རྟ་ནག་པས….
དང་པོ་འབྲུག་ཆུ་ལ་འཁྲེང་པའི།།
བར་དུ་འབྲུག་ཆུ་ཡིས་བསྙོར་བའི།།
ཐ་མར་འབྲུག་ཆུ་ཡིས་བཅོམ་པའི།།
ངའི་ཤ་རུས། ངའི་ཟུངས་ཁྲག ངའི་རིགས་བརྒྱུད་འཁྲུལ་མེད།
ཁྱེད་ཚོ་བཙན་པོའི་དམག་ཡིན། ང་ཚོའི་རྨི་ལམ་གཅིག་ཡིན།
དང་པོ་བཙན་པོ་ཡིས་མངགས་པའི།།
བར་དུ་མཐའ་སྲུང་དུ་ལྷགས་པའི།།
ཐ་མར་སྐྱབས་བྲལ་དུ་གྱུར་པའི།།
ངའི་སྙིང་སྟོབས། ངའི་དམག་དར། ངའི་ཁྲག་རྒྱུད་གཤའ་མ།
ཁྱེད་ཚོ་གངས་སེང་བུ་ཡིན། ང་ཚོའི་ངར་སྐད་གཅིག་ཡིན།
ལུས་པོ་ཤྭ་འོད་ཀྱིས་ཁྱེར་བའི།།
སེམས་པ་སྡུག་བསྔལ་གྱིས་འཚིར་བའི།།
ལུས་སེམས་འབྲུག་ཆུ་ཡིས་གཏོར་བའི།།
ངའི་ནང་མི། ངའི་ཡུལ་མི། ངའི་བཙན་པོའི་དཔུང་རྒྱུད།
ང་ཚོའི་སེམས་པ་གཅིག་ཡིན། ང་ཚོའི་ལག་རྡང་གཅིག་ཡིན།
གཞས་ཚིག་སྙན་མོ་ཡིན་པ་ལ་དོན་ཡང་ཟབ་མོ་འདུག་ གཞས་པ་ཡག་པོ་ཞིག་དང་འཕྲད་པར་སྨོན།
ངོ་ནས་གླུ་ཚིགས་ཡག་པོ་ཞིག་བྲིས་འདུག། ལེན་མཁན་ཡག་པོ་ཞིག་གིས་ལེན་རྒྱ་གལ་ཆེ་པོ་འདུག། ཕྱི་ལོགས་ཀྱི་གླུ་བོ་ཚོའི་གླུ་ཚིགས་འདི་མོ་ཁ་ནང་ནས་ཐོན་ཁག་ཡོང་།
“ང་ཁྱོད་ལ་དགའ་གི་འདུག་། ”
“མ་ངུ་བསམ་ན་ཡང་ངུ་གི་འདུག་།” སོགས་ཡང ན་། “བུ་མོ་ཞིག་འགྲོ་གི་འདུག། འགྱུར་རྟྰ་དམར་པོ་ཞིག་གོན་བཞག། ལྟ་གི་ལྟ་གི་འགྲོ་སོང་།” སོགས་གླུ་ཚིགས་དང་གླུ་བ་དོ་མཉམ་དག་ཡིན།
རྟ་ནག་པ་ལགས་། གླུ་བ་ཡག་པོ་ཞིག་གི་ཁས་ལེན་མ་བྱས་ན་། ང་སྦྲ་ནག་གི་ངུ་ཞོར་ལ་ལེན་དགོས།
འབྲུག་ཆུ་བ། སྤོབས་པ་བསྐྱེད་ཅིག
དུས་ཚིགས་ཀྱི་སྔ་གཞུག་དེར
མི་སེམས་ཀྱི་རྣམ་ཤེས་བསྡུས་པའི་ནངས་མོ་དེར
རིགས་ཞེན་གྱི་ན་ཟུག་གིས་སློང་པའི་ང་ཚོས
གོད་ཆག་ཁྲོད་ཀྱི་འབྲུག་ཆུའི་མི་དམངས་དྲན
སྡུག་ཡུས་ཀྱི་སྨྲེ་བསྔགས་ཐོས
དུར་ཐང་གི་འོ་དོད་འཇགས་ཕྱིར
ང་ཚོས ཕྱི་རོལ་ནས་མ་ཎི་རེ་འདོན
ང་ཚོས གསོན་པོ་ཚོའི་ཆེད་དུ་ཅི་འཇོན་བལྟ
ངའི་ཁྲག་རྒྱུན་གཅིག་པའི་འབྲུག་ཆུ་བ
སེམས་མ་སྐྱོ། འབྱུང་བ་ལ་ལྡོག་ཐབས་མེད་ཀྱང་
མཐུན་སྒྲིལ་དང་རིགས་ཞེན་ལ་ནམ་ཡང་འགྱུར་བ་མེད
ང་ཚོ་དུས་གཏན་དུ་ཁྱེད་ཅག་དང་ལྷན་དུ་ཡོད
འབྲུག་ཆུ་བ སྤོབས་པ་བསྐྱེད་ཅིག
སྐྱེ་འཆི་ལ་རང་དབང་མེད་པའི་གནམ་འོག་འདི་ནས
ང་ཚོ་བསྐལ་བའི་བར་དུ་བོད་པ་ཡིན
བོད་མི་ཚོ ནམ་ཡང་ཁྱེད་ཅག་དང་ཤི་གསོན་འབྲེལ་ནས་ཡོད
ངས་ཀྱང་རང་ཉིད་ལ་སྐད་ངག་མེད་ཀྱང་། གླུ་ཚིག་འདི་བྲིས་དེ་ཉིན་མ་ཁ་ཤས་ཤིག་སོང་ཟིན་པ་དང་། ཁ་བརྡ་ཚང་གི་རྡོར་དབང་གི་མིང་ཐོག་དུ་ཞལ་འདེབས་སུ་སྐུར་ན་ཡང་། དེང་སང་ཁོང་ཉིད་ལས་བྲེལ་གྱི་གློག་འཕྲིན་ཀློག་རྒྱུའི་དུས་ཚོད་མེད་པ་འདྲ། དེ་ཡིན་དུས། ངས་ཀྱང་རྟ་ནག་པ་ལགས་ཀྱི་གླུ་གཞས་དང་འགྲོགས་ནས་འདི་རུ་དྲངས་པ་ཡིན།
གནའ་དུས་་་་་བཙན་བོ་ཡི་དུས་སུ།
སྨད་ཕྱོགས་ཀྱི་རྒྱ་མཚམས་སྲུང་བར།
མངགས་པའི་དམག་བརྒྱུད་གྲགས་པའི་་་་འབྲུག་ཆུ་བ།
ཨ་་་་ང་ཡི་སེམས་ཁུང་ན་འབར་བའི་འབྲུག་ཆུ་བ།
བཙན་བོ་ལྷ་སྲས་ཀྱི་གདུང་བརྒྱུད།
གངས་ཅན་ཤ་ཕྲག་རུས་གསུམ།
ང་ཡི་སྤུན་ཟླ་ལགས།
གནའ་དུས་སྙིང་སྟོབས་ཀྱི་དར་ཆ་འཕྱར་ནས
འབྲུག་དཀར་ཀྱི་རླབས་རྒྱུད་རེ་རེར།
རྒྱལ་ཁ་ཡི་ལོ་རྒྱུས་བྲིས་མྱོང་།
ཨ་་་ང་ཡི་འབྲུག་ཆུ་བ།
དེ་རིང་་་ལོ་རྒྱུས་ཀྱི་གོད་ཆག་ཀློང་ནས།
སེམས་ཁུང་གི་མཆོད་མེ་རྐང་གཅིག
རེ་བ་དང་མིག་ཆུས་བཏེགས་ཏེ།
མ་ཎི་ཡིས་སྐྱེལ་མ་བྱས་ཡོད།
ཨ་་་ང་ཡི་འབྲུག་ཆུ་བ།
འཇིགས་སྣང་དང་ཕྱིར་ལྟ་མེད་པར།
ག་ལེར་ཕེབས།
འདི་ན་མ་ཎི་ཡི་མཆོད་འབུལ་སྟོང་གིས།
བདེ་བདེན་གྱི་འོད་སྣང་བསྐྲུན་ཡོད།
འབྲུག་ཆུ་པའི་དཔའ་སྐད། གདོད་མིའི་དུས་སུ་གདོང་དམར་སྲིན་པོའི་རྒྱུད། །ཕས་རྒོལ་སྲོག་ལ་སྤུ་གྲི་བསྣུན་པའི་བུ། །སྲིད་པ་ཆགས་པའི་ས་བདག་འབྲུག་ཆུ་པ། །བཙན་པོའི་དུས་ནས་རང་ཚུགས་ཤོར་རབས་མེད། །རེ་ཞིག་རང་དོན་གཉེར་བའི་ཆོམ་པོ་འགས། །བཙན་པོའི་རྒྱལ་ཁབ་སིལ་བུར་གཏོར་བའི་སྐབས། །ཁེར་རྐྱང་བཙན་ས་འཛིན་པའི་འབྲུག་ཆུ་བ། །སྤོབས་པའི་འཁྲི་ཤིང་ནམ་ཡང་ཆག་རབས་མེད། །སྐབས་སྐབས་རྒྱ་སོག་བོད་དང་ཁ་ཆེ་སོགས། །ཁོལ་བུར་གཡུལ་གྱི་སྦྱོར་བ་ལ་ཞུགས་ཚེ། །དགྲ་གཉེན་གསལ་བོར་འབྱེད་པའི་འབྲུག་ཆུ་བ། །མེས་པོའི་ཕ་ཆས་བཙོང བའི་ལོ་རྒྱུས་མེད། །མནྫུ་ལ་སོགས་ཆེན་པོའི་རྒྱལ་ཁབ་ལ། །ཕྱི་ནས་བསྟུན་ཤེས་དོན་དུ་བོད་དོན་གཉེར། །མཁས་མཛང་ལ་རྒྱ་གཉེར་བའི་འབྲུག་ཆུ་བ། །ཁྱིམ་མཚེས་རུ་སྡེས་ཁྱོད་ལ་བསྔགས་པ་བརྗོད། །དུས་ཀྱི་རྒུད་པས་མ་རུངས་གཡུལ་འཐབས་ལས། །བསིལ་ལྗོངས་བསྟན་སྲིད་ལྷག་མར་བྱས་པའི་ཚེ། །སྐྱིད་སྡུག་མཉམ་ཁུར་བྱེད་པའི་འབྲུག་ཆུ་བ། །བཙོན་རའི་ནང་ནས་ཆིག་སྒྲིལ་སློབ་གསོ་བྱས། །ད་ལྟ་འབྱུང་བཞིས་དུར་ས་བསྐྲུན་པའི་སྐབས། །སྡུག་བསྔལ་འདུས་བྱས་མི་རྟག་ཆོས་ཉིད་དུ། །བསམ་ཏེ་དཔའ་སྐད་འདོན་པའི་འབྲུག་ཆུ་བ། །བསིལ་ལྗོང་ཕུ་ནུའི་སྙིང་ཁྲག་ཁྱོད་དང་འདྲེས། །ལྷན་ཅིག་ཕྱི་མའི་རྫོགས་ལྡན་བསུ་རུ་འགྲོ། ། མགོ་བོ་མ་སྨད་བཙན་པོའི་དམག་གི་དཔུང་། །ཐུགས་ཁྲལ་མ་གནང་རིགས་རུས་གཅིག་པའི་སྤུན། །གསོན་གཤིན་ཡོངས་ཀྱིས་སྨོན་པའི་དམུ་ཐག་དེ། །མེས་དཔོན་གསུམ་གྱིས་འདྲེན་པས་དགྱེས་པར་མཛོད། །ཅེས་པའང ་བོད་ཕྲུག་དབང་ཆེན་གྱིས་འབྲུག་ཆུའི་གསོན་གཤིན་རྣམས་ལ་ཕུལ་བའི་ཡི་གེའོ།
ཆད། ང་ཡི་བརྩེ་བའི་སྙིང་ཁྲག་ཁྱོད་ལ་བགོ། །ཁྱོད་ཀྱི་ལ་རྒྱའི་རུ་མཚོན་གནམ་ལ་ཕྱོར། །ཕུ་ནུ་མཉམ་འཛོམ་སྐྱིད་དོ་འབྲུག་ཆུ་བ། །ལྷན་ཅིག་ཕྱི་མའི་རྫོགས་ལྡན་བསུ་རུ་འགྲོ། །
རྟ་ནག་པ་ལགས།
ཁྱེད་ཀྱིས་འབྲུག་ཆུ་ལ་མྱ་ངན་གྱི་གཞས་ཚིག་ཕུལ་བར་ཐུགས་རྗེ་ཆེ།
བསེ་རོང་འོད་ཟེར་ལགས། ངའི་གློག་འཕྲིན་གྱི་ཁ་བྱང sonamgongchoe@gmail.com འདི་སྟེང་ཉིད་ཀྱིས་འབྲེལ་བ་ཞིག་གནང་བའི་རེ་བ་ཡོད། ཐུགས་རྗེ་ཆེ།
མྱ་ངན་གྱི་གཞས་ཚིག་འབྲི་ན་དཔྱད་རིན་ཡོད་པའི་གཞས་ཚིག་བྲིས་ན་ཕན་གྱིན་རེད་སྙམ།
གོང་གི་་་རྩམ་དགའི་གཞས་ཚིག་དེ་ལ་ཆད་ལྷག་གི་སྐྱོན་རེ་ཟུང་འདུག་པ་ལས་དཔྱད་རིན་དང་ཉན་རིན་ཡོད་པའི་གཞས་ཚིག་ཅིག་རེད་སྙམ། ཐུགས་རྗེ་ཆེ།
ཨ་ནུ་ཐང་བསོད་ནམས་ལགས།
ཁྱེད་ཀྱིས་ཁ་བྱང་གནང་བར་ཐུགས་རྗེ་ཆེ།
ངས་ཁྱེད་ལ་འཕྲིན་ལན་བཏང་ཡོད།
བསེ་རོང་འོད་ཟེར་ལགས། དངོས་གནས་ཐེ་བོ་མི་མང་ནས་དེ་ལྟར་མཆོད་འབུལ་རྒྱས་བ་ཞིག་བྱེད་པ་ལ་རྗེས་ཡི་རིང་ཡོད། ཁྱོད་ཀྱིས་རྩོམ་ཡག་པོ་འབྲི་ཐུབ་པས་གལ་ཏེ་ཁྱོད་ལ་ཆུ་ཚོད་ཡོད་ན་ཐེ་བོ་མི་མང་ནས་མཆོད་འབུལ་བྱེད་པའི་དཔར་ཁ་ཤས་དང་དེའི་སྐོར་ལ་འགྲེལ་བཤད་ཞིག་དང་མཉམ་དུ་ཁ་བརྡ་དྲྭ་རྒྱ་དང་དུས་བབས་དྲྭ་རྒྱ་དུ་བཀོད་ཐུབ་པར་ཞུ། དེ་ནི་ང་ཚོ་མི་སྐོར་ཞིག་རེ་བ་ཡིན།
good
བསེ་རོང་འོད་ཟེར་ལགས།
ང་ལ་ཡི་གེ་གང་ཡང་འབྱོར་མ་སོང་བས་ཡང་སྐྱར་ཚོད་ལྟ་ཞིག་གནང་བའི་རེ་བ་ཡོད། ཐུགས་རྗེ་ཆེ།
ཨ་ནུ་ཐང་བསོད་ནམས་ལགས།
ངས་ཐེངས་གསུམ་ཙམ་བཏང་ཡང་ཁྱེད་ཀྱི་ཁ་བྱང་འདིའི་སྒང་ནས་འགྲོ་གིན་མི་འདུག་པས་ཁྱེད་ཀྱིས་ང་ལ་ཁ་བྱང་འདིའི་སྟེང་ནས་ thewowoser@yahoo.com ་འབྲེལ་བ་གནང་བའི་རེ་བ་ཡོད།