ་གཉིས་མ་གཏོགས་ཟིན་མི་འདུག གནས་དེར་རྒྱ་བོད་གཉིས་ཀ་ཡོད་ནའང་། རྩ་བའི་ཆ་ནས་རྒྱ་བོད་གཉིས་ཀྱི་བར་འབྲེལ་བ་ཆེན་པོ་བྱུང་མེད་པར་བཤད། བོད་མི་ཚོས་བོད་མི་ནང་ཁུལ་གཉེན་སྒྲིག་དང་རང་གི་ཡུལ་གོམས་གཤིས་ལུགས་བཟུང་ཞིང་། རྒྱ་མི་ཚོས་ཁོང་རང་ཚོའི་ཡུལ་གོམས་གཤིས་ལུགས་བཟུང་ནས་མི་རབས་མང་པོ་བསྐྱལ་འདུག དེ་ལྟར་ཀྱང་། ཕན་ཚུན་བར་གཅིག་གཅིག་ལ་ཤུགས་རྐྱེན་གང་འཚམས་ཤིག་ཐེབས་ཡོད་པ་ནི་བཤད་ཅི་ལ་དགོས།
འབྲུག་ཆུའི་སྐད་དེ་ང་ཚོས་རོབ་ཙམ་གླེང་བ་ལྟར། ཨ་མདོའི་ཡུལ་ཁག་གཞན་པ་དང་མི་འདྲ་བ་མ་ཟད་འབྲུག་ཆུ་རང་གི་ནང་དུ་སྐད་མི་འདྲ་བ་གསུམ་ཙམ་ཡོད་པར་བཤད་འདུག ཡིན་ནའང་། ཁོང་ཚོའི་ནང་ལོགས་སུ་སྐད་མི་འདྲ་བ་དེ་ཚོའི་བར་སྐད་བརྡ་འཕྲོད་ཐུབ་པར་བཤད། འབྲུག་ཆུའི་སྐད་ནང་ལོགས་སུ་ཁྱད་པར་ཡོད་པ་མ་ཟད་ཆས་གོས་དེ་ཚོར་ཡང་མི་འདྲ་བའི་ཁྱད་པར་ཅུང་ཟད་རེ་འདུག ཁོང་ཚོའི་སྐད་དང་ཆས་གོས་སྐོར་བལྟ་འདོད་ན་འོད་ཟེར་གྱི་དྲ་ཐོག་ན་འདུག་པས་དེར་ཕེབས་པར་ཞུ།
འབྲུག་ཆུའི་ནང་འཆི་རྐྱེན་བྱུང་བའི་གྲངས་འབོར་དེ། ད་ཕལ་ཆེར་ཉིས་སྟོང་༢༠༠༠ལ་སླེབས་ཡོང་གི་ཡོད་པ་འདྲ།
གོང་དུ་འབྲུག་ཆུའི་སྐོར་རྩོམ་འབྲི་མཁན་དང་ངོ་སྤྲོད་གནང་མཁན། གསོལ་བ་སྨོན་ལམ་འདེབས་མཁན་ཚང་མར་བཀའ་དྲིན་ཆེ་ཞེས་ཞུ།
དྲ་གྲོགས་ཚོས་འབྲུག་ཆུའམ་ཐེ་བོ་སྨད་མའི་གནས་ཚུལ་མང་པོ་བཀོད་པར་ཐུགས་རྗེ་ཆེ།
ང་ཚོ་ཐེ་བོ་སྨད་མའི་སྐད་ཆ་ཞིབ་ཏུ་ཉན་ན་གོ་སླ་བ་ཡིན་པ་འདྲོགས་འདྲིས་བྱས་ཟིན་པའི་མི་མང་པོས་དེ་ལྟར་བཤད་མྱོང་།
ངས་ཐེ་སྨད་སྐད་བརྒྱ་ཆ་བདུན་ཅུ་ཙམ་ཧ་གོ་གིན་ཡོད།