པདྨ་ནས།
བོད་བཙན་པོོའི་དུས་རབས་ཀྱི་སྐབས་སུ་འཛམ་གླིང་སུམ་ཆ་གཉིས་ལ་དབང་བསྒྱུར་བྱས་པའི་ལོ་རྒྱུས་ལ་ཕྱི་མིག་གིས་བལྟས་ཚེ་ངེས་པར་བོད་སྐད་འདི་གཞི་རྒྱ་ཆེན་པོ་ཞིག་དང་གལ་ཆེན་པོ་ཆགས་ཡོད། བོད་ཀྱི་གསུང་རབ་རྣམས་ཀྱི་བརྡ་ཆད་ལ་བསམ་ན་ཀུན་མཁྱེན་ཀློང་ཆེན་པས་བོད་དབུས་གཙང་གི་སྐད་གང་བཟང་་བཟང་དུ་བསྒྱུར་ཞེས་གསང་འགྲེལ་ཕྱོགས་བཅུའི་མུན་སེལ་དུ་གསུངས་འདུག་པས་བོད་དབུས་གཙང་གི་སྐད་ཐོག་ཏུ་ཡོད་པར་གསལ། བོད་ཀྱི་མཐའ་འཁོབ་རྣམས་སུ་སྐད་རིགས་འདྲ་མིན་སྣ་ཚོགས་བེད་སྤྱོད་བྱེད་བཞིན་ཡོད་པའི་ནང་ནས་ཁྱབ་ཆེ་ཤོས་དེ་ཨ་མདོའི་སྐད་དང་འབྲུག་པའི་སྐད་འདི་གཉིས་རེད། ཨམ་སྐད་དང་འབྲུག་སྐད་འདི་གཉིས་ངེད་བོད་པ་དབུས་གཙང་པ་ཞིག་གིས་ཉན་ཚེ་རྣ་བ་གསར་བར་གོ་སླ་ཤོས་ནི་འབྲུག་པའི་སྐད་རེད། ཨམ་སྐད་འདི་ཧ་ཅང་འཁྲེགས་པོ་ཞིག་ཚོར་གྱིན་ཡོད། འོན་ཀྱང་ཡི་གེ་འབྲི་བའི་ཚེ་ཨ་མདོ་པ་དང་བོད་དབུས་གཙང་གཅིག་གྱུར་ཡིན་པ་མཁས་པས་བྲིས་པའི་བསྟན་བཅོས་རྣམས་ཀྱིས་གསལ་ལྟོན་བྱས་ཡོད། དེང་སང་གི་གཞོན་སྐྱེས་མང་པོ་ཞིག་གིས་རང་རང་ལུང་པའི་ཡུལ་སྐད་མང་པོ་ཡིག་ཐོག་ཏུ་འབྲི་བཞིན་པ་དེས་བོད་ཀྱི་སྐད་ཡིག་གཅིག་གྱུར་ལ་གནོད་ཚབ་ཆེན་པོ་གཏོང་གིན་འདུག་པར་བརྟེན་སྨྱུགས་ཐོག་པ་ཚང་མས་བོད་ཀྱི་སྐད་ཡིག་གཅིག་གྱུར་ལ་ནུས་པ་འདོན་པར་བྱེད་ཀྱི་མ་བརྗེད་པར་གྱིས།
ཁྱེད་ཀྱི་རྩོམ་ཡིག་དེར་བརྗོད་བྱ་རྒྱ་ཆེ་ཞིང་། ནང་དོན་གཏིང་ཟབས་མོ་ཡོད་པར་དོགས་མི་ཟ་ཡང་། རྩོམ་ཡིག་གི་ཁ་བྱང་འབྲི་སྟང་ལ་ལྟས་ན་ཨ་མདོའི་སྐད་དེ་བོད་བོད་སྐད་མིན་པར་སྣང་གི་ཡོད་པ་དེ་ལྟར་དུ་དགོང་གི་ཡོད་དམ།
ནོར་བཅོས་*ཁ་བྱང་བྲིས་སྟང་ལ་*
པད་མ་ལགས་ནས་བོད་ཀྱི་སྐད་ཡིག་གཅིག་གྱུར་ལ་ཐུགས་བསམ་བཞེས་པ་ཤིན་ཏུ་ལེགས།
ཡིན་ན་ཡང་ཨམ་མདོའི་སྐད་དང་འབྲུག་པའི་སྐད་འདི་ཐེངས་རེ་བལྟས་ན་བོད་སྐད་འདྲ་བོ་འདུག་ཞེས་པའི་ཚིག་ཟུར་འདི་ནས་ཨ་མདོའི་སྐད་འདི་བོད་སྐད་དངོས་མ་ཞིག་མ་ཡིན་པར་བསྟན་འདུག་པས་དེ་ནི་རང་ཉིད་བོད་ཀྱི་སྐད་ཡིག་ལ་སྦྱངས་བ་ཞན་པའི་མངོན་རྟགས་ཧ་ཅང་གསལ་བོ་ཞིག་ཡིན་པ་ལས་གཞན་ཅང་མ་རེད།
ཨ་མདོའི་སྐད་འདི་ནི་བོད་སྐད་ཡིན་པ་མ་ཟད། བོད་སྐད་ནང་གི་བོད་སྐད་ཕྱི་མོ་དེ་ཡིན་པར་ཡོངས་སུ་གྲགས།
རྒྱུ་མཚན་ལས་སླ་ཏེ། ལོ་ཙ་བ་སྐ་ཅོག་ཞང་གསུམ་ནས་སྐད་གསར་བཅད་མ་བྱས་ཡར་སྔོན་གྱི་ཆོས་རྒྱལ་དག་གི་སྐུ་རིང་ལ་བོད་ཁྱོན་ཡོངས་ཀྱི་སྐད་གཅིག་གྱུར་ཡིན་པ་དང་། དེ་ཡང་ད་ལྟའི་ཨ་མདོའི་སྐད་ཀྱི་གདངས་དང་ཕྱོགས་མཚུངས་པར་རྡོ་རིང་གི་ཡི་གེ་དང་ས་འོག་ནས་རྙེད་པའི་ཡིག་རྙིང་སོགས་ལས་ར་སྤྲོད་གསལ་བོ་བྱས་ཡོད། འོ་ན་ཅིའི་ཕྱིར་ད་ལྟའི་དབུས་སྐད་དང་ཨམ་སྐད་གཉིས་ཀྱི་དབར་ལ་གདངས་ཅུང་ཙམ་མ་འདྲ་བ་འདི་བྱུང་བ་རེད་ཅེ་ན། དེ་ནི་གླང་དར་སྐབས་བོད་ཀྱི་ཆབ་སྲིད་ལ་དུས་འགྱུར་ཆེན་པོ་བྱུང་བའི་དབང་གིས་རྒྱ་ཁྱོན་ཤིན་ཏུ་ཡངས་པའི་བོད་ཀྱི་ས་ཆའི་དབུས་གཉིས་ལ་འབྲེལ་ཐག་ཆད་དེ་ལོ་ངོ་ཆིག་སྟོང་ལྷག་ཕྱིན་པའི་རིང་དེར་བྱུང་བ་ཞིག་རེད། རྒྱུ་མཚན་བོད་སྐད་གསར་བཅད་བྱས་པའི་དབང་གིས་ཡུལ་དབུས་ཀྱི་སྐད་དེ་རིམ་གྱིས་སྐད་གསར་བཅད་ཕྱོགས་ལ་བཀོལ་སྤྱོད་འགོ་ཚུགས་ཡོད་པ་དང་། བོད་ཀྱི་དབུས་མཐའ་གཉིས་ལ་འབྲེལ་ཐག་ཆད་པའི་དབང་གིས་་མཐའ་མཚམས་ཀྱི་སྐད་དེ་གསར་བཅད་ལ་བཀོལ་སྤྱོད་མ་ཐུབ་པར་སྔར་གྱི་རྙིང་བ་རང་ལ་མུ་མཐུད་ནས་ཤོད་བསྡད་པ་རེད། དེ་ལྟའང་ཡིག་ཐོག་ལ་གཅིག་གྱུར་མ་ཡིན་པ་ནི་སུ་ལའང་དོགས་པ་མེད།
པད་མ་ལགས། ཁྱེད་ཀྱིས་གསུང་སྟངས་དེ་ལ་འགྱུར་བ་ཏོག་ཙམ་བཏང་ན་ཅི་འདྲ་རེད། ཨ་མདོའི་མི་ཁ་ཤས་ཀྱི་སྐད་ཆ་དེ་བོད་སྐད་འདྲ་བོ་མི་འདུག་ཟེར་བཤད་ན་མ་འོས་པ་མེད། དཔེར་ན། དེང་སང་དྲ་ཐོག་ལ་ཨ་མདོ་ཁ་ཤས་ཀྱིས་བརྡ་དག་མི་མཐུན་པའི་ལུང་སྐད་འབྲི་བ་མཐོང་རྒྱུ་ཉུང་ཉུང་མ་རེད། དེ་ཚོས་བསམ་བཞིན་སྐད་ཡིག་གཅིག་གྱུར་ལ་བར་ཆད་གཏོང་བ་མིན་ལས་ཆེ། ཁ་བྲོ བཀྲ་ཤིས། སྨྱུག་ཐོགས་པ། ཤེས་ལྡན་པ།
མདོ་ལྷ་ཁམས་པ་ལགས་སུ་། གོང་ནས་སྐུ་ཉིད་ཀྱི་བོད་སྐད་གསར་བཅད་ཐད་དུས་ཚོད་དང་ས་གནས་དག་ལ་འབྲེལ་བཤད་ཁ་གསལ་གནང་བར་ཐུགས་རྗེ་ཆེ་། དེ་དང་འབྲེལ་བའི་བསམ་ཚུལ་ལམ་དྲི་བ་ཁག་ཞིག་ཕུལ་བར་འདོད་།
༡ རྒྱུ་རྐྱེན་ནམ་ཡང་ན་དཀའ་ཁག་ཅི་ཞིག་གི་དབང་གིས་བོད་སྐད་གསར་གཏན་འབེབ་བྱེད་དགོས་བྱུང་བ་རེད་།
༢ བོད་ལ་སྐད་གསར་གཏན་འབེབ་ཐེང་ག་ཚད་ཞིག་བྱུང་་པ་རེད་།
༣ ད་ལྟའི་ལྷ་སའི་ཁ་སྐད་དེ་་རྐྱེན་ཅི་ཞིག་གི་དབང་བོད་ཀྱི་སྐད་གསར་དུ་ངོས་འཛིན་གནང་བ་རེད་།
ཆད་། ་་ཅི་ཞིག་གིས་དབང་གི་བོད་ཀྱི་་་་
གཡག་ལྡོམ་མིང་ཅན་ནས་གུས་པའི་མཆན་ལ་དོ་སྣང་བྱུང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་།
དྲི་བ་ཁག་གསུང་བཀོད་པ་དེར་ཡང་དགའ་སྤྲོ་ཆེ། འོན་ཀྱང་ཁྱེད་ལ་དྲི་ལན་དེ་ཚོ་མཁྱེན་འདོད་དངོས་ནས་ཅིག་ཡོད་ན་བོད་ཀྱི་སྲིད་དོན་རྒྱལ་རབས་ལ་ཞིབ་ཚགས་པོས་ཐེངས་གཅིག་གཟིགས་རོགས་གནང་ན་ཁྱེད་ཀྱིས་ཤེས་འདོད་པའི་ལན་དེ་དག་དག་རག་ངེས་རེད།
དྲྭ་གྲོགས་གཡག་སྡོམ་དང་མདོ་ལྷ་ཁམས་པ་གཉིས་ཀྱིས་ཕྲན་གྱི་རྩོམ་ཡིག་ལ་དོ་སྣང་བྱུང་བར་ཐུགས་རྗེ་ཆེ། རྩོམ་ཡིག་གི་ཁ་བྱང་འདི་འདྲ་བ་རེ་བྲིས་ཚེ་མྱུར་དུ་དོ་སྣང་བྱེད་ཅིང་བགྲོ་གླེང་བྱེད་པ་ཕན་ཐོགས་ཡོད་པ་རེད་མ་གཏོགས་ངས་ཨ་མདོ་བ་བོད་པ་མ་རེད་ག་ལ་ཟེར་ཏེ་མི་ཟེར་རོ། ཡིན་ན་ཡང་དང་པོ་རྣ་བ་ལ་གསར་དུ་ཐོས་ཚེ་ཨ་མདོའི་སྐད་ལས་འབྲུག་སྐད་འདི་གོ་སླ་བོ་ཡིན་པ་འབྲུག་པའི་གསར་འགྱུར་ལ་ཉན་ཚེ་ཤེས་ཀྱི་འདུག འབྲུག་པ་ལ་ཡང་ཤར་ཕྱོགས་པ་དང་རྔ་ལོང་པ་ཟེར་བའི་སྐད་རིགས་མི་འདྲ་བ་གཉིས་ཡོད། དེ་འི་ནང་ནས་དེང་སང་གཞུང་སྐད་དང་ཁྱབ་ཆེ་ཤོས་རྔ་ལོང་པའི་སྐད་དེ་རེད་ལ་སྐད་དེ་བོད་སྐད་ཐག་ཉེ་ཤོས་ཤིག་རེད།
ཁ་སྐད་མང་པོ་ཡིག་ཐོག་ཏུ་བྲིས་ཡོང་ན་བོད་སྐད་དང་བོད་ཡིག་གཅིག་གྱུར་ཡོང་རྒྱུ་ཏན་ཏན་གནོད་ཚབ་ཆེན་ཡིན་པར་བརྟེན་ཚང་མས་དོ་སྣང་གནང་རོགས་ཞུ་རྒྱུ་ཡིན། བོད་ཡིག་འདི་ལ་ཐུན་མོང་གི་གཞི་འཛིན་ས་གསུང་རབས་རྣམས་ཀྱི་བརྡ་ཆད་དང་ཐ་སྙད་ལ་གཞིན་རྩ་བྱས་ནས་བྲིས་ན་ཕྱོགས་མང་པོ་ཞིག་ནས་ཕན་ཐོགས་ཡོད། མངའ་བདག་རལ་པ་ཅན་གྱི་སྐབས་སུ་སྐད་གསར་བཅར་མ་བྱས་པའི་ཡ་སྔོན་དུ་བོད་ཡོངས་རྫོགས་སྐད་ཡིག་གྱུར་ཡིན་མིན་གསལ་བོ་ཞིག་མི་ཤེས་རུང་རྒྱ་རོང་བའི་སྐད་ལ་ཡང་འཇུག་སའི་སྒྲ་གདངས་གསལ་བོ་ཐོན་པ་དང་། ལ་དྭགས་པའི་སྐད་ལ་ར་མགོ་ས་མགོའི་སྒྲ་གདངས་ཧ་ཅང་གསལ་བོ་ཡོད་པ། དེ་བཞིན་བལ་པོའི་མཐའ་མཚམས་ཀྱི་ལུང་པ་ལ་ལར་ཕོར་བ་ལ་ཅ་ནེ་ཟེར་བ་ཨ་མདོ་དང་འདྲ་བོ་ཡོད་པ་སོགས་དཔྱད་གཞི་མང་པོ་འདུག
དེང་སྐབས་བོད་ནང་གི་ན་གཞོན་བུད་མེད་རྩོམ་པ་པོ་དག་གི་ཁྲོད་ན་གཟེངས་སུ་མཐོ་བ། ཕ་ཡུལ་དཀར་མཛེས་ནས་ཡིན་པའི་ཀྲུང་དབྱིང་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་གཡུ་མཚོ་ལགས་ཀྱིས་ཉེ་ཆར་སྤྱི་ཟླ་དགུ་བའི་ནང་། དྲ་ཐོག་ལ་སྤེལ་བའི་དཔྱད་རྩོམ་ ( བོད་ལ་སྤྱི་སྐད་ཅིག་ཡོང་དཀའ་མོ་རེད། ) ཅེས་པའི་རྩོམ་ཡིག་དེ་གཤམ་དུ་བཀོད་ཆོག་པར་གྱིས། དུས་བབ་དྲྭ་རྒྱ་ལས་བཤུས།
བོད་ལ་སྤྱི་སྐད་ཅིག་ཡོང་བ་དཀའ་མོ་རེད།
བོད་ལ་སྤྱི་སྐད་ཅིག་ཡོང་བ་དཀའ་མོ་རེད་ཟེར་བའི་ཁ་བྱང་འདི་མཐོང་དུས་ཁྱེད་དང་ཁྱེད་ཚོའི་མི་དགའ་བའི་རྣམ་འགྱུར་རེ་སྟོན་ན་ཡང་ཐང་ལ་ལྟས་ངན་སྲིན་བྱའི་སྐད་ཅིག་འདི་ན་ཡང་གྲགས་ཀྱིན་འདུག་ཟེར་ནས་སྡིགས་མོ་རེ་བྱེད་ཀྱང་སྲིད། ཡིན་ཡང་ངས་ནི་དོན་དངོས་ལ་གཞིགས་ནས་སྙིང་གཏམ་རེ་བཤད་པ་ཡིན་པས་དགོངས་འགལ་མེད་པ་ཞུ་ཟེར་བ་ལས་ཐབས་གཞན་ཅི། དེ་ཡང་དེང་སང་བོད་མི་ལ་རྒྱ་ཅན་དང་ཤེས་ཡོན་ཅན་སོགས་གང་མང་ཞིག་གིས་བོད་ལ་སྤྱི་སྐད་ཡོང་བའི་ཐབས་ལམ་སོགས་ཀྱི་དཔྱད་རྩོམ་གྲངས་ལས་འདས་པ་ཞིག་འབྲི་དང་འབྲི་བཞིན་འདུག་ལ། དེའི་སྐོར་གྱི་འཚོགས་འདུ་ཡང་མི་ཉུང་བ་ཞིག་འཚོགས་སོང་། རེད་དེང་སང་བོད་ལ་སྤྱི་སྐད་དགོས་པའི་གཞུང་ལུགས་ཧ་ཅང་མང་པོ་ཞིག་འདུག ཡིན་ཡང་དོན་དངོས་ཀྱི་གནས་ཚུལ་ལ་ང་ཚོས་འདང་ཞིག་རྒྱག་མྱོང་ཡོད་དམ། རང་ཉིད་ནས་མགོ་བརྩམས་ཏེ་སྤྱི་སྐད་ལ་ཕན་པའི་བྱ་བ་ཆུང་ཆུང་རེ་ཡང་བསྒྲུབ་མྱོང་ཡོད་དམ།
བོད་ལ་སྤྱི་སྐད་ཡོང་བ་དཀའ་མོ་རེད། དབུས་སྐད་གཙོ་བྱས་པའི་བོད་ལྗོངས་བརྙན་འཕྲིན་མགོ་བཙུགས་དུས་བོད་ཀྱི་སྤྱི་སྐད་དེ་དབུས་སྐད་གཙོ་བོ་བྱས་ན་ཆ་རྐྱེན་ཡག་པོ་འདུག་སྙམ་པའི་བསམ་ཚུལ་བྱུང་། ཡིན་ཡང་ཨ་མདོ་ནས་མཚོ་སྔོན་མི་ཡིས་དབུས་སྐད་གོ་གྱིན་མི་འདུག དེས་ན་འདི་རུ་ཡང་ཨ་མདོ་སྐད་གཙོ་བྱས་པའི་བོད་སྐད་བརྙན་འཕྲིན་ཞིག་དགོས་ཞེས་ཡར་ཞུ་བྱེད། བོད་པའི་བོད་སྐད་མི་གོ་བ་ཡ་མཚན་རེད་ཡ་མཆོག་མཆན་ཐོབ་པ་ཡིན་ཞེས་བརྗོད། ལོ་ངོ་ཁ་ཤས་ཀྱི་རྗེས་སུ་ཡང་ཁམས་པའི་ང་ཚོས་དབུས་སྐད་དང་ཨ་མདོའི་སྐད་གོ་གིན་མི་འདུག་ང་ཚོས་ཀྱང་ཁམས་པའི་བརྙན་འཕྲིན་ཞིག་བཙུགས་དགོས་ཟེར་དུས། དྲིན་ཅན་གྱི་སྲིད་གཞུང་འདིས་སྔ་འདང་ཕྱི་འདང་རྒྱག་ཤེས་པས། སྒོར་མོ་གྲངས་འདས་ཤིག་སྤྲོད་ནས་ཁམས་སྐད་ཁྱད་ཆོས་ལྡན་པའི་ཁམས་སྐད་བརྙན་འཕྲིན་ཞིག་བཙུགས་ཆོག་ཆོག་ཡིན་ཟེར་ནས་བཀའ་ཕབ། མདོ་དབུས་ཁམས་གསུམ་གྱི་བརྙན་འཕྲིན་འདི་ལྟར་གཅིག་རྗེས་གཉིས་མཐུད་དུ་དབུ་བརྙེས་དུས་བོད་ཀྱི་སྤྱི་སྐད་ཀྱང་ང་ཚོ་དང་རྒྱང་ཐག་ཇེ་རིང་དུ་འགྲོ་བཞིན་ཡོད་པ་ང་དང་ཁྱེད་ཚོས་ཤེས་ཀྱིན་མི་འདུག་གམ། དབུས་སྐད་ཀྱི་ཁྱད་ཆོས་ལྡན་པའི་བོད་ལྗོངས་བརྙན་འཕྲིན། ཨམ་སྐད་ཀྱི་ཁྱད་ཆོས་ལྡན་པའི་མཚོ་སྔོན་བརྙན་འཕྲིན ། ཁམས་སྐད་ཀྱི་ཁྱད་ཆོས་ལྡན་པའི་ཁམས་པའི་བརྙན་འཕྲིན། ཁྱེད་ཚོས་བརྗེད་དུ་མི་ཉན་པ་ནི་ཁྱེད་ཚོའི་རྩ་བ་གཅིག་ཡིན། ཁྱེད་ཚོ་ལ་ཁྱད་ཆོས་གཅིག་དགོས་པ་ནི་ཡིག་སྐད་ཡིན། དེ་ཁོ་ན་ཡིན། ཁྱེད་ཚོས་ཞིབ་འདང་ཞིག་རྒྱོབ་དང་ནང་ཁུལ་གྱི་བརྙན་འཕྲིན་གང་ཞིག་ཏུ་ལུང་སྐད་དང་ཡུལ་སྐད་བཤད་ནས་འདུག ཁྱེད་ལ་ལུང་སྐད་དང་ཡུལ་སྐད་བཤད་དུ་བཅུག་པ་ནི་དམིགས་བསལ་ཀྱི་སྲིད་ཇུས་ཤིག
བོད་ལ་སྤྱི་སྐད་ཡོང་བ་དཀའ་མོ་རེད། དེ་ཡང་དེང་སང་སྐད་བརྡ་རིག་པ་མཁས་ཅན་དག་གིས་གཅིག་རྗེས་གཉིས་མཐུད་དུ་ལྷ་སའི་ཁ་སྐད་དང་ཨ་མདོའི་ཁ་སྐད་ཁམས་པའི་ཁ་སྐད་ཀྱི་དེབ་གྲངས་མང་ཞིག་བྲིས་ནས་རང་ཉིད་མཁས་པ་ཡིན་པའི་ཉམས་ཤིག་སྟོན་གྱིན་འདུགཡིན་ཡང་ངས་ནི་དུས་ནམ་ཡང་དེབ་འདི་ལྟ་བུའི་ལ་དགག་པ་རྩད་ནས་རྒྱག་བཞིན་ཡོད་ལ། ཁྱེད་ཉིན་མཁས་པ་ཡིན་ཡང་སྲིད། ཡིན་ཡང་ངས་བཤད་འདོད་པ་ནི་ཁྱེད་ནི་སྔ་འདང་ཕྱི་འདང་གང་ཡང་རྒྱག་མི་ཤེས་པའི་མཁས་པ་ཞིག་རེད ། ཁྱེད་ནི་བོད་སྤྱི་སྐད་ལ་དགག་པ་རྒྱག་མཁན་གྱི་མཁས་པ་ཞིག་རེད། ཁྱེད་ནི་ཡིག་སྐད་དོར་ནས་ལུང་སྐད་དང་ཕལ་སྐད་སྲོག་ཏུ་འཛིན་པའི་ཕྱོགས་རིས་ཅན་ཞིག་རེད། གལ་ཏེ་འདི་ལྟར་བྱས་ནས་སོང་ན། ཞེ་གི་སྲ་གི༼ཨ་མདོའི་སྐད༽ཡག་མོ་ཀྲ་མོ་འགུ༼ཁམས་སྐད༽ཡག་པོ་ཞེ་དྲག་འདུག༼དབུས་སྐད༽འདི་འདྲའི་ཁྲོད་ནས་ཡིག་སྐད་དེ་རིམ་བཞིན་སྙམ་ངེས་ལ། བོད་ལ་སྤྱི་སྐད་ཞིག་ཡོང་བ་ཡང་ཤིན་ཏུ་ནས་དཀའ་བས། འདི་ཕྱོགས་ཀྱི་མཁས་པ་དག་གིས་བོད་ལ་སྤྱི་སྐད་ཅིག་ཡོང་བ་ལ་ཅི་ནས་ཀྱང་འབད་རོགས། འདི་འདྲའི་དེབ་རེ་ཡང་མ་རྩོམ་རོགས་ཞེས་ནས་རེ་བ་ཞིག་ཞུ་བ་ཡིན།
བོད་ལ་སྤྱི་སྐད་ཡོང་བ་དཀའ་མོ་རེད། སྤྱི་དེང་སང་བོད་ལ་སྤྱི་སྐད་ཅིག་དགོས་ཟེར་ནས་སྐད་རྒྱག་མཁན་གྲངས་ལས་འདས་པ་ཞིག་འདུག ཡིན་ཡང་ཁྱེད་ཀྱིས་རང་ཉིད་ནས་མགོ་བརྩམས་དེ་བྱ་བ་རེ་བསྒྲུབ་ཀྱིན་ཡོད་དམ། ཁྱེད་ཕ་ཡུལ་མི་གཅིག་པའི་བོད་པ་ཞིག་ཐུག་དུས། ཁྱེད་ཀྱི་ཁ་ནས་ཡོང་བ་ནི་རྒྱ་སྐད་རེད་དམ་བོད་སྐད་རེད། ཆེས་ཕངས་པ་ཞིག་ལ་དེང་སང་མདོ་དབུས་ཁམས་གསུམ་གྱི་མི་རྣམས་ཕན་ཚུན་ཁ་བརྡ་བྱེད་དུས་བརྒྱ་ཆ་དགུ་བཅུའི་མི་ཚོས་གསལ་ལ་མ་གསལ་བའི་རྒྱ་སྐད་བེད་སྤྱོད་ཀྱིན་འདུག་ལ། ཐ་ན་ཕ་ཡུལ་གཅིག་པའི་མི་དང་ཁ་བརྡ་བྱེད་དུས་ཀྱང་མི་རིགས་གཞན་པའི་སྐད་བེད་སྤྱོད་བཞིན་འདུག འདི་ནི་བོད་ལ་སྤྱི་སྐད་ཡོང་བའི་སྔ་ལྟས་ཤིག་རེད་དམ། འདིས་དབྱངས་གསལ་སོ་བཞིའི་མ་འོངས་པ་ཞིག་སྟོན་གྱིན་འདུག་གམ། ཁམས་སྐད་ཡག་མོ་ཀྲ་མོ་ཡོད་པ་ངས་མ་ཤེས། ཨམ་སྐད་ཞེ་གི་སྲ་གི་ངས་ཟེར་མི་ཕོད། དབུས་སྐད་ཡག་པོ་ཞེ་དྲག་འདུག་ཀྱང་སུས་ཟེར་ཤེས། ངས་བཤད་ཕོད་པ་ནི་དབྱངས་གསལ་སོ་བཞིའི་རྨང་གཞི་བྱས་པའི་ཡིག་སྐད་དེ་ནི་སྙན་ཤོས་དང་ལེགས་ཤོས་བཟང་ཤོས་ཡིན་པས། ང་ཚོས་མདོ་དབུས་ཁམས་གསུམ་གྱི་སྐད་ལས་ལེགས་ཆ་དག་བསྡུས་ནས་ཡིག་སྐད་རེ་བཤད་དང་། དུས་ནམ་ཞིག་ན་བོད་ཀྱི་སྤྱི་སྐད་ཟེར་བ་ཞིག་ཆགས་ཡོང་ན་ཡང་ཐང་།
མདོར་ན་བོད་ལ་སྤྱི་སྐད་ཡོང་བ་དཀའ་མོ་རེད། སྤྱི་སྐད་ཅིག་གཏན་འབེལ་དགོས་ན་དབང་ཆ་དགོས། དེ་ཁྱེད་རྣམས་པ་ལ་ཨེ་ཡོད། སྤྱི་སྐད་ཅིག་གཏན་འཁེལ་དགོས་ན་ས་ཁུལ་སོ་སོའི་བརྙན་འཕྲིན་ཁག་ནས་སྤྱི་སྐད་དེ་བཤད་དགོས། ཁྱེད་ཚོས་དེ་ལྟར་བྱེད་ཀྱིན་ཡོད་དམ། སྤྱི་སྐད་ཅིག་དགོས་ན་བོད་སྐད་ཡང་དག་ཅིག་བཤད་པ་ནས་མགོ་འཛུགས་དགོས། ཁྱེད་ཀྱིས་བོད་སྐད་དག་མ་ཞིག་བཤད་ཀྱིན་ཡོད་དམ།
དྲྭ་གྲོགས་ཚོ་མུ་མཐུད་དེ་དཔྱད་པ་གནང་རོགས་ཞུ། གཡུ་མཚོ་ལགས་ཀྱིས་བཤད་ན་བོད་ལ་སྤྱི་སྐད་ཅིག་ཡོང་དཀའ་མོ་རེད་ཟེར། ངས་བསམ་ན་བོད་ལ་སྤྱི་སྐད་ཅིག་ཡོང་རྒྱུ་ལ་དཀའ་མོ་མ་རེད་ཟེར་གྱི་ཡིན། གང་ཡིན་ཟེར་ན་ཁྱབ་ཆེ་ཤོས་དབུས་སྐད་རེད། དབུས་སྐད་དེ་ད་དུང་ཁྱབ་ཆེ་རུ་བཏང་སྟེ་བོད་ཡོངས་རྫོགས་སྐད་གཅིག་གི་ཐོག་ལ་བསྐྱོད་ཐུབ་ན་ཡིག་གི་ནི་གཅིག་གྱུར་ཡིན་པ་སྨོས་དགོས་པས་ལས་སློ་བོའི་ཐོག་བོད་སྐད་གཅིག་གྱུར་ཡོང་རྒྱུ་རེད་སྙམ་པའི་ལྟ་ཚུལ་བཟུང་ཡོད།
ལ་དྭགས་པའི་ཡི་གེ་འབྲི་སྟངས་དཔེར་ན། སྤྱི་ལོ་ ༢༠༠༩ སྤྱི་ཟླ་ ༤ པའི་ནང་བཏོན་པའི་ལ་དྭགས་གསར་འགྱུར་དུ་འདི་ལྟར་བྲིས་འདུག
༼༼ཡ་མཚན་དངོས་བྱུང་།
སཱ་ཡུ་དྷི་རཱ་བྷི་ཡིན་ལ། རང་ལོ་དྲུག་ཅུ་ལོན་པའི་རྒན་ཞིག་གིས། ལོ་བརྒྱད་པའི་བུ་མོ་ཞིག་མནའ་མར་བླངས་ཏེ། གནས་ལུགས་ཁྲིམས་སུ་གཏུགས་དུས།་ཁྲིམས་ཐོག་ནས་ཀྱང་འོས་པ་ཅན་ཡིན་པར་ཐག་བཏངས་ཡོད་པ་ཡང་ཡ་མཚན་ཆེ་བའི་གཏམ་ཞིག་ཡིན་པས། སྤྱིར་བཏང་དུ་སཱ་ཨུ་དྷི་ཨ་རབ་པ་རྣམས་རྒྱུ་ནོར་ཅན་ཕྱུགས་པོ་ཡིན་ཅིང་། དེ་དང་མཉམ་དུ་ཕྱོགས་གཞན་གཅིག་ནས། ཡར་རྒྱས་སྙོམས་པོ་མེད་པར། འུ་ཐུག་དབུལ་པོ་ཡང་མང་པོ་ཡོད་པར་བརྟེན། དེ་ལྟ་བུའི་དབུལ་པོ་ཕོངས་ཅན་རྣམས་ཀྱིས། བུ་མོ་ཆུ་ངུན་སོགས་ཕྱུགས་པོ་རྣམས་ལ་བཙོང་སྲོལ་ཡོད་པ་ཡིན་ནོ།༽༽ ཞེས་བྲིས་འདུག་པའི་ཚིག་སྦྱོར་ལ་དཔྱད་རྒྱུ་འདུག
དེ་བཞིན་གཞན་ཡང་། དགུང་མཐོན་པོའི་དཀྱིལ་ནས་ས་སྟེང་དུ་བྱ་ར་བྱེད་པའི་བརྫུས་སྐར། ཞེས་པ་ལྟ་བུ་རེད།
པད་མ་ལགས། ཁྱེད་ཀྱིས་དོ་སྣང་ཡོང་ཆེད་ཁ་བྱང་འདི་འདྲ་འབྲི་སྐབས་དོ་སྣང་ཧ་ཅང་ཆེན་པོ་བྱེད་དགོས་པ་རེད། དོ་སྣང་མ་བྱེད་ན་སྐྱོན་ཡོང་གི་རེད། དཔེར་ན། ཨ་ཕའི་གདོང་གི་སྦྲང་མ་དཀྲོག་ཆེད་བུ་གླེན་པས་རང་གི་ཨ་ཕའི་མགོ་ལ་ཤིང་དུམ་གཞུས་པའི་རྗེས་སུ་འགྲོ་གི་རེད། དོ་སྣང་མ་གནང་ན་ཚིག་ལོག་གིས་གོ་ལོག་ཐེབས་ནས་སྤྱོད་ལོག་པ་མང་པོ་ཐོན་ཡོང་གི་རེད།
སྐད་ཡིག་གཅིག་གྱུར་ལ་འབད་དགོས་ན་ཆ་རྐྱེན་ཨང་དང་བོ་དེ་ཚིག་གི་དག་ཆ་ལ་དོ་སྣང་བྱེད་དགོས་པ་རེད།
དག་ཆ་ལ་དོ་སྣང་མ་བྱེད་ན་སྐྱོན་ཆེན་པོ་ཡོང་གི་རེད། དཔེར་ན། བཀྲ་ཤིས་ཟེར་བའི་མི་ཞིག་གིས་དོན་གྲུབ་ཟེར་བ་ཞིག་ལ་འཕྲིན་ཡིག་བསྐུར་ཏེ་ལྷ་ས་ནས་དྲི་བཟང་ཞིག་ཉོས་ནས་ཡོང་དགོས་པའི་མངགས་བཅོལ་གནང་བར་འཕྲིན་ཡིག་ནང་་་དྲིའི་ཚབ་ཏུ་གྲི་བྲིས་ཡོད་པ་རེད། རྗེས་སུ་དོན་གྲུབ་ཀྱིས་བཀྲ་ཤིས་ལ་གྲི་ཆེན་པོ་ཞིག་ཉོས་ཏེ་ཕྱིན་པ་རེད། དཔེ་དེ་ནང་བཞིན་རེད།
པདྨ་ཁྱོད་ཀྱིས་ཀྱང་བོད་ཀྱི་སྐད་ཡིག་ལ་དོ་སྣང་བྱེད་དགོས་པའི་སྐུལ་མ་བྱེད་བཞིན་ཡོད་མོད། ཟ་ཟུར་ནས་ཚིག་གི་དག་ཆ་ལ་དོ་སྣང་དེ་ཙམ་མེད་པ་མངོན་ཡོང་བར་ལྟོས་དང་།
༡ ཀློང་ཆེན་པོས་ལ་་་་་་ཀློང་ཆེན་པས་དང་
༢ ཨ་མདོ་བ་ལ་་་་་་་་་ཨ་མདོ་པ་དང་
༣ སྨྱུག་ཐོགས་པ་ལ་་་་སྨྱུག་ཐོག་པ་ཞེས་བྲིས་མི་འདུག་གམ།
སྐད་ཡིག་གཅིག་གྱུར་གྱི་རེ་བ་དེ་འགྲུབ་དགོས་ན་སྐད་ལ་དོ་སྣང་དང་། ཚིག་ལ་དོ་སྣང་། དག་ཆ་ལ་དོ་སྣང་། སྡེབས་སྦྱོར་ལ་དོ་སྣང་། དགོས་མེད་ཀྱི་ལུང་ཚིག་ལ་དོ་སྣང་བཅས་བྱེད་ན་ད་བཟོད་གཞི་ནས་སྐད་ཡིག་གཅིག་གྱུར་གྱི་རྨང་གཞི་བརྟན་པོ་ཞིག་ཆགས་ཐུབ་པ་དང་། དེ་ནས་མདོ་ལྷ་ཁམས་གསུམ་གྱི་རླུང་འཕྲིན་ཁང་དང་བརྙན་འཕྲིན་ཁང་བརྒྱུད་ནས་ཡོངས་ཁྱབ་སྒྲོག་རྒྱང་བྱས་ཚེ་ལོ་ཤས་ནང་གྲུབ་འབྲས་གང་འཚམ་ཐོན་ཐུབ་པའི་ཚོད་དཔག་བྱེད་ཆོག་གི་རེད། གནད་འགག་ནི་དེ་ལྟ་བུའི་དུས་ཚོད་ལ་ངང་བསྒུག་ཅི་ཙམ་བྱེད་དགོས་མིན་དེ་རེད།
མདོ་ལྷ་ཁམས་པ་ལགས། ཁྱེད་ཀྱིས། ༼༡ ཀློང་ཆེན་པོས་ལ་་་་་་ཀློང་ཆེན་པས་དང་། ༽ཞེས་བྲིས་པ་འདི་ལ། ༡༽ ཀློང་ཆེན་པ་བླ་མ་ཞིག་གི་མཚན་ཡིན་པས་ཀློང་ཆེན་པས་གསུངས་སོ། ཞེས་ཡི་གེ་རྙིང་པ་རྣམས་སུ་བྲིས་པ་དང་གཅིག་མཚུངས་ཡིན་འགལ་བ་གང་ཡང་མེད།
ཡང་ཁྱེད་ཀྱིས། ༼༢ ཨ་མདོ་བ་ལ་་་་་་ཨ་མདོ་པ་དང་།༽ ༢༽ཞེས་བྲིས་པ་ཡང་འདོད་ལུགས་མི་འདྲ་བ་ཡོད་དེ།
ཨ་མདོ་པ་ཞེས་བྲིས་པ་འདི་ལ། ལེགས་བཤད་ལྗོན་དབང་ལྟར་ན། ང་འ་ར་ལ་མཐའ་མེད་ལ། །བདག་སྒྲ་ཡར་གྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་ལེགས། །ཞེས་གསུངས་པའི་དགོངས་དོན་གཞིར་བཟུང་བྱས་ན་ཁྱེད་ཀྱིས་བཤད་པ་ལྟར་ཡིན་མོད། ཚུལ་འདི་ལ་ཚེ་ཏན་ཞབས་དྲུང་མཆོག་གིས། མཁས་པའི་རྣམས་དཔྱོད་ཀྱིས་རྩལ་ལས་ཐོན་པའི་ལེགས་བཤད་དུ་སྣང་ཡང་ལག་ལེན་གྱི་ཚེ་བརྟེན་ཁུངས་རྩོད་མེད་ཅིག་རྙེད་དཀའ་འོ། ཞེས་གསུངས་པས་མཚོན་མཁས་པ་རྣམས་ལ་དགོངས་ཚུལ་མི་འདྲ་བ་མང་པོ་ཡོད་པ་རེད།
༼༣ སྨྱུག་ཐོགས་པ་ལ་་་་སྨྱུག་ཐོག་པ་ཞེས་བྲིས་མི་འདུག་ག ༽འདི་ལ་སའི་ཡང་འཇུག་ཆད་པ་རེད།
རྣམ་དཔྱོད་ཀྱིས་རྩལ་་་་་་་་་་་རྣམ་དཔྱོད་ཀྱི་རྩལ་ལ་ནོར་བཅོས།
པདྨ་མ་ལགས།
ཁྱོད་ཀྱིས་རང་ཉིད་ལ་ངོས་འཛིན་བྱེད་འདོད་མི་བྱེད་མཁན་ཞིག་བྱེད་འདོད་པར་འདུག
ངས་བལྟས་ན་ཁྱོད་ཀྱིས་གོང་གི་དག་སེལ་དེ་དོན་ལ་དག་དག་ཅིག་གནས་མི་འདུག་བསམ།
ཁྱེད་ཀྱིས་ ལག་ལེན་གྱི་ཚེ་བརྟེན་ཁུངས་རྩོད་མེད་ཅིག་རྙེད་དཀའོ་ ཞེས་པའི་ལུང་ཞིག་ལ་བཅོལ་འདུག་མོད། དེ་ནི་སྐབས་དོན་གཞན་ཞིག་གི་ཚེ་ཡིན་པ་ལས་ཐམས་ཅད་ནས་ཐམས་ཅད་དུ་ཁུངས་མེད་པར་གསུངས་པ་ག་ལ་ཡིན།
རང་རེའི་བརྡ་སྤྲོད་ཀྱི་གཞུང་ལ་ནི་ད་སྔ་ཕན་ཆད་དུ་སི་ཏུ་ཡབ་སྲས་ཀྱི་རྩ་འགྲེལ་ལས་ཁུངས་གཏུགས་ས་གཞན་དུ་མ་མཆིས་པ་ལྟ་བུ་རེད། ལྗོན་པའི་དབང་བོ་དང་སི་ཏུའི་འབྲེལ་ཆེན་སོགས་ལ་དོ་སྣང་བྱས་ཏེ་དེ་ལས་མ་བརྒལ་བ་གང་ཐུབ་ཅི་ཐུབ་བྱ་ཐུབ་ན་མི་ལེགས་སམ།
འབྲེལ་ཆེན་་ འགྲེལ་ཆེན་ལ་བཅོས་རོགས།
རེད་རེད་ང་ཡང་སུ་ཏུའི་འགྲེལ་ཆེན་ལ་ཞེན་ཁོགཆེན་་པོ་ཅན་ཞིག་ཡིན། ཚེ་ཏན་ཞབས་དྲུང་གི་ལུང་དེ་ལེགས་བཤད་ལྗོན་དབང་གི་འགྲེལ་བ་༼མཁས་པའི་ཞལ་ལུང་༽ཞེས་པ་བསོད་ནམས་རྡོ་རྗེས་བརྩམས་པ་དེར་དྲངས་འདུག་ལགས། ཡ་ལ་བ་དང་ཆ་ལ་པ་སྦྱོར་དགོས་པར་གསུངས་པ་དེ་དཀའ་ལས་ཁག་ཙམ་འདུག
རྗེས་འཇུག་དང་སྔོན་འཇུག་གི་སྒྲ་མི་དག་པ་ལས་གཞན་ལྷ་སའི་སྐད་འདི་ཡང་བོད་སྐད་ཡིན་པ་འདྲ། པད་མ་ལ། ལྷ་སའི་སྐད་དང་མདོ་སྟོད་ཀྱི་སྐད་སྤྱི་མིང་ལ་བོད་སྐད་ཟེར་བ་ལས། ལྷ་སའི་སྐད་ལ་ལྷ་སའི་སྐད་ཟེར་བ་ལས་བོད་སྐད་མི་ཟེར་བ་རེད། གལ་སྲིད་ཁྱེད་ལྷ་སའི་སྐད་ཀྱང་མ་ཡིན་པ་ཞིག་བཤད་ཀྱི་ཡོད་ན་ངས་མི་ཤེས། འོན་ཀྱང་ཁྱེད་ཆེད་དུ་མི་ཟུར་ཟ་བྱས་ནས་རྩོད་པ་རིང་པོ་ཞིག་འགྲུབ་ཨེ་ཐུབ་རེ་གི་ཡོད་སྲིད། དེ་ལ་དཔེ་ཞིག་ཡོད་པ་རེད། སྔོན་མ་ལམ་འགྲམ་གྱི་སྤྲང་པོ་ཉམ་ཐག་ཅིག་ལ་ཁ་ཡང་བྱེད་མཁན་མ་བྱུང་བ་འུ་ཐུག་སེམས་མ་སྐྱིད་པར་སྙིང་ན་བར་གྱུར་ཏེ། ལམ་འགྲོ་ཞིག་་གི་གདོང་ལ་ལྟོས་ནས་སྐྱག་པ་ཟོ་ཟེར་ནས་གཤེ་གཤེ་བཏང་བ། ལམ་འགྲོ་དེ་རླུང་ལངས་ནས་སྤྲང་པོ་དེ་ལ་རྩོད་པ་བརྒྱབ་པ་དང་། སྤྲང་པོ་དེའི་དམིགས་ཡུལ་འགྲུབ་པ་རེད། ཁྱེད་ཀྱིས་ཀྱང་འདི་རུ་སྤྲང་པོ་དེའི་རིག་པ་བེད་སྤྱོད་གཏོང་གི་མེད་འགྲོ་དྲན་སོང་། དེ་ཕྱིར་འདི་ནས་འབྲི་མཚམས་བཞག་པ་ཡིན།
ནོར་བཅོས། རྗེས་འཇུག་དང་སྔོན་འཇུག་གི་སྒྲ་མི་དག་པ་ལས་གཞན་ལྷ་སའི་སྐད་འདི་ཡང་བོད་སྐད་ཡིན་པ་འདྲ། པད་མ་ལ། ལྷ་སའི་སྐད་དང་མདོ་སྟོད་སྨད་ཀྱི་སྐད་སྤྱི་མིང་ལ་བོད་སྐད་ཟེར་བ་ལས། ལྷ་སའི་སྐད་ལ་ལྷ་སའི་སྐད་ཟེར་བ་ལས་བོད་སྐད་མི་ཟེར་བ་རེད། གལ་སྲིད་ཁྱེད་ཀྱིས་ལྷ་སའི་སྐད་ཀྱང་མ་ཡིན་པ་ཞིག་བཤད་ཀྱི་ཡོད་ན་ངས་མི་ཤེས། འོན་ཀྱང་ཁྱེད་ཀྱིས་འདི་རུ་ཆེད་དུ་མི་ཟུར་ཟ་བྱས་ནས་རྩོད་པ་རིང་པོ་ཞིག་འགྲུབ་ཨེ་ཐུབ་རེ་གི་ཡོད་སྲིད། དེ་ལ་དཔེ་ཞིག་ཡོད་པ་རེད། སྔོན་མ་ལམ་འགྲམ་གྱི་སྤྲང་པོ་ཉམ་ཐག་ཅིག་ལ་ཁ་ཡ་བྱེད་མཁན་མ་བྱུང་བ་འུ་ཐུག་ནས་སེམས་མ་སྐྱིད་པར་སྙིང་ན་བར་གྱུར་ཏེ། ལམ་འགྲོ་ཞིག་་གི་གདོང་ལ་ལྟོས་ནས་སྐྱག་པ་ཟོ་ཟེར་ནས་གཤེ་གཤེ་བཏང་བ། ལམ་འགྲོ་དེ་རླུང་ལངས་ནས་སྤྲང་པོ་དེ་ལ་རྩོད་པ་བརྒྱབ་པ་དང་། སྤྲང་པོ་དེའི་དམིགས་ཡུལ་འགྲུབ་པ་རེད། ཁྱེད་ཀྱིས་ཀྱང་འདི་རུ་སྤྲང་པོ་དེའི་རིག་པ་བེད་སྤྱོད་གཏོང་གི་མེད་འགྲོ་དྲན་སོང་། དེ་ཕྱིར་འདི་ནས་འབྲི་མཚམས་བཞག་པ་ཡིན།
བཀུར་འོས་པདྨ་ལགས། འབྲུག་པའི་སྐད་ཀྱང་མཐར་གཏུགས་ན་བོད་སྐད་མ་ཡིན་ནམ།
སྟག་སྨྱོན། སྤྱིར་ང་རང་ཁྱོད་ལ་དགའ་དོན་མེད་ལ་སྡང་དོན་ཡང་མེད། མི་རེ་ལ་ལྟ་བ་མི་འདྲ་བ་རེ་ཡོད་པས་ཁྱོད་ཀྱིས་པད་ནོར་རིན་པོ་ཆེར་སྐུར་འདེབས་བྱས་ཀྱང་ང་ཧང་སང་གི་མེད་ལ། ཟམ་གདོང་རིན་པོ་ཆེ་དང་བོད་གཞུང་ལ་སྐུར་འདེབས་བྱས་ཀྱང་ང་ཧང་སང་གིེ་མེད། རང་བཙན་ལག་དེབ་གཡུག་ཀྱང་ཧང་སང་གི་མེད། འོན་ཀྱང་ང་ཧང་སང་དགོས་པའི་དོན་དག་གཉིས་ཡོད། དོན་དག་དང་པོ་དེ་ཁྱོད་ཀྱིས་པད་ནོར་རིན་པོ་ཆེ་ལ་སྐུར་འདེབས་བྱེད་དོན་ནི་ཁྱོད་ཞལ་འདེབས་སློང་དུ་འགྲོ་དུས་མཇལ་ཁ་མ་རག་པས་ཡིན་ཟེར་བ་དེ་གཅིག་རེད། གཉིས་པ་དེ་ཁྱོད་ཀྱིས་ཟམ་གདོང་རིན་པོ་ཆེ་ལས་ཁྱོད་མཁས་ཞེས་མནའ་བསྐྱལ་བ་འདི་གཉིས་པ་རེད། ཁྱོད་ཀྱིས་ཚིག་འདི་གཉིས་ལ་བལྟས་ན་ཁྱོད་ཀྱི་རིན་ཐང་གསལ་བོར་མངོན་གྱི་འདུག་པ་དང་། བོད་མི་ཞིག་གི་ནང་ལ་ཁྱོད་ལྟ་བུའི་རྩ་མི་ཚང་མཁན་རེ་ཡོད་པ་འདི་ངོ་མ་སེམས་སྡུག་དགོས་པའི་གནས་ཚུལ་ཞིག་རེད་དྲན་གྱི་ཡོད། དཀོན་མཆོག་གསུམ། ངས་སྟག་སྨྱོན་ཟེར་བའི་མིང་འདི་མཐོང་བ་ཙམ་ནས་སྙིང་ཁུངས་རུས་པའི་གཏིང་ནས་སྐྱུགས་མེར་ལངས་ཡོང་གི་འདུག དྲིན་ཆེན་པོ། ཕྱིན་ཆད་ཁྱོད་མིག་གིས་རིག་ས་དང་། རྣ་བས་གོ་ས་ཞིག་ལ་མ་ཡོང་ན་ཅིག་ཨི་ཆོག་གི ཨ་ཕ་ལེ་ལེ། ངས་ངོ་མ་ཅན་གི་ཁྱོད་ཀྱི་ངོ་མིག་གིས་རིག་ན་མི་འདོད་ཀི མིང་རྣ་བས་གོ་ན་མི་འདོད་ཀི དྲ་གྲོགས་མང་པོ་ཞིག་གི་ཚབ་བྱས་ནས།་་་་་་་་་་་་་་་་་་་་་་་་་་
ཁ་བརྡའི་ནང་གི་སྤྱི་འཐུས་རྣམ་པ་ཚོར་ཞུ་བར་བྱ་བའི་དོན་ཚན་གསུམ་ཞེས་པའི་འོག་གི་མཆན།
༣༤༽ བདེ་ཆེན་རྡོ་རྗེ་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༡༠ ཚེས་ ༡༨ གི་ཆུ་ཚོད་ ༢ སྐར་མ་ ༡༧
སྟུ་ལྡག་མགོན་ཚེ། ཁྱོད་དང་སྟག་སྨྱོན་གཉིས་མི་འདྲ། ཁྱོད་ལ་གཞི་རྩའི་རྒྱལ་ཁབ་དང་མི་རིགས་ཀྱི་ཞེན་ཡོད། འོན་ཀྱང་བློ་ཕུག་ནག་མོ་ལས་ཐུང༌། ཁོག་པ་རྟ་རྔ་ལས་ཕྲ་བས་ཆོལ་ཁའི་ནང་གི་ཞེན་ཁོག་གིས་སྔར་ཡང་ཕུང་ལ་ད་ཡང་ཕུང་མཁན་གྲས་རེད། སྟག་སྨྱོན་ནི་བོད་བསྟན་སྲིད་གཉིས་ཀ་དགྲ་དགྲ་ནག་ལྟ་མཁན་ཡིན་པས་ཁྱོད་གཉིས་ལ་ཁྱད་པ་ཆེན་པོ་ཡོད་ལེ་རེད་གོ།
སྟག་སྨྱོན་ཟེར་བས་ཆོལ་གསུམ་དགྲ་ལ་ལྟ༎
སྟུ་ལྡག་མགོན་པོས་མདོ་སྟོད་དུག་དུ་འཛིན༎
འོན་ཀྱང་བོད་ཀྱི་བསྟན་པ་ཆབ་སྲིད་སྤྱིར༎
སྟག་སྨྱོན་སྟུ་ལྡག་བར་ལ་ཁྱད་པ་ཆེ༎
དྲ་གྲོགས་ཚོ། སྙན་པོ་བྲིས་ཡོད་ད། ང་ཡང་སྟུ་ལྡག་ཚོའི་ནང་ལ་ཡོད་ན་སྙན་ངག་པ་ཡིན་ཟེར་མི་ཆོག་རྒྱུ་ཅི་ཡོད། ཧ་ཧ་ཧ་ཧ། ད་སྟུ་ལྒད་ཚོ། ཤོག་དང༌། དང་པོ་རང་གིས་མི་བཞག མཐའ་མར་མིས་མི་བཞག ཟེར་བ་དེ་ཨེ་ཤེས། ཨ་ཕ་ཨ་ལོ་དང་མགོན་པོ་ཚེ་རིང་གཉིས་ལ་བོད་སྡེ་བ་གཞུང་དགོས་མིན་མི་ཤེས་ཀྱང་ང་ཚོ་ཁམས་པ་ཚོ་ལ་དགོས་ཐག་གཅོད་ཡིན། འོ་ཡ། ཕྱེད་ཀ་རྩེད་མོ་ཡིན། ཕྱེད་ཀ་དངོས་གནས་ཡིན།
ཁ་བརྡའི་གྲྭ་སའི་སློབ་གཉེར་བར་བསྟོད་པ་བུང་བ་གཞོན་ནུའི་འདབ་གླུ་ཞེས་པའི་འོག་གི་མཆན།
༥༥༡༽ མྱིག་རྫོད་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༡༠ ཚེས་ ༡༥ གི་ཆུ་ཚོད་ ༡༤ སྐར་མ་ ༤༧
ངས་ལ༷་ལ༷་ཟེར་བ་འདི་སུ་ཡིན་ཀྱང་མི་ཤེས། གང་ན་ཡོད་ཀྱང་མི་ཤེས། ཤེས་དགོས་དོན་ཡང་མེད། ཤེས་རུང་བྱེད་རྒྱུ་ཞིག་ཀྱང་མེད། འོན་ཀྱང་ད་ནངས་ཞོགས་པར་ངའི་གྲོགས་པོ་ཞིག་དང་ཅོལ་སྒྲོས་མོལ་སྒྲོས་བཤད་སྐབས་ཁོང་གིས་མི་དེ་སྟག་སྨྱོན་རེད། འོན་ཀྱང་ངས་ལབ་ཀྱི་འདུག་མ་ཟེར་ཟེར། ང་སྒེར་ངོས་ནས་ཞིབ་འཇུག་ནན་མོ་ཞིག་བྱས་ནས་གསལ་བོར་ཤེས་པ་ནི། དེ་སྔོན་བློ་བཟང་ཟེར་བ་ཞིག་དང་། ཤེས་རབ་ཟེར་བ་ཞིག་ཐེངས་མ་གཅིག་རེ་རེ་ཁོ་ན་ལ་བརྒྱུགས་འདུག་པ་དེ། དེ་རིང་གི་ལ༷་ལ༷་ཟེར་བ་འདི་ཡིན་པ་གསལ་བོར་ཤེས་སོང་། འོག་གི་མཆན་ཚོ་ལ་ལྟོས་དང་། དེས་ན་ཁྱོད་མི་མངོན་པའི་དཀྲུགས་འདྲེ་མཐར་ཐུག་ཅིག་རེད་འདུག་པས་ཁྱོད་ལ་སློབ་གསོ་གཏོང་རྒྱུའི་དབང་ཆ་མི་འདུག ངས་བལྟས་ན་ཁྱོས་སྟག་སྨྱོན་ཟེར་བ་དེ་ཡིན་པ་འདྲ། གང་ལྟར་ཁྱོད་ཚོས་རྩོད་པ་འདིའི་མཚམས་འཇོག་རྒྱུ་ནི་མིན་ན། ད་བཤད་རྒྱུ་སུས་མང་བལྟ་ན་བལྟ་ཆོག བཛྲ་ས་ཏྭ་ཧཱུཾ།
ཤེས་རབ་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༤ གི་ཆུ་ཚོད་ ༢༢ སྐར་མ་ ༠༥
རྒྱ་གར་གྱི་ལོ་རྒྱུས་དང་དེབ་ཐེར། གནའ་བོའི་མི་སྣའི་ཤེས་བྱའི་མཛོད་སོགས་ལ་གུ་རུ་པད་མ་འབྱུང་ནས་ཟེར་བ་མཐོང་ཡས་མེད། ཁག་གཅིག་གི་བཤད་སྲོལ་ལ། པད་མ་འབྱུང་ནས་བའ་ཡུལ་གྱི་ཡངས་ལ་ཤོད་ཀྱི་ནང་བཞུགས་སྐབས་བོད་པས་ཁྲིད་ནས་བོད་ཀྱི་བཙན་པོར་ངོ་སྤྲོད་བྱས། རྗེས་སུ་བོད་ཀྱི་བཙན་པོ་ཁྲི་སྲོང་སྡེ་བཙན་གྱི་བཙུན་མོ་བརྐུས་ནས་བྲོས་ཕྱིན་སྟབས ལམ་བར་བོད་ཀྱི་བློན་པོ་རྣམས་ཀྱི་བསད་པའི་ལོ་རྒྱུས་ཀྱང་འདུག
རྒྱ་གར་གྱི་ནང་པའི་ལོ་རྒྱུས་ནང་པད་འབྱུང་གི་སྐོར་ཡིག་ཚགས་ཐོག་བཏོན་ཡས་མེད མ་ཟད་མཚོ་པད་མར་འཁྲུངས་ཟེར་མཐའ་ན་ཕ་དང་མ་ཡང་བཏོན་ཡས་མེད། དེ་སྔ་མོ་བོད་པའི་བློ་རུ་ཕྱིན་ཀྱང་དེང་སར་དབང་ལག་ཚང་བ་དང་ཤེས་བྱ་ཐོབ་མཁན་ལ་སྐད་ཆ་འདི་འདྲ་ཤོད་ས་ཨེ་ཡོད། མཐར་ཁོང་སྲིན་བུའི་ཡུལ་ལ་ཕེབས་ཟེར་བ་དེ་ཡུལ་ག་པར་ཡོད་དམ ལྷ་སྒྲུང་ལྟ་བུ་རེད་འདུག ཁུངས་བཙན་པའི་ལོ་རྒྱུས་མཐོང་ཡས་མིན་འདུག སློབ་དཔོན་པད་མས་བརྩམས་ཟེར་བའི་དེབ་ཆ་ཚང་བ་ཞིག་བཏོན་ཡས་མིན་འདུག ད་ངེད་ཚོ་སྨྱོ་བ་མ་རེད་པས། ལ།བོད་ཀྱང་དེའི་སྐབས་ནས་ཉམས་མགོ་བཙུགས་པ་མིན་ནམ
བློ་བཟང་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༢༤ གི་ཆུ་ཚོད་ ༢༣ སྐར་མ་ ༤༠
ཚུལ་ཁྲིམས་མཐར་ཕྱིན་ཁྱེད་ཅང་ཤེས་ནི་ཞིག་་མ་རེད། རྒྱ་གར་གྱི་ས་ཏོ་བྷ་བྷ་ཁོས་བོད་རྒྱལ་ཁྲི་སྲུང་ལ་གཡོ་རྒྱུ་ཕྲ་གསུམ་བཤད་ནས་བོད་རྒྱལ་གྱིས་བཀའ་བབ་ནས་བོད་པའི་ཁྱིམ་ཚང་ཕལ་བ་ཞིག་གི་བུ་མོ་རྒྱལ་བོའི་བཙུན་མོ་བྱེད་དགོས་ཞེས་བཙན་ཁྲིད་བྱས་ཡོང་ནས་རྒྱ་གར་ས་ཏོ་བྷ་བྷ་ལ་་གཡབ་བཅུགས་པ་རེད། བུ་མོ་ལོ་ཚད་སྨིན་ཡོད་པ་མ་རེད། ད་དུང་དབང་ཡིན་ན་ཞིག་གནང་གི་ཡོད་ཞེས་མགོ་སྐོར་བཏང་ནས་གཡབ་ལྟངས་མགོ་སེར་འཆལ་སྤྱོད་ཚོས་འཆལ་སྤྱོད་བྱེད་ལྟངས་དང་གཅིག་པ་རེད། མོའི་མིང་ལ་ཡེ་ཤེས་མཚོ་རྒྱལ་ཟེར་ནི་རེད། མོའི་རང་རྣམ་ལ་བལྟས་ན་གསལ་བོ་ཧ་གོ་ནི་རེད། ཙོང་ཁ་བའི་ཕ་མངོན་པ་ཞིག་ཡིན་པ་ལས་ཙོང་བ་མངོན་པ་རེད་ཟེར་མཁན་ཞིག་མེད། རི་དགས་བསད་ན་ཨ་རིའི་ནང་ཁྲིམས་ཆེནཔོ་མ་རེད། ཨ་རིའི་ནང་ལོ་རེེ་ལ་རི་དགས་གསད་ཆོག་པའི་དུས་ཚིགས་མང་པོ་ཡོད་པ་རེད། ད་དུང་མཚན་མཐུན་ཆགས་སྤྱོད་ཨ་རིའི་ནང་ཁྲིམས་འགལ་གང་ཡང་མ་རེད་་ ལོ་ལོ།། ་ཙོང་ཁ་བ་ཡག་ན་སྡུག་ན་ཁོས་དཔྱད་པ་བྱས་པའི་པོད་༡༨་མིག་གི་རིག་རྒྱུ་དང་ལག་པས་རེག་རྒྱུ་ཡོད་ནི་རེད། དེ་དག་ས་འོག་དང་ཆུ་འོག་ནས་བླངས་པ་ཡིན་ཟེར་བའི་རྫུན་མ་དེའདྲ་མ་རེད། གུ་རི་པད་མ་ཟེར་བ་དེ་འཆལ་སྤྱོད་པ་ཞིག་རེད། ངན་སྔགས་པ་ཞིག་རེད། ཁོ་བོད་ལ་མགོ་སྐོར་གཏོང་གི་ཡོང་བ་རེད། ཁོ་བོད་ལ་རྒྱོ་རྒྱག་གི་ཡོང་བ་རེད། འཆལ་སྤྱོད་འདིའི་རྗེས་སུ་འབྲང་ནས་དེང་སང་བླ་རྒན་དང་སྔགས་རྒན་དྲ་ལེ་དྲལ་ལེ་མང་པོས་རིག་མ་ཡིན་ན་ཅིག་ཡིན་ཟེར་ནས་བུད་མེད་འགའ་རེ་རྩུབ་ལ་བཟུང་ནས་སྲས་དང་སྲས་མོ་ཡིན་ན་ཞིག་ཡིན་ཟེར་ནས་བྱིས་ཕྲུག་འགའ་རྒྱབ་ལ་ཁྲིད་མཁན་འདི་དག་ཡོང་བ་རེད། ད་དུང་བྱིས་ཕྲུག་དེ་དག་ ཅིག་ཅིག་གི་སྤྲུལ་སྐུ་རེད། མུག་མུག་གི་ ཡང་སྲིད་རེད་ཟེར། སངས་རྒྱས་བསྟན་པ་འདི་མོ་ཞིག་ཡིན་ན་ཚར་རེ་བསྡད་ཡོད་ཀི འདི་དག་ནི་ཁོ་ཚོས་རྒྱོ་རྒྱག་ཆེད་དང་རྒྱུ་ནོར་ཧམ་ཟ་བྱེད་ཆེད་ཆོས་ལོག་འདི་སྤེལ་བ་རེད། འདི་སངས་རྒྱས་བསྟན་པ་མ་རེད། སྔར་འགྱུར་རྙིང་མའི་ནང་གི་སྲེ་སླད་རེད། འདི་དག་ང་ཚོས་དོར་བྱ་རེད། འདི་དག་གིས་ང་ཚོ་བླུན་རྨོངས་ཀྱི་གནས་ནས་ཐར་མ་ཐུབ་་པ་རེད།
ཧཧཧཧཧཧ། མི་འདི་ཚོས་སྟུ་ཡང་ལྡག་མི་འདུག སྟུ་ལྡག་པ་ནི་དུས་ཉི་བ་དང་ཉེར་གཅིག་པའི་ནང་གི་མིའི་རྒྱུན་ལྡན་གྱི་ཀུན་སྤྱོད་ཅིག་རེད། དུས་ཉི་ཤུའི་འགོའི་བུད་ཚོ་སྟུ་ལ་ག་ཚོད་དགའ་བོ་ཡོད་པ་མ་ཚོར་ན་ཐབས་སྐྱོ་བོ་རེད། སྒྱོ་ནི་འདོད་པའི་ཆེད་དུ་རེད། ད་དུང་ཡག་ག་བྱས་ནས་ལྡག་གི་ཡོད་པ་རེད།
བསམ་གཏན་ལགས།
གཞན་དུ་བཀོད་ཟིན་པའི་མཆན་རྣམས་འདིར་ལུང་འདྲེན་མ་བྱེད་རོགས། ཐུགས་རྗེ་ཆེ།
་ཆོལ་ཁ་གསུམ་གྱི་ཁྱབ་ཁོངས་ཀྱི་བོད་པ་བརྒྱ་ཆའི་ལྔ་བཅུ་ལྷག་གིས་བཤད་བཞིན་པའི་འབྲོག་སྐད་དམ་ཨམ་སྐད་བོད་མིན་ན་སྐད་གང་ཞིག་བོད་སྐད་རེད་དམ། སྐད་གྲགས་ལྡན་པའི་དབུས་སྐད་དམ་ལྷ་སའི་ཁ་སྐད་དེ་སྤྱོད་མཁན་བོད་མིའི་བརྒྱ་ཆའི་ཉེར་ལྔ་ཡང་ཟིན་དཀའ་ལ།ད་དུང་དེའི་ནང་ན་དབྱིན་སྐད་དང་རྒྱ་གར་སྐད། རྒྱ་ནག་སྐད། སོག་སྐད་སོགས་ཟུར་ཆགས་པ་མང་པོ་ཡོད་པས་བོད་སྐད་དངོས་མ་ཞིག་ཡིན་དཀའ་བའི་ཁར་ཆོས་སྐད་དམ་ཡིག་སྐད་དང་ཁ་ཐག་རིང་པོ་རེད།
ཆོལ་ཁ་གསུམ་གྱི་ཁྱབ་ཁོངས་ཀྱི་བོད་པ་བརྒྱ་ཆའི་ལྔ་བཅུ་ལྷག་གིས་བཤད་བཞིན་པའི་འབྲོག་སྐད་དམ་ཨམ་སྐད་བོད་མིན་ན་སྐད་གང་ཞིག་བོད་སྐད་རེད་དམ། སྐད་གྲགས་ལྡན་པའི་དབུས་སྐད་དམ་ལྷ་སའི་ཁ་སྐད་དེ་སྤྱོད་མཁན་བོད་མིའི་བརྒྱ་ཆའི་ཉེར་ལྔ་ཡང་ཟིན་དཀའ་ལ།ད་དུང་དེའི་ནང་ན་དབྱིན་སྐད་དང་རྒྱ་གར་སྐད། རྒྱ་ནག་སྐད། སོག་སྐད་སོགས་ཟུར་ཆགས་པ་མང་པོ་ཡོད་པས་བོད་སྐད་དངོས་མ་ཞིག་ཡིན་དཀའ་བའི་ཁར་ཆོས་སྐད་དམ་ཡིག་སྐད་དང་ཁ་ཐག་རིང་པོ་རེད།
སྟག་སྨྱོན་ལགས་བོད་སྐད་ཅེས་པ་དབུས་གཙང་གི་སྐད་ལ་གོ་དགོས་པ་རེད་ཁམས་སྐད་ཀྱང་མང་ཆེ་བ་དབུས་སྐད་དང་ཐག་ཉེ་བོ་ཡོད་པ་རེད། ཨམ་སྐད་འདི་ཧ་ཅང་གོ་ཁག་པོ་ཞིག་རེད་ལགས། ངའི་སེམས་གཏིང་གི་རེ་བ་དེ་བོད་མི་ཡིན་ནོ་ཅོག་སྐད་གཅིག་གྱུར་ཡོང་ཐབས་ལ་གང་དྲག་བསམ་ཡོད། སྐད་གཅིག་གྱུར་ཡོང་ན་ཡི་གེ་གཅིག་གྱུར་ཡིན་པ་སྨོས་མ་དགོས་པ་རེད། ཡིན་ན་ཡང་དེང་སང་གི་གཞོན་སྐྱེས་འགའ་ཞིག་གིས་རང་རང་གི་ལུང་པའི་ཡུལ་སྐད་སྣ་ཚོགས་པ་ཡིག་ཐོག་དང་དྲྭ་ཐོག་ཏུ་འབྲི་བཞིན་པ་དེས་བོད་ཀྱི་སྐད་ཡིག་གཅིག་གྱུར་ཡོང་རྒྱུ་གནོད་ཚབ་ཆེན་པོ་རེད།
བོད་སྐད་གཅིག་གྱུར་བྱེད་རྒྱུ་དེ་དངོས་གནས་གལ་ཆེན་པོ་ཞིག་དང་གླེང་དགོས་པ་ཞིག་རེད། དེ་བས་དེའི་སྐོར་མཁས་བླུན་གཉིས་ཀྱིས་ལོ་ངོ་བཅུ་ཕྲག་ཁ་ཤས་ལ་གླེང་ཡོང་བ་རེད། ཨ་མདོ་བ་མང་པོ་ཞིག་གིས་ཨམ་སྐད་ཡག་པོ་ཡིན། ཨ་མདོའི་སྐད་ཐོག་གཅིག་གྱུར་བྱེད་དགོས་རེད་ཟེར། དབུས་པ་དེ་འདྲས་དབུས་གཙང་སྐད་ཐོག་གཅིག་གྱུར་བྱེད་དགོས་རེད་ཟེར། ད་གོ་མ་མྱོང་ཡང་། ཁམས་པ་ཞིག་ཡིན་ན་ཁམས་སྐད་དེ་ཨམ་སྐད་དང་དབུས་སྐད་གཉིས་ཀྱི་དཀྱིལ་ལ་ཡོད་དེ་ལེགས་ཤོས་རེད་ཟེར་ནས་བཤད་ཆོག་པ་ཞིག་རེད།
དོན་དངོས་སུ་སྐད་ཕྱོགས་རེ་བ་ཞིག་ལས་མ་ཤེས་པར་སྐད་གཅིག་གྱུར་སྐོར་གླེང་ན་དེ་ཕྱོགས་གཅིག་ཏུ་ཡོ་འགྲོ་རྒྱུ་ཡིན་པ་ཆོས་ཉིད་རེད། ཆོལ་ཁ་གསུམ་གྱི་སྐད་ཤེས་པ་མ་ཟད་ལ་དྭགས་དང་འབྲུག་སྐད་ལའང་རྒྱུས་ཡོད་མཁན་ཞིག་ནས་བཤད་ན་དེ་ལ་ཉན་རྒྱུ་ཞིག་ཡོད་རྒྱུ་རེད་སྙམ། གཙོ་བོ་གཅིག་ཡི་གེ་ཀློག་སྟངས་གཅིག་གྱུར་བྱེད་དགོས་པ་དེ་གལ་ཆེ་བར་འདོད།
རྩ་བའི་ལྷ་སའི་སྐད་འདི་ཡིག་སྐད་དང་ཉེ་སེ་ཞིག་རེད། ཡིན་ན་ཡང་། པ་ལགས་སྤྲད་སོང་ཟེར་བ་ལྟ་བུ་པ་ལགས་ཀྱིས་སྤྲད་པ་རེད་དམ་པ་ལགས་ལ་སྤྲད་པ་རེད། བྱེད་པ་པོ་དང་བྱ་བའི་ཡུལ་ལ་དབྱེ་བ་མེད་པ་ལྟ་བུ། རྒྱ་གར་འགྲོ་གི་ཡིན་ཟེར་ནས་ལ་དོན་གྱི་ཕྲད་ཀྱང་མི་དགོས་པ་ལྟ་བུ། ང་ཡེ་འགྲོ ཁོང་ཡེ་འགྲོ་ཟེར་ནས་རྒྱ་སྐད་ཀྱི་ཡེ་སྒྲ་དང་གཅིག་པ་ལྟ་བུ།སྤྲ། སྤྲེའུ། བྲང་ཁོག་ལ་སྦ་སྤེའུ་བང་ཁོག་ཟེར་བ་ལྟ་བུ། ར་མགོ ལ་མགོ ས་མགོ་ལ་ཁྱད་པར་མེད་པ་ལྟ་བུ། སྔོན་འཇུག་ལྔ་པོ་མིང་གཞི་དང་སྦྱར་ནས་ཀློག་སྐབས་ཀྱང་གཅིག་པ་འདྲ་བོ། དཔེར་བཞག་ན། འགོ་དང་མགོ དགོ བགོ་རྣམས་གཅིག་མཚུངས་སུ་ཀློག དེ་མིན་རྗེས་འཇུག་ད་དང་ས་གཉིས་ལའང་དབྱེ་བ་ཡག་པོ་ཕྱེ་མ་ཐུབ་པ་ལྟ་བུ་མང་པོ་ཞིག་འདུག
ཨ་མདོ་ཚོས་གསལ་བྱེད་རྐྱང་བ་ཀློག་སྐབས། ཀ་དང་ག། ཅ་དང་ཇ། ཏ་དང་ད་བཅས་ལ་ཁྱད་པར་རྩ་ནས་ཡོད་པ་མ་རེད། དབྱངས་ཨི་དང་ཨུ་གཉིས་ལའང་འབྲོག་ས་རེ་ཟུང་མ་གཏོགས་གཅིག་མཚུངས་སུ་ཀློག དེ་ནས་རྗེས་འཇུག་ད་དང་ལ་གཉིས་ཀྱང་དམངས་སྤྱི་བྱིངས་ནས་གཅིག་མཚུངས་སུ་ཀློག
འདི་ཚོ་སུམ་རྟགས་ཀྱི་གཞུང་གཞིར་བཟུང་ནས་ཀློག་ན་རང་བཞིན་གྱིས་གཅིག་གྱུར་འགྲོ་ཐུབ་པ་ཞིག་རེད་སྙམ། གཞན་རྟགས་འཇུག་གི་གཞུང་དུ་གསལ་མེད་པའི་དབྱངས་བཞི་དང་འདོགས་ཅན་སོགས་ཀྱི་ནང་ཀློག་སྟངས་མི་མཐུན་པ་ཁ་ཤས་ཤིག་ཡོད་པ་དེ་ཚོ་གཅིག་གྱུར་ཇི་ལྟར་བྱེད་དགོས་པ་རེད། རྗེས་སུ་དུས་ཚོད་ཡོད་ན་འདིའི་སྐོར་ཡང་སྐྱར་གླེང་།
མགོན་པོ་ཕྱག་གཉིས་པའི་གསུངས་འདི་དངོས་གནས་དཔྱོད་ལྡན་གྱི་གཏམ་རང་རེད་འདུག སྤྱིར་ཁ་སྐད་འདི་ལ་འདྲ་མིན་སྣ་ཚོགས་ཤིག་ཡོད་ཀྱང་ཡིག་ཐོག་ཏུ་གཅིག་གྱུར་ཡོང་ཐབས་བྱེད་དགོས། ཡི་གེ་འབྲི་སྟངས་ལ་ཡང་སྔོན་བཙན་པོའི་དུས་སུ་འགྱུར་བའི་འདུལ་བ་ལུང་ལྟ་བུ་དང་། དེ་རྗེས་ས་པཎ་གྱི་ཐུབ་པ་དགོངས་རྒྱན་ལྟ་བུ། དེ་རྗེས་ཀློང་ཆེན་པའི་ངལ་བསོ་སྐོར་གསུམ་ལྟ་བུ། དེ་རྗེས་ཙོང་ཁ་པའི་ལམ་རིམ་ལྟ་བུ། དེ་རྗེས་མི་ཕམ་པའི་དབུ་མ་རྒྱན་ལྟ་བུ། དེ་རྗེས་བསེ་ཚང་བློ་བཟང་དཔལ་ལྡན་གྱི་ཚངས་སྲས་བཞད་སྒྲ་ལྟ་བུའི་ཐོག་ནས་བལྟས་ན་བོད་ཀྱི་ཡི་གེ་འབྲི་སྟངས་འདི་ལ་འགྱུར་བ་ཆེར་ཕྱིན་མེད། དེང་སང་བོད་གཞུང་གི་ཡིག་ཆ་ཁག་དང་གསར་ཤོག་ཁག རྒྱལ་བ་རིན་པོ་ཆེའི་ངོས་ཀྱི་ཡུལ་དང་ངོས་ཀྱི་མིང་ལྟ་བུར་མཚོན་ན་སླར་བསྡུའི་ཚིག་ཕྲད་རྩ་བ་ཉིད་ནས་མེད་པ་ལྟ་བུས་མཚོན་ཚིག་སྦྱོར་ལ་ཡང་འགྱུར་བ་ཆེན་པོ་ཕྱིན་འདུག བོད་ཀྱི་སྐད་ཡིག་ཐོག་ཡོད་པའི་བཀའ་བསྟན་འགྱུར་དང་། མཁས་པ་རྣམས་ཀྱིས་མཛད་པའི་གཞུང་ཆེན་པོ་རྣམས་དང་། རྩིས། སྨན། སྒྱུ་རྕལ། སྒྲུང་དཔེ། ལོ་རྒྱུས་རྒྱལ་རབས། ཆོས་འབྱུང་སོགས་བོད་ཡིག་ཐོག་ཤིན་ཏུ་མང་བར་བརྟེན། བོད་ཡིག་འདི་ཐ་སྙད་ཀྱི་ཧ་ཅང་ཕྱུགས་པོ་ཞིག་ཡིན་པས་བོད་ཡིག་འབྲི་སྐབས་ཁ་སྐད་དང་ཡུལ་སྐད་སྣ་ཚོགས་མཉམ་བསྲེ་བྱེད་དགོས་དོན་གང་ཡང་མེད།
ཁྱོད་ཚོས་ཁམས་སྐད་དང་། དབུས་སྐད། ཨམ་སྐད་གླེང་རྗེས་གཞན་ཚོ་མ་བརྗེད་རོགས། སྐད་ཚང་མ་འདི་ཚོའི་ནང་འདུ་གི་མ་རེད། དྲང་པོར་བཤད་ན་ཡིག་སྐད་ནང་ཡུལ་སྐད་འབྲི་རྒྱུ་དེ་སྔ་མོ་ནས་ཡོད་པ་ཞིག་རེད་ལ། ལྷག་པར་དུ་བཙན་པོའི་དུས་རབས་དང་དེ་རྗེས་ཕྱི་དར་སྐབས་ལྷོ་བྲག་དང་མངའ་རིས་སོགས་ནས་མཁས་པ་མང་པོ་བྱོན་ཞིང་། དེ་དག་གིས་བོད་ཀྱི་བསྟན་བཅོས་ནང་རང་གི་ཡུལ་སྐད་བསྲེས་པ་མང་དྲགས་ནས་ད་ལྟ་བརྡ་རྙིང་དུ་གྲགས་པ་ཕལ་ཆེ་བ་ཡུལ་དེ་དག་ན་གོ་རྒྱུ་ཡོད་པ་མང་བ་ལས། ཨམ་སྐད་དང་། ཁམས་སྐད། ལྷ་སའི་སྐད་ན་དེ་ཙམ་མེད་པ་དངོས་ཡོད་ལོ་རྒྱུས་ཀྱིས་ཀྱང་བདེན་དཔང་བྱེད་ཀྱིན་འདུག
མཆན་གཞན་ཞིག་ན་སྒོམ་སྡེ་ལྷ་རམས་པས། སོ་མ་ཞེས་པའི་འགྲེལ་གཉིས་པ་དེར་བཀའ་བརྒྱུད་ཅེས་གུག་རྟགས་ནང་བཀོད་པ་ནི་མཐོང་རྒྱ་ཆུང་བར་བསམ། བཀའ་བརྒྱུད་པས་སོ་མ་བེད་སྤྱོད་མ་གཏང་བའི་གོང་ནས་རྙིང་མའི་རྫོགས་ཆེན་གྱི་དཔེ་ཆ་མང་པོར་འདི་ཉིད་བྲིས་ཡོད། དེ་ནས་ཕལ་ཆེར༌༌༌༌༌༌༌༌༌
ཚིག་མཛོད་སོགས་འབྲི་དགོས་ན་ཆོས་ལུགས་ཆོས་བརྒྱུད་ཚང་མའི་ངོས་ནས་འབྲི་དགོས་པ་ལས་ཕྱིས་བྱུང་གསར་མ་ཤ་སྟག་ཁུངས་སུ་མ་བྱས་ན་ལེགས། ལྟ་བའི་གཞུང་འདྲ་ཡིན་ན་སོ་སོ་རེད། མ་གཞི་སྒོམ་སྡེ་ཁོང་ཆོས་ལུགས་ཀྱི་ཞེན་སྡང་ཆེ་དྲགས་པ་ཁོང་གིས་བྲིས་པའི་མཆན་སོགས་ལས་ཤེས་ཀྱིན་འདུག་པས། དགེ་ལུགས་པའི་ཚིག་མཛོད་འདྲ་བྲིས་ན་ཡག་པོ་ཡོང་ས་རེད། ཐུའུ་བཀྭན་གྲུབ་མཐའ་བཞིན་སོ་སོའི་ཆོས་བརྒྱུད་ལས་གཞན་རྣམས་ཐམས་ཅད་མ་དག་པར་བསྒྲུབས་པ་ལྟར་རོ།།
སྤྱིར་ཆོལ་ཁ་གསུམ་གའི་སྐད་སོ་སོ་ནས་ལེགས་པའི་ཆ་དང་ཉེས་པའི་ཆ་གཉིས་ཀ་ཡོང་གིན་ཡོད་ཀྱང་། བརྡ་གསར་ལ་ཕན་པ་དང་བརྡ་རྙིང་ལ་ཕན་པ་གཉིས་སོ་སོར་གནས། ཏུན་ཧོང་ཡིག་རྙིང་ཁ་ཕྱེས་ན་ཁམས་སྐད་དང་། ལྷ་སའི་སྐད། ཨམ་སྐད་གསུམ་ལས་མངའ་རིས་དང་། ལྷོ་ཁའི་བརྡ་ཚིག་མང་རབས་ཤེས་ངེས་རེད། མང་པོ་མི་བཤད་སོ་སོས་དཔྱོད་དང་། ཧ་གོ་འོང་། དེང་སང་དེ་ཕྱོགས་སྐོར་གླེང་མཁན་ཉུང་ཉུང་ཡིན་དུས་ཚང་མས་དྲང་པོར་མི་སྨྲ་བར་ས་སོའི་ལར་ཞེན་བཟུང་བསྡད་འདུག་ག ལྷོ་བྲག་ཕྱོགས་དང་དེའི་རྒྱུད་དུ་གནའ་སྔ་མོའི་མཁས་པ་མང་དྲགས་པས་ཉང་སྟོད་རིག་པའི་འབྱུང་གནས་ཟེར་བ་ཡིག་རྙིང་རྣམས་སུ་གསལ་ཡོད་པས་རེབ་གོང་རིག་པའི་འབྱུང་གནས་ཡིན་པའི་རྒྱུ་མཚན་ལ་མི་བཞི་ལྔ་ཞིག་མ་གཏོགས་བརྩི་རྒྱུ་མེད་པ།
དྲང་པོར་སྨྲོས་དང་། སྐད་ཡག་ཤོས་ཟེར་བ་དེ་ཁྱབ་ཆེ་བར་བལྟ་དགོས་སམ་ཡང་ན་བརྡ་རྙིང་ལུགས་དང་བསྟན་བཅོས་སོགས་ལ་མཐུན་ཆེ་བ་གང་ལ་བལྟ་དགོས། དེ་ནས་ཡག་མིན་ཤོད།
པདྨ་ལགས་སུ་།
ཁྱེད་ཀྱི་ཨ་མདོའི་སྐད་དེ་བོད་སྐད་འདྲ་བོ་འདུག་ཞེས་བཀོད་པར་སྦས་དོན་ཞིག་ཡོད་འདོད་ན་། ཁ་བྱང་ལ་རྩོད་པ་དམིགས་གསལ་མེད་། གཞན་བདག་གི་ལྷ་སའི་ཁ་སྐད་དེ་རྒྱ་སྐད་དང་ཐག་ཉེ་བོ་རེད་ལ་རིགས་པས་བསམ་ཚེ་དེར་འབྲེལ་བ་ཏོག་ཙམ་ཡང་ཡོད་པ་། སྔོན་མ་བོད་བཙན་པས་དུས་སུ་རྒྱ་ནག་ལ་དམག་དྲང་དེ་རྒྱ་ནག་གོང་མ་རྒྱལ་ས་ནས་འགྲོ་བའི་ལོ་རྒྱུས་གོ་རྒྱུ་ཡོད་ལ། དེ་དུས་རྒྱལ་མོ་ལྔ་བརྒྱ་བོད་དུ་ཁྲིད་ཡོང་བ་རེད་ཟེར་བ་། ཞིགས་ཀྱང་གོ་རྒྱུ་འདུག། ལོ་རྒྱུས་དེ་བདེན་པར་བསམ་ན་རྒྱ་མོ་ལྔ་བརྒྱ་ཐམས་པ་དེ་ལྷ་ས་གྲོངས་ཁྱེར་དུ་འབྱོར་བའི་ཉིན་རྒྱལ་མཚོར་ཁ་བ་བབས་པ་ལྟར་འགྱུར་མི་སྲིད་པས་དུས་དེ་ནས་བཟུང་ལྷ་སའི་ཁ་སྐད་འདི་མགོ་ཚུགས་པ་མིན་ནམ་སྙམ།
སྤྱི་སྐད་ཀྱི་སྐོར་ལ་ཁྱེད་ཀྱི་ལྷ་སའི་ཁ་སྐད་དེ་གཞིར་འཇོགས་རྒྱུ་འབྲེལ་ཡོད་པ་ལྟར་། བདག་གི་ཀྱང་དེར་བསམ་ཚུལ་ ཁ་ཤེས་ཞིག་བཤད་།
སྤྱིར་སྐད་གཅིག་དགོས་ངེས་བར་དུ་དགོས་ན་སྤྱི་སྐད་དེ་ཡི་གེ་དང་བར་ཤིན་དུ་ཉེས་པ་ཞིག་དགོས་པ་ལས་ད་ལྟའི་ལྷ་སའི་ཁ་སྐད་ལྟ་བུར་མཚོན་ན་ཡིག་གེ་དང་པར་ཐག་ལེ་བར་ལྔ་བཅུ་ལྷག་གི་ཆོད་ཡོད་པ་དེ་།
ཕེབས་ལ་་་་་་ཐེ་།
ཚོགས་་་་་ཆོགས་།
ཕྲུག་གུ་་་་་་པུ་གུ་།
རྡོ་རྗེས་ཁོ་རང་་་་་་་་རྡོ་རྗེ་མོ་རང་།
ཞེས་པ་ལྟ་བུ་ཁ་སྐད་དང་ཡི་གེ་གཉིས་ཤར་ནུབ་དུ་ཕྱིན་པ་རེད་། ད་དུང་ཡི་གེ་སྦྱོར་ཀློག་གི་སྐབས་སྔོན་རྗེས་ཀྱི་སྒྲ་གདང་མ་ཡོང་རྐྱེན་གྱིས་།
ཕྱགས་ལ་་་་ཆགས་ལས་།
དབྱངས་ཅན་ལགས་་་་་་་དབྱངས་ཅན་ལ།
ཨ་མདོ་བ་་་་་་་ཨ་མདོ་པ།
འདི་དག་ནི་ཡི་གེ་སྒྲ་ཅི་བཞིན་པར་མ་ཀློག་པས་སྐྱོན་ཆ་རེད་།
སྤྱི་སྐད་ཞིག་དགོས་ན་ཆ་རྐྱེམ་གཉིས་ཚང་དགོས་བསམ་།
༡ བོད་ས་ཡོང་རྫོགས་ནས་ཡིག་རྨོང་སེལ་དགོས་།
༢ སློབ་ཆུང་གི་སློབ་མའི་དུས་ནས་ཡིག་གེ་་སྦྱོར་ཀློགས་གཅིག་བཟོས་དགོས་།
དེ་ཡང་སྔོན་གྱི་སྐད་གསར་གཏམ་འབེབ་དེ་དག་བྱད་དགོས་རྒྱུ་མཚན་དང་མ་བྱས་ན་དཀའ་ཁག་ སོགས་ཀྱི་ལོ་རྒྱུས་ཀྱི་ལགས་ཆ་དེ་དག་རྙེད་ན་། ང་ཚོའི་ད་ལྟའི་སྤྱི་སྐད་འདི་ཡང་ཅི་ལྟར་བྱེད་བཟོ་བ་ལ་ཕན་པར་བསམ་།
མདོ་ལྷ་ཁམས་པ་ལགས་། རྒྱུུ་མཚན་འདི་ཁོ་ནས་དྲི་བ་དེ་བྲིས་བ་ཡིན་ལ་། ངེད་ཀྱི་སྲིད་དོན་རྒྱལ་རབས་ལ་ལྟ་རྐྱང་ཡིན། ཐུགས་རྗེ་ཆེ་།
ཆོས་རྒྱལ་ཚོའི་སྐབས་བོད་ཡིག་སྔ་ཕྱི་གོ་དཀའ་བ་བྱུང་བས་བཀས་བཅད་རིམ་པ་ཁ་ཤས་བྱ་དགོས་བྱུང་བ་མ་གཏོགས། པད་མས་བཤད་པ་ལྟར་ཆོས་གཞུང་ཁག་ལ་གནའ་ནས་ད་བར་འགྱུར་བ་ཆེན་པོ་ཕྱིན་མེད་ན་ཐང་། ཡིན་ནའང་རིམ་པས་བོད་ཡིག་དེ་གཙོ་ཆེ་བ་ཆོས་ཀྱི་ཁྱབ་ཁོངས་གཅིག་པོ་ནས་བེད་སྤྱོད་བཏང་ཡོང་བས་དམངས་སྐད་དང་ཐག་ཇེ་རིང་ལ་སོང་བ་རེད། ད་ལྟ་ཕལ་ཆེར་ཡིག་སྐད་ཟེར་ན་འདྲ། ཆོས་སྐད་ཟེར་ན་འདྲ་དེ་འདྲ་སྐད་གཞན་པ་ཞིག་ཆགས་པ་རེད། སྐད་གཞན་པ་དེའང་དུས་རབས་རིམ་སོང་གི་གསར་བཏོད་ལ་བརྟེན་ནས་གཏིང་ཟབ་པོ་དང་རྒྱ་ཆེན་པོ་ཡིན་པ་བཤད་མ་དགོས་པ་ཞིག་རེད། ཡིག་སྐད་ཀྱི་རྨང་གཞི་བོད་སྐད་ཡིན་པར་བརྟེན་ད་ལྟ་ཡིན་ནའང་ཆོལ་ཁོངས་གང་ཞིག་གི་མིས་ཀློག་ནའང་ཁག་སེ་ཡོད་པ་མ་གཏོགས་གོ་ནི་གོ་གི་ཡོད་པ་རེད། ཡིན་ན་ཡང་། མཁས་པའི་དབང་བོ་ཞིག་ཡིན་ན་ཡང་ཕྲད་སྦྱོར་ཚུལ་ཚུན་ཆད་ཡིག་སྐད་ལྟར་སྐད་ཆ་བཤད་དགོས་ཚེ་དེ་ལྟར་ཡོང་གི་ཡོད་པ་མ་རེད། དེ་ལྟར་མི་ཡོང་བའི་རྒྱུ་མཚན་གཅིག་ཡིག་སྐད་ཀྱི་བརྡ་སྤྲོད་ཀྱི་འགྲོས་དེ་ཁ་སྐད་ཀྱི་བརྡ་སྤྲོད་ཀྱི་འགྲོས་དང་མི་མཐུན་ས་མང་པོ་ཡོད་པ་མ་ཟད་མགོ་རྙོག་ཚ་བོ་དེ་འདྲའང་ཡོད་པས་རེད། དེ་སྐད་དང་ཡི་གེ་གཅིག་གྱུར་བྱེད་པའི་འགལ་རྐྱེན་ཆེན་པོ་ཞིག་ཏུ་མཐོང་།
དེ་ནས་ཆོས་གཞུང་མ་ཡིན་པའི་སྒྲུང་དཔེ་དང་། མགུར་མ། གཏམ་དཔེ། གླུ་གཞས་སོགས་ཀྱི་དཔེ་ཚན་ཁག་ཅིག་ཀྱང་ཡིག་ཐོག་བཀོད་ཡོད་པ་རེད། དེ་ཚོ་དམངས་སྐད་དང་མཐུན་ཤུགས་ཆེན་པོ་ཡོད་པ་རེད། དེ་ཚོ་ས་ཁོངས་གང་ཞིག་ནས་ཀློག་ནའང་ལམ་སང་ཕན་ཚུན་གོ་གི་ཡོད་པ་མ་ཟད་ངག་ལའང་འབྱོར་བདེ་བོ་ཡོད་པ་འདིས་ང་ཚོར་གང་ཞིག་གསལ་སྟོན་བྱེད་གི་མི་འདུག་གམ།
དེ་མིན་ཁ་སྐད་དང་ཡུལ་སྐད་ཟེར་ནས་ཟུར་དུ་ཕུད་རྒྱུ་ཞིག་ཡོད་རྒྱུ་མ་རེད། དེ་ཚོ་ཕལ་ཆེ་བ་ཡི་གེའི་ནང་འབྲི་ཐབས་ཤིག་ཡོད་པ་རེད། ཡོད་པ་དེ་ཚོ་བེད་སྦྱོད་གཏོང་དགོས་པ་རེད། དཔེ་བཞག་ན། ཨམ་གཞས་འདི་ལ་གཅིག་ཉོན། དགུང་ཨ་སྔོན་གོས་སྔོན་རས་སྔོན་རེད། གོན་འདོད་ན་གོང་ང་སྤད་རན་རེད། རོགས་ཆུང་ལོ་ལྔ་གསུམ་བཅོ་ལྔ་རེད། འགྲོས་འདོད་ན་ཚིག་གསུམ་བཤད་རན་རེད། ཟེར་བ་འདི་འདྲ་ཞིག་བྲིས་ན་ཅུང་གོ་ཁག་པོ་མི་འདུག་གེ གོང་གསལ་ལས་ཚིག་རེ་ཟུང་བཅོས་ཏེ། གོང་ང་ལ་གོང་བ་བྲིས། སྤད་རན་ལ་སྤྲད་རན་བྲིས། འགྲོས་འདོད་ན་ལ་འགྲོགས་འདོད་ན་ཞེས་བྲིས་པ་ཡིན་ན་ད་ཕལ་ཆེར་མི་གོ་བ་ཡོད་རྒྱུ་མ་རེད།
ཡུལ་སྐད་བཤད་སྟངས་ཀྱི་དེབ་འབྲི་བ་དང་། ཡུལ་སྐད་བེད་སྤྱོད་གཏོང་བ། དེ་ལ་འགྲེལ་བཤད་བྱེད་པ། ཕན་ཚུན་གྱི་ཡུལ་སྐད་སློབ་རེས་བྱེད་པ། ཡུལ་སྐད་ཀྱི་རླུང་འཕྲིན་འཛུགས་པ་འདི་ཚོ་བོད་སྐད་གཅིག་གྱུར་ལ་རྨང་གཞི་ཞིག་འདིང་གི་ཡོད་པ་རེད་མ་གཏོགས་འདི་ཚོ་གཏོར་བཤིག་གང་ཡང་མ་རེད།
ད་ལྟ་ཡིན་ན་རླུང་འཕྲིན་དང་ཚགས་པར། འགྲུལ་བཞུད་སོགས་ལ་བརྟེན་ནས་ཨ་མདོ་ཚོས་ལྷ་སའི་སྐད་འགའ་རེ་ཤེས་པ་དང་ལྷ་ས་བ་ཞིག་ཡིན་ན་ཨ་མདོའི་སྐད་འགའ་རེ་ཤེས་པ་དེ་ཚོ་སྐད་གཅིག་གྱུར་ལ་ཕྱོགས་བཞིན་པའི་མངོན་རྟགས་ཆུང་ཆུང་ཞིག་མ་རེད་དམ། གོང་དུ་ཁྱེད་རང་གིས་དྲངས་པའི་གཡུ་མཚོ་ཟེར་བ་དེའི་བསམ་ཚུལ་ཕལ་ཆེ་བ་ངའི་བསམ་ཚུལ་དང་འགལ་བ་ལྟག་སྤྲོད་རེད། དཔེ་མཚོན་ཞིག་དྲངས་ན། ་་ཞེ་གི་སྲ་གི༼ཨ་མདོའི་སྐད༽ཡག་མོ་ཀྲ་མོ་འགུ༼ཁམས་སྐད༽ཡག་པོ་ཞེ་དྲག་འདུག༼དབུས་སྐད
འདི་ཚོའང་ཡིག་ཐོག་ལ་ཕབ་པ་ན་ཡིག་སྐད་ཆགས་རེད། སུས་ཡིན་ན་འདིའི་དོན་རྟོགས་གི་རེད། ཡིན་ནའང་དག་ཆ་འབྲི་སྟངས་ནོར་ན་མ་འགྲིགས་པ་རེད། གོང་གསལ་གྱི་དེ་འདི་ལྟར་གཤིས་གི་སྲ་གི ཡག་མོ་དྲ་མོ་འགུ་ཟེར་ནས་བྲིས་པ་ཡིན་ན་གོ་བདེ་རུ་ཕྱིན་པ་རེད་སྙམ།
དེ་མིན་དམངས་སྐད་ནང་ད་སྔ་ཡིག་ཐོག་ཏུ་མ་ཡོང་བ་དང་འབྲི་ཁྱབ་ཆེན་པོ་མ་ཕྱིན་པའི་ཐ་སྙད་ཀྱང་མང་པོ་ཞིག་ཡོད་པ་འདྲ་བས་དེ་ཚོ་ངེས་པར་དུ་ཡང་འབྲི་སྤྱོད་བྱེད་དགོས་པ་རེད།
ཆུ་བོ་ཆེན་པོ་ཞིག་ཆགས་དགོས་ན་ཆུ་སྣ་ཆུང་ཆུང་མང་པོ་ཞིག་བསྡུ་དགོས་པའི་གནས་ལུགས་དེ་ངེས་པར་ཤེས་དགོས་པ་ཞིག་རེད། ཁ་སྐད་ཟེར་ནས་སྤྲེའུ་ལ་སྤེའུ་བྲིས། ཕུར་བ་ལ་ཧུར་བ་བྲིས་སོང་ན་དེ་དངོས་གནས་རྙོག་དྲ་ཚ་རོགས་རེད།
པདྨ་ལགས། བོད་ལ་སྤྱི་སྐད་ཅིག་དགོས་པར་དགོངས་བཞིན་པ་ཡག་པོ་རེད། འོན་ཀྱང་བོད་ཀྱི་མི་འབོར་མང་ཤོས་མདོ་སྟོད་སྨད་ཁུལ་ན་མེད་འགྲོ་བསམ། དེ་འདྲ་ཡིན་ན་མི་འབོར་མང་བ་མདོ་སྟོད་སྨད་ཀྱི་སྐད་བསྒྱུར་ནས་མི་འབོར་ཉུང་བ་དབུས་སྐད་ལ་བསྒྱུར་འདོད་པ་དྲང་པོ་དང་ལས་སླ་བ་ཡོད་འགྲོ། ༢། མ་ཤེས་པ་དེ་མང་དུ་བསླབ་ནས་གཅིག་གྱུར་བྱེད་འོས་པ་ལས། མ་ཤེས་པ་དང་མི་གོ་བ་ཚང་མ་དོར་ནས་སྐད་ཡིག་ཉུང་དུ་བཏང་སྟེ་གཅིག་གྱུར་བཟོས་པ་ཡིན་ན། བོད་ཡིག་གི་ཀྱི་མིང་ཚིག་གིས་དེང་རབས་འཚོ་བའི་ནང་འདང་གི་མེད་པའི་མུ་གེ་དེ་ཡང་ཚབས་ཆེ་རུ་འགྲོ་གི་རེད་དྲན་སོང་། དེ་ནི་སྤྲང་པོའི་བྲོ་ཁའི་ནང་འགོང་བོའི་སེར་བུ་གཡུག་ཟེར་བའི་དཔེ་ཆགས་པ་རེད། སྔོན་མ་ཞིག་ལ་བོད་ཡིག་གི་ཚིག་ཕྲད་བྱིས་པ་ཚོས་ཤེས་ཀྱི་མི་འདུག་པས་ཚིག་ཕྲད་མང་པོ་ཞིག་དོར་དགོས་པའི་བསམ་འདོན་མཁན་ཞིག་བྱུང་བ་དེ་དང་ཕྱོགས་མཚུངས་རེད། སྐད་ཡིག་གཅིག་གྱུར་བཟོ་ན་ང་ཚོའི་ཀླད་པ་ཆེ་རུ་གཏོང་དགོས་པ་ལས། སྐད་ཡིག་ཉུང་དུ་གཏོང་མི་རུང་བར་འདོད་དོ།། བྱུང་ན་དྲ་ཐོག་འདིར་སུམ་རྟགས་ཧ་ཅང་སླ་བོ་ཞིག་འགྲེལ་ཆོག བོད་ཀྱི་བརྡ་སྤྲོད་འདི་ཤེས་ན་དཔེ་ལས་སླ་བོ་རེད།
པདྨས་དབུས་གཙང་གི་སྐད་ཅེས་དབུས་སྐད་དང་གཙང་སྐད་གཅིག་པ་འདྲ་བོ་བཟོས་འདུག དེ་གཉིས་གཅིག་པ་མ་རེད། མ་ཟད་དབུས་པ་ཚོས་གཙང་སྐད་ལ་ཟུར་ཟ་མང་པོ་བྱེད་ཀི་རེད། སྐད་ཡིག་གི་ཐོག་ལ་བསམ་ཚུལ་བཤད་སྐད་ཡིག་གི་སྐོར་ལ་རྒྱུས་མངའ་ཞིབ་ཙམ་ལེན་ཞེན་རོགས། སེམས་ཁྲེལ་དང་ལྷག་སེམས་གཅིག་པོས་མི་ཕན།
སྟག་སྨྱོན། ཁྱོད་ལ་བོད་ཀྱི་སྤྱི་སྐད་ཀྱི་ཇུས་གཏོགས་དང་ན་ཚ་མི་འདུག ཁྱོད་ཀྱིས་ཆོས་བརྒྱུད་བར་ལ་དཀྲུགས་ཤིང་བརྒྱབ་པར་བརྟེན་དགེ་ལུགས་ལ་གཤེ་བའི་མཆན་དྲུག་བརྒྱ་ལྷག་ཅིག་བཏབ་སོང་། ད་འདོད་པ་ཚིམ་ཡོད་རྒྱུ་རེད། ཡང་ཆོལ་ཁའི་བར་ལ་དཀྲུགས་ཤིང་རྒྱག་ཏུ་ཡོང་བ་ཡིན་ནམ། ཁྱོད་ཀྱིས་རང་བཙན་ལག་དེབ་གད་སྙིགས་ནང་དུ་གཡུག་པ་དེ་བོད་ཀྱི་སུམ་རྟགས་ལས་སླ་པོ་ཡོད་ཙང་ཨེ་རེད། ཁྱོད་ཀྱིས་༧རྒྱལ་དབང་ཀརྨ་པ་ལ་གཞི་མེད་ཀྱི་སྐུར་འདེབས་ག་ཚོད་བྱས་ཡོད། ཁྱི་རྒན་ཁྱོད། རྒྱ་མིའི་ཟ་ཁང་གི་རྐུབ་གཡོག་ཁྱོད་ལ་སྦྱིན་བདག་དང་མཉམ་དུ་རྒྱལ་བ་རིན་པོ་ཆེར་རྒོལ་རྒྱུ་མ་གཏོགས་བོད་ཡིག་གི་ཐོག་ལ་ཇུས་གཏོགས་མི་འདུག
བོད་ཀྱི་བརྡ་སྤྲོད་འདི་དཔེ་ལས་སླ་པོ་ཡིན་ན། ཁྱོད་ཀྱིས་རེད། བྱེད་ཀི་རེད། ཟེར་བ་དང་། སེམས་ཁྲེལ་ཟེར་བ་དང་། ལྷག་སེམས་ཟེར་བ་འདི་ཚོ་ཁྱོད་ཀྱི་ཡི་དམ་ཤི་འདྲེ་དོལ་རྒྱལ་གྱི་རོ་འདྲ་ཞིག་ཡིན་འགྲོ།
ཚུལ་ཁྲིམས་མཐར་ཕྱིན་ནམ་བསམ་གཏན་དང་པོ་ཕར་ཕྱོགས་ཀྱི་དགེ་རྙིང་བར་རྩོད་པ་དེ་ཚོ་ལ་ལན་བྲིས་ན་ཡག་གི་རེད། ང་ལ་ཇུས་ཏོ་མེད། ཀློག་མཁན་ཚོ་མཆན་གྱི་གོ་རིམ་དང་ནང་དོན་ལ་ལྟོས་ནས་དཀར་ནག་དབྱེ་དགོས། སྙིང་རྗེ་རྙོག་དྲ་གིས་གཉིད་མ་ཁུག་པར་སྨྱོ་གི་རེད་གདའ།
ཚིག་ནོར་དེ་བསམ་གཏན་མི་ངན་ཆེད་ཀྱི་སྐལ་ལ་ཡིན་གདའ།
ང་ཁྱེད་ལ་ངོ་ནས་སྙིང་རྗེ་གི་འདུག ར་མ་འཕག་ནས་ར་ཁང་ཤིག་གི་མ་རེད་དོ།
རྗེ་འུ་ཐུག་ནས་ག་རེ་བྱེད་དགོས་དྲན་གྱི་མེད་པ་འདྲ། ཐ་ན་དོལ་འདྲའི་མིང་བཏོན་ཕན་མི་ཡོང་དྲན་གི་ཡོད་འདུག འདྲེ་དེ་འདུལ་ཚར་བ་རེད། སྐྱབས་དང་རེ་བ་བརྒྱག་ས་ནོར་བ་རེད། དྲ་ཁང་ནང་འདྲེ་སྒྲུང་རྙིང་བ་དེ་བཤད་ནས་ཉན་མཁན་དང་ཡིད་ཆེས་མཁན་ཡོད་པ་མ་རེད་དོ། མི་ཞིག་གིས་ཉན་གི་མ་རེད། འདྲེ་སྒྲུང་དེ་སུའི་ཆེད་དུ་བཤད་ཀྱི་ཡོད་དམ། འདྲེ་དེ་ཤི་ཚར་བས་སུ་ཞིག་ཁོག་པར་འཛུལ་རྒྱུའི་ཞེད་སྣང་་བྱེད་མི་དགོས་ལོ། གཉིད་ལ་ཐོངས། ལོ་ལོ་ལོ། བསམགགཏན་གཉིད་ལ་ཐོངས། གཉིད་ལ་ཐོངས་ར་ཕག་ཞིག་སྟེར། ཕག་རྔ་རྡོ་ཞིག་བཏགས་ནས་སྟེ། ལོལོ་ལོ་ལོ། གཉིད་ལ་ཐོངས། གཉིད་ལ་ཐོངས་ར་ཤིག་སྟེར། ཤིག་གི་འཚང་ར་བཙོས་ནས་སྟེར།
ཨོ། དེ་རིང་ཁྱེད་ཀྱིས་ང་སྟུ་ལྡག་ལབ་ཡིན་པ། ཁྱེད་ཀྱིས་སྟུ་ལྡག་གི་མེད་དམ། ངོ་ཚ་ལ། ད་དུང་སྟུ་ལྡག་ན་ཚོར་བ་ག་རེ་ཡོད་ཤེས་མི་འདུག འོ་ན། གློག་བསད་མགོ་བཏུམ་ནས་རྐུན་མ་ནང་བཞིན་སྒྱོ་གི་ཡོད་དམ། ངོ་ཚ་ལ། དུས་ཉི་ཤུ་བའི་ནང་གི་བུ་མོ་ཞིག་མ་རག་ཐག་ཆོད་རེད། བསོད་སྐམ། སྟུ་མིག་གིས་ལྟ་མྱོང་ངམ། མ་ལྡག་པར་ལམ་སང་རྒྱོ་ན་ཁྱི་ནང་བཞིན་བརྩི་གི་རེད་ད། ཟོག་འདིས་སྒྱོ་བརྒྱག་ཤེས་ཀྱི་མི་འདུག་ཟེར་ནས་མར་བུས་ཡོང་གི་རེད། དེ་ལས་ཕར་ལ་ལྡག་ནས་ཚར་ལ་འཇུབ་རེས་བྱས་ན་སྐྱིད་ཤོས་རེད། ཡིད་མ་ཆེས་ན་ཚོད་ལྟ་བྱོས་དང་སྟག་སྨྱོན་དྲིན་ཆེན་དེ་ཟེར་ནས་མིག་ཆུ་ཡང་ཤོར་སྲིད།
ཨེ་རེད་ཁྱི་རྒན་རོ་སྐེ་བཏགས། ཁྱོད་ང་ཚོ་ལ་སྙིང་རྗེ་གི་འདུག་གམ། ཡིན་ན་ཡང་ང་ཁྱོད་ལ་སྙིང་རྗེ་སྐྱེ་གི་མི་འདུག དེ་ལས་ལྡོག་སྟེ་ཕ་བསད་ཀྱི་དགྲ་བོ་ཞིག་ཡིན་པའི་བསམ་བློ་འཁོར་ཡོང་གི་འདུག ཁྱོད་གང་དུ་སོང་ཀྱང་བཀྲ་ཤིས་བདེ་ལེགས་གཅིག་མེད་པ་དེ་སེམས་ལ་ཨི་ཕོག་གི ཁོང་ཁྲོ་ཨི་ཟ་གི ཟ་ན་རང་ཉེས་ཡིན་པས་རང་གིས་བྲང་ལ་དྲག་ཏུ་བརྡུང་ཞིག རྗེས་མ་ནས་ཁྱོད་ཀྱི་མཆན་རེ་རེ་བཞིན་རོ་སྐེ་བཏགས་རེ་རེ་བྱེད་པའི་ངེས་པ་མེད། དྲ་གྲོགས་ཚོ་ལ་བསམ་བློ་བཏང་ཁུལ་ཡིན། འོན་ཀྱང་རྩ་བའི་ཆ་ནས་ཁྱོད་ལ་གུ་ཡངས་སྐར་མ་གཅིག་ཨེ་སྟེར་ལྟོས་ཨ། ཨ། ཤི་མགོ་ཁྲག་ལ་བསྐོར་རྒྱུའི་དོལ་ཕྲུག་ཁྱོད། མ་གཞི་ཁྱོད་ཀྱིས་ད་ཆ་དོལ་འདྲེ་འདོན་གྱི་མེད་མདོག་འདྲ་བོ་ཞིག་སྟོན་ཁུལ་བྱས་འདུག་མོད། ཁྱོད་ཀྱི་ཕ་མེས་ཡང་མེས་རིང་ནས་ཤི་འདྲེ་དེ་དང་ཏིལ་དང་མར་བཞིན་ངོ་བོ་དབྱེར་མེད་དུ་འདྲེས་ཟིན་པ་འདི་ཁྱོད་རང་གིས་བཤད་པའི་སྐད་ཆ་ཡིན་པས་ད་དུང་ཤི་འདྲེ་དེས་ཁ་རླངས་ཀྱི་ཁུག་ན་འཁྱིལ་བསྡད་ཀྱི་ཡོད་པ་ངས་ཁག་ཐག་བྱེད་ཐུབ། དོལ་ཕྲུག ཁྱོད་ལས་སླ་པོ་ཨེ་འཇོག་ལྟོས་ཨ།
སྟུ་ལྡག་ན་ག་རེ་ག་རེ་ཡོད་པ་རེད། བོད་རང་བཙན་ལ་གནོད་ཀི་རེད་དམ། སྟུ་ལྡག་གི་མིན་ན་གྲྭ་ཡག་པོ་ཞིག་བྱེད་ཨེ་ཐུབ་ལྟོས་མ་གཏོགས། དེང་སང་ཕོ་མོ་མི་འཇུབ་མཁན་དང་མི་ལྡག་མཁན་ཡོད་པ་མ་རེད། ཡོད་ན་རྒྱོ་ཡང་མི་ཤེས་པའི་དུད་འགྲོ་ནང་བཞིན་ཟེར་གི་རེད། སྟུ་ལས་བྲོ་བ་ཆེ་བ་ཞིག་ལྡག་རྒྱུ་རྙེད་ཀི་མ་རེད། སྟུ་ལས་མཛེས་པ་ཞིག་མིག་གིས་མཐོང་རྒྱུ་ཡོད་པ་མ་རེད། འདིའི་ཆེད་དུ་དགེ་བཤེས་ལོ་བདུན་ཅུར་སོན་བྲོ་ཡོད་མཁན་ཚོ་ཡང་ལོག་འགྲོ་གི་མི་འདུག་གམ། སྟུ་སྡུག་སྐྱག་དེ་འདྲ་མ་རེད། ཁྱེད་རང་སྟུ་ནང་ནས་སྐྱེས་ནས་ཡོང་བ་རེད། དྲན་ཆེན་ལ་དྲིན་ལོག་མ་བྱེད། སྟུ་དྲིན་ཆེན་པོ་མིན་ན་ཚར་རེད། ཆང་འཐུང་ཞོར་ལ་གློག་དམར་པོ་ཞིག་གི་འོག་ནས་སྟུ་ལྡག་བསྡད་ན་དཔེ་སྐྱིད་པོ་ཡོད་རེད། སྟུ་འདི་རྒྱོ་ས་དང་ལྡག་རྒྱུ་ཞིག་ཡིན་པ་ལས་དྲ་ཐོག་ནས་གླེང་འོས་པ་ཞིག་མ་ཡིན་ཡང་། གོང་གི་མི་དེ་ལ་གསལ་བཤད་ཆེད་མི་འབྲི་ཀ་མེད་ལ་སོང་དྲ་གྲོགས་གཞན་པ་ཚོར་དགོངས་དག།
“དངོས་གནས་བཤད་ན་ངའི་ཕ་མ་དང་ཨ་མྱེ་སོགས་ཀྱི་རིང་ལ་དོལ་རྒྱལ་བརྟེན་གསོལ་བྱེད་མྱོང་ཡོད།”
ཁྱི་རྒན་རོ་སྐེ་བཏགས། འདི་ཁྱོད་རང་གི་སྐད་ཆ་རེད་ད། ཨ། ཤི་མགོ་ཁྲག་ལ་བསྐོར་རྒྱུ། དམ་ལོག
ཡག་ཤོས་རེད། ངེད་གཉིས་སྒེར་ནས་ཐུག་ཨེ་ཐུབ་ལྟ་ཆོག དེ་མིན་སྤྱི་གཞུང་གི་དྲ་ཁང་འདིའི་ནང་ནས་རྩོད་པ་ཆོ་མེད་མང་པོ་བརྒྱབ་ནས་ཚང་མ་སུན་བཅུག་ན་ཉེས་པ་ཆེ་གི་རེད།
དེ་ངའི་སྐད་ཆ་མ་རེད་ད། གལ་སྲིད་ཁྱེད་ཀྱིས་ངའི་མིང་སྟག་སྨྱོན་སྤྱད་ནས་བྲིས་པ་མིན་ན་གཞན་ཞིག་གིས་བྲིས་པ་ཡིན་ངེས་རེད། ངས་ཁྱེད་ཀྱིས་བྲིས་པར་ཡིད་ཆེས་བྱས་ཡོད། ངས་འདྲེ་དེའི་མིང་ཡང་གླེང་མ་དགོས་པ་གཙོ་འདོན་གྱི་བྱེད་ཀྱི་ཡོད།
ངས་ཕ་མ་དང་ཨ་མྱེས་ཚོས་འདྲེ་དེའི་མིང་ཡང་གོ་མྱོང་ཡོད་རྒྱུ་མ་རེད།
བསམ་གཏན་དེ་རིང་ནས་ང་ཡང་དྲ་ཐོག་ཏུ་མང་པོ་ཡོང་ཐུབ་མིན་མི་ཤེས། གང་ལྟར་ཁྱེད་ཀྱིས་དྲ་གྲོགས་གཞན་ཚོ་ལ་བསམ་བློ་བཏང་ནས་ང་ལ་ལན་འབྲི་གི་མིན་པའི་བསམ་ཚུལ་དེ་ལ་དགའ་བསུ་ཡོད། བསྟོད་བསྔགས་ཡོད། བཟང་འདྲིས་མིན་རུང་མན་འདྲིས་ཟེར་བ་ལྟར་གྱུར་ཡོད་པས། ད་ནས་ཁྱེད་ཀྱིས་དྲ་ཁང་ལ་བསམ་བློ་བར་དགའ་བསུ་དང་ཡང་དག་པའི་སེམས་ཆོད་ཅིག་རེད།
“རྗེས་མ་ནས་ཁྱོད་ཀྱི་མཆན་རེ་རེ་བཞིན་རོ་སྐེ་བཏགས་རེ་རེ་བྱེད་པའི་ངེས་པ་མེད། དྲ་གྲོགས་ཚོ་ལ་བསམ་བློ་བཏང་ཁུལ་ཡིན།” སྐད་ཆ་འདི་ལ་གུས་བརྩི་དང་དགའ་བསུ་ཡོད།
ཡང་སྐྱག་རྫུན་བཤད་ཀྱི་ཨེ་ཡོད། ཨ་རོ་སྐེ་བཏགས། གོང་གི་ཚིག་དེ་ངས་ཁྱོད་ཀྱི་ཟིན་བྲིས་ཤི་བོ་དེ་མ་ཤི་གོང་དེའི་ནང་ནས་པར་སློག་བྱས་པ་ཡིན། མི་གཞན་ཞིག་གིས་བྲིས་པ་རེད་ཨེ། མི་ག་ཚོད་ཀྱི་ལག་ཏུ་ཁྱོད་ཀྱི་གསང་བའི་ཨང་གྲངས་ཡོད་དམ། ཁ་ནས་ཤོར་བའི་སྐད་ཆ་ཕྱིར་འཐེན་ཐབས་ཨེ་ཡོད། འདིར་ཁྱོད་ཀྱིས་བྲིས་པ་ཤོག་གྲངས་བཅུ་ཁ་ཞིག་ཉར་ཡོད་ཀྱང་། དེ་རིང་དྲ་བདག་གིས་ལུང་འདྲེན་མང་པོ་མ་བྱེད་གསུངས་ཀྱི་འདུག་པས་དེ་རིང་ལུང་འདྲེན་བྱས་མེད། འོན་ཀྱང་ལུས་ཅན་དག་གི་ལས་རྣམས་ནི།། བསྐལ་བ་བརྒྱར་ཡང་ཆུད་མི་ཟ་ཞེས་པ་ལྟར། ཁྱོད་ཀྱི་ལས་ཀ་རྣམས་ཆུད་ཟོས་སུ་འགྲོ་རྒྱུ་མེད་པས། སྐབས་སྐབས་རེ་ངས་མཁྲིས་པ་ལྟར་ཁ་བའི་མཆན་དེ་ཚོ་རེ་རེ་བཞིན་ཁྱོད་ཀྱི་མིག་ལམ་དུ་བཤམས་ཡོང་ཆོག
རེད། སྟག་སྨྱོན་གྱིས་བཤད་པ་ལྟར། སྐད་ཡིག་གཅིག་གྱུར་བཟོ་ན་ང་ཚོའི་ཀླད་པ་ཆེ་རུ་གཏོང་དགོས་པ་རེད། སྐད་དང་ཐ་སྙད་ཕུན་སུམ་ཇེ་ཚོགས་དང་། བེད་སྤྱོད་རྒྱ་ཆེ་རུ་གཏོང་དགོས་པ་རེད། ལུང་ཕྲན་ཚུན་ཆད་ཀྱི་སྐད་ནང་ལེན་རྒྱུ་ཡོད་པ་ཐམས་ཅད་མ་ལུས་མ་ལྷག་པར་ཚུར་ཡིོག་སྐད་ནང་ལེན་དགོས་པ་རེད། དེ་དང་མཉམ་དུ་ཁ་ནས་བཤད་རྒྱུ་དང་ལག་ནས་འབྲི་རྒྱུ་གཉིས་ལ་བར་ཆད་ཆེན་པོ་བྱེད་པ་དང་། སྐད་ཀྱི་བརྡ་སྤྲོད་དང་མི་མཐུན་པའི་ཡིག་སྐད་ཀྱི་བརྡ་སྤྲོད་དེ་ཚོའི་ནང་ཡང་འདོར་འོས་པ་དང་འདོར་དགོས་པའི་རྙོག་དྲ་ཚ་བོའི་་རིགས་བློ་ཁོག་ཆེན་པོ་དང་ཀླད་པ་རྒྱ་ཆེ་ས་ནས་འགུལ་ཏེ་བསྒྱུར་བཅོས་ཆེ་ས་ནས་བྱེད་དགོས་པ་རེད། དེའི་དཔེ་མཚོན་ཡག་པོ་ཞིག་ནི། དྷ་ས་ཤེས་རིག་དཔར་ཁང་ནས་བསྐྲུན་པའི་བཀའ་གདམས་པའི་གླེགས་བམ་དེ་ཚོ་མང་པོ་ཞིག་གི་ནང་། ཅིག་ཞིག་ཤིག་གསུམ་གྱི་ཚབ་སྐབས་འགའ་ཤས་ཤིག་མ་གཏོགས་ཅིག་གཅིག་པོ་བེད་སྤྱོད་བཏང་འདུག་ཀྱང་། ངས་དེ་ཐེངས་གཉིས་པ་ཀློག་སྐབས་མ་གཏོགས་དོ་སྣང་ཁོ་རང་མ་བྱུང་།
ངས་ཀྱང་ཚོད་ལྟའི་ཆེད་ཡུན་རིང་བོ་ཞིག་ལ་ཕྲད་གཞན་དབང་ཅན་དེ་ཚོ་ཉུང་དུ་བསྡུས་ནས་རང་དབང་གི་ཚུལ་དུ་བེད་སྤྱོད་བཏང་ཕྱིན་པ་ཡིན་ཏེ་དཀའ་ངལ་དམིགས་བསལ་བ་གང་ཡང་ཕྲད་མ་སོང་ལ་དོན་སྟོན་དགོས་པ་ཚང་མ་སྟོན་ཐུབ་གི་འདུག གཞན་པ་ཚོས་ཀྱང་རབ་འབྱོར་སོགས་རེ་ཟུང་གིས་མ་གཏོགས་དམིགས་བསལ་དོ་སྣང་གང་ཡང་བྱུང་མི་འདུག
ཕྲད་སླ་བཅོས་བྱེད་དགོས་པའི་སྐོར་བསམ་ཚུལ་ཤུགས་ཆེན་པོ་བརྗོད་མཁན་གཅིག་ང་ཡིན། དེ་ཡང་སྟག་སྨྱོན་གྱིས་བཤད་པ་ལྟར་བྱིས་པས་མི་གོ་བ་གཅིག་པོ་མིན་པར་རྒྱུ་མཚན་ཁ་ཤས་ཤིག་བགྲངས་ཡོད། ངས་ད་བར་ཉམས་ཞིབ་བྱེད་ཁུལ་བྱས་པ་ལྟར་ན་ཁ་སྐད་དང་ཡིག་སྐད་བར་གྱི་བརྡ་སྤྲོད་མི་མཐུན་པ་གཅིག་གྱུར་བྱེད་པ་ལས་ཁ་སྐད་དང་ཁ་སྐད་བར་གྱི་བརྡ་སྤྲོད་མི་མཐུན་པ་གཅིག་གྱུར་བྱེད་རྒྱུ་དེ་ལས་བོར་མཐོང་སོང་། ཁ་སྐད་ནང་གི་བརྡ་སྤྲོད་ཀྱི་འགྲོས་དེ་ཚོ་རྩ་བའི་ཆ་ནས་ཕལ་ཆེར་གཅིག་པ་རེད། ཡིག་སྐད་དང་ཁ་སྐད་བར་ན་མཐུན་ས་དང་མི་མཐུན་ས་གཉིས་ཀ་ཡོད་པ་རེད། མི་མཐུན་ས་ནི་གཙོ་བོ་ཕྲད་གཞན་དབང་ཅན་དེ་ཚོ་རེད། དེ་ནི་ཡིག་སྐད་ཁོ་ན་ལ་ཡོད་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་རེད། ཁ་སྐད་ནང་ལུང་ཚན་ཆུང་ངུ་རེའི་ནང་བརྗོད་བདེའི་་དབང་གིས་ཅུང་ཟད་རེ་ཡོད་ན་མ་གཏོགས་ཕལ་ཆེར་མེད་པ་འདྲ་བོ་འདུག
མཁས་དབང་དགེ་འདུན་ཆོས་འཕེལ། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་སོགས་ནས་ཀྱང་བོད་ཡིག་ལ་བསྒྱུར་བཅོས་བྱེད་དགོས་པའི་དགོངས་ཚུལ་བཏོན་པ་དེའང་བསམ་བློ་བཏང་ནས་བཤད་པ་ཞིག་ཡིན་རྒྱུ་རེད་མ་གཏོགས་བསམ་བཏང་དྲན་རྐྱེན་བྱས་པ་ཨེ་ཡིན། ཡིན་ནའང་། ཀླད་པ་ཆུང་ཆུང་དང་མཁྲེགས་པོ་ཅན་མང་དྲགས་ནས་ད་རུང་དུས་སུ་བབས་མི་འདུག་པས་རང་ཉིད་ཀྱང་བྱ་བརྒྱའི་ཁ་ཉིན་ལ་འཁོར་དུས་བྱེའུ་ཅོ་རིལ་གྱི་ཁ་སྲིབ་ལ་འཁོར་ནས་དགོས་པ་མི་འདུག་པས་རེ་ཞིག་བཏང་སྙོམས་སུ་འཇོག་པར་འདོད།
རོ་སྐེ་བཏགས། ཆོག་གི ཉིན་ཤས་ལ་ཁྱོད་ཡོང་ཐུབ་ཀྱི་མེད་ན་ང་ལ་ཐབས་ཤེས་མེད། ཡང་དེའི་རྗེས་ནས་ཁྱོད་ནམ་ཐོན་ཀྱང་ངས་ཤ་ཆང་གིས་བསུ་བ་གྲ་སྒྲིག་བྱས་ནས་སྒུག་བསྡད་ཆོག ཁྱོད་ལ་ནམ་ཡིན་རུང་ཁ་དགེ་བཀྲ་ཤིས་ཤིག་ཨེ་ཡོད་ལྟོས་ཨ། སྟག་སྨྱོན་སླེབས་ས་ཞིག་ལ་བཀྲ་མ་ཤིས་པ་ཞིག་མ་གཏོགས། ཁ་དགེ་བཀྲ་ཤིས་ཤིག་ཡོང་གི་བཅུག་ན་ང་ཁྱིའི་བུ་ཡིན། ཁྲག་གི་ལག་པ་ཅན་གྱི་དགྲ་བོ་ཁྱོད། ད་འུ་ཐུག་དུས་སྐད་ཆ་འཇམ་པོ་འདྲ་ཞིག་བཤད་ཁུལ་བྱེད། ངོ་ཚ་མི་ཤེས་པ་དེས་ཀྱང་དོལ་ཕྲུག་དོལ་ནག་ཅིག་ཡིན་པ་གསལ་སྟོན་བྱས་འདུག
ད་འགྲིག་སོང་། ཁ་སྔོན་རྩོམ་སྒྲིག་པ་ལུང་རིག་གིས་དུས་བབ་ནང་སྟག་སྨྱོན་གྱི་མིང་འབྲི་མཁན་བཞི་འདུག་ལབ་བརྟེན་ནས་ངས་གཅིག་བྱས་ན་མི་གསུམ་པ་དང་བཞིན་ཞིག་ཀྱང་ཡོད་སྲིད་པས་ཆེད་དུ་འདྲ་མི་འདྲ་འབྲི་གི་ཡོད་པ་འདྲ་དྲན་སོང་། སྐབས་རེ་ཁྱེད་གཅིག་པོ་མིན་ཤས་ཆེ་དྲན་སོང་། དེ་རིང་ཁྱེད་ཀྱིས་ངའི་ཟིན་བྲིས་ནང་ནས་བཤུས་ཡིན་ལབ་དུས་གཞི་ནས་ཁྱེད་ཀྱིས་ཆེད་དུ་བྲིས་ནས་བཤད་སྟངས་བཟོ་གི་ཡོད་པ་གསལ་བོ་ཆགས་སོང་། ངས་ཟིན་བྲིས་ཨ་མའི་ནང་དེ་འདྲ་ཞིག་བྲིས་མྱོང་མེད་པ་ཀློག་མཁན་གཞན་པ་ཚོས་དོ་སྣང་བྱུང་ཡོད་ཤག་རེད། ལྷ་ཆབ་སྦྱིན་པས་ངའི་ཡིག་ནོར་གཉིས་གསུམ་ཞིག་ཤོར་བ་མ་ལུས་པར་ང་ལ་སྐྱོན་བརྗོད་པ་དྲན་གྱི་འདུག འོ་ན་ལྷ་ཆབ་དང་དྲ་དཔོན་ཚོས་ངའི་ཟིན་བྲིས་ཀྱི་མ་རྩོམ་ནང་དེ་འདྲ་ཞིག་བྲིས་ཡོད་ན་སྐྱོན་མི་བརྗོད་པར་དག་ཆ་རེ་གཉིས་ཚབས་ཆེ་བརྩི་མི་སྲིད་པ་ཞིག་རེད། དེ་འདྲ་ཞིག་ངས་མ་རྩོམ་ནང་བྲིས་མྱོང་མེད་པ་རྩོམ་སྒྲིག་པས་ཏན་ཏན་དོ་སྣང་བྱུང་ཡོད་པ་རེད། དེ་འདྲའི་ཚིག་ཅིག་ངའི་ཟིན་བྲིས་མ་རྩོམ་གྱི་གཞུང་དངོས་ནང་བྲིས་མྱོང་མེད་པ་དྲ་དཔོན་ཚོས་ཏན་ཏན་བཤད་རྒྱུ་ཡོད་པ་རེད། བཤད་སྟངས་འདིའི་ཐོག་ནས་ཁྱེད་རང་གིས་ཁྱེད་རང་མི་གང་འདྲ་ཞིག་ཡིན་མིན་ཁས་ལངས་ཚར་བ་རེད།
ཁྱེད་རང་དཔའ་སྐད་མ་འཐེན་བུ། འདི་གློག་སྐུད་ཡིན་པ་ལས་ཁྱེད་ཀྱི་སྙིང་རྩ་མ་རེད། ཁྱེད་ང་ལ་ངོ་ནས་སྡུར་འདོད་ཡོད་ན་ངའི་སྒེར་གྱི་དྲ་བྱང་ནང་ངོ་སྤྲོད་རྫུན་མ་དེ་འདྲ་བྱེད་དོན་ཅི་ཡིན། ངས་ད་དུང་ཁྱེད་ཀྱིས་ངོ་སྤྲོད་རྫུན་མ་གང་འདྲ་བྱས་པ་དྲ་ཁང་ནང་མ་བཏང་བར་བཞག་ཡོད་ད། ང་ཁྱེད་འདྲ་མི་ཁོག་ཆུང་དེ་འདྲ་མ་རེད་བུ། ཁྱེད་གར་སླེབས་ས་ལ་བཀྲ་མ་ཤིས་པ་ཞིག་ལས་མེད་པ་བདེན་པ་རེད། དཔེར་ན་ཚུལ་ཁྲིམས་མཐར་ཕྱིན་དང་བདེ་ཆེན་རྡོ་རྗེ་སོགས་ཀྱི་མིང་སྤྱད་ནས་ག་ཚོད་ཅིག་བྱེད་ཡོད། གང་ལྟར་དྲ་གྲོགས་གཞན་པ་ཚོར་བསམ་བློ་གཏོང་ཐུབ་ན་དགའ་བསུ་དང་བསྔགས་བརྗོད་ཡོད། དེ་མིན་ན་ཁྱེད་རང་གི་འདོད་པ་བྱོས། ངས་ཁྱེད་ལ་ཞེད་སྣང་སྤུ་རྐང་གཅིག་མེད། ཡིན་ཡང་དྲ་ཁང་ནས་སྡིགས་ར་བསྐུལ་རེས་བྱེད་མ་དགོས་ན་དྲན་ནས་འབད་རྩོན་བྱས་པ་ཡིན། དྲ་དཔོན་ཚོ་ལའང་དམིགས་ཡུལ་ཆེན་པོ་ཞིག་ཡོད་ངེས་པས་ང་ཚོས་རང་གི་ཞེ་འཁོན་ཆེད་ཁ་ཚོའི་ལས་ཀ་འདི་ལྟར་འཕྲོ་བརླག་ཏུ་བཏང་ན་འགྲིག་གི་མ་རེད་དྲན་ནས་རེ་བ་བཟང་སར་བྱས་པ་ལས། ང་ལ་དཔའ་བློ་ཁོག་ཡོད་མེད་ལ་ཁྱེད་རང་དོགས་པ་མ་བྱེད།
རོ་སྐེ་བཏགས། “འོ་ན་ལྷ་ཆབ་དང་དྲ་དཔོན་ཚོས་ངའི་ཟིན་བྲིས་ཀྱི་མ་རྩོམ་ནང་དེ་འདྲ་ཞིག་བྲིས་ཡོད་ན་སྐྱོན་མི་བརྗོད་པར་དག་ཆ་རེ་གཉིས་ཚབས་ཆེ་བརྩི་མི་སྲིད་པ་ཞིག་རེད།” ཟེར་ལུགས་ལ་ལྟོས་དང་། ད་ཁྱོད་ལ་ངོ་ཚ་རྒྱུ་ཞིག་ཡོད་ས་ཨེ་རེད། དྲ་ཁང་ཁག་གིས་ནང་ནས་ད་བར་སྟག་སྨྱོན་ལ་ཁ་རྡུང་བྱས་པ་མི་གྲངས་སུམ་ཅུ་ལྷག་ཅིག་འདུག དེ་རིང་རབ་གསལ་གྱིས་འདིར་ལུང་འདྲེན་མང་པོ་མ་བྱེད་གསུངས་མེད་ན་ངས་ཡོད་ཚད་ད་ལྟ་རང་འདིར་བཀོད་ཆོག་མོད། དྲ་དཔོན་གྱིས་ལུང་འདྲེན་མ་བྱེད་ཟེར་གྱི་འདུག་པས་ལུང་འདྲེན་བྱས་མེད། ཁྱོད་ལ་བློ་ཁོག་ཡོད་ན། ཁྱོད་ལ་སྤོབས་པ་ཡོད་ན། ཁྱོད་ངོ་གནོང་གི་མེད་ན་ད་ལྟ་རང་ཁྱོད་ཀྱི་ཟིན་བྲིས་ཤི་རོ་དེའི་ནང་མཆན་བུ་ལོངས་དང་། ངས་ཡོད་ཚད་ཁྱོད་ཀྱི་མིག་མདུན་དུ་རོ་ནང་བཞིན་བཀོད་ཆོག ད་དུང་ཁྱོད་ཀྱི་ཟིན་བྲིས་ནང་དུ་སྡུག་ཅག་གཅིག་ཀྱང་བྲིས་མེད་ན་ཉི་མ་གཅིག་ལ་ཟིན་བྲིས་རྙིང་པ་ཡོད་ཚད་བསུབ་དགོས་དོན་ཅི་ཡོད། ཟིན་བྲིས་པ་ཀུན་གྱི་ནང་ནས་ཁྱོད་གཅིག་པུ་འདི་ལྟར་རང་ཤི་རྒྱག་དགོས་བྱུང་བ་དེ་སྙིང་ཚིམས་པོ་འདྲ་ཞིག་བྱུང་ཨེ་སོང་།
ད་དུང་རྩོམ་སྒྲིག་པ་ལུང་རིག་གིས་དུས་བབ་ནང་སྟག་སྨྱོན་གྱི་མིང་འབྲི་མཁན་བཞི་འདུག་ལབ་ཀྱི་ཡོད་ན་ཁྱོད་ལ་མ་མཐའ་ཡང་ང་བརྩིས་པའི་དགྲ་བོ་ལྔ་ཡོད་པར་གྱུར་བ་ཡིན་པས་ཁྱོད་ལ་དམིགས་བསལ་གྱི་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན་མོད། ཁྱོད་ཀྱིས་ཁར་ཉིན་ཨ་དགེའི་ཟིན་བྲིས་ནང་དུ་སྟག་སྨྱོན་ཆ་ཚང་ཁྱོད་ཡིན། དགོས་དབང་ཞིག་གིས་ཚོད་ལྟ་བྱས་པ་ཡིན་ཞེས་བྲིས་ཡོད་པ་དེ་མཐོང་ཡོད་རྒྱུ་མ་རེད་བསམ་ཨེ་སོང་། ཨ་བརླ་འཁྱར།
ཨེ། ཁར་ཉིན་ཚུལ་ཁྲིམས་མཐར་ཕྱིན་དང་གསེར་རྟ་ཚུལ་ཁྲིམས་ང་རེད་ཅེས་བཤད་ནས་ད་བདེ་ཆེན་རྡོ་རྗེ་ཡང་ང་ཡིན་པ་རེད། ཧ་ཧ་། ཚུལ་ཁྲིམས་མཐར་ཕྱིན་དང་གསེར་རྟ་ཚུལ་ཁྲིམས་སོགས་ད་སྐབས་སྐྱིད་པོ་བྱས་ནས་ཉལ་བསྡད་ཡོད་ཀྱི་རེད་མ་གཏོགས་འདི་ན་ཁྱོད་ཀྱི་སྐེ་བཙིར་ནས་སྐྱག་པ་ཤོར་དུ་འཇུག་གི་ཡོད་རྒྱུ་མ་རེད། ཁྱོད་ཀྱིས་བཤད་ཚད་དེ་འདྲ་རེད། ད་ཁྱོད་ལ་ཁུངས་ཤིག་འདུག་གམ། ངོ་སྤྲོད་རྫུན་མ་སྤྲོད་མཁན་ཁྱོད་ཡིན་དང་ང་ཡིན་ཡང་བསྐྱར་ཚོད་བལྟ་ཐེངས་གཅིག་བྱས་རུང་ཆོས་པས་ཁྱོད་སྐྱག་པ་དོར་མོའི་ནང་དུ་ཤོར་གྱི་མེད་ན་སྒེར་གྱི་ཨི་མེལ་ཐོག་ཏུ་ཤོག་དང་ཁྱོས་སྒོ་བརྒྱབ་པ་མ་གཏོགས་ངས་སྒོ་ཕྱེས་བཞག་ཡོད།
ཨེ། ཁར་ཉིན་ཚུལ་ཁྲིམས་མཐར་ཕྱིན་དང་གསེར་རྟ་ཚུལ་ཁྲིམས་ང་རེད་ཅེས་བཤད་ནས་ད་བདེ་ཆེན་རྡོ་རྗེ་ཡང་ང་ཡིན་པ་ཨེ་རེད། ཧ་ཧ་། ཚུལ་ཁྲིམས་མཐར་ཕྱིན་དང་གསེར་རྟ་ཚུལ་ཁྲིམས་སོགས་ད་སྐབས་སྐྱིད་པོ་བྱས་ནས་ཉལ་བསྡད་ཡོད་ཀྱི་རེད་མ་གཏོགས་འདི་ན་ཁྱོད་ཀྱི་སྐེ་བཙིར་ནས་སྐྱག་པ་ཤོར་དུ་འཇུག་གི་ཡོད་རྒྱུ་མ་རེད། ཁྱོད་ཀྱིས་བཤད་ཚད་དེ་འདྲ་རེད། ད་ཁྱོད་ལ་ཁུངས་ཤིག་འདུག་གམ། ངོ་སྤྲོད་རྫུན་མ་སྤྲོད་མཁན་ཁྱོད་ཡིན་དང་ང་ཡིན་ཡང་བསྐྱར་ཚོད་བལྟ་ཐེངས་གཅིག་བྱས་རུང་ཆོས་པས་ཁྱོད་སྐྱག་པ་དོར་མོའི་ནང་དུ་ཤོར་གྱི་མེད་ན་སྒེར་གྱི་ཨི་མེལ་ཐོག་ཏུ་ཤོག་དང་ཁྱོས་སྒོ་བརྒྱབ་པ་མ་གཏོགས་ངས་སྒོ་ཕྱེས་བཞག་ཡོད།
ཨ་ ཨ་ ཨ་ རྫོགས་རྒྱུ་མེད་པའི་ཁ་རྩོད་འདིའི་ངོ་ཅིག་རྫོགས།
ཤེས་འཇོན་ལྷག་བསམ་ཅན་འགའ་རེས་ངལ་བ་ཕྲག་ཏུ་བཞེས་པ་ལ་བརྟེན་ནས་མཚར་སྡུག་ཡིད་དུ་འོང་བའི་བོད་ཡིག་གི་སྟེགས་བུ་ཡངས་པོ་ཞིག་འདི་ལྟར་རིན་མེད་དུ་རང་རེའི་སྨྱུག་ཐོགས་པ་ཡོངས་ལ་གསོལ་རས་སུ་ཕུལ་བར་ཞབས་འདེགས་ཅིག་ཞུ་མ་ཐུབ་ནའང་། ཞབས་འདྲེན་ཞིག་མི་ཞུ་རྒྱུ་ཐུགས་ལ་འཛིན་རྒྱུ་མཁྱེན།
ཞེད་སྣང་མེད་ཀྱང་འཚེར་སྣང་ཞིག་ཡོད་ན་ཡག
ད་གེ་ཡོད་མ་རེད། ཁྱི་རྒན་དེ་ཚོས་ཀྱང་ཁྱི་འཛིངས་ཡང་སེ་རྒྱག་གི་རེད། ཁྱི་འཛིངས་ཀྱང་ཁྱི་ཀོ་དབྲད་ཐུབ་གི་མ་རེད། ཁྱི་རུས་པའི་སྟེང་ནས་འཛིངས་རུང་སྤྱང་དར་མའི་ཐོག་ལ་མཉམ་རྒྱུག་ཡིན་ནི་རེད། ཨ་ལོ་བརྒྱ་རྒྱུ་ཚོ། རང་ཚོས་མུ་མཐུད་ཚིག་ངན་བརྗོད་རེས་བྱོས། དེ་ཟིག་སེམས་པ་སྐྱིད་པོ་ཆགས་པའི་ཁྱད་ཡོད་རྒྱུ་རེད། རྒྱ་དམར་བཤན་དམར་ཚང་གིས་ང་ཚོ་གསོད་དགོས་པ་ཚང་མ་བསད། རྡུང་དགོས་པ་ཚང་མ་བརྡུང་ཚང་མ་སེམས་ཁམས་སྐྱིད་པོ་མེད་པར་ཁོང་ཁྲོ་ཟ་བསྡད་ཡོད་པ་ངས་ཤེས་གི་ཡོད། ཅུང་ཟད་སེམས་པ་ལྷོད་ལ་ཕེབས་པའི་ཁྱད་ཡོད་རྒྱུ་རེད། ཕལ་ཆེར་ཚིག་པ་གཡག་ལ་ཟོས་ན་གླང་ལྕག་རྟ་ཟེར་བ་དེ་ཡིན་ལས་ཆེ།
སྟག་སྨྱོན་ཡིན་ན་འདིས་དེ་རིང་ཡང་དུས་བབ་ནང་དུ་རྙོག་དྲ་ལུང་པ་གང་བཟོས་འདུག ད་དུང་ཨ་མདོའི་མི་ཞིག་ཡིན་ན་བདེན་སྐྱེས་དྲང་རྒས་ཤིག་ཡིན་པས་ཁྱབ་པར་མཆོག་གསུམ་དཔང་དུ་བཞགས་ནས་མནའ་བསྐྱལ་འདུག ཨ་ཨ། མི་འདི་ངོ་མས་བློར་མི་ཤོངས་པ་ཞིག་རེད། ཞབས་འདྲེན་འདིའི་ངོ་གཅིག་རྫོགས། འདི་བོད་དོན་སྒྲུབ་ས་ཞིག་ནས་ཤི་སོང་ན་རྒྱལ་དར་ཞིག་ཐོག་ཏུ་བཀབ་ཆོག་མོད། གསང་སྤྱོད་རྫོད་བྱེད་འདི་ཚེ་ཅིག་རིང་རྒྱུ་རེད་ཡ།
སྟག་སྨྱོན་དང་བསམ་གཏན་གཉིས་ཀྱིས་སྟུ་ལྡག་གི་སྐོར་བཤད་ཀྱང་ཉེན་ཁ་གང་ཡང་མི་འདུག་ཆོལ་ཁ་ཆོས་ལུགས་ཀྱི་རྩོད་རྙོག་བཤད་མ་ཡོང་ན་སྟུ་འདི་ཚང་མ་དཀའ་ས་རེད། གྲྭ་པ་ཚོས་ཀྱང་རྩོམ་ཡིག་དེ་ཚོ་ཀློག་བཞིན་ཡོད།
སྟུ་ཡི་སྐོར་བཤད་ན་བཤད། ཆོལ་ཁ་ཆོས་ལུགས་ཀྱི་རྙོག་དྲ་བཤད་ན་བཤད། དེ་ཚོ་མི་སེམས་པ་ཐང་ཐང་ཡོད་མཁན་ཞིག་གི་བཤད་རྒྱུའི་གྲས་ཡིན་པས་ང་ཧང་སང་གི་མི་འདུག ཡིན་ན་ཡང་། སྟག་སྨྱོན་ཟེར་བ་འདིས་སྔོན་མ་ཟམ་གདོང་རིན་པོ་ཆེ་ལས་ཁོ་མཁས་ཞེས་མཆོག་གསུམ་དཔང་དུ་བཞགས་ནས་མནའ་བསྐྱལ་འདུག་པ་དང་། དེ་རིང་ཡང་དུས་བབ་ནང་དུ་ཨ་མདོའི་མི་ཞིག་ཡིན་ན་བདེན་སྐྱེས་དྲང་རྒས་ཤིག་ཡིན་པས་ཁྱབ་པར་མཆོག་གསུམ་དཔང་དུ་བཞགས་ནས་མནའ་བསྐྱལ་འདུག་པ་འདི་ཚོ་ངོ་མས་བློར་ཤོངས་མ་སོང་། སྔོན་མ་ང་མི་འདི་ལ་སུན་སྣང་སྐྱེ་གི་ཡོད་ཀྱང་ད་བསམ་བློ་བཏང་ན་སྙིང་རྗེ་འདྲ་ཞིག་སྐྱེ་ཡོང་གི་འདུག སྙིང་རྗེ། མི་འདིའི་སེམས་ནང་ལ་དམིགས་བསལ་གྱི་སྡུག་བསྔལ་འདྲ་ཅིག་ཡོད་ས་རེད། སྡུག་བསྔལ་ཞིག་གི་དབང་གིས་རིག་ཚོ་ཟིན་གྱི་ཡོད་ས་མ་རེད། དེར་བརྟེན་ཁོ་ལ་བཤད་དུ་བཅུག་ན་ཡག་ས་རེད། ཉིན་ཞིག་འདིས་ཁོ་རང་ལ་བླ་མའི་མིང་མེད་མ་གཏོགས་ཡོད་ན་(་་་་་་་་་་་་་་་་་་་་་་་)སུ་ལས་ཀྱང་ལྷག་པའི་མནའ་བསྐྱལ་ཡོང་རྒྱུ་ཡིན་ནམ། འོ་དེ་ཚོ་བསམ་བློ་བཏང་རུང་ཞེད་ནི་ཟིག་རེད།
མདའ་ཚན་པ་ལགས། བོད་པའི་སྐད་ཡིག་ཁྱབ་ཆེ་རུ་གཏོང་དགོས་ན་གཅིག་གྱུར་གྱི་ལམ་ཁ་ལ་བསྐྱོད་དགོས་པ་རེད། བོད་དབུས་གཙང་གི་སྐད་འདི་ཁྱབ་ཆེ་ཤོས་དང་བོད་པ་ལ་ལྟོས་པའི་འཛམ་གླིང་སྤྱི་སྐད་ཅིག་རེད། ཡི་གེ་འབྲི་བའི་སྐབས་མཁས་པ་སྔ་མ་དག་གིས་བརྩམས་པའི་བཀའ་འབུམ་རྣམས་ཀྱི་ཐ་སྙད་ལ་གཞི་རྩ་བྱས་ནས་བྲིས་ན་བོད་ཁྱོན་ཡོངས་ལ་ཁྱབ་ཆེ་བའི་དགོས་པ་དང་རྒྱུ་མཚན་ཡོད། ཁ་སྐད་དང་ཡུལ་སྐད་སྣ་ཚོགས་བསྲེ་སླད་བྱས་ན་བོད་ཡིག་གཅིག་གྱུར་རམ་བོད་པའི་སྤྱི་སྐད་ལ་འགོག་རྐྱེན་ལྟ་བུ་ཞིག་རེད། སྤྱིར་བཏང་བཤད་ན་ཁ་སྐད་དང་ཡུལ་སྐད་མ་འདྲེས་པའི་སྐད་ཡིག་ཅིག་མེད་ན་ཡང་རྒྱ་ཆེ་ས་ནས་བསམ་ན་ལུང་ཁུག་དང་ས་ཁུག་གི་སྐད་བྱེ་བྲག་པ་དེ་ཚོའི་ཐོག་ནས་རྩོམ་ཡིག་བྲིས་ན་སྐད་ཡིག་གཅིག་གྱུར་ཡོང་བ་གནོད་ཀྱི་འདུག བོད་པ་གསར་འབྱོར་པ་དེ་ཚོས་དང་པོ་སྣེ་ལེན་ཁང་ལ་འབྱོར་དུས་ཕ་ཡུལ་གྱི་སྐད་བཤད་ཀྱི་ཡོད་ན་ཡང་ཁོང་ཚོས་མྱུར་དུ་དབུས་སྐད་དམ་རྒྱ་གར་ནང་ཡོད་པའི་བོད་གཞུང་མང་གི་སྐད་དེ་བེད་སྤྱོད་ཤེས་ཀྱི་ཡོད་པ་རེད། དེར་བརྟེན་བོད་སྐད་གཅིག་གྱུར་ཡོང་མི་ཐུབ་པ་ཞིག་མ་རེད། ད་ལྟ་བོད་གཞུང་དང་མི་མང་ཆེ་བས་ཤོད་བཞིན་པའི་སྐད་འདིའི་ཐོག་ལ་གཅིག་གྱུར་བྱེད་ཐུབ་ན་བོད་པ་ཁྱོན་ཡོངས་ལ་ཕན་ཐོག་ཆེན་པོ་རེད། ཡི་གེ་འབྲི་བའི་སྐབས་ཀྱང་བརྡ་རྙིང་མང་པོ་བེད་སྤྱོད་བཏང་སྟེ་བྲིས་ན་རིམ་པས་རིམ་པས་ཚང་མས་ཤེས་ཡོང་གི་རེད། གསར་ཤོག་དང་བརྙན་འཕྲིན་སོགས་བརྒྱུད་དེ་རྣ་བར་གོམ་སོང་ན་དེ་ནས་བཟུང་བརྡ་གསར་རྙིང་གི་ཁྱད་པར་འདུག དཔེ་ཆ་རྙིང་པའི་ནང་གི་ཐ་སྙད་དེ་ཚོ་མང་ཙམ་བེད་སྤྱོད་གཏོང་ཐུབ་ཚེ་ཕན་ཐོགས་གང་ཡོད་ཅེ་ན། བོད་ཀྱི་སྲོལ་རྒྱུན་རིག་གཞུང་འཛིན་རྐྱོང་ཡོང་ཐབས་ལ་ཕན་ཐོགས་ཡོད་པ་རེད། གལ་ཏེ་ང་ཚོས་སྔ་མའི་བཀའ་བསྟན་རྣམས་དང་རྩོམ་ཡིག་ཕྱི་མའི་བར་ལ་ཁྱད་པར་ཆེན་པོ་ཤོར་བ་ཡིན་ན་ང་ཚོའི་རིག་གཞུང་སྲུང་སྐྱོབ་ལ་གནོད་ཚབ་ཆེན་པོ་ཞིག་ཡོང་ཉེན་འདུག དེར་བརྟེན་ཚང་མས་བསམ་ཤེས་བྱས་ཏེ་བོད་པའི་སྐད་འདི་ལ་སྤྱི་སྐད་ཅིག་ཡོང་ཐབས་དང་། ཡིག་གེ་འབྲི་བའི་ཚེ་སྲོལ་རྒྱུན་དང་བསྟུན་ཅི་ཐུབ་གང་ཐུབ་བྱས་ན་དགེ་མཚན་ཆེ་བར་འདོད།
ཁྱད་པར་འདུག་་་་་་་ཁྱད་པར་མི་འདུག་ལ་་་་་་་་ནོར་བཅོས།
རྣ་བར་གོམ་སོང་ན་དེ་ནས་བཟུང་བརྡ་གསར་རྙིང་གི་ཁྱད་པར་མི་འདུག
པདྨ་ལགས།
མི་ཚང་མས་ཡག་ག་ཅིག་ཡོང་ན་བསམ་ནས་བསྡད་ཡོད་རེད། སྡུག་ག་ཅིག་ཡོང་ན་བསམ་མཁན་མེད།
བོད་སྐད་གཅིག་གྱུར་ཡོང་ན་བསམ་མཁན་རྐྱང་རེད། ཡོང་ཡང་ཐུབ་གི་རེད།
གཙོ་བོ་དེ་ལག་ལེན་རེད།
རེད་རེད་གཙོ་བོ་དེ་ལག་རེད། ཁྱད་པར་སྨྱུག་ཐོགས་པའམ་རྩོམ་པ་པོ་རྣམས་ཀྱིས་རྩོམ་ཡིག་འབྲི་བའི་ཚེ་དྲན་པ་དང་ཤེས་བཞིན་མངོན་དུ་བཞག་སྟེ་ཐ་སྙད་གཅིག་གྱུར་ཡོང་ཐབས་ལ་བརྩོན་དགོས་པ་གལ་ཆེ་བས་ཚང་མས་གཟབ་གཟབ་ཀྱིས། ལུང་ཚན་བྱེ་བྲག་པའི་སྐད་ཐོག་ནས་རྩོམ་ཡིག་མང་པོ་སྤེལ་ན་བོད་ཀྱི་སྤྱི་སྐད་ལ་གནོད་ཀྱི་ཡོད་པ་མཁས་དབང་དགེ་ཆོས་ཀྱིས་གསུངས་པ་བཞིན་རེད།
གོང་དུ་དྲ་གྲོགས་མང་པོ་ཞིག་གིས་བོད་སྤྱི་པའི་སྐད་ཀྱི་སྐོར་ལ་མང་པོ་ཞིག་གསུང་འདུག་སྟེ་ གོང་དུ་གསུང་པ་ལྟར་གཙོ་བོ་ལག་ལེན་རེད་ཞེས་གསུང་འདུག་པར་དངོས་གནས་བདེན་པ་རེད། ལག་ལེན་སུས་བྱེད་དགོས་ཞེས་བཤད་ན་ སྙུག་ཐོག་པ་དག་གི་ལག་ལེན་ལྟར་དགོས་ གཙོ་བོ་སུམ་རྟགས་ཀྱི་འགྲོས་དང་མ་འགལ་བའི་ཐོག་ཁ་སྐད་དང་ལུང་ཁུག་གྱི་སྐད་སོགས་མ་འདྲེན་པ་བྱེད་ནས་འབྲི་ཐོབ་ན་ཧ་ཅང་གི་དགེ་མཚན་ཆེའོ།
ད་ང་ཚོའི་བཙན་བྱོལ་བའི་སྐད་འདི་བོད་སྤྱི་ཡོང་གི་གོ་ཐོབ་པའི་སྐད་ཞིག་རེད་། རིམ་བཞིན་གོང་འཕེལ་གཏོང་ཐུབ་ན་བཟང་གི་འདུག་སྙམ། ལྷན་རྒྱས་ཚོའི་གཟིགས་ཞིབ་གནང་སྐྱོང་ཡོད་ཞུ།
གངས་བུས་དགོངས་ཚུལ་དེ་ཡག་པོ་འདུག རྗེས་སུ་ཡི་རང་ཡོད། ང་ཚོ་ཚང་མ་བསམ་བློ་གཅིག་གྱུར་ཡོང་ཐུབ་ན་ལས་ཀ་གང་ཡིན་ན་ཡང་ལས་སླ་བོ་ཞིག་གིས་ཐོག་སྒྲུབ་ཐུབ་པ་ཏན་ཏན་རེད། དེ་ལྟར་མིན་པར་ངའི་ལུང་པའི་སྐད་ཡག་པོ་རེད་ངའི་ཕ་ཡུལ་གྱི་སྐད་དེ་ཡག་པོ་རེད་ཅེས་དཔེར་བརྗོད་རེ་ཟུང་བཀོད་དེ་ཨུ་ཚུགས་མཐར་སྐྱེལ་བྱས་ན་གཅིག་གྱུར་གྱི་ལམ་ཁ་ལ་སྐྱོད་ཐུབ་ཀྱི་མི་འདུག་པས་བོད་པ་ཚང་མས་བསམ་བློ་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་པ་རེད།
འདྲ་བ་ན་ནི་དངོས་མ་ཡིན། མ་འདྲའི་ཆ་ནས་དཔེ་མ་ཡིན།
འདྲ་བའི་ཕྱིར་ན་དངོས་མ་ཡིན། །མི་འདྲའི་ཕྱིར་ན་དཔེ་མ་ཡིན། །ཞེས་གསུངས་ཡོད།
བསམ་གཏན་ཟེར་བ་དེས་དྲ་ཁང་དུ་མིང་མང་པོ་བརྗེ་བོ་བརྒྱབ་ནས་རྙོག་དྲ་མང་པོ་བཤད་ཀྱི་ཡོད་པ་དཔྱད་པར་འཚལ། ཁོས་ངའི་སྨྱིག་མིང་སྤྱད་ནས་རྒྱལ་དབང་ཀརྨ་པ་དང་མཁན་པོ་འཇིགས་མེད་ཕུན་ཚོགས་སོགས་ཀྱི་མཚན་ཡང་ལོག་སྤྱོད་བྱེད་ཀྱི་འདུག འདིའི་ཐོག་ནས་མི་འདི་ཆོས་ལུགས་པ་ཞིག་ཡིན་ཁུལ་བྱེད་ཀྱི་ཡོད་པ་རྫུན་ཡིན་པ་གསལ་བོ་རེད། གཞན་གྱི་སྨྱུག་མིང་རྐུ་སྤྱོད་བྱས་ནས་གང་བྱུང་བྲིས་ནས་གཞན་ལ་ནག་ཉེས་འགེལ་ལུགས་འདི་བསམ་བློ་གསར་བ་ཞིག་ཡིན་པ་འདྲ། འོན་ཀྱང་འདི་ནི་ནུས་པ་ལྡན་པའི་བསམ་སྤྱོད་ཅིག་མ་རེད། བྱེད་ཐབས་འདི་ནི་སུས་ཀྱང་བྱེད་ཐུབ་མོད་དེ་འདྲ་བྱེད་རྒྱུར་ཞེན་པ་ལོག་གི་རེད། ཐ་ན་ཁོས་ངའི་སྨྱུག་མིང་རྐུ་སྤྱོད་ཀྱི་དོལ་འདྲེ་བསྟེན་གྱི་ཡོད་ཁུལ་གྱང་བྲིས་པ་རེད། མི་འདི་འདྲ་ལ་དམིགས་ཡུལ་གཅིག་ལས་ཡོད་པ་མ་རེད། བདེན་ན་རྫུན་ན་དཀྲུགས་ཤིང་ཕོག་ནས་འགྲིག་གི་ཡོད་ཡོད་པ་རེད། སྤྱི་འཐུས་ནང་གི་རྙོག་དྲ་དེ་ཚོ་ཡང་ངོ་བོ་འདི་དང་གཅིག་པ་རེད། སྤྱི་འཐུས་སུ་ནོར་ཡོད་པ་དང་སུ་ནོར་མེད་པ་མ་ཤེས་པར་རྩོད་པ་ཤོར་བ་མ་ཡིན་པར། ཆེད་དུ་རྫུན་བསྒྲིག་ནས་རྩོད་པ་བརྒྱབ་ནས་རྙོག་དྲ་བཟོ་གི་ཡོད་པ་རེད། མི་ཚོས་གྲོགས་ཚོས་ཀྱི་ནང་གི་རྙོག་དྲ་དེ་ཚོ་སེལ་རྒྱུ་དང་འགྲིག་རྒྱུ་ཡོད་པ་ཞིག་ལ་རེ་བ་བརྒྱག་གི་ཡོད་པ་རེད། འོན་ཀྱང་མ་ཤེས་པར་ལྷག་པའི་རྙོག་དྲ་མ་ཡིན་པར་ཤེས་བཞིན་སྒེར་གྱིས་དགོས་དབང་གིས་བཟོ་བའི་རྙོད་དྲ་ཡིན་ཕྱིར་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཡོང་གི་མ་རེད། མ་ཤེས་པར་བཟོས་པའི་ནོར་འཁྲུལ་ལ་འགྲེལ་བཤད་བརྒྱབ་ནས་ཡོ་སྲང་བྱེད་རྒྱུ་ཡོད་སྲིད། ཤེས་བཞིན་ཆེད་དུ་དགོས་དབང་གིས་བཟོས་པའི་རྙོག་དྲ་ལ་ཡོ་སྲང་བྱེད་རྒྱུའི་རེ་བ་ཡོད་པ་མ་རེད། དཔེར་ན་བསམ་གཏན་ཟེར་བས་ཀྱང་གལ་སྲིད་ངའི་སྐྱོན་ཞིག་མཐོང་ནས་སྐྱོན་བརྗོད་བྱེད་ཀྱི་ཡོད་ན་གནད་དོན་བྱེ་བྲག་པ་ཅིག་གི་ཐོག་ནས་བདེན་པ་ཡོད་སྲིད་པར་ལྟ་ཆོག་ཀྱང་། དེ་འདྲ་མ་ཡིན་པར་ངའི་ཐོག་ནས་སྐྱོན་ཅི་ཡང་མེད་པའི་མི་དཀར་རྐྱང་ཡིན་སྟབས་ཁོ་འུ་ཐུག་ནས་ངའི་སྨྱུག་མིང་སྤྱད་ནས་ཚིག་ངན་མང་པོ་བྲིས་ནས་ང་ནག་པོ་བཟོ་ཁུལ་བྱེད་ཀྱི་ཡོད་པ་འདྲ་བོ་རེད། བྱེད་སྟངས་འདི་ལ་ནི་བཟོ་སྒོམ་དང་གསལ་བཤད་སོགས་གང་ཡང་བྱེད་རྒྱུ་ཡོད་པ་མ་རེད། མི་འདིས་ང་གཅིག་པོ་ལ་ཚིག་ངན་འབྲི་གི་ཡོད་པར་འདོད་སྲིད་ཀྱང་། དོན་གྱིས་མི་འདིས་དྲ་ཁང་དུ་མིང་བརྒྱ་ཡང་བརྗེ་ཡོད་སྲིད། སྐབས་གཞན་དུ་མིང་གཞན་པ་སྤྱོད་བཞིན་པས་མི་ཚོ་མགོ་རྙོག་ཐེབས་ནས་དྲ་ཁང་ནང་ཚིག་ངན་འབྲི་མཁན་མང་པོ་ཡོད་པའི་མཐོང་སྣང་བཟོ་གི་ཡོད་པ་རེད། བསམ་པར་དྲ་ཁང་འདིའི་ནང་ན་མཁས་པ་མང་པོ་མེད་ཀྱང་མ་རབས་བསམ་གཏན་འདྲ་བོ་མང་པོ་མ་རེད་དྲན་ཡོད། ཁ་སྔོན་ཚུལ་མཐར་དང་བདེ་ཆེན་རྡོ་རྗེའི་མིང་ཐོག་ནས་ཆོལ་ཁ་དང་ཆོས་ལུགས་ཀྱི་སྐད་ཆ་བཤད་ཁུལ་བྱས་ནས་རྙོག་དྲ་ག་ཚོད་བཟོས་པ་མཐོང་ཡོད་ཤག་རེད། ཁོ་ལ་དམིགས་ཁྱད་ཆོས་ཤིག་ཡོད་པ་རྙོག་དྲ་ག་རེ་བཤད་ན་ཆོས་ལུགས་དང་ཆོལ་ཁ་དང་བླ་ཆེན་གྱི་མཚན་སོགས་བརྗོད་གཞི་གཞན་ཞིག་ལ་ཁ་གཡར་ནས་རྙོག་དྲ་བཟོ་མཁས་པོ་ཡོད་པ་དེ་རེད། བྱེད་སྟངས་འདི་གྲོས་ཚོགས་ནང་མི་སྣ་རེ་གཉིས་ཀྱིས་སྲས་རྒྱལ་ལོ་དོན་གྲུབ་ཀྱིས་དྲང་པོ་བྱེད་ཀྱི་མེད་རབས་ཀྱི་རྫུན་བཤད་ཀྱིན་བོད་ཀྱི་དམངས་གཙོའི་གཞུང་ལ་མི་དགའ་བའི་ལྟ་བ་འཛིན་གྱི་ཡོད་པ་འདྲ་བོ་རེད། ཡང་ན་བོད་སྡེ་བ་གཞུང་ཡག་པོ་ཡོད་པ་མ་རེད་ཟེར་ནས་བོད་ཀྱི་དམངས་གཙོའི་གཞུང་གསར་བར་དགྲ་ཤ་ལེན་གྱི་ཡོད་པ་འདྲ་བོ་བྱེད་ཀྱི་འདུག སྔ་མོའི་བོད་སྡེ་བ་གཞུང་དང་ད་ལྟའི་བོད་མི་མང་དམངས་གཙོའི་གཞུང་གཉིས་རྦད་དེ་ཁག་ཁག་རེད། སྔ་མོའི་བོད་སྡེ་བ་གཞུང་ལ་སྙིང་ནད་ཞིག་ད་ལྟ་རྩོད་ཀྱི་ཡོད་ན་ལོ་དྲུག་ཅུ་བདུན་ལས་མི་ཉུང་བ་ཞིག་འཕྱི་དྲགས་པ་རེད། སྙིང་ནད་རྩོད་ས་ངོ་མ་དེ་ཕྱིར་མི་ཡོང་བའི་གནས་ལ་སོང་ཚར་བ་རེད། ཡང་རྒྱལ་ལོ་དོན་གྲུབ་ཡག་པོ་མེད་པའི་དབང་དུ་བཏང་ཡང་ད་ནི་ཁོང་ཡང་རྒས་ཡོལ་ཕྱིན་ཚར་བ་མ་ཟད་ཁོ་ནི་བོད་གཞུང་གི་ནི་ཐེངས་གཅིག་ལོ་ཤས་རིང་བོད་གཞུང་གི་དབུ་ཁྲིད་བྱེད་མྱོང་བ་ལས། ད་ལྟ་ཁོང་ལ་མི་དགའ་བའི་རྐྱེན་གྱིས་བོད་གཞུང་ལ་རྙོག་དྲ་བཟོ་བ་ནི་དམིགས་ཡུག་ཡག་པོ་དང་དྲང་པོ་མ་ཡིན་གསལ་བོ་རེད། མི་སྒེར་ཞིག་ལ་མ་དགའ་བའི་འཁོན་ལན་མི་མང་གི་གཞུང་ལ་རྩོད་པ་ནི་ནོར་བ་རེད། དུས་ཚོད་འཕྱི་དྲགས་པ་རེད། མདོ་དོན་ད་ལྟ་བོད་གཞུང་གི་དབང་ཆ་ཚང་མ་བོད་གཞུང་ཡག་པོ་མི་འདུག་ཟེར་ནས་རྙོག་དྲ་བཟོ་མཁན་ཁོ་ཚོའི་ལག་པ་ན་ཡོད་རེད། དཔེར་ན་སྤྱི་འཐུས་ཚོ་རེད། དེ་ནི་ཁྱིམ་ཚང་གི་དབང་ཆ་ཆེ་ཤོས་ཀྱི་ཕ་རྒན་བྱེད་བཞིན་དུ་ཁྱིམ་ཚང་འདི་ཡག་པོ་དང་དྲང་པོ་མི་འདུག་ཟེར་ནས་གཏོར་བཤིག་གཏོང་གི་ཡོད་པ་འདྲ་བོ་རེད། སྤྱི་འཐུས་ཚོས་བོད་གཞུང་དྲང་པོ་མེད་རབས་བཤད་ནས་རྙོག་དྲ་བཟོ་གི་ཡོད་པ་རེད་དེ། དོན་གྱིས་བོད་གཞུང་གི་དབུ་ཁྲིད་དང་དབང་འཛིན་པ་ཁོ་རང་ཚོ་ཡིན་པ་ཡིན་ཕྱིར་ཁོ་ཚོས་སུ་ཞིག་དྲང་པོ་མི་འདུག་དང་། ཡག་པོ་མ་རེད་ཟེར་གྱི་ཡོད་པ་རེད་དམ། འདིའི་ཐོག་ནས་སྤྱི་འཐུས་ཚོའི་དམིགས་ཡུལ་ག་རེ་ཡིན་མིན་བཤད་ཁག་པོ་རེད། ང་ལ་མ་དགའ་བ་བྱེད་མཁན་ཡང་སྤྱི་འཐུས་ནང་གི་མི་ངན་ཞིག་དང་འབྲེལ་བ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་ཁོས་བཤད་སྟངས་དེ་ཆོས་པ་ཞིག་ཡིན་ཁུལ་བྱེད་ཀྱི་ཡོད་འདྲ་བོ་རེད།
སྐད་ཡིག་ཀྱང་དེ་འདྲ་རེད། ངོ་ནས་དཀའ་ངལ་ཞིག་མཐོང་ནས་གླེང་གི་ཡོད་ན་ཡག་པོ་རེད། དེ་མིན་འདི་འདྲ་བཤད་ནས་བོད་པ་ཚོས་ཤ་ཞེན་གྱིས་མ་བཟོད་པར་སྐད་བརྒྱག་གི་རེད་དྲན་ཆེད་དུ་གླེང་གཞི་བཟོ་གི་མེད་ན་འགྲིག་ཡོད་པ་མ་རེད། དཔེར་ནས་རྩོམ་ཡིག་འདིའི་ཁ་བྱང་འབྲི་སྟངས་ཀྱིས་ཐོག་ནས་སྐད་ཆ་དྲང་མོ་ཞིག་བཤད་རྒྱུ་ཡིན་པའི་རྣམ་འགྱུར་བསྟན་མེད་པ་འདྲ་བོ་རེད།
སྐད་ཡིག་ཀྱང་དེ་འདྲ་རེད། ངོ་ནས་དཀའ་ངལ་ཞིག་མཐོང་ནས་གླེང་གི་ཡོད་ན་ཡག་པོ་རེད། དེ་མིན་འདི་འདྲ་བཤད་ནས་བོད་པ་ཚོས་ཤ་ཞེན་གྱིས་མ་བཟོད་པར་སྐད་བརྒྱག་གི་རེད་དྲན་ནས་ཆེད་དུ་གླེང་གཞི་བཟོ་གི་ཡོད་ན་འགྲིག་ཡོད་པ་མ་རེད། དཔེར་ནས་རྩོམ་ཡིག་འདིའི་ཁ་བྱང་འབྲི་སྟངས་ཀྱིས་ཐོག་ནས་སྐད་ཆ་དྲང་མོ་ཞིག་བཤད་རྒྱུ་ཡིན་པའི་རྣམ་འགྱུར་བསྟན་མེད་པ་འདྲ་བོ་རེད།
སྟག་སྨྱོན་ལགས་རྩོམ་ཡིག་འདིའི་ཁ་བྱང་ལ་སྐྱོན་གང་ཡང་ཡོད་པ་མ་རེད། ཕྱོགས་རེ་འདྲ་བ་ཀུན་ལ་ཡོད། །ཐམས་ཅད་འདྲ་བ་གང་ན་ཡང་མེད། །ཅེས་ས་སྐྱ་པཎ་ཆེན་གྱིས་གསུངས་པ་བཞིན་ཕྱོགས་རེའི་ཆ་ནས་བསམ་ན་ཨམ་སྐད་དང་འབྲུག་པའི་སྐད་འདི་བོད་དབུང་གཙང་གི་སྐང་དང་འདྲ་ཞིང་། ཕྱོགས་ཐམས་ཅད་ནས་མི་འདྲ་བའི་ཆ་ཡང་མང་པོ་ཡོད་པ་རེད། ཡིན་ན་ཡང་ངས་སྐབས་འདིར་གཙོ་བོ་རྩོམ་ཡིག་འབྲི་མཁན་མང་པོ་ཞིག་གིས་ས་ཁུག་ལུང་ཁུག་གི་ཡུལ་སྐད་འདྲ་མིན་མང་པོ་ཞིག་ཡིག་ཐོག་དང་དྲྭ་ཐོག་ཏུ་བྲིས་དང་འབྲི་བཞིན་པ་དེས་བོད་སྤྱི་པའི་སྐད་ཡིག་གཅིག་གྱུར་ཡོང་རྒྱུ་ལ་གནོད་ཀྱི་འདུག་བསམ་ནས་བསམ་ཚུལ་བཏོན་པ་ཡིན།
སྟག་སྨྱོན་ལགས་དང་གདོང་དམར་བུ་ཟེར་བ་དེ་གཉིས་ལ་དྲྭ་ཐོག་འདི་ན་བཀའ་བཀྱོན་གནང་མཁན་མང་པོ་འདུག ཁྱེད་གཉིས་གཅིག་ཡིན་མིན་མི་ཤེས་ལ་ཤེས་འདོད་ཀྱང་མེད། ཡིན་ན་ཡང་གདོང་དམར་བུའི་སྐད་ཆ་དེ་ཚོ་ནོར་འཁྲུལ་ཅན་ཞིག་ཏན་ཏན་རེད། གདོང་དམར་བུ་ཟེར་བ་དེ་ནང་ཆོས་ཁ་གཏོང་མཁན་དང་བླ་མ་སྤྲུལ་སྐུ་ལ་མི་དགའ་མཁན་གྱི་རིགས་ཤིག་ཡིན་པ་ཁོ་རང་གི་རྩོམ་ཡིག་ཐོག་ནས་ར་འཕྲོད་ཐུབ། ཁོ་ནང་ཆོས་ལ་མ་དགའ་རུང་པད་རིན་པོ་ཆེ་ཞིང་བརྗེ་བའི་སྐབས་ལ་ཁ་གཏོང་རྒྱུ་དེ་འཇིགས་རྟེན་མི་ལུགས་དང་ཡོངས་སུ་མི་མཐུན་པའི་མ་རབས་ཀྱི་སྤྱོད་པ་ཐ་ཤལ་བ་ཞིག་རེད་ཟེར་གྱི་ཡིན། ཁོས་ཆོས་པ་ཚོར་ས་དགེ་བཀའ་རྙིང་བཞི་རུ་ཕྱེ་ནས་བོད་དུམ་་བུ་བཞི་རུ་བཟོས་ཚུལ་གྱི་སྐུར་བྱེད་སྟངས་ལ་བལྟས་ན་ནང་ཆོས་སྤྱི་ལ་མི་དགའ་མཁན་ཞིག་ཡིན་པ་གསལ་སྟོན་བྱས་ཡོད། དེ་མིན་རྙིང་མ་པ་ཞིག་གིས་གདོང་དམར་བུ་དགེ་ལུགས་པ་རེད་བསམ་ན་རྦད་དེ་ནོར་འཁྲུལ་རེད། རིན་པོ་ཞིང་བརྗེ་བའི་སྐབས་སུ་སེ་ར་དགོན་དང་རྣམ་གྲོལ་གླིང་མཉམ་དུ་སྨོན་ལམ་ག་འདྲ་ཡག་པོ་གསུང་གིན་འདུག་དངོས་གནས་དད་པ་སྐྱེས་དགོས་པ་ཞིག་དང་རྗེས་སུ་ཡི་རང་བྱེད་དགོས་པ་ཞིག་རེད། སེ་ར་དགོན་པའི་ཁམས་ཚན་རེ་རེ་བཞིན་རྣམ་གྲོལ་གླིང་ལ་གང་འདྲ་རོགས་པ་ཡག་པོ་གནང་སོང་། གནས་ཚུལ་ཡག་ས་དང་རྒྱ་ཆེ་ས་ནས་བསམ་བློ་གཏོང་པ་རེད་མ་གཏོགས་མི་ངན་པ་རེ་ཟུང་གི་ཁ་ལ་ཉན་རྒྱུ་གང་ཡང་མེད། སྤྲུལ་སྐུ་རྫུན་ལ་ལ་ཞིག་ལ་རིན་པོ་ཆེས་སྤྲུལ་སྐུའི་ལག་ཁྱེར་མ་གནང་བའི་རྐྱེན་པས་མི་དགའ་ཡང་རེ་ཟུང་ཡོད་པས་མཐའ་གཅིག་ཏུ་ཁ་གཏོང་སྐུར་འདེབས་བྱས་ཚད་ཆོས་བརྒྱུད་གཞན་པ་ཞིག་རེད་སྙམ་པ་ནོར་འཁྲུལ་ཆེན་པོ་རེད།
ནོར་བཅོས། སྤྲུལ་སྐུ་རྫུན་ལ་ལ་ཞིག་ལ་རིན་པོ་ཆེས་སྤྲུལ་སྐུའི་ལག་ཁྱེར་མ་གནང་བའི་རྐྱེན་པས་མི་དགའ་མཁན་ཡང་རེ་ཟུང་ ཡོད་པས་མཐའ་གཅིག་ཏུ་ཁ་གཏོང་སྐུར་འདེབས་བྱས་ཚད་ཆོས་བརྒྱུད་གཞན་པ་ཞིག་རེད་ སྙམ་པ་ནོར་འཁྲུལ་ཆེན་པོ་རེད།
པདྨས་བཤད་པ་ནང་བཞིན་རེད་གདོང་དམར་བུ་དགེ་ལུགས་པ་ཞིག་རེད་སྙམ་པ་རྦད་དེ་ནོར་བ་རེད། གདོང་དམར་བུ་ལ་མི་དགའ་བ་བྱེད་དོན་གང་ཡང་མེད་ལ་ཆོལ་ཁ་ཆོས་ལུགས་གང་ཡིན་ཤེས་དེ་བས་ཀྱང་མེད། ཡིན་ན་ཡང་ཁོ་ནང་ཆོས་སྤྱི་ལ་མི་དགའ་མཁན་ཞིག་ཡིན་པ་མ་ཤེས་པའི་དབང་གིས་མི་ལ་ལ་ཞིག་གིས་ཁོ་དགེ་ལུགས་པ་རེད་བསམ་མ་འགྲིག་པ་རེད། ནོར་བ་རེད།
སྐད་ཆ་དེ་ལ་སྐྱོར་ཡོད། གདོང་དམར་བུ་ཟེར་བ་དེ་སྟག་སྨྱོན་དང་གཅིག་པ་ཡིན་མིན་མི་ཤེས། ཁོས་རྩོམ་ཡིག་ལ་ཞིབ་ཏུ་བལྟས་དུས་ཁོ་ནང་ཆོས་སྤྱི་དང་བླ་སྤྲུལ་སྤྱི་ལ་མི་དགའ་བའི་རིགས་ཤིག་ཏན་ཏན་རེད།
ད་ང་ཁྱེད་ཚོ་ཅང་མི་ཤེས་མཁན་ཚོར་འགྲེལ་བཤད་རྒྱག་མཁན་གྱི་དགེ་རྒན་མ་རེད། ཡིན་ན་ཡང་། ཚིག་རེ་ཟུང་ཞུ་གི་ཡིན། དང་པོ་བོད་སྐད་གཅིག་པོ་མ་རེད། སྐད་རིག་ཟེར་བ་འདི་འཕེལ་རིམ་གྱི་ལོ་རྒྱུས་དེ་ཚོར་ལྟོས།
དང་པོར་རི་ཆུ་གནམ་ས། ང་ཁྱོད་ལྟ་བུ་ཆེས་ཐ་སྙད་ཉུང་ཤས་ཤིག་ནས་མགོ་བཙུགས་ཏེ། རིམ་པས་ཚོ་ཤོག་སྡེ་ཤོག་ཕན་ཚུན་འདྲེས་སྡོད་དང་འབྲེལ་ཐུག་ལ་བརྟེན་ནས་སྐད་ཆའང་དེ་བཞིན་སྣ་འདུས་དང་སྣེ་འཛོམས་ཀྱི་ཕྱོགས་སུ་བསྐྱོད་པ་རེད། བོད་སྐད་ཟེར་ནས་གང་ལའང་ལྟོས་མེད་ཀྱི་སྐད་ཆ་སྣེ་འཛོམས་ཤིག་དང་པོ་ནས་ཡོད་པ་མ་རེད། བོད་སྐད་དང་རྒྱ་སྐད་ལ་མཚོན་ནའང་། ཐ་སྙད་མང་པོ་ཞིག་ལ་འབྲེལ་བ་ཡོད་པ་མ་ཟད་བརྡ་སྤྲོད་ལའང་འབྲེལ་བ་ཡོད་ས་འདུག དཔེ་བཞག་ན། ཡོད་མེད་རེད་མ་རེད་འདུག་མི་འདུག་སོགས་ནས་བཟུང་ང་ཡེ་ཁོང་ཡེ་ཟེར་བ། དེ་མིན་འབྱུང་ཁུངས་ཀྱི་ནས་ལས་ལྟ་བུས་མཚོན་ཤིན་ཏུ་ནས་མང་། ད་རུང་སྐད་རིག་ཞིབ་འཇུག་པ་ཞིག་ནས་བལྟས་ན་དེ་ལས་ཀྱང་མང་པོ་རྙེད་གི་རེད།
ད་ལྟ་འཛམ་གླིང་ཐོག་སྐད་ཡིག་ཕྱུག་ཤོས་གང་རེད། དེ་དེ་ལྟར་ཕྱུག་ཤོས་སུ་ཅི་ལྟར་ཆགས་པ་རེད། དེ་ལྟར་ཤེས་རྗེས་སུ་གཞི་ནས་རང་གི་ཡུལ་ལུང་ཆུང་ཁག་གི་སྐད་ཨ་ཅང་ཅང་། མི་རིགས་དང་རྒྱལ་ཁབ་གཞན་གྱི་སྐད་ལས་བསྒྱུར་བ་དང་ཟུར་ཆག་ཅི་རིགས་ཀྱིས་ནང་འདྲེན་བྱེད་རྒྱུ་མང་པོ་ཡོད་པ་དེ་ཤེས་གི་རེད། དེ་བཞིན་ད་བར་ཡིག་ཐོག་ཏུ་སླེབས་ཚར་བའི་ཐ་སྙད་དེ་ཚོ་ལག་ཏུ་ཡོད་ཡོད་པའི་ནོར་བུ་རེད། ལག་ཏུ་སླེབས་མེད་པའི་ནོར་བུ་དེ་ཚོ་གང་མགྱོགས་ལེན་ཐབས་བྱེད་དགོས་པ་རེད།
མ་གཞི་ཁྱེད་ཚོ་ཁ་ཤས་ཤིག་ཁག་མེད། མི་ཚེ་ཆོས་གཅིག་པོ་དང་སྲོལ་རྒྱུན་གྱི་རིག་གནས་གཅིག་པོ་སྦྱོང་ནས་ཡོང་བ་རེད། བོད་ཀྱི་ཐ་སྙད་ཕྱུག་པོ་ཡིན་མ་འདང་བ་མེད་བསམ་ནས་སེམས་ཀྱི་མགུ་ཁེངས་དྲགས། གཞན་གྲོང་སྐད་ཡུལ་སྐད་ཟེར་ནས་དེའི་རིན་ཐང་དང་ལྗིད་ཁོག་ལ་ལྟ་བའི་བློ་གྲོས་ཀྱི་མིག་ནི་ལིང་ཏོག་གིས་བསྒྲིབས་ཡོད་པ་རེད། འདི་ཚོའི་སྐོར་དེ་མི་རིགས་གཞན་པ་ཞིག་ལ་མཚོན་ན་རྩོད་གཞི་ཞིག་ཡིན་མི་སྲིད།
ཡང་ཁྱེད་ཚོ་རེ་ཟུང་ཞིག་བདེན་པ་རེད། གནས་སྐབས་གོ་མ་གོ་ཡོད་སྲིད་གི་རེད། ཧོབ་ཏེ་བལྟས་ན་ཡིག་སྐད་དང་སྐད་ཡིག་གཅིག་གྱུར་ལ་གཏོར་བརླག་འགྲོ་གི་ཡོད་པ་འདྲ་བོ་ཞིག་ཡོད་པ་རེད། སྔོན་མ་སྔོན་མ་ངས་བོད་ནང་དགེ་རྒན་བྱེད་སྐབས། གང་ཡང་མི་ཤེས་པར་ང་རྒྱལ་གྱིས་ཁེངས་ཡོད་པའི་སྐབས་དེར་ངས་ཀྱང་དེ་ལྟར་བསམས་མྱོང་།
དོན་དངོས་སུ་ལག་ལེན་དང་འབྲི་སྤྱོད་བྱས་ཡོང་དུས་དེ་ཡིག་སྐད་ནང་འདྲེས་འགྲོ་གི་རེད། ཡང་ལུང་ཚན་གཅིག་གི་ཁ་སྐད་ཡིན་ན་ལུང་ཚན་གཞན་པ་དེའི་ཡིག་སྐད་ཡིན་པའི་གནས་ལུགས་འདི་ཡང་རྟོགས་ན་བཟང་། ཨ་མདོས་ཉི་མ་བསྲོ་ཟེར། ཁམས་སུ་ཉི་མ་ལྡེ་ཟེར་བ་ལྟ་བུ་རེད། མདོར་དེད་ན་ཡིག་སྐད་ཟེར་བ་དེ་ཁ་སྐད་མང་པོ་ཞིག་མཉམ་རུབ་བྱས་བཞག་པ་རེད། ད་རུང་ཡིན་ན་ཁ་སྐད་ཁག་ནང་ཡིག་སྐད་ནང་བསྡུ་མ་ཐུབ་པ་མང་པོ་ཞིག་ཡོད་པ་དེ་དག་འདིར་ཁ་བརྡའི་ནང་ཞར་དང་ཞོར་ལ་དྲུད་ཡོང་རོགས། ང་ཚོའི་འདིར་ལུང་ཚན་ཆུང་ཁག་བརྒྱ་ཕྲག་དུ་མ་འཛོམས་ཡོད་པས་ཕན་ཚུན་གྱི་སྐད་སློབ་ས་ཤིན་ཏུ་ནས་ཀྱང་བཟང་།
སྐད་ཡིག་གཅིག་གྱུར་ཡོང་ན་ཕན་ཐོགས་ག་རེ་འདུག གཅིག་གྱུར་མ་ཡོང་ན་གནོད་ཚབ་ག་རེ་འདུག་དེ་ལ་བསམ་བློ་གཏོང་དགོས་པ་རེད། ཐ་སྙད་གཅིག་གྱུར་ཡོང་བ་ལ་ཐབས་ལམ་གང་འདྲ་ཞིག་དགོས་ཀྱི་འདུག་དེ་ཚོ་ལ་བསམ་དགོས་པ་རེད། སྔོན་མ་བོད་ཀྱི་སྤྱི་ཚོགས་ནང་ཡོད་མ་མྱོང་དངོས་རྫས་འཕྲུལ་ཆའི་རིགས་ལྟ་བུ་ལ་བོད་གཞིས་བྱེས་གཉིས་སུ་ཐ་སྙད་གསར་བཟོ་བྱེད་པ་རེད། དེ་མིན་བོད་འདི་ཐ་སྙད་ཀྱི་ཕྱུག་པོ་ཞིག་ཡིན་ཞེས་བཤད་ན་ཐལ་དྲགས་པ་དེ་འདྲ་གང་ཡང་མེད། འདུལ་བ་ལུང་གི་གཏམ་རྒྱུད་ལྟ་བུ་གཅིག་པུ་བསམ་ན་ཡང་བརྡ་ཆད་མི་འདྲ་བ་ག་ཚོད་ཡོད། དེ་ཚོ་ཡི་གེ་འབྲི་སྐབས་ལག་ལེན་ཐེབས་པར་བྱེད་ཀྱི་གལ་ཆེ་པོ་རེད། ཆོས་གཞུང་ནང་ཡོད་པའི་ཐ་སྙད་ཡིན་ན་ཆོས་གཅིག་པུ་མ་གཏོགས་གཞན་ལ་བེད་སྤྱོད་མེད་པ་དེ་འདྲ་རྩ་བ་ཉིད་ནས་མ་རེད།
སྟག་སྨྱོན། ང་ཁྱོད་ལ་མང་པོ་བཤད་ཡག་མེད། བཤད་རྒྱུ་གཅིག་ཡོད། དེ་གང་ཡིན་ཟེར་ན། ཁར་སང་ཁྱོད་ཀྱིས་དུབ་བབ་ནང་“དྲ་ཁང་འདི་ནང་སྤྱི་འཐུས་བེ་རི་དང་འབའ་སྐལ་། སྨོན་ཕྱིན་དང་བསྟན་འགོན། གསེར་རྟ་ཚུལ་ཁྲིམས་གཉིས་བཅས་པའི་སྤྱི་འཐུས་དྲུག་པོས་འདིས་མིང་སྣ་ཚོགས་སྤྱོད་བཞིན་དྲ་ཁང་ལ་ཡོང་ནས་རང་རང་གི་ཞེ་འཁོན་རྩོད་བཞིན་པ་ཚོད་དཔག་ཐུབ་པ་ཞིག་རེད།”ཅེས་བྲིས་འདུག འདི་ལ་ཡིན་གཅིག་ཁུངས་སྐྱེལ་བྱོས་ཤིག ཡིན་གཅིག་ཁུངས་སྐྱེལ་དགོས་ཡོད། ཁུངས་མེད་ན་བོད་མི་མང་སྤྱི་འཐུས་མང་པོ་འདི་འདྲ་ཞིག་ལ་ཁྱོད་སྡང་དོན་ཅི་ཡིན་མི་ཤེས་རྒྱུ་མེད་ཀ ད་ཁུངས་སྐྱོལ་ཅིག ངས་སྒུག་བསྡད་ཡོད། ཉན་བསྡད་ཡོད། ཁུངས་སྐྱེལ་རྒྱུ་ཡོད་ན་ཁྱོད་ལ་བདེན་ཁ་སྤྲོད་ཆོག ཁུངས་སྐྱེལ་རྒྱུ་མེད་ན་ངས་ཀྱང་ཁྱོད་ལས་སླ་པོར་མི་འཇོག་ཁོ་ཐག་ཡིན།
ངས་བལྟས་ན་ཁྱོད་ལ་དགྲ་བསམ་གཏན་གཅིག་པོའི་ཚད་རྒྱུ་མ་རེད། ཁྱོད་ཀྱིས་འདི་འདྲ་ཁུངས་མེད་རྐྱང་རྐྱང་དྲ་ཐོག་ཏུ་བྲིས་བསྡད་ན་ཁྱོད་ལ་དགྲ་ག་ཚོད་ཡོད་རྒྱུ་རེད། ཁྱོད་ལ་བརྟེན་ནས་དྲ་ཁང་ཁག་ལ་སུན་པོ་ག་ཚོད་ཡོང་གི་འདུག
ཁྱོད་གང་དུ་སླེབས་ན་དེ་རུ་དྲ་ཁང་དེ་ལ་སུན་པོ་ཡོང་རྒྱུའི་མགོ་བཙུག་འདུག
མདའ་ཚན་པས། ཁྱེད་ཚོ་ཅི་ཡང་མི་ཤེས་མཁན་ཟེར་བ་དེ་ངོས་ལེན་མེད།
ཀ་ཡེ་བླ་བཟང་རྒྱ་མཚོ་དང་སྟག་སྨྱོན་གཉིས། ཁྱེད་གཉིས་ཀྱིས་དུས་བབ་སྟེང་གི་གནས་ཚུལ་དང་རྙོག་དྲྭ། སྤྱི་འཐུས་ཀྱི་རྙོག་དྲྭ་ལ་སོགས་པ་འདིར་ཁུར་མ་ཡོང་རོགས་སྐུ་ཚེ་བརྟེན།
༡། བློ་བཟང་ཟེར་བ་ལ་ཁྱེད་ངོ་ནས་ཁུངས་བསྐྱེལ་དགོས་ཀྱི་ཡོད་ན་ངས་ཕྱོགས་ཙམ་བཤད་ཆོག འོན་ཀྱང་དང་པོ་དྲ་ཁང་འདི་ནང་ན་ཡང་གྲོས་ཚོགས་ཀྱི་གནས་སྟངས་དང་འདྲ་བར་ཕྱོགས་ཁག་གི་རྣམ་པ་ཞིག་གསལ་འདུག མིང་ཁ་ཤས་ཀྱིས་ཁ་གྲགས་སྟངས་གྲགས་ལུགས་དང་། ད་དུང་ཁ་གྲགས་པའི་དུས་ཚོད་ཀྱང་གཅིག་པ་ཆགས་འདུག བརྗོད་གཞི་གཅིག་མཚུངས་ཐོག་བསམ་ཚུལ་གཅིག་པ་ཁྱེར་ནས་ཡོང་གི་ཡོད་པ་དེ་ནི། གྲོས་ཚོགས་ནང་གླེང་གཞི་ལ་མ་ལྟ་བར་གླེང་མཁན་ལ་ལྟོས་ནས་ལངས་ན་མཉམ་ལངས་དང་འདུག་ན་མཉམ་འདུག་བྱེད་སྲོལ་ཞིག་ཡོད་པ་དེ་དང་གཅིག་པ་རེད། གཅིག་བྱས་ན་མི་གཅིག་མིང་གི་རྣམ་གྲངས་ཡིན་སྲིད།
༢། ངས་དུས་བབ་ནང་བགྲང་བའི་སྤྱི་འཐུས་དྲུག་པོའི་ནང་ནས་འབའ་སྐལ་ཤེས་ཡོན་དང་ཀུན་སྤྱོད་སོགས་མི་བབ་ཆགས་ཤིག་ཏུ་དུས་རྒྱུན་ནས་མཐོང་གི་ཡོད། འོན་ཀྱང་ད་ལམ་གྲོགས་ཚོགས་ཀྱི་ཐོག་ནས་ཁ་གསལ་བོའི་ཐོག་ནས་ང་ཕྱི་ལོག་ལ་ཐོན་པ་ཡིན་ན། གྲོས་ཚོགས་ཀྱི་ཆ་ཤས་ཚང་གི་མི་འདུག་ཅེས་གསལ་བོ་ཤེས་བཞིན་བཤད་བཞིན་ཕྱི་རུ་ཐོན་ནས་གྲོས་ཚོགས་མཇུག་སྐྱོང་ཐབས་མེད་པ་བཟོས་པས་ཐོག་ནས། ངས་དུས་རྒྱུན་ནས་ཡིད་ཆེས་དང་གདེངས་འཇོག་བྱེད་བཞིན་པ་དེ་མེད་པ་ཆགས་སོང་། ཁོ་ལ་ཤུགས་རྐྱེན་ཞིག་ཐེབས་མེད་འགྲོ་དྲན་པ་ནང་བཞིན་དུས་བབ་ཀྱི་མཆན་དེའི་ནང་དུ་དོགས་པའི་མཚམས་ལ་བཞག་པ་ཡོད་པ་ལས་ཐག་བཅད་ནས་བཤད་མེད། དེ་མིན་སྤྱི་འཐུས་ཚོ་ལ་ངས་རིམ་བཞིན་ཁུངས་བསྐྱེལ་བྱེད་ཆོག དེའི་ནང་ནས་དང་པོ་སྤྱི་འཐུས་བསྟན་འགོན་བཤད་ཆོག ཁོས་ཉིན་ཤས་གོང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་དང་དོལ་རྒྱལ་ཕྱོགས་ལ་ལྟ་ཚུལ་གཅིག་པ་ལྟ་བའི་ཆེད་རྩོམ་སྤེལ་བའི་རྩོམ་ཡིག་དེའི་ཚིག་འབྲུ་རེ་རེ་བཀོལ་སྟངས་ཀྱི་ཐོག་ནས་སེམས་པ་སྐྱོ་དགོས་པ་ཞིག་བྲིས་མི་འདུག་གམ། ཆབ་སྲིད་ལྟ་བར་དགག་པ་བརྒྱག་ཆོག་གི་རེད། ཁོས་བཤད་ལྟངས་དེ་ཆབ་སྲིད་ཀྱི་ལྟ་བ་རྩོད་སྟངས་ཞིག་མ་ཡིན་པར་མི་ཞིག་ནག་པོ་བཟོ་ཨེ་ཐུབ་ལྟ་ཡོད་པ་མཚོན་ལས། ཁོ་རང་གི་སྤྱི་ཚན་གྱི་བསམ་ཚུལ་ཡག་པོ་ཞིག་ཨེ་ཤོད་ལ་འབད་བརྩོན་བྱེད་ཀྱི་མེད་པ་དེ་རེད། རྩ་བས་ངས་ཀྱང་ཟམ་གདོང་རིན་པོ་ཆེའི་སྲིད་ཇུས་ཁ་ཤས་ལ་རྩ་ནས་བསྟོད་བསྔགས་བྱེད་ཀྱི་མེད། འོན་ཀྱང་དེ་ཡང་ས་མཚམས་ངེས་ཅན་མ་བརྒལ་བའི་ཐོག་ནས་སྐྱོན་འདོན་བྱེད་ཆོག་པ་ལས། སྤྱི་དགྲ་དོལ་རྒྱལ་དང་བསྲེས་ནས་བཤད་སྟངས་དེ་ངོ་ནས་སྐྱོ་བོ་རེད། འདི་ཐོག་ནས་ཁོ་དྲ་ཁང་ལ་སྐད་ཆ་བཤད་འདོད་ཆེན་པོ་ཡོད་པ་དང་། གང་འདྲ་བཤད་རྒྱུ་ཡིན་མིན་གྱི་དཔེ་མཚོན་རེད། གཞན་པ་ཚོ་རིམ་བཞིན་གླེང་ཆོག
བོད་དབུས་གཙང་གི་སྐད་དུ་གང་བཟང་བཟང་དུ་བསྒྱུར་བ་དེ་དག་ད་ལྟ་དབུས་གཙང་གི་སློབ་མ་དག་ལས་ཁམས་དང་ཨ་མདོའི་སློབ་མ་ཚོས་གོ་བ་ལས་སླ་བོར་ལེན་ཐུབ་ཀྱི་འདུག མ་གཞི་ནས་དེ་ཚོའི་ནང་གི་ཐ་སྙད་དང་བྱ་ཚིག་ཕལ་ཆེ་བ་ཞིག་ཨ་མདོའི་ནང་ཀློག་སྟངས་ཀྱི་ཁྱད་པར་ཅུང་ཟད་རེ་ཡོད་པ་མ་གཏོགས་སྤྱི་ཚོགས་ནང་རྒྱུན་བཀོལ་བྱེད་བཞིན་པ་རྐྱང་རེད།
གནའ་བོའི་ཐ་སྙད་ཕྱུག་པོ་དེ་ཚོ་བསམ་ཚེ་དངོས་གནས་ཡིད་ལ་དགའ་བ་སྐྱེ་བ་ཞིག་ཡིན་ཡང་དུས་ཀྱི་འཕོ་འགྱུར་ལ་བརྟེན་ནས་ད་ལྟ་མིང་ཚིག་གི་མུ་གེ་བྱུང་འདུག སྔོན་གྱི་བྱ་ཚིག་བརྒྱ་ཕྲག་མང་པོ་ཡོད་པ་དེ་ཚོ་གཅིག་བརླག་གཉིས་བརླག་བྱས་ཏེ་ད་ཤུལ་ཏུ་ལྷག་པ་ནི། བརྒྱབ བྱས། བཏང་ལྟ་བུ་རེ་ཟུང་ལ་ཐུག་ཡོད་པའི་ཉི་མ་ལྷ་སར་མཚོན་ན་ད་མར་མདོ་ཁམས་ཕྱོགས་ཕྱིན་ནས་བོད་ཡིག་སྦྱོང་དགོས་པ་འདྲ། ཡང་ན་སྔོན་གྱི་དཔེ་རྙིང་དེ་ཚོ་སྐྱར་དུ་ཀློག་ནས་སྐད་དེ་ཕུན་སུམ་ཇེ་ཚོགས་ལ་གཏོང་དགོས་པ་འདུག བརླག་ཟིན་པའི་རྗེས་འཇུག་དེ་ཚོ་སྐྱར་དུ་ཚོལ། འཆོལ་ཚར་བའི་ཀློག་སྟངས་དེ་ཚོར་སྐྱར་དུ་སྒྲིགས། དབྱེ་བ་ཕྱེ་མི་ཐུབ་པའི་མགོ་ཅན་དེ་ཚོ་ཡང་ཡང་ཀློག ལམ་དུ་བོར་ཟིན་པའི་སྔོན་འཇུག་དེ་ཚོ་འཚོལ་དུ་རྒྱུགས། གནའ་ནས་ཡལ་ཚར་བའི་དུས་གསུམ་གྱི་ཁྱད་པར་ཤེས་འདོད་ན་ཨ་མདོའི་ཞིང་འབྲོག་ཁུལ་རྒྱུགས། དེ་ནས་སྐད་གཅིག་གྱུར་སྐོར་བཤད།
སྟག་སྨྱོན། ཁྱོད་ཀྱིས་ངའི་དྲི་བར་ལན་འདེབས་བྱས་མི་འདུག བསྟན་མགོན་གྱིས་ཟམ་གདོང་ལ་དགག་པ་རྒྱག་ཚུལ་ཡག་པོ་ཡིན་མིན་དྲིས་མེད། བསྟན་མགོན་མི་བཟང་ངན་ཀྱང་དྲིས་མེད། ད་དུང་གསེར་ཚུལ་སོགས་པའི་མི་གཞན་པ་རྣམས་མི་ཡག་པོ་ཡིན་མིན་དང་ཁོང་ཚོས་ལས་ཀ་གཞན་ཅི་ཞིག་བྱེད་ཀྱི་ཡོད་མེད་ཀྱང་དྲིས་མེད། ངས་དྲི་བ་ནི་ཁྱོད་ཀྱིས་ཟེར་ན་ཁོང་ཚོས་སྤྱི་འཐུས་དྲུག་གིས་དུས་བབ་དང་ཁ་བརྡའི་ནང་དུ་ས་མིག་བཟུང་ནས་རྙོག་དྲ་བཟོ་གི་ཡོད་པ་རེད་ཟེར། ངས་ཟེར་ན་དེའི་ཁུངས་སྐྱེལ་ཤོག་ཟེར་གྱི་ཡོད། ངས་ད་དུང་ཁྱོད་ཀྱི་ལན་མ་རག་པར་སྒུག་ཡོད། དྲི་ལན་འདི་ཨུ་གཉིས་ཀྱི་བར་ཡིན་རུང་མི་མང་པོས་ཀློག་གི་ཡོད་པ་རེད། ཡ་ད་སུས་བལྟས་ན་ཨོ་བདེན་ས་རེད་བསམ་རྒྱུའི་ལན་ཞིག་རྒྱོབ་དང་། ཁུངས་སྐྱེལ་རྒྱུ་མེད་ན་ངས་ཁྱོད་ལ་ཚིག་ཁ་ཤས་ལབ་ཆོག དང་པོ་ལན་ལ་སྒུག་ཡོད།
གནའ་བོ་བོད་ཀྱི་ཡིག་རྙིང་རྣམས་ཐ་སྙད་ཀྱི་ཕྱུག་པོ་ཡིན་པ་བདེན་པ་རེད།
མ་གཞི་ནས་ག་རེ་ཤོད་མིན་རང་དབང་ཡིན་མོད།
ཡིན་ནའི། གལ་ཆེ་བའི་གནད་དོན་གླེང་མོལ་བྱེད་ས་ནས་འབྲེལ་མེད་ཀྱི་ཀི་ཅོ་མང་པོ་བརྒྱབ་ན་
ཁ་བརྡ་ལྷོད་ལྷོད་ཅིག་ཡོང་དཀའ་བར་འདུག
མགོན་ཕྱག་དང་མདའ་ཚན་པ་སོགས་ནས་བཤད་པའི་སྐད་ཆར་ཉན་རྒྱུ་དང་བསམ་བློ་གཏོང་རྒྱུ་མང་པོ་འདུག
རང་ཉིད་བ་ན་རོ་བོ་ད་བོད་ཞིག་ཡིན་ན། བོད་སྐད་གཅིག་གྱུར་གྱི་གནད་དོན་འདི་ཁ་ཚ་དགོས་གཏུགས་དང་།
མེད་དུ་མི་རུང་བ། ངེས་པར་དུ་བྱེད་དགོས་པ། ཆོས་དང་ཆབ་སྲིད་གང་ལ་ཡང་ཕན་འབྲས་དང་འབྲེལ་བ་གཏིང་ཟབ་ཡོད་པ་ཞིག
ཤུགས་རྒྱག་ས་གནད་འགག་ནི་སྦྱོར་ཀློག་ཡིན། མིང་བརྡ་བཀོལ་སྤྱོད་ཕྱོགས་ལ་དཀའ་ངལ་དེ་ཙམ་མེད།
དཔེ་མཚོན་ཁ་ཤས་ཀྱི་ཐོག་ནས་བལྟས་ཆོག
༡ བོད་་་་བ་ན་རོ་བོ་ད་བོད་ ཞེས་ལྷ་ས་བས་ཀློག
བོད་་་་བ་ན་རོ་བོ་ད་བཞག་བོད་ ཞེས་ཨ་མདོ་བས་ཀློག
༢ མགོ་ མ་འོག་ག་ན་རོ་མགོ་ ཞེས་ལྷ་ས་བས་ཀློག
མགོ་་་་་་་་་མ་ག་ན་རོ་མགོ་ ཞེས་ཨ་མདོ་བས་ཀློག
གོང་གི་སྦྱོར་ཀློག་དཔེ་མཚོན་ཁག་གཉིས་པོའི་ཐོག་གི་སྦྱོར་ཀློག་གཅིག་གྱུར་ཡོང་ཐུབ་ཚེ་དེ་འབྲེལ་གྱི་གདངས་མི་མཐུན་པའི་དཀའ་ངལ་ཡོངས་རྫོགས་ལས་སླ་བོས་སེལ་ཐུབ། དེར་ཡིད་ཆེས་བྱེད་ཆོག
མདོ་ལྷ་ཁམས་པ་ལགས་ཀྱིས། ༼རང་ཉིད་བ་ན་རོ་བོ་ད་བོད་ཞིག་ཡིན་ན། བོད་སྐད་གཅིག་གྱུར་གྱི་གནད་དོན་འདི་ཁ་ཚ་དགོས་གཏུགས་དང་། མེད་དུ་མི་རུང་བ། ངེས་པར་དུ་བྱེད་དགོས་པ། ཆོས་དང་ཆབ་སྲིད་གང་ལ་ཡང་ཕན་འབྲས་དང་འབྲེལ་བ་གཏིང་ཟབ་ཡོད།༽༽ཅེས་བཤད་པ་ལ་དེ་དེ་བཞིན་ནོ། ཇི་སྐད་ཁྱེད་ཀྱིས་བཤད་པ་དེ་དེ་བཞིན་ནོ། ཞེས་མངོན་པར་བསྟོད་ཀྱི་ཡིན། སྦྱོར་ཀློག་ཡག་པོ་རྒྱ་རོང་བ་ལ་ཡོད་པར་བཤད་ཀྱི་འདུག ཁོང་ཚོའི་སྐད་དེ་ཁ་ནང་དུ་བརྗོད་མ་བདེ་བ་དང་འཁྲེགས་པོ་ཞིག་ཡིན་པ་མ་གཏོགས་སྔོན་རྗེས་དང་ཡང་འཇུག མགོ་ཅན་འདོགས་ཅན་གྱི་སྒྲ་གདངས་ཧ་ཅང་ཡག་པོ་ཡོད་ཟེར།
སྒང་ནེ་འཇིགས་མེད་ལགས་ཀྱིས། འབྲུག་པའི་སྐད་ཀྱང་ཕུགས་གཏུགས་ན་བོད་སྐད་མ་ཡིན་ནམ། ཞེས་བཤད་པ་དེ་ག་རང་རེད། ལྷོ་འབྲུག་པའི་སྐད་འདི་དཔེར་ན་ང་ཚོ་བོད་པ་ལ་མཚོན་ན་ཨ་མདོའི་སྐད། ཁམས་ཉག་རོང་གི་སྐད། རྒྱ་རོང་བའི་སྐད་ལྟ་བུ་བོད་སྐད་ནང་ཁུལ་ལ་སྐད་རིགས་འདྲ་མི་འདྲ་མང་པོ་ཡོད་བསྡད་པ་ནང་བཞིན་ཞིག་ཡིན་པ་ལས་སྐད་རིགས་གཞན་ཞིག་གང་ཡང་མ་རེད། འབྲུག་ཡིག་འདི་ལ་ལྷོ་ཡིག་ཏུ་གྲགས་པ་བོད་ཡིག་གཞིར་བྱས་པ་གང་ཞིག་ལ་ཁ་སྐད་དམ་ཡུལ་སྐད་མང་པོ་ཐད་ཀར་ཡིག་ཐོག་ཏུ་བྲིས་པས་བོད་ཡིག་དང་མ་འདྲ་བ་དང་ཀློག་མི་བདེ་བ་ཞིག་ཆགས་མ་གཏོགས་གཞན་གང་ཡང་མི་འདུག་གོ །
ད་དུང་ཁམས་རྟའུའི་ལོག་སྐད་ཟེར་བ་ཞིག་ཡོད་པ་རེད་སྐད་དེ་ཁོ་རང་ཚོ་མ་གཏོགས་བོད་པ་གཅིག་གིས་ཀྱང་དོན་གང་ཡིན་ཙམ་ཡང་ཤེས་ཀྱི་མ་རེད། ཧ་ལས་པའི་འཁྲེགས་པོ་ཡོད་པ་རེད།
རྒྱ་རོང་བའི་སྐད་དེ་ཡང་རོང་སྐད་དང་འབྲོག་སྐད་གཉིས་ཀ་ཡོད་པར་བཤད་ཀྱི་འདུག འབྲོག་སྐད་ནི་ཁམས་དང་ཨ་མདོའི་འབྲོག་སྐད་དང་གཅིག་མཚུངས་རེད་ཟེར། རོང་སྐད་དེ་འཁྲེགས་པོ་ཧ་ལས་པ་རེད་ཟེར། ཕལ་ཆེར་རྒྱ་རོང་བའི་རོང་སྐད་དང་ཁམས་རྟའུའི་ལོག་སྐད་གཉིས་འདྲ་བོ་འདྲ་བོ་ཡིན་བཟོ་འདུག
དངོས་གནས་་བོད་སྐད་གཅིག་གྱུར་བྱེད་ཀྱི་ལས་ལྷག་གི་ལས་ཀ་གལ་ཆེན་མི་འདུག དེང་སང་ཁམས་དཀར་མཛེས་ཁུལ་གྱི་མཐའ་མཚམས་སུ་ཡོད་པའི་རྫོང་ཁག་ཁ་ཤས་དང་། རྒྱ་རོང་གི་མཐའ་མཚམས་ཀྱི་ལུང་པ་མང་པོས་ད་སྐབས་རྒྱ་སྐད་མ་གཏོགས་བོད་སྐད་རྩ་བ་ཉིད་ནས་གོ་ཡི་མི་འདུག རྒྱུ་མཚན་དེ་ལྟ་བུའི་གནས་སྟངས་འོག་བོད་སྐད་ཤོད་མཁན་དང་བོད་ཡིག་འབྲི་མཁན་ཉུང་རུ་ཉུང་རུ་འགྲོ་ངེས་རེད་པས་བོད་མི་སྤྱི་བོ་གནམ་་བསྟན་ཡོངས་ཀྱིས་ཐ་སྙད་གཅིག་གྱུར་ཡོང་ཐབས་ལ་བརྩོན་དགོས་ཀྱི་འདུག ཨ་མདོ་བའི་སྐད་ཡག་རབས་བཟང་རབས་སྒྲ་དག་རབས་རྐྱང་རྐྱང་བཤད་ནས་ཨུ་ཚུགས་བྱས་ནས་ཅི་ཞིག་བྱེད།
ཨ་མདོ་བས་དབྱངས་བཞིའི་ནང་གི་གི་གུ་ཞབས་ཀྱུའི་་སྒྲ་གདངས་མ་འདྲེས་པར་གསལ་བོར་བརྗོད་ཤེས་ཀྱི་མི་འདུག་གོ
༡། བློ་བཟང་ཟེར་བ་དེ་ལ་གནས་སྐབས་ངས་ཁྱེད་ལ་རྡོག་རྡོག་གཅིག་ལས་བཤད་རྒྱུ་མིན། ཁྱེད་ཀྱི་ཀུན་སློང་ལ་རྒྱུས་ལོན་བྱས་ནས་ངོ་མ་ཁུངས་བསྐྱེལ་རིན་འོས་ས་ཞིག་རེད་དང་ཡང་ན་དེ་སྔོན་ནས་ཕྲན་ལ་སྡུག་ཟུག་བྱེད་མཁན་རྙིང་བ་ཞིག་མིང་དང་བཤད་སྟངས་གསར་བ་ཞིག་བཀོལ་གྱི་འདུག་ཤེས་འདོད། འོན་ཀྱང་སྙིང་བསྡུས་དང་ཕྱོགས་ཙམ་བཤད་ཆོག ད་ལམ་གྲོས་ཚོགས་ནང་རྩོད་པ་བརྒྱག་མཁན་གྱི་ཕྱོགས་གཉིས་ཀས་མུ་མཐུད་ནས་ལྕེ་དང་ཁ་ཡོད་ཚད་སྤྱད་ནས། རྒྱུད་ལམ་དང་གོ་སྐབས་རྙེད་ཚད་སྤྱད་ནས་སོ་སོ་བདེན་བདེན་འགྲིག་འགྲིག་གི་རྩོད་པ་མང་པོ་བརྒྱག་གི་འདུག མ་ཟད་༢༠༠༡ལོའི་བཀའ་བློན་ཁྲི་བ་འོས་འདེབས་ཀྱི་སྐབས་སུ་རྙོག་དྲ་བཟོ་རྒྱུའི་དམིགས་ཡུལ་བཟུང་ནས་མངོན་ལྐོག་ཐམས་ཅད་དུ་དཀྲུགས་གཏམ་མང་པོ་བརྒྱུད་བསྒྲགས་བྱེད་ཀྱི་འདུག དེའི་ནང་ནས་ཀྱང་བོད་ཡིག་བེད་སྤྱོད་ཡོད་སའི་རྒྱུད་ལམ་ཁག་ཏུ་ཁ་མཆུ་དེ་དང་འབྲེལ་ཡོད་བོད་ཡིག་ཤེས་མཁན་ཚོས་ནུས་པ་གང་ཡོད་འདོན་གྱི་ཡོད་མེད་ལ་ཁྱེད་རང་དོགས་པ་མ་བྱེད་། མ་གཞི་ཁྱེད་སྤྱི་འཐུས་ལ་རྒྱབ་སྐྱོར་དང་ཤ་ཚ་ཡོད་པར་དགའ་བསུ་ཡོད། འོན་ཀྱང་ཁྱེད་རང་གི་རྒྱབ་སྐྱོར་དང་ཤ་ཚ་བྱེད་སའི་སྤྱི་འདི་ཚོ་ལ་རྒྱུས་ལོན་ཡག་པོ་གནང་རོགས། ངས་སྤྱི་འཐུས་ཚོར་སྐྱོན་བརྗོད་བྱེད་དོན་མ་འོང་བར་སྤྱི་འཐུས་ངོ་ནས་རྒྱབ་སྐྱོར་བྱས་ན་འགྱོད་པ་མེད་པའི་མི་སྤུས་དག་རྐྱང་ཡོང་ཐུབ་པའི་རེ་་བ་ཡིན། དེ་མིན་ངས་མི་འདི་ཚོ་ལ་དགྲ་བསགས་ནས་ཁ་སྡིག་བསགས་ནས་ཆོ་མེད་རེད། འོན་ཀྱང་མ་འོང་ད་ལྟའི་སྤྱི་འཐུས་དང་མི་འདྲ་བར་ཡག་པོ་ཡོང་བའི་རེ་བ་རེད་དེ། ཁག་པོ་རེད།
༢། མ་གཞི་ནུབ་ཕྱོགས་པ་ཚོས་གསར་འགྱུར་དང་ཆབ་སྲིད་པ་ཚོའི་སྐད་ཆར་ཉན་རྒྱུའི་གོམས་གཤིས་སྤངས་གང་ཐུབ་ཀྱི་ཡོད་པ་རེད། ཐ་ན་མང་པོ་ཞིག་གིས་ནང་ལ་བརྙན་འཕྲིན་ཡང་ཉོ་གི་མི་འདུག བརྙན་འཕྲིན་དང་རྒྱུད་ལམ་ཁག་ནི་ཆབ་སྲིད་པ་ཚོས་སྤྱི་ཚོགས་དཀྲུགས་སྤྱད་དང་། མི་མང་ལ་མགོ་སྐོར་གཏོང་བྱེད་ཀྱི་ལག་ཆ་ཡག་ཤོས་དེ་རེད། གསར་འགྱུར་དང་བརྙན་འཕྲིན་ལ་མི་ལྟ་བ་ནི་རང་རང་གི་སེམས་ཁམས་བདེ་ཐང་ཡོང་ཆེད་དང་། ཉི་མ་རེ་རེའི་མི་ཚེ་ཞི་བདེའི་ངང་ནས་བསྐྱེལ་ཐུབ་པའི་ཆེད་དུ་རེད། འདི་ཡང་ཕྱོགས་གཅིག་ནས་བོད་པ་ཙམ་མ་ཡིན་འཛམ་གླིང་གི་ཆབ་སྲིད་པ་ཚོས་མི་མང་འུ་ཐུག་ཏུ་བཅུག་ཡོད་པའི་རྟགས་རེད། ང་ཚོའི་སྤྱི་འཐུས་ཚོ་དེ་བས་ཀྱང་སྡུག་གི་རེད། གང་ཡིན་ཟེར་ན་ཆབ་སྲིད་མི་ཤེས་པའི་ཆབ་སྲིད་པའི་འཁྲབ་སྟོན་པ་རྐྱང་ཡིན་སྟབས་རྒྱལ་ཁབ་གཞན་པའི་ཆབ་སྲིད་པ་ལས་ཀྱང་སྡུག་གི་རེད། གཞན་ང་ནི་འདི་རུ་དགེ་ལུགས་དང་ཆོལ་ག་གང་རུང་ཞིག་གི་ངོ་ཚབ་བྱས་ནས་བཤད་ཀྱི་མེད། ང་རང་གི་ཚབ་བྱས་ནས་མི་གཅིག་གི་བསམ་ཚུལ་བཤད་ཀྱི་ཡོད། དེའི་ཕྱིར་ངའི་སྐད་ཆ་དང་བསམ་ཚུལ་གང་རུང་ཞིག་འགྲིག་མེད་ན། ཆོལ་ཁ་དང་ཆོས་རྒྱུད་གང་རུང་ཞིག་གི་མགོ་ལ་གཡོག་ནས་ཁ་བརྡུང་བཏང་བ་ཡིན་ན་རྦད་དེ་ནོར་བ་རེད། རྒྱུ་མཚན་གཞན་པ་ཞིག་ཡོད་ངེས་རེད།
ད་རུང་མངོན་མཁྱེན་འདྲ་ཤོད་དང་བཟང་གི མི་ཆོས་བླ་མའི་རྫུན་ཟེར་བ་ཞིག་ཡོད་པ་གོ་ཨེ་མྱོང་། མ་མྱོང་ན་མ་འོངས་ལྐོག་གྱུར་དང་འབྱུང་འགྱུར་གྱི་གནད་དོན་ད་ལྟ་ནས་ཧ་གོ་མདོག་བཤད་ན་དེ་ཡང་མི་ཆོས་བླ་མའི་རྫུན་གྱི་གྲས་སུ་གཏོགས་པ་རེད་དོ།
དྲ་དཔོན་ལགས། མདང་དགོང་ངས་སྟག་སྨྱོན་ལ་བྲིས་པའི་ལན་གྱི་མཆན་བུ་གཉིས་གསུམ་ཞིག་དེ་ནས་བཀག་སོང་བར་དགོངས་དག་ཞུ་རྒྱུ་མ་གཏོགས་མེད་བསམ་མོད། སྟག་སྨྱོན་གྱིས་ཁོ་བོ་ལ་གཤེ་བའི་མཆན་དེ་རིང་ད་དུང་ཡོང་གི་འདུག་པས་དེ་ནས་གུས་པའི་མཆན་ཡང་མི་འགོག་པར་ཞུ།
སྟག་སྨྱོན་རོ་སྐེ་བཏགས།
ཡང་ཨུ་གཉིས་བར་གྱི་འགལ་ཟླ་ཆེ་རུ་ཕྱིན་པ་རེད། ཉེ་སྔོན་ཁྱོད་ཀྱིས་ཚུལ་ཁྲིམས་མཐར་ཕྱིན་དང་གསེར་རྟ་ཚུལ་ཁྲིམས་གཉིས་ང་ཡིན་ཚུལ་བྲིས་པར་མ་ཟད། དེ་རིང་བདེ་ཆེན་རྡོ་རྗེ་ཟེར་བ་དེ་ཡང་ང་རེད་ཟེར་གྱི་འདུག འདི་གཅིག་རེད། གཉིས་པ་དེ་སྔར་ཁྱོད་ལ་ཞིབ་འཇུག་བྱེད་མཁན་མེད་སྐབས་རང་ཚོད་རང་གིས་མ་བཟུང་བར་བྲིས་པ་ཐམས་ཅད། ད་ཟེར་ན་མི་ཞིག་གིས་ཁྱོད་ཀྱི་སྨྱུག་མིང་སྤྱད་པ་དང་། མི་དེ་ཡང་ང་བསམ་གཏན་རེད་ཟེར་གྱི་འདུག་པ་འདི་གཉིས་ཡིན། གསུམ་པ་དེ་སྔར་ཁྱོད་ཀྱིས་གྲུབ་དབང་རིན་པོ་ཆེ་དང་ཟམ་གདོང་རིན་པོ་ཆེ་རྒྱལ་བ་ཀརྨ་པ་སོགས་ལ་གཞི་མེད་ཀྱི་སྐུར་འདེབས་ཁ་ནས་ཐོན་ཚད་བྱས་པར་མ་ཟད། དེ་རིང་ཡང་བོད་མི་མང་སྤྱི་འཐུས་དྲུག་ལ་གཞི་མེད་ཁུངས་མེད་ཀྱི་སྐུར་འདེབས་ག་ཚོད་བྱེད་ཀྱི་འདུག འདི་ཡང་གཅིག་ཡིན། ངས་དེ་རིང་དྲ་ཐོག་འདི་ནས་ཁྱོད་ལ་བྱེད་ཡོང་རྒྱུ་ཞིག་མེད་ཀྱང་། ཨུ་གཉིས་ཉི་མ་རིང་པོར་རྩམ་པ་ཞིབ་མོ་ག་ལེ་ག་ལེར་འཐག་ཆོག་པས་སྒུག་ཨ། ཁྱོད་ཀྱི་མི་མངོན་པའི་གྲིབ་གཟུགས་ཤི་འདྲེ་དོལ་རྒྱལ་ལ་ཅིག་བཤད་བསྡད་ཀྱི་ཡོད་ན་མི་ཤེས་མ་གཏོགས་རྒྱལ་ལོ་དོན་གྲུབ་ཀྱི་རྙོག་དྲ་ཞིག་བཤད་རྒྱུ་ཡོད་ན་ཡབ་གཞིས་སང་གིས་མི་བཤད་པར། སྐྱག་ཁུངས་ནང་གི་འབུ་སྲིན་ཁྱོད་ཀྱིས་ཇི་ཞིག་བཤད།
ཁྱོད་ཀྱི་ཟིན་བྲིས་ཤི་རོ་དེ་རང་ཤི་མ་བརྒྱབ་གོང་གསང་བའི་ཨང་གྲངས་མི་འདི་དང་འདིའི་ལག་ཏུ་ཡོད་ཟེར་བ་ཞིག་སྟོན་རྒྱུ་མ་བྱུང་བར། ཁྱོད་ཀྱི་ཟིན་བྲིས་ངོ་མའི་ནང་དུ་བྲིས་པའི་སྔར་དོལ་རྒྱལ་གྱི་ཁྱིམ་ཚང་ཞིག་ཡིན་རབས་བཤད་པ་སོགས་ངས་ཁྱོད་གཅིག་པོའི་མགོ་མ་གཏོགས་སུ་གཅིག་གི་མགོ་ལ་འཇོག་གི་མེད། ཁྱོད་ཀྱིས་ལྷ་ཆབ་སྦྱིན་པ་མ་གཏོགས་ཁྱོད་ལ་གཤེ་མཁན་ཞིག་མེད་ཟེར་བ་དེ་ལ་ཁྱོད་ངོ་ཚ་མ་སོང་ངམ། འདིར་དྲ་གྲོགས་སུམ་ཅུ་ལྷག་ཅིག་གིས་ཁྱོད་ལ་གཤེ་སྨོད་བྱས་པའི་མཆན་བུ་མཐོང་ཚད་ངས་ཉར་ཡོད་ཀྱང་། དྲ་དཔོན་གྱིས་ལུང་འདྲེན་མང་པོ་མ་བྱེད་ཟེར་གྱི་འདུག་པས་དེ་རིང་འདིར་བཀོད་མེད། ཁྱོད་ལ་བློ་ཁོག་ཡོད་ན་ཟིན་བྲིས་ཤི་བོ་དེའི་ནང་དུ་མཆན་ལོངས་དང་ངས་ཁྱོད་ཀྱི་སྔུན་དུ་ཅིག་བཤམས་ཡ། ངས་ཁྱོད་ལ་ཟིན་བྲིས་ཤི་རོ་དེ་བསྐལ་བའི་བར་དུ་སྒོ་ཕྱེ་གི་ཨེ་འཇོག་ཁྱོས་ལྟོས་ཨ། མི་ཚང་མའི་ནང་ནས་ཁྱོད་གཅིག་པོ་ལ་བཀྲ་མ་ཤིས་པ་རེ་ཡོང་དུས་ང་ངོ་མ་ཅིག་སྐྱིད་ཀི་ཡ། ཨ་བརླ་བཙོང་། དོལ་ཕྲུག ཁྱོད་ཀྱིས་ཚུར་མཐར་དང་བདེ་རྡོར་སོགས་ང་རེད་ཟེར་བ་དེ་ཚུར་མཐར་དང་བདེ་རྡོར་སོགས་ཀྱིས་མཐོང་བ་གད་མོ་ཤོར་གྱི་རེད་བསམ་གྱི་མི་འདུག་གམ། ཨ་བརླ་བཙོང་། ཁྲེལ་མེད། ངོ་ཚ་མི་ཤེས་པའི་ཁྱི་རྒན་དོལ་ཕྲུག ངས་སྔ་མོའི་བོད་སྡེ་བ་གཞུང་འདེད་ཀྱི་མེད་ལ་རྒྱལ་ལོ་དོན་གྲུབ་འདེད་ཀྱི་མེད། ངས་ཁྱོད་འདེད་ཀྱི་ཡོད་ལ་ད་དུང་ཇི་ལྟར་འདེད་ལྟོས་ཤིག
གྲོས་ཚོགས་ནང་གི་གླེང་རྙོག་ལ་བལྟས་པ།
མོན་གྷོ་འདོད་དགུ་གླིང་གཞིས་ཆགས་གཞིས་གྲོང་བརྒྱད་པ་སྒོ་རྟགས་ཨང་དགུ་པ་ཁ་པ། ཚེ་བརྟན་ནོར་བུས།
ད་རེས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་ཐེངས་བརྒྱད་པ་མཇུག་བསྡོམས་མ་ཐུབ་ པ་དེ་ནི་བློ་ཕམ་གྱི་གནས་ཚུལ་ཞིག་ཡིན་པ་སྨོས་མེད་ཐོག ལྷག་པར་དུ་བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ སྤྱི་འཐུས་རྣམས་ལ་ད་བར་བཀའ་སློབ་ལམ་སྟོན་རབ་དང་རིམ་པ་གནང་བའི་ནང་ཁྱེད་རང་ ཚོ་སྤྱི་འཐུས་ཡོང་ཁུངས་ཆོལ་ཁ་གསུམ་དང་ཆོས་བརྒྱུད་ནས་སླེབས་ཡོད་ཀྱང།
སྤྱི་འཐུས་ཆགས་ཚར་བའི་རྗེས་ལ་སྤྱི་མི་ཞིག་ཡིན་བསམ་དགོས་པ་ལས། ཕྱོགས་ཞེན་བྱེད་མི་ཉན་ཚུལ་ཕེབས་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་༣ ཚེས་༡༧ ཉིན་གྲོས་ཚོགས་ཚོགས་དུས་བདུན་པའི་ཐོག་གསུང་འཕྲིན་ཕེབས་པའི་ནང་དུ་ཡང་ཁྲིམས་ ཀྱི་དབང་བསྒྱུར་ལ་སྙིང་ནས་བརྩི་བཀུར་ཐོག གུ་ཡངས་དཀྱེལ་ཆེའི་བློ་གྲོས་ཀྱིས་རྟོན་བཞིའི་འཇུག་ལྡོག་མ་འཆོལ་བའི་སྒོ་ནས་ སྤྱི་སྨན་འདུན་གྲོས་ལྷུག་པོར་གནང་དགོས་ཞེས་གསུང་འཕྲིན་ལམ་སྟོན་ཕེབས་པ་རྣམས་ སྤྱི་འཐུས་ཁག་ཅིག་གིས་རྣ་རྒྱབ་ཏུ་བསྐྱུར་ནས། མང་ཚོགས་སར་ཕྱོགས་འཐེན་དང་དཀྲོག་གཏམ་བཟོ་མཁན་གྱི་འབྱུང་རྩ་གཙོ་བོ་སྤྱི་ འཐུས་ཚོས་བྱེད་ཀྱི་ཡོད་འདུག ད་དུང་ནམ་རྒྱུན་༧གོང་ས་མཆོག་གི་དགོངས་གཞི་གཉིས་སྨན་དབུ་མའི་ཐབས་ལམ་ལ་ཧ་ཅང་ གིས་ཡིད་ཆེས་དང་རྒྱབ་སྐྱོར་ཡོད་ཁུལ་གྱིས་དེ་ཚོའི་ཐོག་ལས་འགུལ་ཀྱང་སྤེལ་མཁན་ གྱི་སྤྱི་འཐུས་ཁག་ཅིག་གྲོས་ཚོགས་ནང་དུ་བོད་པ་ནང་ཁུལ་ཕྱོགས་འཐེན་གྱི་སྐད་ཆ་ བཤད་པར་སླེབས་སྐབས། ཕན་ཚུན་དགྲ་ཟླའི་རྣམ་འགྱུར་གྱི་ཚིག་ངན་གང་ཡོད་བེད་སྤྱོད་བྱེད་ཀྱི་ཡོད་པ་ནི། ནམ་རྒྱུན་དབུ་མའི་ལམ་ལ་ཡིད་ཆེས་དང་རྒྱབ་སྐྱོར་ཡོད་ཚུལ་བརྗོད་པ་དེ་རང་ཉིད་ ཀྱི་གཏམ་སྙན་གྲགས་ཁོ་ནའི་ཆེད་དུ་མང་ཚོགས་སར་མགོ་སྐོར་དང་སྐྱག་རྫུན་བཤད་ཀྱི་ ཡོད་པ་གསལ་པོ་གསལ་རྐྱང་ཆགས་སོང། མི་གསོད་ལག་དམར་བ་རྒྱ་དམར་གཞུང་ལ་ཚིག་ཟ་དང་འཁོན་འཛིན་སྤངས་ནས་དབུ་མའི་སྲིད་ བྱུས་འཛིན་ཐུབ་པར། བོད་མི་ནང་ཁུལ་གནད་དོན་ཅུང་ཙག་དེ་ཚོའི་རིགས་ལ་བཟོད་སྒོམ་མི་ཐུབ་པ་ཅི་ཡོད། གྲོས་འཆར་འདོན་མཁན་གྱི་སྤྱི་འཐུས་སྒྲོལ་མ་མཚོ་མོ་སོགས་ནམ་རྒྱུན་དབུ་མའི་ལམ་ ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད་ཁུལ་གནང་མཁན་ཚོས་གདོང་རིས་ངོ་མ་དེ་ད་རེས་གསལ་ པོ་བསྟན་སོང། ངན་པའི་གཞུག་ལ་རྒྱག་རྡུང་དང། བཟང་པོའི་གཞུག་ལ་ཇ་ཆང་གི་དཔེ་ལྟར། སྤྱི་འཐུས་ཟླ་བ་ཚེ་རིང་གི་ཕྱོགས་གཏོགས་ཚོར་ག་དུས་ཡིན་ཡང་ངོ་ཚ་དང། ཁ་སྐྱེངས་ཀྱི་ཕམ་ཉེས་ཤིག་ཡོང་བཞིན་ཡོད། སྤྱི་འཐུས་ཟླ་བ་ཚེ་རིང་དང་ཤོག་ཁག་ཚོས་གྲོས་ཆོད་གྲོས་འཆར་གང་ཞིག་བཏོན་ཡང། དེ་ལ་ཁ་གཏད་ཚོས་ལམ་སེང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲ་དང། འཛིན་སྐྱོང་བཀའ་ཤག་གིས་འབོད་སྐུལ་ལ་རྩིས་མེད་ཀྱིས་སྤྱི་རྒྱུ་སྒེར་བདག་བྱས་ པ་དེར་མ་ཤེས་མ་གོ་མདོག་མདོག་བྱེད་དོན་ཅི་ཡིན་ཟེར་དུས། དབུ་མའི་ལམ་ལ་ཡིད་ཆེས་དང་རྒྱབ་སྐྱོར་རྩེ་གཅིག་ཏུ་ཡོད་གསུང་མཁན་སྤྱི་འཐུས་ ཟླ་བ་ཚེ་རིང་གིས་སོ་སོའི་ཁེ་ཕན་གྱི་ཐོག་ཏུ་བབ་དུས་ཕུ་ཐུང་གཡས་བརྫེས་གཡོན་ བརྫེས་ཀྱིས། ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་བྱེད་རྒྱུའི་སྐད་གསེང་མཐོན་པོར་བསྒྲགས་པ་དེ་ ཡིས་དོན་དངོས་གཉིས་སྨན་དབུ་མའི་ལམ་ཐབས་ལམ་ནི་ཆབ་སྲིད་སྣེ་མོ་བ་ཚོས་ཤོ་པའི་ ལག་སྐྱིད་བཞིན་རྩེད་ཆས་ལྟ་བུ་རེད་འདུག དེ་བཞིན་མི་ཚེ་གཅིག་གི་དབང་དུ་བྱས་ན་བྱེད་འདོད་པའི་བྱ་བ་མང་པོ་ཞིག་སྡོམ་ ཁྲིམས་དམ་པོས་བརྟན་སྲུང་གིས་བྱང་ཆུབ་སེམས་དཔའི་ལྟ་སྤྱོད་ལ་སྦྱང་བརྩོན་ལྷོད་ མེད་གནང་ནས་དགེ་བཤེས་ཐོན་པའི་སྟོད་འགག་སེར་པོ་བཞེས་པ་ཆོས་བརྒྱུད་ཀྱི་སྤྱི་ འཐུས་མཚན་འཁྱེར་བ་ཚོས་ཀྱང། སོ་སོའི་ཕྱོགས་ཞེན་གྱི་ཐོག་ལ་བབས་དུས་རང་ཉིད་ཀྱི་གནས་བབས་གཏིང་བརྗེད་ཀྱིས་ ཁ་ཆུ་གནམ་ལ་འཐོར་བཞིན་ཚིག་མཚོན་འདེབས་བཞིན་པ་མཐོང་སྐབས་དེ་བས་སེམས་སྐྱོ་ བའི་གནས་ཚུལ་ཞིག་མ་ཡིན་ནམ། གཞན་ཡང་སྤྱི་འཐུས་དཀོན་མཆོག་ཆོས་སྒྲོན་སོགས་སྤྱི་འཐུས་ཁག་ཅིག་གིས་གསུང་བཤད་ གནང་སྟངས་དེ་ཚོ་ནི་བཤད་མཁན་ངོ་ཚ་མེད་ཀྱང། ཉན་མཁན་ངོ་ཚ་བའི་གནས་ཚུལ་ཞིག་རེད་འདུག མདོ་དོན་འབྱུང་འགྱུར་བློ་གཟུ་བོར་གནས་པའི་མང་ཚོགས་རྣམས་རྨོངས་གཉིད་ནས་སད་ དེ། ནམ་རྒྱུན་ཆོལ་ཁ་དང་ཆོས་བརྒྱུད་སོ་སོར་ཞེན་ཁོག་ཡོད་མདོག་བྱེད་མཁན་ཚོ་དང། ལྷག་པར་དུ་སྤྱི་འཐུས་ཁག་ཅིག་གིས་ཧ་ཅང་སེམས་ཤུགས་ཡོད་མདོག་གིས་རང་བཙན་རྩོད་ ལེན་བྱེད་དགོས་ལུགས་བརྗོད་མཁན་དང། ཡང་ཁག་ཅིག་གིས་༧གོང་ས་མཆོག་ལ་དད་གུས་ཆེ་མདོག་གིས་དབུ་མའི་ལམ་ལ་ཡིད་ཆེས་དང་ རྒྱབ་སྐྱོར་ཧ་ཅང་ཡོད་ཁུལ་བྱེད་མཁན་སོགས་ཀྱིས་དོན་དངོས་དམིགས་ཡུལ་དང་བྱ་ སྤྱོད་ངོ་མ་གང་ཡིན་དབྱེ་ཞིབ་ནན་ཏན་གྱི་སྒོ་ནས། སྐབས་བཅོ་ལྔ་པའི་སྤྱི་འཐུས་འོས་འདེམས་བྱེད་རྒྱུར་ད་རེས་གནས་ཚུལ་དེས་ཐོབ་ པའི་བསླབ་བྱ་དང། བསགས་པའི་ཉམས་མྱོང་ཞིག་ལ་ངོས་འཛིན་གྱིས་འཇུག་ལྡོག་མ་ནོར་བ་གནང་དགོས། ། བང་ཆེན་ལས་བཤུས།
ཚེ་བརྟན་ནོར་བུའི་ལངས་ཕྱོགས་གང་ཡིན་མི་ཤེས་མོད། རྩོམ་ཡིག་ཡག་པོ་ཞིག་བྲིས་འདུག ད་ལོའི་སྤྱི་འཐུས་འདི་ཚོ་ཚང་མ་བཀའ་བཀྱོན་གཏོང་དགོས་པ་ལས་ཕྱོགས་འཐེན་བྱས་ན་འགྲིག་ཐབས་རྩ་བ་ཉིད་ནས་མེད།
ད་སྤྱི་འཐུས་ཀྱི་སྐོར་བཤད་ན་དྲྭ་ཐོག་འདི་ན་མི་གང་འདྲ་འདུག ཁ་གཏོང་དགོས་ན་སྟག་སྨྱོན་བཟང་། ཕྱོགས་རིས་བྱེད་དགོས་ན་མདའ་ཚན་པ་དང་བདེ་ཆེན་རྡོ་རྗེ་གཉིས་བཟང་། གཟུ་བོར་གནས་པ་སུ་ཡོད་དམ།
དེང་སང་ཨ་ལགས་ཀླུ་སྨྱོན་ཚང་དང་། གཞོན་ནུ་ཟླ་མེད། སྒོམ་སྡེ་ལྷ་རམས་པ། མིའུ་ཕྲུག གངས་གཡག སེང་གེ་རལ་བ་ཅན། ཚུལ་ཁྲིམས་མཐར་ཕྱིན་གྱིས་གཙོས་པའི་དྲྭ་གྲོགས་སྐད་གྲགས་ཆེན་པོ་དེ་ཚོ་མཐོང་ཡ་ཚོར་ཡ་མི་འདུག་པས་གང་དུ་ཕྱིན་པ་ཡིན་ནམ།
ཨོ་ད་རུང་རིག་པའི་རལ་གྲི
སྟག་སྨྱོན། སྙིང་ཁྲག་དམར་པོ་རྫ་མ་གང་ཁ་ནས་སྐྱུགས་རྒྱུ་དམ་ཉམས་དོལ་རྒྱལ་གྱི་བྲན་གཡོག་ཁྱོད། ངས་ཁྱོད་ལ་སྤྱི་འཐུས་དྲུག་གིས་དྲུག་དྲ་ཁང་དུ་འཛུལ་ནས་དཀྲུགས་ཤིང་རྒྱག་གི་ཡོད་པའི་དཔང་རྟགས་ཁུར་ཤོག་ཟེར་གྱི་ཡོད། ཉི་མ་གཉིས་ལ་དཔང་རྟགས་ཅི་ཞིག་སྟོན་རྒྱུ་ཡོད་བསྒུགས་པ་ཡིན། ཁྱོད་ཀྱིས་མི་དོན་མེད་གྱི་མིང་དྲ་ཐོག་ཏུ་ཁྱབ་བསྒྲགས་བྱས་ནས་ད་ཁུངས་སྐྱེལ་ཤོག་ཟེར་དུས་ངས་བསམ་གྱི་འདུག ངས་དྲན་གྱི་འདུག ཁོང་ཚོ་རྙོག་དྲ་ཡོད་མཁན་རེད། ཡོད་སྲིད་པ་རེད་ཟེར་ཆོག་གི་ཨེ་རེད། དེས་ཁྱོད་ཀྱི་དཔང་རྟགས་ཡོང་གི་ཨེ་རེད། འོ་ན་ངས་ཁྱོད་ལ་གཅིག་བཤད། སྔོན་མ་གྲ་རྒོད་ཁག་ཅིག་གིས་རིག་སློབ་དགེ་བཤེས་དཔོན་གཡོག་གསུམ་བསད་དེ༧སྐྱབས་མགོན་རིན་པོ་ཆེ་ལ་འདི་་ད་ལོ་ཁྱོད་ཀྱི་ལོ་གསར་གྱི་ཤ་སྐལ་ཡིན་ཞེས་ཡི་གེ་བཞག་ནས་རྒྱལ་ཁབ་གཞན་ཞིག་ཏུ་བྲོས་པ་རེད། བོད་གཞུང་ལ་མི་འགའ་བ་ཨ་ཅང་ཅང་། ངས་བལྟས་ན་ཁྱོད་དེའི་ནང་གི་མི་ཞིག་མ་རེད་ན་དཀོན་མཆོག་གསུམ། ད་སྐབས་ཨ་རིར་འདུག དེ་འདྲ་ཨེ་རེད། རྒྱུ་མཚན་ནི་བོད་གཞུང་ལ་མི་འགའ་བ་དང་། བོད་གཞུང་གི་ཐོག་ལ་རྣམ་པ་ཀུན་ཏུ་སྙིང་ནག་པ། གོ་སྐབས་ཡོད་ཚད་དམ་འཛིན་བྱས་ཏེ་དཀྲུགས་ཤིང་རྒྱག་པ། དོལ་རྒྱལ་བརྟེན་མྱོང་ཡོད་པ། དོལ་རྒྱལ་གྱི་ཁྱིམ་རྒྱུད་ཡིན་པ། རྙོག་དྲ་བཟོ་རྒྱུར་དགའ་བ་སོགས་ཀྱི་རྒྱུ་མཚན་ཡོངས་རྫོགས་ཁྱོད་ལ་ཚང་འདུག
བཀུར་འོས་དྲྭ་གྲོགས་རྣམ་པ་ཚོ་ཚིག་ངན་མང་པོ་བེད་སྤྱོད་མ་གཏོང་རོགས། ཡ་རབས་བཟང་སྤྱོད་དྲན་པ་མ་བརྗེད་རོགས་སྐུ་ཚེ་བརྟེན། གནད་དོན་གང་ཡིན་གནད་དོན་རང་གི་ཐོག་ནས་བགྲོ་གླེང་གནང་རོགས། ངོ་མ་སྤྱི་འཐུས་དྲུག་ལ་གཞི་མེད་སྐུར་འདེབས་བྱས་ཡོད་ཚེ་དེ་ལ་ཁུངས་སྐྱེལ་བྱེད་རྒྱུ་གལ་ཆེན་པོ་རེད།
ངས་བལྟས་ན་སྟག་སྨྱོན་དང་བློ་བཟང་རྒྱ་མཚོ་གཉིས་ལ་མི་དགའ་བ་ཆེན་པོ་ཞིག་ཏན་ཏན་འདུག་གང་ཡིན་མི་ཤེས། ངོ་མ་སྟག་སྨྱོན་འདི་དོལ་ཚོགས་དང་འབྲེལ་བ་ཡོད་ངེས་ཀྱི་ཁུངས་སྐྱེལ་ཡོད་བཟང་གི
བྱུང་རིམ་དེ་དག་ཚབས་ཆེ་ཞིག་ཏུ་མཐོང་གི་མེད། ཕི་ཌི་ཨེཧཕ། པར་འདེབས། གློག་འཕྲིན།
དཔལ་ལྡན་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་བོད་མིའི་རང་དབང་རྩོམ་སྒྲིག་པའི་བཅར་འདྲི།
བོད་མིའི་རང་དབང༌། ཉེ་ཆར་ གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཉིན་མཐའ་མ་གཉིས་ལ་གྲོས་ཚོགས་ཀྱི་གྲུབ་ཆ་མ་ ལོན་པས་ཚོགས་འདུ་མཇུག་བསྡོམས་གནང་མ་ཐུབ་པ་སོགས་ཀྱི་སྐོར་བརྒྱུད་ལམ་ཁག་ཏུ་ གནས་ཚུལ་མང་པོ་ཐོན་འདུག་ཀྱང་འཛིན་སྐྱོང་གི་དགོངས་ཚུལ་གསལ་སྟོན་གནང་མི་འདུག་ ན་འདིའི་སྐོར་བཀའ་ཁྲི་མཆོག་གི་གཟིགས་ཚུལ་གང་ཡོད་དམ།
བཀའ་ཁྲི། མང་གཙོའི་གྲོས་ཚོགས་སུ་གྲུབ་ཆ་མ་ལོངས་པའི་གནས་ཚུལ་ཡང་ཡང་ཡོང་སྲིད་པ་ཞིག་ ཡིན་པས་ཧ་ལས་དགོས་དོན་མ་མཐོང་ཞིང༌། འདིའི་སྐོར་ང་ལ་དམིགས་བསལ་བསམ་ཚུལ་གང་ཡང་མེད།
བོད་མིའི་རང་དབང༌། གསར་ཤོག་ཁག་ཏུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བྱུང་རིམ་ འདི་ལ་བརྟེན་ནས་སྐབས་བཅུ་བཞི་པའི་སྤྱི་ལྷན་ཕྱིར་བསྡུ་འགྲོ་སྲིད་ཚུལ་བཀའ་ གནང་འདུག་ན་དེ་ལ་བཀའ་ཁྲི་མཆོག་གི་གཟིགས་ཚུལ་གང་ཡོད་དམ།
བཀའ་ཁྲི། ངས་དེ་འདྲ་བཀའ་གནང་བ་མཇལ་མ་བྱུང་ཡང༌། དཔལ་ལྡན་ཚོགས་གཙོ་མཆོག་གིས་དེ་ལྟར་བཀའ་གནང་ཡོད་ན་དེ་ལ་རྒྱབ་ལྗོངས་དང་རྒྱུ་ མཚན་ཞིག་ཡོད་ཤག་ལས་ངས་འགྲེལ་བརྗོད་ཞུ་རྒྱུ་གང་ཡང་མེད། ང་རང་གིས་བྱུང་རིམ་དེ་དག་ཚབས་ཆེ་ཞིག་ཏུ་མཐོང་གི་མེད།
བོད་མིའི་རང་དབང༌། ད་ལན་གྱི་གླེང་གཞི་སྤྱི་འཐུས་སྒེར་ གྱི་གྲོས་འཆར་ཞིག་ལ་བརྟེན་ནས་བྱུང་བ་ཡིན་སྟབས། གྲོས་འཆར་དེའི་སྐོར་བཀའ་ཁྲི་མཆོག་གི་དགོངས་ཚུལ་གང་ཡོད་དམ།
བཀའ་ཁྲི། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་དོན་ཚན་ཁག་གི་འོག་ སྤྱི་འཐུས་སྒེར་ལ་གྲོས་འཆར་འདོན་རྒྱུའི་ཐོབ་ཐང་ཡོད་པ་དང༌། ཚོགས་གཙོས་གྲོས་འཆར་འདོན་རྒྱུའི་བཀའ་འཁྲོལ་བསྩལ་ཏེ་གྲོས་ཚོགས་ལས་རིམ་དུ་ འཁོད་པ་མ་ཟད། གྲོས་ཚོགས་ནང་དུའང་མང་མོས་ཀྱིས་ཚུད་ཟིན་པའི་གྲོས་འཆར་ཞིག་ཡིན་སྟབས། ང་དང་བཀའ་ཤག་ལ་བསམ་ཚུལ་གང་ཡང་ཡོང་གཞི་མེད། ལར་ནས་གྲོས་འཆར་ཐོག་བགྲོ་གླེང་འགྲོ་བཞིན་པ་ཡིན་སྟབས་བསམ་ཚུལ་ཡོད་ན་གྲོས་ ཚོགས་སུ་ཞུ་རྒྱུའི་གོ་སྐབས་འཐོབ་ངེས་ཡིན་པས་ད་ལྟ་བརྒྱུད་ལམ་ཐོག་བཤད་དགོས་མ་ མཆིས།
བོད་མིའི་རང་དབང༌། གླེང་གཞིའི་བྱུང་རྐྱེན་ཆོལ་ཁའི་ སྤྱི་འཐུས་བྱེ་བྲག་པ་ཞིག་བཞུགས་ཡུལ་ཕྱི་རྒྱལ་དུ་གནས་སྤོས་ཟིན་པ་ལ་སྤྱི་ འཐུས་རྒྱུན་ལས་ནས་སྔར་ལམ་དང་མི་འདྲ་བར་གྲོས་ཚོགས་སུ་ཚོགས་ཞུགས་ཆེད་ལམ་གྲོན་ གནང་རྒྱུའི་ཐག་གཅོད་གནང་བ་དེར་བཀའ་ཁྲི་མཆོག་གི་དགོངས་ཚུལ་གང་ཡོད་དམ།
བཀའ་ཁྲི། སྤྱི་འཐུས་བྱེ་བྲག་པར་ཚོགས་ཞུགས་ཆེད་ལམ་གྲོན་ གནང་དང་མི་གནང་ལ་བསམ་ཚུལ་གང་ཡང་མེད་ཀྱང༌། ད་རེས་ཐག་གཅོད་གནང་ཕྱོགས་ཀྱི་ལས་རིམ་ཚུལ་མཐུན་མ་བྱུང་བ་དེ་ལ་བསམ་ཚུལ་ཤུགས་ ཆེ་ཡོད། གང་ཡིན་ཟེར་ན། མང་གཙོའི་ལྟ་གྲུབ་དང་ལམ་སྲོལ་གཞིར་བཟུང་ཁྲིམས་ཞིབ་པ་རྣམ་པ་དང༌། སྤྱི་འཐུས་རྣམ་པ། བཀའ་བློན་རྣམ་པ། རང་དབང་ལྡན་པའི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་བཅས་ཀྱི་གསོལ་ཕོགས་དང༌། ཟུར་ཕོགས། ལས་ཐོན་བགྲེས་ཕོགས། མཚན་དོད། ལས་དོད། ཐོབ་ཐང་གཞན་དག་སོགས་འཛིན་སྐྱོང་གིས་ཐག་གཅོད་མི་ཆོག་པར་ཁྲིམས་ལུགས་གཏན་ འབེབས་ཀྱི་ལམ་ནས་ཐག་གཅོད་གནང་དགོས་པ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ ཚན་ཁག་ནང་གསལ་ཡོད། དེ་འདྲའི་ཆ་རྐྱེན་བསྐྲུན་དགོས་དོན་ནི་སྣེ་མོ་དེ་དག་གི་ཐོབ་ཐང་དང་ཁེ་ཕན་ཁག་ ལ་གང་བྱུང་གིས་སྤོར་གཅོག་དོ་ཕོགས་ཡོང་གཞི་མེད་པར་ཁྲིམས་ཐོག་ནས་སྲུང་སྐྱོབས་ བྱས་ཏེ་ཁོང་ཚོས་གཞུང་དོན་ཕྱག་ལས་གནང་སྐབས་རང་གི་ཁེ་ཕན་སྐོར་རེ་དྭོགས་མི་ འབྱུང་བའི་ཆེད་དུ་ཡིན། ཁྱད་པར་བཀུར་འོས་བོད་མི་མང་སྤྱི་འཐུས་རྣམ་པའི་མཚན་དོད་དང་ལས་དོད། དམིགས་བསལ་ཐོབ་ཐང་གཞན་དག་བཅས་ཁྲིམས་ལུགས་གཏན་འབེབས་ལྟར་འབུལ་དགོས་པ་བཅའ་ ཁྲིམས་དོན་ཚན་ ༤༦ པ་དང་ ༥༠ པའི་ནང་ཞལ་གསལ་ཡོད་པ་དང༌། ལམ་ གྲོན་དང་འགྲིམས་འགྲུལ་ཟུར་ཕོགས་ཀྱང་ཐོབ་ཐང་ཁུངས་སུ་ཚུད་པ་ཡིན་སྟབས། སྤྱི་འཐུས་ལས་ཐོག་རྣམ་པར་བཞུགས་གནས་རྒྱལ་ཁབ་གཞན་དུ་སྤོས་སྐབས་ལམ་གྲོན་འབུལ་ རྒྱུའི་ཆ་རྐྱེན་སྒྲིག་གཞི་བསྐྱར་བཅོས་ཀྱི་ལམ་ནས་གྲོས་ཚོགས་ཀྱིས་གཏན་འབེབས་ གནང་བ་ཡིན་ན་ཀླན་ཀ་ཡོང་གཞི་མེད་ཅིང༌། འཛིན་སྐྱོང་ནས་ཀྱང་རྒྱབ་གཉེར་ཞུ་རྒྱུར་དཀའ་ངལ་མེད། ཁྲིམས་ཡིག་དང་སྒྲིག་གཞི་གསར་བཟོས་སམ་བསྐྱར་བཅོས་ཇི་ལྟར་ཡང་གཏན་འབེབས་སམ་ བསྐྱར་བཅོས་ཟིན་པའི་རྗེས་ནས་ཕྱག་བསྟར་གནང་རྒྱུ་ཡིན་སྟབས། འདས་པའི་བྱུང་རབས་ཀྱིས་མིག་འགྲན་ཡོང་གཞི་མེད། དེ་མིན་སྒྲིག་འཛུགས་དང་འཛིན་སྐྱོང་གི་ཐག་གཅོད་རིགས་སྔོན་བྱུང་དང་མི་མཐུན་པ་ ཆགས་ཚེ་དྲང་བདེན་མ་ཡིན་པའི་ཀླན་ཀ་ཡོང་གཞི་ཡོད་པ་དངོས་བདེན་རེད། ཁྲིམས་ཀྱི་དབང་བསྒྱུར་ལ་མང་གཙོའི་ཀ་བ་གསུམ་ཀས་སྲུང་སྐྱོབ་གནང་གལ་ཤིན་ཏུ་ཆེ། ཞེས་གསུངས།
བཙན་བྱོལ་བོད་གཞུང་གི་ གཞུང་འབྲེལ་བདུན་རེའི་གསར་ཤོག་བོད་མིའི་རང་དབང་གི་ རྩོམ་སྒྲིག་པས་བཀའ་བློན་ཁྲི་པ་མཆོག་ལ་བཅར་འདྲི་ཞུས་པ་དེ། བོད་གཞུང་གི་དྲ་རྒྱ་ལས་འདིར་དྲངས་པ་ཡིན།
དྲྭ་གྲོགས་ཚོ་ཟམ་གདོང་རིན་པོ་ཆེས་གཟིགས་ཚུལ་གང་འདྲ་འདུག་གཅོག་ཤོད་དང་།
གཅོག་ཤོད་དང་་་་་་གཅིག་ཤོད་དང་་་ལ་ནོར་བཅོས།
པདྨ་ལགས། ཚིག་ངན་བེད་སྤྱོད་བྱེད་དགོས་རེད། མི་འགའ་རེ་ལ་བརྩི་བཀུར་དང་། མི་འགའ་རེ་ལ་ཁྱད་གསོད་བྱེད་དགོས་པ་དེ་འཇིག་རྟེན་གྱི་ལུགས་སྲོལ་རེད། མི་སྡུག་ཅག་ལ་རྩིག་ཀྱང་སྡུག་ཅག་མ་གཏོགས་ཅི་ཞིག་ལབ།
གེ་སར་ལགས། ཁྱོད་ཀྱིས་ནོར་སོང་། སྟག་སྨྱོན་དང་ངེད་གཉིས་ལ་མི་དགའ་བ་ཆེན་པོ་དེ་འདྲ་གང་ཡང་མེད། འོན་ཀྱང་འདིས་བོད་མི་མང་སྤྱི་འཐུས་དྲུག་གི་བཟང་སྤྱོད་ཀྱི་ཐོག་ལ་གཞི་མེད་ཀྱི་སྐྱོན་འཛུགས་དེ་འདྲ་བྱས་དུས་དེའི་ཁུངས་འདེད་རྒྱུའི་འགན་ང་ལ་ཡོད་པ་རེད་ལ་ཁྱོད་ལ་ཡང་ཡོད་པ་རེད། སྤྱིར་དྲ་ཐོག་ཏུ་འགན་མི་ཁུར་བའི་སྐད་ཆ་ག་རེ་ལབ་རུང་ཁུངས་སྐྱེལ་དགོས་ཀྱི་མེད་ན་དེ་ནས་མི་ཀུན་གྱིས་ག་རེ་ལབ་ལབ་རེད་པ། བྱས་ཙང་ངས་ཁུངས་སྐྱེ་དགོས་ལབ་པ་ཡིན། ངས་ཁོ་དོལ་ཚོགས་དང་འབྲེལ་བའི་ཁུངས་སྐྱེལ་རྒྱུ་ཡོད། སྔོན་མ་མི་འགའ་ཞིག་གིས་སྟག་སྨྱོན་ཁོ་རང་གི་ལུང་ཚིག་མང་པོ་དྲངས་སོང་ང་། ད་ལྟ་རང་ངས་རྙེད་ཀྱི་མི་འདུག་དེ་ངས་འཚོལ་ཆོག
མཆན་ ༩༢ བའི་ཚིག་འགོ་ཀློག་པ་ཙམ་གྱིས་ཁྱེད་རང་སུ་ཡིན་ཁས་ལངས་འདུག་པས་ཡང་བསྐྱར་ཕེབས་པར་དགའ་བསུ་ཡོད། ཁྱེད་རང་འདོད་པ་ཁེངས་ཁེངས་བར་དུ་བཤད་ཤོག་ལོ། ཤི་མགོ་སྐམ་པོ་ཐང་ལ་མ་ལྷུང་བར་དུ་བཤད་ཤོག་ལོ། ངས་ཁྱེད་ལ་ལན་མི་འདེབས། དེ་ཡང་དྲ་དཔོན་ཚོའི་ཐོག་མའི་དམིགས་ཡུལ་ལ་བསམ་བློ་བཏང་བ་ཡིན། གལ་སྲིད་ཁྱེད་རང་གི་དངོས་པོ་ཞིག་བློས་བཏང་ནས་ང་ལ་འདི་ལྟར་རྩོད་ཀྱི་ཡོད་ན་བསྟོད་བསྔགས་བྱེད་ཆོག འོན་ཀྱང་གཞན་གྱིས་དངོས་པོའམ་དྲ་རྒྱ་བློས་བཏང་ནས་འཕང་མེད་ཀྱིས་འདི་ལྟར་བྱེད་བཞིན་པ་ཁྲེལ་དང་ངོ་ཚ་མེད་པའི་རྟགས་རེད། ཤོད་ཤོད་ལན་མེད་དོ། སྟག་སྨྱོན་གྱི་མིང་སྤྱད་རྐུ་སྤྱོད་བྱས་ནས་གང་བྱུང་འབྲི་མཁན་ཡོད་པ་ཤེས་བཞིན་དུ་ཡོད་ཚད་ལ་ངས་འགན་ལེན་ཐབས་ཡོད་པ་མ་རེད། གལ་སྲིད་དྲང་བདེན་གྱི་ཁྲིམས་ཁང་ཞིག་ཡོད་ན་གཞི་ནས་ང་ཚོས་ཁུངས་བསྐྱེལ་རེས་བྱེད་ཆོག དེ་དུས་ངས་བཤད་པ་དང་ངལ་བཤད་པ་གང་ནག་ཉེས་ཆེ་བ་ཤེས་ཐུབ་མོད། དེ་འདྲ་བྱེད་རྒྱུའི་རེ་བ་མེད་ཙང་ཁྱེད་རང་གིས་ང་ལ་ག་ཚོད་བཤད་པ་ཁྱེད་རང་ཁེ་བཟང་བྱོས།
སྙིང་ནད་སངས་སངས་བར་དུ་ཤོད་ལོ།
རྩོམ་ཡིག་འདི་དངོས་གནས་སྟག་སྨྱོན་ཁྱོད་ཀྱིས་བྲིས་པ་ཡི་ནམ།
སྟག་སྨྱོན།
༢༠༠༩/༡༠/༠༡ ཉིན་འདོན་སྤེལ་བྱས།
ཟམ་སྟོང་མཁས་པ་མ་རེད་ལ། རྩོམ་པ་པོ་ཞིག་ཀྱང་མ་རེད། ཁ་བདེ་བོ་ཞིག་ཡོད་པ་མ་གཏོགས་ཐ་ན་ཤེས་ཡོན་པ་ཡག་པོ་ཞིག་ཀྱང་མ་རེད། འོན་ཀྱང་བོད་པ་ཚང་གི་མིག་ལ་རྨོངས་དད་ཀྱི་མིག་ཤེལ་ཞིག་གྱོན་གྱོན་ལ་ཡོད་པས་ སུས་ལོག་ལྟ་བྱས་ན་དེ་དམྱལ་བ་ལ་སྐྱེ་རྒྱུ་མ་གཏོགས་ཅི་ཡོད། ངོ་ནས་བཤད་ན་ཟམ་གདོང་ལ་ང་ཚོའི་ཕྱི་ཚོགས་ནང་གི་རྩོམ་པ་པོ་ཆེས་ཐབས་རྡུག་དོལ་ ཤུལ་རྒྱ་མཚོ་དང་། ཧོར་གཙང་ལེགས་བཤད། ཀཿབྲག་དངོས་གྲུབ་ལྟ་བུའི་རིན་ཐང་ཡང་མི་འདུག ཡིད་མི་ཆེས་ན་ཟམ་སྟོང་གི་རྩོམ་ཡིག་འདི་ཡིན་ཟེར་བ་ཞིག་ཁྱེར་ཤོག་དང་།
སྟག་སྨྱོན།
༢༠༠༩/༡༠/༠༢ ཉིན་འདོན་སྤེལ་བྱས།
ཨ་རིག་གླེན་རྒན་ནི་ངོ་ནས་ གླེན་རྒན་ཞིག་རེད། བོད་གཞུང་ལ་ངས་ཁ་བཏང་མ་བཏང་དེ་གལ་ཆེན་པོ་མ་རེད། གཙོ་བོར་འདི་ལོར་ར་རྫི་ལུག་རྫི་ལྟ་བུའི་སྤྱི་འཐུས་ཁྱི་རྒན་དེ་ཚོས་ཞབས་ འདྲེན་ཅི་ཞུས་འཛམ་གླིང་གིས་ཧ་གོ་ཚར་བ་རེད། དེ་ནས་ཟམ་སྟོང་རེད། ཁོ་མཁས་པ་མ་རེད། ཁོས་བཀའ་ཤག་གི་འགན་ལེན་དུས་བཀའ་ཤག་ལ་ཐོག་བརྒྱབ་པ་དེས་ཅི་ཞིག་མཚོན་གྱི་རེད། ངོ་ནས་བཤད་ན་ཁོས་སཾཀྲིཏ་འདྲ་ཤེས་ཀྱི་ཡོད་ན་གང་ཤེས་མ་གཏོགས། གཞན་ཟམ་གདོང་དང་ངེད་གཉིས་ནང་གི་ང་མཁས་སྣང་མི་ཤར་གི་ན་དཀོན་མཆོག་གསུམ། ཁྱོའི་རྣ་བ་ལ་ཨེ་འགྲོ་གི ཡིན་ན་ཡང་ང་བཀའ་ཁྲི་ལ་མ་སླེབས་པ་དེ་བླ་སྤྲུལ་མིན་པའི་རྐྱེན་གྱིས་རེད་ཡ། བླ་སྤྲུལ་འདི་ཚོ་གཡོ་འཁྲབ་ལ་མཁས་པ་དང་། བོད་མིའི་མིག་ལ་རྨོང་དད་ཀྱི་མིག་ཤེལ་གོན་ཡོད་པ་གཉིས་ཀ་ཐོ་ཐུག་སོང་ནི་རེད། ཤུ་རེ་ཀོ བོད་པ་ཚང་འདི་ག་དུས་རྨོངས་གཉིད་ལས་སད་རྒྱུ་ཡིན་ནམ།
ད་དུང་སྟག་སྨྱོན་གྱིས་བྲིས་པའི་རང་བཙན་པ་སི་མི་དགོས་པར་བཤད་པ་ཞིག་ཀྱང་ཡོད་བསམ་སོང་གལ་ཏེ་ཡོད་བསམ་གཏན་དང་བློ་བཟང་རྒྱ་མཚོ་གཉིས་ཀྱིས་འགོད་རོགས། གལ་ཏེ་སྟག་སྨྱོན་གྱིས་བྲིས་པ་མིན་ན་ཁོ་རང་གིས་ཁུངས་སྐྱེལ་བྱས་ན་ཡག་པོ་ཡོད་རེད།
ཟམ་གདོང་རིན་པོ་ཆེས་འཕྲོས་བཤད་བྱེད་མ་དགོས་པ་གཙོར་བཟུང་གིས་གང་ཉུང་ཉུང་ཞིག་གསུངས་འདུག
དྲི་བ་དང་པོ། གྲོས་ཚོགས་ཀྱི་གྲུབ་ཆ་མ་ ལོན་པས་ཚོགས་འདུ་མཇུག་བསྡོམས་གནང་མ་ཐུབ་པར་དེ་འདྲ་ཡོང་སྲིད་གི་རེད་ཧ་ལས་གི་མི་འདུག་གསུངས་འདུག དྲི་བ་གང་དྲིས་པའི་ལན་མ་གཟུར་མ་འཁྱོག་པར་ཏག་ཏག་རྒྱབ་འདུག དེ་དངོས་གནས་རེད། གནས་ཚུལ་འདྲ་མི་འདྲའི་རྐྱེན་གྱིས་གྲོས་ཚོགས་ཀྱི་གྲུབ་ཆ་མ་ལོན་པ་དེ་འདྲ་འབྱུང་སྲིད་པ་ཞིག་རེད། དེ་འདྲ་ཡིན་ཙང་ཁྲིམས་ཡིག་ནང་ཡང་ཚིག་འདི་ཚོ་སླེབས་པ་རེད། ད་ཡིན་ན་དྲི་བ་དེ་ཚོ་གནད་ལ་ཁེལ་བ་ཞིག་མ་རེད། གྲོས་ཚོགས་ཀྱི་གྲུབ་ཆ་མ་ལོན་པས་ཚོགས་འདུ་མཇུག་སྡོམ་བྱེད་མ་ཐུབ་པ་ཟེར་དུས་དགོངས་པ་ཞུ་མཁན་གྱི་རིགས་ཚང་མ་ཚུད་ཡོད་པ་རེད། འདི་སྤྱི་ལ་ཁྱབ་པའི་དྲི་བ་ཞིག་རེད།
གྲོས་འཆར་ལ་རྒྱབ་སྐྱོར་མེད་མཁན་རྣམས་ཚོགས་ཁང་ནས་ཕྱི་ལ་ཐོན་ཕྱིན་པ་དེར་དགོངས་ཚུལ་ཅི་ཡོད།
དེ་ལ་བརྟེན་ནས་གྲོས་ཚོགས་མཇུག་སྡོམ་བྱེད་མ་ཐུབ་པར་དགོངས་ཚུལ་ག་རེ་ཡོད། ཚོགས་གཅོའི་ངོས་ནས་ཐེངས་སྔ་ཕྱིར་གྲོས་ཚོགས་འཚོགས་ཐབས་བྱས་ཀྱང་སྔར་བཞིན་འཚོགས་མ་ཐུབ་པར་དགོངས་ཚུལ་ག་རེ་ཡོད། ལྟ་བུ་དྲི་བ་འདྲི་སྟངས་མ་འདྲ་བ་དུ་མ་ཞིག་ཡོད་པ་རེད་འདོད། གཞུང་འཛིན་པ་དེ་ཚོས་རང་གི་བྱས་རྗེས་བརྗོད་ན་དྲི་བ་གང་ཞིག་ལ་འཕྲོས་བཤད་བྱེད་ཆོག་ཆོག་ཡོད་པ་རེད། རྙོག་དྲ་ཞིག་དང་བྱས་ཉེས་ཤིག་ལ་ཐུག་སྐབས་དྲི་བའི་ལན་ཏག་ཏག་རྒྱག་མ་དགོས་པ་གཙོར་བཟུང་བྱེད་གི་རེད། ཡང་ན་ལན་གཡོལ་ནས་རྒྱག་གི་རེད།
གེ་སེར་གྱི་དྲི་བ་འདྲི་སྟངས་འདི་དྲང་མདོག་ཁ་ཞིག་འདུག་པས། ངས་ཀྱང་ལན་དྲང་པོ་ཞིག་བརྒྱབ་ཆོག ཁྱེད་ཀྱིས་གོང་དུ་བཀོད་པའི་མཆན་དེ་གཉིས་ཀ་ངས་བྲིས་པ་ཞིག་མ་རེད། ཡིན་ཡང་དྲ་ཁང་གི་རྒྱབ་ལོག་ཁྱེད་ལ་སྟོན་ཐབས་མེད་པ་མ་ཟད། མཆན་དེ་དག་གང་ཞིག་ཏུ་བྲིས་ཡོད་མེད་ཀྱང་རྒྱུས་མེད། ཁྱེད་ཀྱིས་གཞི་འདི་འདྲ་ལ་བཟུང་ནས་ང་ལ་སྡང་ཟུག་བྱེད་ཀྱི་ཡོད་ན་དེ་ནི་ཁྱེད་རང་མགོ་སྐོར་ཐེབས་པ་མ་ཟད་བེད་སྤྱོད་ལོག་པ་བཏང་བ་ཞིག་རེད། ཟམ་གདོང་གི་སྲིད་ཇུས་ཁ་ཤས་ལ་ངོས་ལེན་མེད་པ་བདེན་པ་ཡིན། འོན་ཀྱང་ཁོང་ལས་ང་མཁས་ཟེར་རྒྱུའི་གནས་ཚད་ལ་ང་ད་དུང་སླེབས་མེད། ཁྱེད་ཀྱིས་ངོ་མ་ཤེས་འདོད་ཡོད་མདོག་ཁ་བོ་བྱེད་ཀྱི་ཡོད་པར་བརྟེན་ནས་གསལ་བཤད་བྱས་པ་ཡིན། ཡིད་མ་ཆེས་མཆན་དེ་གང་ན་བཏབ་ཡོད་ན་དེའི་གློག་འཕྲིན་ཅི་འདྲ་བྲིས་འདུག་ཅེས་རྩོམ་སྒྲིག་པ་ལ་འདྲི་རོགས།
མི་ཞིག་གིས་ངའི་སྨྱུག་མིང་སྤྱད་ནས་གང་བྱུང་འབྲི་གི་འདུག་ཏེ། སུ་ངོ་ནས་ཡིན་དང་སུས་དཀྲུགས་ཤིང་བརྒྱག་གི་ཡོད་པ་རྩོམ་སྒྲིག་པ་ཚོས་ཤེས་ཀྱི་ཡོད་ཤག་གི་ཐོག་ནས་བློ་བདེ་བོ་བྱས་ཡོད། དེ་ནས་དྲ་ཁང་དུ་འདི་ང་ཡིན་དང་འདི་ང་མིན་ཅེས་རེ་རེ་བཞིན་འབྲེལ་བཤད་བརྒྱག་རྒྱུ་གལ་ཆེན་པོ་མ་མཐོང་། ལྷག་པར་དུ་ང་མི་ལེ་ལོ་ཅན་ཞིག་ཡིན་པས་དེ་ཚོར་མིག་ཟུར་རེ་ལྟོས་བཞག་འགྲོ་གི་ཡོད། ཁྲིམས་ཁང་འདྲ་འགྲོ་དགོས་ཐུག་ན་ཁུངས་བསྐྱེལ་བྱེད་ཐུབ་པའི་གདེང་ཚོད་ཡོད།
དྲི་བ་གཉིས་པར་དགོངས་ཚུལ་མེད་གསུངས་འདུག
དྲི་བ་གསུམ་པ། སྤྱི་འཐུས་སྒེར་གྱི་གྲོས་འཆར་དེ་ཁྲིམས་མཐུན་ཡིན་པར་བརྗོད་འདུག དངོས་གནས་ཡིན་ན་གྲོས་འཆར་དེ་ད་རེས་ཀྱི་རྙོག་གཞི་ཞིག་མིན་པར་གྲོས་འཆར་ལ་རྒྱབ་སྐྱོར་གྱི་ས་རྟགས་སྔོན་ནས་བསྡུས་པ་དེ་རྙོག་གཞི་ཆགས་པ་རེད་བསམས། ང་དྲི་བ་འདྲི་མཁན་ཡིན་ན། རྒྱབ་སྐྱོར་ས་རྟགས་སྔོན་ལ་བསྡུས་པ་དེ་སྒྲིགས་མཐུན་ཡིན་མིན་དྲི་བ་འདྲི་ས་རེད། ཕྱི་ལ་འགྲོ་མཁན་ཚོས་ཀྱང་ལག་པ་ཕྱི་ས་འདི་ཆགས་པ་རེད། འདི་ཁྲིམས་འགལ་སྒྲིག་འགལ་དེ་འདྲ་གང་ཡང་མིན་ན། རྒྱབ་སྐྱོར་བྱེད་ས་འགྲོ་གི་མི་འདུག དཔུང་སྒྲིལ་འདུག་ཟེར་ནས་ཕྱི་ལ་ཐོན་ཕྱིན་པ་དེ་ཚོའི་དཀར་ཡོལ་ལག་ནས་ཆག་པ་རེད།
དྲི་བ་བཞི་བ། སྤྱི་ འཐུས་རྒྱུན་ལས་ནས་སྔར་ལམ་དང་མི་འདྲ་བར་གྲོས་ཚོགས་སུ་ཚོགས་ཞུགས་ཆེད་ལམ་གྲོན་ གནང་རྒྱུའི་ཐག་གཅོད་གནང་བ་དེར་བཀའ་ཁྲི་མཆོག་ནས་བསམ་ཚུལ་ཤུགས་ཆེ་ཡོད་གསུངས་འདུག སྒྲིག་འཛུགས་དང་འཛིན་སྐྱོང་གི་ཐག་གཅོད་རིགས་སྔོན་བྱུང་དང་མི་མཐུན་པ་ ཆགས་ཚེ་དྲང་བདེན་མ་ཡིན་པའི་ཀླན་ཀ་ཡོང་གཞི་ཡོད་པ་དངོས་བདེན་རེད། ཁྲིམས་ཀྱི་དབང་བསྒྱུར་ལ་མང་གཙོའི་ཀ་བ་གསུམ་ཀས་སྲུང་སྐྱོབ་གནང་གལ་ཤིན་ཏུ་ཆེ་གསུངས་འདུག་ག ད་རེས་ཀྱི་རྙོག་གཞིའི་འབྱུང་ཁུངས་གཙོ་བོ་དེ་འདི་ཆགས་པ་རེད།
དེ་ནས་ཟམ་གདོང་རིན་པོ་ཆེའི་དགོངས་ཚུལ་གལ་ཆེན་པོ་གཞན་ཞིག་ནི། སྤྱི་འཐུས་ལས་ཐོག་རྣམ་པར་བཞུགས་གནས་རྒྱལ་ཁབ་གཞན་དུ་སྤོས་སྐབས་ལམ་གྲོན་འབུལ་ རྒྱུའི་ཆ་རྐྱེན་སྒྲིག་གཞི་བསྐྱར་བཅོས་ཀྱི་ལམ་ནས་གྲོས་ཚོགས་ཀྱིས་གཏན་འབེབས་ གནང་བ་ཡིན་ན་ཀླན་ཀ་ཡོང་གཞི་མེད་ཅིང༌། འཛིན་སྐྱོང་ནས་ཀྱང་རྒྱབ་གཉེར་ཞུ་རྒྱུར་དཀའ་ངལ་མེད་ཅེས་གསུངས་འདུག འདི་འབྱུང་འགྱུར་ལ་ལྟོས་ཏེ་གལ་ཆེན་པོ་ཞིག་རེད། ཡང་ན་སྤྱི་འཐུས་སྒྲོལ་མ་འཚོ་མོའི་གྲོས་འཆར་ལྟར་ལམ་གྲོན་འབུལ་རྒྱུ་མེད་པ་དང་ཡང་ན་འདི་ལྟར་ཡོད་པ་བཟོས་ནས་གསལ་པོ་བཟོ་དགོས་པ་རེད། མེ་སྒྱོགས་རྒྱ་མཚོས་སྔོན་འདིའི་སྐོར་དགོངས་ཚུལ་བཏོན་པ་དེ་ཚོའང་ཟམ་གདོང་རིན་པོ་ཆེས་གསུངས་པ་དང་འདྲ་སེ་འདུག
སྟག་སྨྱོན་ལགས། ཁྱེད་རང་གིས་བཤད་པ་དེ་བདེན་པ་རེད། ཁྱེད་ཀྱི་མིང་ཐོག་ནས་མི་གཞན་པས་འབྲི་གི་ཡོད་པའི་དྭོགས་པ་ཞིག་ང་ལའང་སླེབས་སོང་། ཁྱེད་ཀྱི་སྐད་ཆ་ཡིན་མིན་ཕལ་ཆེར་ཚིག་འགྲོས་ལས་ཤེས་ཀྱི་འདུག ཁྱེད་རང་གི་མིང་ཐོག་ནས་དཀོན་མཆོག་གསུམ་ཟེར་ནས་མནའ་བསྐྱལ་དེ་འདྲ་བྱེད་མཁན་དེའང་ཁྱེད་རང་གིས་ནམ་རྒྱུན་བཤད་པའི་སྐད་ཆ་ཞིག་མ་རེད།
སྟག་སྨྱོན་ལགས་ཀྱིས་རྩོམ་ཡིག་འདི་ཁོང་གིས་མིན་པར་གསལ་བཤད་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་མ་གཏོགས་ཅི་ཡང་མེད། ད་ཕྱིན་ཆད་སྟག་སྨྱོན་གྱིས་བྲིས་པ་རེད་ཟེར་བ་ཡོད་ཚད་ལ་ཡིད་ཆེས་བྱེད་ཀྱི་མིན། རྩོམ་གཞན་ཞིག་ན་ངའི་བླ་མ་ལ་ཡང་སྒྲོ་སྐུར་མང་པོ་བྱས་འདུག་པས་དོ་སྣང་ཞིག་བྱུང་བ་ཡིན།
མདའ་ཚན་པ་ལགས་དངོས་གནས་ཆབ་སྲིད་་ཐོག་དཔྱོད་ལྡན་རང་རེད་འདུག མ་འོངས་པར་ཡང་མུ་མཐུད་དེ་དཔྱད་རྩོམ་སྤེལ་བར་རེ་སྐུལ་ཞུ་རྒྱུ་ཡིན།
སྐད་ཡིག་གི་ཐོག་ཏུ་ཁྱེད་ཚོས་གང་བཤད་པ་དེ་ལས་ང་ལ་དམིགས་བསལ་གང་ཡང་བཤད་རྒྱུ་མེད། འོན་ཀྱང་སྟག་སྨྱོན་གྱི་ཐོག་ནས་ཚིག་གཅིག་གཉིས་ཤིག་བཤད་རྒྱུ་ཡོད། སྟག་སྨྱོན་གྱིས་གོང་གི་མཆན་རྣམས་ཁོས་བྲིས་པ་མ་རེད་ཟེར་བ་དེ་རྫུན་རེད། རྫུན་རྫུན་ནག་རེད། མཆན་དེའི་ནང་གི་ཚིག་ཇི་མ་ཇི་བཞིན་ཟམ་གདོང་མཁས་པ་མ་རེད་ཟེར་བ་དང་གཅིག ཟམ་གདོང་ལྷའི་སྤྱི་ཚོགས་ཀྱི་གྲལ་ནས་འཚར་ལོངས་བྱུང་བས་འཇིག་རྟེན་མི་ཆོས་ཀྱི་ཐོག་ལ་ང་སྟག་སྨྱོན་གྱིས་ཤེས་རྒྱུ་ཙམ་ཡང་ཤེས་ཀྱི་མ་རེད་ཟེར་བ་དང་གཉིས། ཟམ་གདོང་བཀའ་ཁྲིར་ལངས་དུས་བཀའ་ཤག་ལ་ཐོག་བརྒྱབ་པ་དེ་བཀྲ་མི་ཤིས་པའི་སྔ་ལྟས་རེད་ཟེར་བ་དང་གསུམ་པོ་ན་ནིང་ནས་ཁོའི་ཟིན་བྲིས་ངོ་མའི་ནང་དུ་མཐོང་སོང་། ང་ལ་དོ་སྣང་ཆེན་པོ་བྱུང་བས་ལམ་སེང་དགག་པའི་མཆན་ཞིག་བྲིས་པ་ཡིན། ཁ་སྡུང་ཡང་མང་པོ་བཏང་ཡོད། འོན་ཀྱང་ཉིན་རྗེས་མ་ལ་ཁོས་ངའི་མཆན་དེ་བསུབ་འདུག དེ་རིང་བལྟས་དུས་ཁོའི་ཟིན་བྲིས་རྙིང་པ་ཚོ་གཅིག་ཀྱང་མི་འདུག ཡོངས་རྫོགས་བསུབ་ཚར་འདུག་པ་ལ། སྤྱི་འཐུས་ཚོར་གཤེ་བའི་ཟིན་བྲིས་གསར་བ་འགའ་རེ་སླེབས་འདུག འོན་ཀྱང་ཟིན་བྲིས་རྙིང་པ་ཚོ་ངས་མིག་གིས་དངོས་སུ་མཐོང་བ་ཡིན། འཇིག་རྟེན་ན་དབང་མངོན་ཟེར་བའི་ཚད་མ་ཞིག་འཇོག་རྒྱུ་ཡོད་ན་ང་བདེན་པ་ཡིན། ད་དུང་ཁོ་ལ་འབྲོག་བུ་ནུབ་ཕྱོགས་སུ་སོང་བ་ཟེར་བའི་སྙན་རྩོམ་ཞིག་འདུག དེའི་ནང་དུ་ཁོ་དང་དོལ་འདྲེ་འབྲེལ་བ་ཡོད་པའི་སྐད་ཆ་ཞིག་འདུག་ཀྱང་དེ་རང་གསལ་བོར་དྲན་གྱི་མི་འདུག དེ་གཅིག་རེད།
གཉིས་པ་དེ་གེ་སར་རྒྱལ་པོས་“རྩོམ་གཞན་ཞིག་ན་ངའི་བླ་མ་ལ་ཡང་སྒྲོ་སྐུར་མང་པོ་བྱས་འདུག་པས་དོ་སྣང་ཞིག་བྱུང་བ་ཡིན།”ཟེར་བའི་ངའི་བླ་མ་ཟེར་བ་དེ་པད་ནོར་རིན་པོ་ཆེ་ལ་ཟེར་གྱི་ཡོད་ན། པད་ནོར་རིན་པོ་ཆེ་ལ་སྐུར་འདེབས་བྱེད་མཁན་དེ་ནི་སྟག་སྨྱོན་ངོ་མ་རེད། སྐབས་དེ་དུས་སྟག་སྨྱོན་ལ་རྙོག་དྲ་མ་ཐུག་པའི་སྔོན་རེད། ད་དུང་ཁོས་དྲ་གྲོགས་གཞན་ཞིག་ལ་དུས་བབ་ནང་དུ་རྣམ་གྲོལ་གླིང་གི་གུ་རུ་ངུས་པ་རེད་ཟེར་བ་ཞིག་དང་། མི་ཞིག་གིས་པད་ནོར་རིན་པོི་ཆེ་ལ་ལོག་ལྟ་བྱས་ན་དམྱལ་བར་སྐྱེ་གི་རེད་ཟེར་བ་ཞིག་མཐོང་བ་དེ་ལ་རྒོལ་ལན་སྤྲད་པ་ཡིན་ཞེས་བྲིས་འདུག ད་དུང་ཚིགས་བཅད་མང་པོ་ཞེ་དྲག་བྲིས་ཡོད་པ་རེད། ཚིགས་བཅད་ཚོའི་ནང་། བོད་མིའི་ཁྲོད་ཀྱི་རྨོངས་དད་འདི་ནི་འབྲུ་ཆུ་སྔོན་མོའི་བཞུར་རྒྱུན་འདྲ།། གྲོང་རོང་ཟབ་མོའི་ལྟོ་བར་འཁྱུད་བཞིན་ཐུར་ནས་ཐུར་དུ་ཤུགས་ཀྱིས་འབབ།། སོགས་ཟེར་བའི་ཚིགས་བཅད་ཅིག་ཡོད། ཚིགས་བཅད་དེ་ཁོ་རང་གི་ཟིན་བྲིས་ནང་གི་མཆན་མ་ཡིན་པའི་ཟིན་བྲིས་དངོས་གཞིའི་ནང་དུ་ཐེངས་ཁ་ཤས་ལ་བེད་སྤྱོད་བྱས་འདུག གེ་སར་ཁྱོད་ཀྱིས་མ་ཐུབ་པའི་དགྲ་བོ་ལ་བདེན་ཁ་སྟེར་མི་རུང་། ངའི་ཁྱེད་ཀྱི་མཚན་ངོ་མ་དྲ་ཐོག་ནས་ཞུ་འདོད་མེད། འོན་ཀྱང་ངས་ཁྱེད་ཤེས་ཀྱི་འདུག་པས་ཁྱེད་མགོ་སྐོར་འོག་ཏུ་ཚུད་འདུག་པར་ཞེ་མ་དགའ་བས་བྱ་ཞིག་བཏང་བ་ཡིན། ཁྱེད་ཀྱིས་དབུས་ཕྱོགས་ཀྱི་་་་་་་་་་་་་་་་་་་་་་ཞིག་གི་ལོ་རྒྱུས་བྲིས་ཡོད་པ། ད་དུང་པར་སྐྲུན་བྱས་མེད་པ། སྨོན་ལམ་བོད་ཡིག་གི་ཐོག་ཏུ་བྲིས་ཡོད་པས་TCRC སོགས་ལ་བསྒྱུར་མ་ཐུབ་ནས་ཡོད་པ། འོ་ད་ངས་ཁྱེད་ཤེས་འདུག་ག བྱས་ཙང་ཁྱེད་རང་གི་བླ་མ་ལ་དགྲ་ལྟར་བལྟ་མཁན་ཞིག་གི་མགོ་སྐོར་འོག་ཏུ་ཆུད་ཚར་འདུག་པས་ངས་སེམས་ཀྱིས་མ་བཟོད་པ་ཡིན། ཕ་བཟང་གི་བུ། ལུང་པ་གཅིག་གི་ཆུ་ལ་ཡང་མཉམ་དུ་མི་འཐུང་ཟེར་བ་དེ་འདྲ་ང་ཚོས་ཧ་ཅང་དཀའ་ཡང་། བླ་མའི་སྐུ་ལུས་གྲང་ལོང་མེད་པར་རོ་ཐོག་རྟ་རྒྱུག་བྱེད་མཁན་ཞིག་དང་ཁ་ཁོག་མཐུན་པོ་བྱེད་མི་ཉན། འཇིག་རྟེན་ན་དགྲ་གཉེན་ཟེར་བ་ཞིག་འཇོག་རྒྱུ་ཡོད་ཕྱིན་འདི་ལས་ལྷག་པའི་དགོས་དགྲ་ཞིག་མེད།
དེ་ནས་སྤྱི་འཐུས་ཚོ་ལ་སྡིག་པའི་སྐད་ཆ་དེ་ཚོ་དེ་རིང་ད་དུས་ཁོའི་སྒེར་གྱི་ཟིན་བྲིས་ཕོ་རོག་དཀར་པོའི་གཏམ་རྒྱུད་ཟེར་བ་དེའི་ནང་དུ་འདུག་པས་ཁྱོད་ཚོས་ལྟོས་ཤིག ལྷག་ཏུ་སྤྱི་འཐུས་དྲུག་ལ་གཞི་མེད་ཀྱི་སྐྱོན་བརྗོད་བྱས་པ་དེ་ཚོ་གསལ་པོ་མ་བཟོས་ན་ཡག་པོ་མ་རེད། ངོ་མ་ཡིན། མི་ལ་སྐྱོན་ཅི་ཞིག་བརྒྱབ་རུང་ཡིན་མིན་གྱི་ཐག་གཅོད་ཅིག་དགོས་ཀྱི་མེད་ན་འཇིག་རྟེན་ན་བདེན་རྫུན་ཟེར་བ་ཞིག་མ་དགོས་པ་རེད། དེ་འདྲ་ཡིན་ན་བོད་ཀྱི་བདེན་དོན་ཀྱང་རྩོད་མ་རྩོད་ཅི་ཞིག་ཡོད། སྐྱིད་པོ་བྱས་ནས་ཉལ་བསྡད་ན་དགའ་གི་རེད་པ།
དེ་ནས་མདའ་ཚན་པ་ཟེར་བ་འདི་རེད། སྔོན་མ་མི་མང་པོ་ཞིག་གིས་སྟག་སྨྱོན་དང་མགོན་པོ་ཕྱག་གཉིས་པ། མདའ་ཚན་པ་གསུམ་པོ་མི་གཅིག་རེད་ཟེར་གྱི་འདུག ངས་ཡིད་ཆེས་བྱས་མེད། ལྷག་ཏུ་མགོན་པོ་ཕྱག་གཉིས་པ་ཟེར་བ་དེ་སྟག་སྨྱོན་མིན་ཁོ་ཐག་རེད། ཡིན་ན་ཡང་མདའ་ཚན་པ་ཟེར་བ་འདི་མི་ཤེས། ག་དུས་ཡིན་ཡང་སྟག་སྨྱོན་དང་མཉམ་ཐོན་བྱེད་ཀྱི་འདུག་པར་མ་ཟད་སྟག་སྨྱོན་གྱིས་བཤད་ཚད་ལ་རྒྱབ་སྐྱོར་བྱེད་ཁུལ་བྱེད་ཀྱི་འདུག ཡང་མིན་ན་མི་གཅིག་རེད། ཡང་མིན་ན་འཐབ་ཕྱོགས་གཅིག་གྱུར་ཟེར་བ་དེ་ཡིན་ས་རེད། ལྷག་ཏུ་ཧོར་འཇུག་གིས་ཁོའི་ལོ་རྒྱུས་འབྲི་སྐབས་ཀྱི་གཡོག་པོ་ཡིན་ཡིན་རབས་ཟེར་གྱི་འདུག་པས་ཧ་ལམ་ཡོད་ཚད་ཚོད་དཔག་བྱེད་ཐུབ་ཀྱི་རེད།
མ་གཞི་སྟག་སྨྱོན་ཟེར་བ་འདི་ལ་ཁོའི་མིང་སྟག་སྨྱོན་ཟེར་བ་འདི་ཡིན་གཅིག་མི་ཚེའི་ནང་བཀོལ་འདོད་ཡོད་ས་རེད། རྒྱུ་མཚན་ནི་ཁོ་རང་གི་མིང་དེའི་ཐོག་ནས་ཟིན་བྲིས་མང་པོ་སྤེལ་ཟིན་པས་མིང་དེ་ཀུན་གྱིས་གོ་མྱོང་ཞིག་ཆགས་པས་ཡིན་ནམ། གང་ལྟར་ཁོ་ལ་མི་ཀུན་གྱིས་བལྟ་སྟངས་སྡུག་པོ་བྱུང་བས་ད་ཁོ་རང་གིས་སྟག་སྨྱོན་གཞན་ཞིག་བཟོས་ནས་ཅིག་བྱེད་ཁུལ་བྱེད་ཀྱི་འདུག དེ་ནི་སྟག་སྨྱོན་གཉིས་ཡོད་མདོག་སྟོན་ཆེད་དང་། ཁོ་རང་སྟག་སྨྱོན་ཡག་པོ་དེ་ཡིན་མདོག་སྟོན་ཆེད་རེད། མ་གསང་བར་བཤད་ན་ཁོས་ཨ་རིག་དགེ་མཐོང་ལ་ནང་ཚགས་ཀྱི་ཡི་གེ་ཞིག་བཏང་འདུག་པའི་ནང་དུ་ཡང་འདི་འདྲ་བྲིས་འདུག་པ་ངས་དངོས་སུ་མཐོང་སོང་། ད་ཅི་འདྲ་རེད། མ་གཞི་ཁྱོད་ཚོར་ཇུས་གཏོགས་མེད་ན་ང་ལ་ཇུས་གཏོགས་ལྷག་པོ་ཅི་ཡང་མེད་པས་རང་ཚོས་ལྟོས། མ་གཞི་ང་ལ་འདི་ལྟར་བཤད་འདོད་མེད་ཀྱང་གེ་སར་རྒྱལ་པོ་གཡོ་འོག་ཏུ་ཚུད་འདུག་པ་དང་། ཁོའི་ངན་གཡོ་ལམ་ལྷོང་བྱུང་འདུག་པས་རླུང་རྒྱུ་ལན་ཞིག་གིས་དཔང་རྟགས་གསལ་པོ་འདི་འབྲི་འདོད་བྱུང་བ་ཡིན།
སྐད་ཡིག་གི་ཐོག་ཏུ་ཁྱེད་ཚོས་གང་བཤད་པ་དེ་ལས་ང་ལ་དམིགས་བསལ་གང་ཡང་བཤད་རྒྱུ་མེད། འོན་ཀྱང་སྟག་སྨྱོན་གྱི་ཐོག་ནས་ཚིག་གཅིག་གཉིས་ཤིག་བཤད་རྒྱུ་ཡོད། སྟག་སྨྱོན་གྱིས་གོང་གི་མཆན་རྣམས་ཁོས་བྲིས་པ་མ་རེད་ཟེར་བ་དེ་རྫུན་རེད། རྫུན་རྫུན་ནག་རེད། མཆན་དེའི་ནང་གི་ཚིག་ཇི་མ་ཇི་བཞིན་ཟམ་གདོང་མཁས་པ་མ་རེད་ཟེར་བ་དང་གཅིག ཟམ་གདོང་ལྷའི་སྤྱི་ཚོགས་ཀྱི་གྲལ་ནས་འཚར་ལོངས་བྱུང་བས་འཇིག་རྟེན་མི་ཆོས་ཀྱི་ཐོག་ལ་ང་སྟག་སྨྱོན་གྱིས་ཤེས་རྒྱུ་ཙམ་ཡང་ཤེས་ཀྱི་མ་རེད་ཟེར་བ་དང་གཉིས། ཟམ་གདོང་བཀའ་ཁྲིར་ལངས་དུས་བཀའ་ཤག་ལ་ཐོག་བརྒྱབ་པ་དེ་བཀྲ་མི་ཤིས་པའི་སྔ་ལྟས་རེད་ཟེར་བ་དང་གསུམ་པོ་ན་ནིང་ནས་ཁོའི་ཟིན་བྲིས་ངོ་མའི་ནང་དུ་མཐོང་སོང་། ང་ལ་དོ་སྣང་ཆེན་པོ་བྱུང་བས་ལམ་སེང་དགག་པའི་མཆན་ཞིག་བྲིས་པ་ཡིན། ཁ་སྡུང་ཡང་མང་པོ་བཏང་ཡོད། འོན་ཀྱང་ཉིན་རྗེས་མ་ལ་ཁོས་ངའི་མཆན་དེ་བསུབ་འདུག དེ་རིང་བལྟས་དུས་ཁོའི་ཟིན་བྲིས་རྙིང་པ་ཚོ་གཅིག་ཀྱང་མི་འདུག ཡོངས་རྫོགས་བསུབ་ཚར་འདུག་པ་ལ། སྤྱི་འཐུས་ཚོར་གཤེ་བའི་ཟིན་བྲིས་གསར་བ་འགའ་རེ་སླེབས་འདུག འོན་ཀྱང་ཟིན་བྲིས་རྙིང་པ་ཚོ་ངས་མིག་གིས་དངོས་སུ་མཐོང་བ་ཡིན། འཇིག་རྟེན་ན་དབང་མངོན་ཟེར་བའི་ཚད་མ་ཞིག་འཇོག་རྒྱུ་ཡོད་ན་ང་བདེན་པ་ཡིན། ད་དུང་ཁོ་ལ་འབྲོག་བུ་ནུབ་ཕྱོགས་སུ་སོང་བ་ཟེར་བའི་སྙན་རྩོམ་ཞིག་འདུག དེའི་ནང་དུ་ཁོ་དང་དོལ་འདྲེ་འབྲེལ་བ་ཡོད་པའི་སྐད་ཆ་ཞིག་འདུག་ཀྱང་དེ་རང་གསལ་བོར་དྲན་གྱི་མི་འདུག དེ་གཅིག་རེད།
གཉིས་པ་དེ་གེ་སར་རྒྱལ་པོས་“རྩོམ་གཞན་ཞིག་ན་ངའི་བླ་མ་ལ་ཡང་སྒྲོ་སྐུར་མང་པོ་བྱས་འདུག་པས་དོ་སྣང་ཞིག་བྱུང་བ་ཡིན།”ཟེར་བའི་ངའི་བླ་མ་ཟེར་བ་དེ་པད་ནོར་རིན་པོ་ཆེ་ལ་ཟེར་གྱི་ཡོད་ན། པད་ནོར་རིན་པོ་ཆེ་ལ་སྐུར་འདེབས་བྱེད་མཁན་དེ་ནི་སྟག་སྨྱོན་ངོ་མ་རེད། སྐབས་དེ་དུས་སྟག་སྨྱོན་ལ་རྙོག་དྲ་མ་ཐུག་པའི་སྔོན་རེད། ད་དུང་ཁོས་དྲ་གྲོགས་གཞན་ཞིག་ལ་དུས་བབ་ནང་དུ་རྣམ་གྲོལ་གླིང་གི་གུ་རུ་ངུས་པ་རེད་ཟེར་བ་ཞིག་དང་། མི་ཞིག་གིས་པད་ནོར་རིན་པོི་ཆེ་ལ་ལོག་ལྟ་བྱས་ན་དམྱལ་བར་སྐྱེ་གི་རེད་ཟེར་བ་ཞིག་མཐོང་བ་དེ་ལ་རྒོལ་ལན་སྤྲད་པ་ཡིན་ཞེས་བྲིས་འདུག ད་དུང་ཚིགས་བཅད་མང་པོ་ཞེ་དྲག་བྲིས་ཡོད་པ་རེད། ཚིགས་བཅད་ཚོའི་ནང་། བོད་མིའི་ཁྲོད་ཀྱི་རྨོངས་དད་འདི་ནི་འབྲུ་ཆུ་སྔོན་མོའི་བཞུར་རྒྱུན་འདྲ།། གྲོང་རོང་ཟབ་མོའི་ལྟོ་བར་འཁྱུད་བཞིན་ཐུར་ནས་ཐུར་དུ་ཤུགས་ཀྱིས་འབབ།། སོགས་ཟེར་བའི་ཚིགས་བཅད་ཅིག་ཡོད། ཚིགས་བཅད་དེ་ཁོ་རང་གི་ཟིན་བྲིས་ནང་གི་མཆན་མ་ཡིན་པའི་ཟིན་བྲིས་དངོས་གཞིའི་ནང་དུ་ཐེངས་ཁ་ཤས་ལ་བེད་སྤྱོད་བྱས་འདུག གེ་སར་ཁྱོད་ཀྱིས་མ་ཐུབ་པའི་དགྲ་བོ་ལ་བདེན་ཁ་སྟེར་མི་རུང་། ངའི་ཁྱེད་ཀྱི་མཚན་ངོ་མ་དྲ་ཐོག་ནས་ཞུ་འདོད་མེད། འོན་ཀྱང་ངས་ཁྱེད་ཤེས་ཀྱི་འདུག་པས་ཁྱེད་མགོ་སྐོར་འོག་ཏུ་ཚུད་འདུག་པར་ཞེ་མ་དགའ་བས་བྱ་ཞིག་བཏང་བ་ཡིན། ཁྱེད་ཀྱིས་དབུས་ཕྱོགས་ཀྱི་་་་་་་་་་་་་་་་་་་་་་ཞིག་གི་ལོ་རྒྱུས་བྲིས་ཡོད་པ། ད་དུང་པར་སྐྲུན་བྱས་མེད་པ། སྨོན་ལམ་བོད་ཡིག་གི་ཐོག་ཏུ་བྲིས་ཡོད་པས་TCRC སོགས་ལ་བསྒྱུར་མ་ཐུབ་ནས་ཡོད་པ། འོ་ད་ངས་ཁྱེད་ཤེས་འདུག་ག བྱས་ཙང་ཁྱེད་རང་གི་བླ་མ་ལ་དགྲ་ལྟར་བལྟ་མཁན་ཞིག་གི་མགོ་སྐོར་འོག་ཏུ་ཆུད་ཚར་འདུག་པས་ངས་སེམས་ཀྱིས་མ་བཟོད་པ་ཡིན། ཕ་བཟང་གི་བུ། ལུང་པ་གཅིག་གི་ཆུ་ལ་ཡང་མཉམ་དུ་མི་འཐུང་ཟེར་བ་དེ་འདྲ་ང་ཚོས་ཧ་ཅང་དཀའ་ཡང་། བླ་མའི་སྐུ་ལུས་གྲང་ལོང་མེད་པར་རོ་ཐོག་རྟ་རྒྱུག་བྱེད་མཁན་ཞིག་དང་ཁ་ཁོག་མཐུན་པོ་བྱེད་མི་ཉན། འཇིག་རྟེན་ན་དགྲ་གཉེན་ཟེར་བ་ཞིག་འཇོག་རྒྱུ་ཡོད་ཕྱིན་འདི་ལས་ལྷག་པའི་དགོས་དགྲ་ཞིག་མེད།
དེ་ནས་སྤྱི་འཐུས་ཚོ་ལ་སྡིག་པའི་སྐད་ཆ་དེ་ཚོ་དེ་རིང་ད་དུས་ཁོའི་སྒེར་གྱི་ཟིན་བྲིས་ཕོ་རོག་དཀར་པོའི་གཏམ་རྒྱུད་ཟེར་བ་དེའི་ནང་དུ་འདུག་པས་ཁྱོད་ཚོས་ལྟོས་ཤིག ལྷག་ཏུ་སྤྱི་འཐུས་དྲུག་ལ་གཞི་མེད་ཀྱི་སྐྱོན་བརྗོད་བྱས་པ་དེ་ཚོ་གསལ་པོ་མ་བཟོས་ན་ཡག་པོ་མ་རེད། ངོ་མ་ཡིན། མི་ལ་སྐྱོན་ཅི་ཞིག་བརྒྱབ་རུང་ཡིན་མིན་གྱི་ཐག་གཅོད་ཅིག་དགོས་ཀྱི་མེད་ན་འཇིག་རྟེན་ན་བདེན་རྫུན་ཟེར་བ་ཞིག་མ་དགོས་པ་རེད། དེ་འདྲ་ཡིན་ན་བོད་ཀྱི་བདེན་དོན་ཀྱང་རྩོད་མ་རྩོད་ཅི་ཞིག་ཡོད། སྐྱིད་པོ་བྱས་ནས་ཉལ་བསྡད་ན་དགའ་གི་རེད་པ།
དེ་ནས་མདའ་ཚན་པ་ཟེར་བ་འདི་རེད། སྔོན་མ་མི་མང་པོ་ཞིག་གིས་སྟག་སྨྱོན་དང་མགོན་པོ་ཕྱག་གཉིས་པ། མདའ་ཚན་པ་གསུམ་པོ་མི་གཅིག་རེད་ཟེར་གྱི་འདུག ངས་ཡིད་ཆེས་བྱས་མེད། ལྷག་ཏུ་མགོན་པོ་ཕྱག་གཉིས་པ་ཟེར་བ་དེ་སྟག་སྨྱོན་མིན་ཁོ་ཐག་རེད། ཡིན་ན་ཡང་མདའ་ཚན་པ་ཟེར་བ་འདི་མི་ཤེས། ག་དུས་ཡིན་ཡང་སྟག་སྨྱོན་དང་མཉམ་ཐོན་བྱེད་ཀྱི་འདུག་པར་མ་ཟད་སྟག་སྨྱོན་གྱིས་བཤད་ཚད་ལ་རྒྱབ་སྐྱོར་བྱེད་ཁུལ་བྱེད་ཀྱི་འདུག ཡང་མིན་ན་མི་གཅིག་རེད། ཡང་མིན་ན་འཐབ་ཕྱོགས་གཅིག་གྱུར་ཟེར་བ་དེ་ཡིན་ས་རེད། ལྷག་ཏུ་ཧོར་འཇུག་གིས་ཁོའི་ལོ་རྒྱུས་འབྲི་སྐབས་ཀྱི་གཡོག་པོ་ཡིན་ཡིན་རབས་ཟེར་གྱི་འདུག་པས་ཧ་ལམ་ཡོད་ཚད་ཚོད་དཔག་བྱེད་ཐུབ་ཀྱི་རེད།
མ་གཞི་སྟག་སྨྱོན་ཟེར་བ་འདི་ལ་ཁོའི་མིང་སྟག་སྨྱོན་ཟེར་བ་འདི་ཡིན་གཅིག་མི་ཚེའི་ནང་བཀོལ་འདོད་ཡོད་ས་རེད། རྒྱུ་མཚན་ནི་ཁོ་རང་གི་མིང་དེའི་ཐོག་ནས་ཟིན་བྲིས་མང་པོ་སྤེལ་ཟིན་པས་མིང་དེ་ཀུན་གྱིས་གོ་མྱོང་ཞིག་ཆགས་པས་ཡིན་ནམ། གང་ལྟར་ཁོ་ལ་མི་ཀུན་གྱིས་བལྟ་སྟངས་སྡུག་པོ་བྱུང་བས་ད་ཁོ་རང་གིས་སྟག་སྨྱོན་གཞན་ཞིག་བཟོས་ནས་ཅིག་བྱེད་ཁུལ་བྱེད་ཀྱི་འདུག དེ་ནི་སྟག་སྨྱོན་གཉིས་ཡོད་མདོག་སྟོན་ཆེད་དང་། ཁོ་རང་སྟག་སྨྱོན་ཡག་པོ་དེ་ཡིན་མདོག་སྟོན་ཆེད་རེད། མ་གསང་བར་བཤད་ན་ཁོས་ཨ་རིག་དགེ་མཐོང་ལ་ནང་ཚགས་ཀྱི་ཡི་གེ་ཞིག་བཏང་འདུག་པའི་ནང་དུ་ཡང་འདི་འདྲ་བྲིས་འདུག་པ་ངས་དངོས་སུ་མཐོང་སོང་། ད་ཅི་འདྲ་རེད། མ་གཞི་ཁྱོད་ཚོར་ཇུས་གཏོགས་མེད་ན་ང་ལ་ཇུས་གཏོགས་ལྷག་པོ་ཅི་ཡང་མེད་པས་རང་ཚོས་ལྟོས། མ་གཞི་ང་ལ་འདི་ལྟར་བཤད་འདོད་མེད་ཀྱང་གེ་སར་རྒྱལ་པོ་གཡོ་འོག་ཏུ་ཚུད་འདུག་པ་དང་། ཁོའི་ངན་གཡོ་ལམ་ལྷོང་བྱུང་འདུག་པས་རླུང་རྒྱུ་ལན་ཞིག་གིས་དཔང་རྟགས་གསལ་པོ་འདི་འབྲི་འདོད་བྱུང་བ་ཡིན།
བཀུར་འོས་སྐུ་ཞབས་བློ་བཟང་རྒྱ་མཚོ་ལགས། ཉིད་ནས་ཕྲན་གྱི་མཆན་རྣམས་ལ་བཟོ་བཅོས་མེད་པར་ལེབ་བཤུ་བྱས་ཏེ་འདི་ལྟར་བཏང་འདུག་པར། ཁོ་བོས་བསྟན་བཅོས་འདྲ་བྲིས་པ་ནི་མིན་པས་དགག་ཆ་མེད་ཀྱང་ཉིད་ཀྱིས་འདི་ལྟར་གནང་དོན་ལ་གསལ་བཤད་ཅིག་ཅིས་ཀྱང་ཡོད་པ་ཞུ་རྒྱུ་ཡིན།
ཨོ་ད་ཡིན་ན་སྟག་སྨྱོན་ལ་དགྲ་མང་གི་ཡ། ངོ་མ་འདིས་ངན་པ་ཟིག་བྱས་ཡོད་ས་རེད། མི་འདི་ངོ་མ་གང་འདྲ་ཞིག་ཡིན་ནམ་ང་ལ་མངོན་ཤེས་ཤིག་ཡོད་ན་ཅི་མ་རུང་། ཁ་སྔོན་རངབཙན་་པ་སི་གཡུག་གི་ཡིན་ཟེར་བ་ཞིག་ཀྱང་བྲིས་འདུག
སྟོག་སྨྱོན་ལ་རྭ་འདོམ་པ་བཅོ་བརྒྱད་འདུག་ལབ་ནའང་ཡིན་གི་རེད་ཟེར་ཆོག མིའི་སེམས་རྒྱུད་མ་དག་ན་འཇམ་པའི་དབྱངས་ལའང་ཁྱི་མོ་ཞིག་ལས་མཐོང་ཐུབ་ཀྱི་ཡོད་པ་མ་རེད།
རྩོད་བརྒྱབ་བརྒྱབ་ནས་ང་སུན་སོང་།
ངས་དེ་རིང་ཨ་རིའི་ VOA གློག་འཕྲིན་ཁང་གི་གསར་འགྱུར་ལ་ཉན་པ་ཡིན་པས་མཛེས་མ་སྐྱིད་རེད་ཟེར་བའི་ཨ་མདོའི་སྐད་ཤོད་མཁན་གྱིས་བུད་མེད་ཅིག་གིས་གསར་འགྱུར་བཤད་སོང་། དངོས་གནས་འཁྲེགས་པོ་རེད་འདུག
སྐད་མ་ཤེས་ན་སྐད་གང་ཡིན་ནའང་མཁྲེགས་པོ་ཡོད་པ་རེད། ང་ཐེངས་པོར་ལྷ་སར་གནས་མཇལ་ཡོང་དུས་གཅིག་གེ་གོ་གི་མི་འདུག དེ་དུས་ང་ལ་མཚོན་ན་ལྷ་སའི་སྐད་དེ་མཁྲེགས་པོ་རྡོ་འདྲ་བོ་ཞིག་རེད། ལྷ་སའི་སྐད་འདི་བོད་སྐད་ཡིན་ས་མ་རེད་བསམས་སོང་། འདི་ཨ་མདོའི་རྒན་པ་ཚོས་ལྷ་སའི་བྷོད་སྐད་ཟེར་བ་ཞིག་བཤད་རྒྱུ་ཡོད་པ་དེ་ཡིན་ས་རེད་བསམས་སོང་།
སྟབས་ཡག་ནས་ངེད་ཚོ་སྡོད་སའི་རྭ་སྐོར་ནང་ཁམས་ཆབ་མདོ་ནས་ཡིན་པ་ཁ་ཤས་ཡོད། ཁོ་ཚོའི་སྐད་དེ་མཁྲེགས་མཁྲེགས་ནའང་དེ་འདྲ་ལྷ་སའི་སྐད་ནང་བཞིན་མཁྲེགས་པོ་མ་རེད། ངེད་ཚོས་ཕར་ཚུར་གོ་བརྡ་འཕྲོད་ཐུབ་གི་འདུག དེ་བས་ཁོ་ཚོར་འབྲེལ་བ་ལམ་སང་ཆགས་སོང་། ངེད་ཚོའི་འབྲོག་པ་ཕོ་གཞིན་མོ་གཞོན་བཅུ་གྲངས་ཁ་ཤས་ཡོད་པ་དེ་ཚོས་ཆབ་མདོ་བའི་ཕོ་གསར་དེ་ཚོ་མཉམ་དགོང་མ་རྟག་པར་རྩེད་མོ་རྩེས་ཞབས་བྲོ་འཁྲབ་དེ་འདྲ་བྱས་བསྡད་པ་ཡིན། རྗེས་ནས་ངེད་ཚོ་ཁ་ཁར་འགྲོ་སྐབས་ཕར་ཚུར་གྱི་རྒན་པོ་རྒན་མོ་དེ་འདྲས་མིག་ཆུ་གཏོང་གི་འདུག
དེའི་སྐབས་ལྷ་ས་བའི་བུ་མོ་སྙིང་རྗེ་པོ་དེ་ཚོར་འབྲེལ་བ་ཡག་པོ་འཛིན་པའི་གོ་སྐབས་རྩ་ནས་རག་མ་སོང་། ཚོང་རྒྱག་སྐབས་ཀྱང་མོ་ཙེ་གཅིག མོ་ཙེ་གཉིས་ཟེར་བའི་གྲངས་ཀ་མ་གཏོགས་ཕར་ཚུར་གོ་བརྡ་འཕྲོད་གི་མི་འདུག དེ་ཡང་ཨ། ཨ་ཟེར་ནས་ཐེངས་གཉིས་གསུམ་རེ་ཕར་སྐད་ཆ་མ་དྲིས་ན་གོ་གི་མི་འདུག ལྷ་སའི་སྐད་དེ་ཨ་མདོར་མཁྲེགས་པོ་ཡིན་པའི་གནས་ཚུལ་བཤད་ན་དེ་འདྲ་རེད། མདོར་དེད་ན་ལྷ་ས་བས་གཅིག་པ་རེད་ཟེར་བ་དེ་ཨ་མདོ་ཚོས་མ་གོ། ཨ་མདོ་བས་འདྲ་འདྲ་རེད་ཟེར་བ་དེ་ལྷ་ས་བས་མ་གོ་བ་རེད། ད་ཨ་མདོ་བས་མྱི། གྱི་ཟེར་བའི་བརྡ་རྙིང་བ་དེ་ཚོ་ལྷ་ས་བས་གང་ང་ཅིག་གོ་ནི། དེ་ནས་ལྷ་ས་བས་ཕྱགས་མ་ལ་ཆགས་མ་ཟེར་ནས་བཤད། ཨ་མདོ་བས་ཕྱགས་མ་ལ་བཤག་མའི་སྒྲ་ལྟར་ཀློག་པ་དེ་འདྲ་དེ་འདྲ་བྱས་ནས་སྐད་ཀྱི་བར་ཐག་རིང་བོ་ཆགས་འདུག ད་གཅིག་གཅིག་གི་སྐད་ཕན་ཚུན་སློབ་སྦྱོང་ཅུང་ཟད་བྱས་པ་ཡིན་ན་བར་ཐག་ཆེན་པོ་མ་རེད། ད་རྗེས་མ་ནས་ངས་མཆན་རྒྱག་སྐབས་ཨ་མདོའི་སྐད་ཅུང་ཟད་རེ་བྱས་ནས་མགོ་བཙུགས་ཏེ་རིམ་པས་མང་མང་དུ་མང་དུ་བཏང་ནས་ཁྱེད་ཚོར་ངོ་སྤྲོད་བྱེད། ཡུལ་སྐད་བེད་སྤྱོད་བཏང་ན་སྐད་གཅིག་གྱུར་ལ་ཕན་གི་རེད་ཟེར་བའི་རྒྱུ་མཚན་གྱི་རྩ་བ་ཐུག་སའང་འདི་རེད།
ང་ལོ་འདིའི་ ༢༠༠༩ སྤྱི་ཟླ་ ༥ པའི་ནང་ལ་དྭགས་སུ་མཚན་ཉིད་སློབ་གྲྭ་ཆེན་མོ་དབུ་བརྙེས་ལོ་ལྔ་བཅུའི་དུས་སྟོན་གསེར་འོད་འཕྲོ་བའི་ཞབས་རྗེས་ཞེས་པའི་དུས་དྲན་ལ་སོང་བ་ཡིན། དགེ་རྒན་ཞིག་ངེད་ཁ་བརྡ་བྱས་པས་ཁོང་གིས་ལྷ་ས་པའི་སྐད་ལ་འགྲེང་བུ་མེད་ས་མང་པོ་ཞིག་ལ་འགྲེང་བུ་ཡོད་པ་ནང་བཞིན་ཀློག་གིན་འདུག་ང་ཚོ་ལ་དྭགས་པས་ཐད་གར་ཀློག་གི་རེད་ཟེར། དེ་ནི་དཔེར་ན། ལྷ་ས་ལ་་་ལྷེ་ས། ར་སྒྲེང་ལ་་་་་རེ་སྒྲེང་གི་མཚོན་འགྲེང་བུ་མེད་ཀྱང་འགྲེང་བུ་ཡོད་པ་དང་གཅིག་མཚུངས་ཀློག་གི་འདུག་ཟེར། དེ་ཕལ་ཆེར་བདེན་པ་འདྲ་བོ་འདུག
མདའ་ཚན་པ་ནས་བཤད་པར་རྒྱུ་མཚན་འདུག
པདྨ་ཟེར་པ་དེས་བྲིས་བར་དཔྱད་ན།
རང་ཉིད་ཀྱིས་མ་གོ་བ་རྒྱུ་མཚན་དུ་བྱས་ནས་ཨམ་སྐད་བོད་སྐད་མ་ཡིན་པར་ཤུགས་བསྟན་བྱས་འདུག་སྟེ།
ཡིན་ནའང་་་་རྩོམ་པ་པོ་ལ་མ་དག་པའི་ཀུན་སློང་མེད་པའི་རེ་བ་ཡོད།
ཨམ་སྐད་མཁྲེགས་པོ་རེད་ན་རང་ཉིད་ཀྱིས་མ་སླབས་པའི་སྐྱོན་རེད། ཡིན་ནའང་ཨམ་སྐད་ཀྱི་ཝ་དང་ཤ་གཉིས་ཀྱི་སྒྲ་འདེངས་འཇར་མིན་བ་ཞིག་དང་སོག་པོ་ཞིག་མིན་ན་ཡོང་ཁག་པོ་ཡོད་པ་རེད།
ཨམ་སྐད་བོད་སྐད་མ་རེད་ཟེར་ན་ཨ་མདོ་བ་མང་ཆེ་བ་དང་མི་ཉག་དང། ལི་ཐང་། བྲག་འགོ གསེར་རྟ། རྫ་ཆུའི་ཁ ནག་ཆུ་སོགས་འབྲོག་པའི་སྐད་གདེངས་ཨམ་སྐད་དང་གཅིག་མཚུངས་ཡིན་པས་ནམ་རྒྱུན་ཁོ་ཚོས་མཚོ་སྔོན་བརྙན་འཕྲིན་དང་རླུང་འཕྲིན་ལ་ལྟ་ཉན་བྱེད་གི་འདུག དེ་ཕྱིར་ཨམ་སྐད་བཤད་མཁན་བརྒྱ་ཆའི་ལྔ་བཅུ་ལྷག་ཟིན་ཡོད་འདུག དེ་བོད་སྐད་མ་རེད་ཟེར་ན་གང་བོད་སྐད་རེད། དེ་ལས་ལྷ་སའི་སྐད་གཞན་ངོར་འགྱུར་ཟིན་པས་བོད་སྐད་མ་རེད་ལབ་ན་འགྲིག་ས་རེད།
རྩོམ་ཡིག་འདི་ལ་མཆན་བརྒྱ་ལྷག་ཡོད་པ་འདྲ། ཐམས་ཅད་ཀློག་ཚར་ས་མ་མེད། དེ་བས། ངས་རྩོམ་ཡིག་འདིའི་བསྟན་དོན་དང་འཚམས་པའི་སྒོ་ནས་སྐད་ཆ་ཉུང་ཉུང་ཞིག་བཤད་རྒྱུ་ཡིན།
“ཨམ་སྐད་དང་འབྲུག་སྐད་འདི་གཉིས་ངེད་བོད་པ་དབུས་གཙང་པ་ཞིག་གིས་ཉན་ཚེ་” ཞེས་པ་དེར་འདི་ལྟར།
འབྲུག་པ་དང་ཨ་མདོ་གཉིས། ད་དུང་མདོ་སྟོད་དང་ཧི་མྰ་ལ་ཡའི་རི་བརྒྱུད་དུ་བོད་པའི་སྐད་དང་རིག་གཞུང་གི་ཁོར་ཡུག་ཏུ་འཚོ་བ་མཐའ་དག་དང་། དེ་ཙམ་དུ་མ་ཟད། དབུས་དང་། གཙང་། མངའ་རིས་དང་སྟོད་པ་སོགས། ད་ལྟ་མང་པོ་ཞིག་གིས་”ཤ་ཁྲག་གཅིག་ལས་མཆེད་པའི་”བོད་རིགས་སྤུན་ཟླ་ཟེར་བ་ལྟ་བུ་ཞིག་མིན་པ་དོན་དངོས་རེད་འདུག་པས། ཁྱེད་ཀྱི་ལངས་ཕྱོགས་དེར་རྒྱབ་སྐྱོར་བྱེད་རྒྱུ་ཡིན།
“བོད་ཀྱི་མཐའ་འཁོབ་རྣམས་ སུ་སྐད་རིགས་འདྲ་མིན་སྣ་ཚོགས་བེད་སྤྱོད་བྱེད་བཞིན་ཡོད་པའི་ནང་ནས་ཁྱབ་ཆེ་ཤོས་དེ་ཨ་མདོའི་སྐད་དང་འབྲུག་པའི་སྐད་འདི་གཉིས་རེད། ” ཟེར་བ་དེར།
ཁྱེད་རང་གི་ཞེན་འདོད་ལྟར་ཨ་མདོ་ནི་རྒྱ་ནག་གིས་བཅད་པའི་བོད་རང་སྐྱོང་ལྗོངས་ཀྱི་ས་ཁྲའི་ནང་དུ་མེད་པས་བོད་ཀྱི་ཡུལ་མ་རེད། དེ་བས། འདི་གཉིས་ལ་ཐུན་མོང་གི་སྤྱི་སྐད་ཅིག་དགོས་པའི་རྒྱུ་མཚན་གང་ཡང་མི་འདུག རང་རང་ས་ནས་རང་རང་གི་ཨ་མའི་ཕོར་བ་གཙང་མ་ཡིན་པར་རློམ་ནས་བསྡད་ན་འཁྲུག་རྩོད་ཡོད་མ་རེད། དེ་བས། ངས་ཁྱོད་ཀྱི་ཞེན་འདོད་དེ་ལ་མོས་མཐུན་བྱེད་རྒྱུ་ཡིན།
འདྲེ་རིག་ལྡན་ནི་འདྲེ་རང་རེད། བོད་ཀྱི་སྐད་ཡིག་གཅིག་གྱུར་ཡོང་དགོས་པའི་བསམ་ཚུལ་བཏོན་པ་ཕྱིན་ཅི་ལོག་ཏུ་མ་སྒྱུར་རོགས། བོད་པ་ཚང་མ་སྐད་ཡིག་གཅིག་གྱུར་ཡོང་ན་རླབས་ཆེན་པོ་དང་ཁྱབ་ཆེན་པོ་ཡོང་རྒྱུ་ལ་ཕན་ཐོགས་ཏན་ཏན་ཡོད་རེད། ལྷག་པར་དེང་སང་གི་དུས་ཚོད་འདིར་སྐད་ཡིག་སྲུང་སྐྱོབ་བྱེད་དགོས་ན་ཐོག་མར་སྐད་ཡིག་གཅིག་གྱུར་བྱེད་ཀྱི་དེ་ཐབས་ཤེས་ཡག་ཤོས་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། གཞན་དུ་ལུང་ཚན་སོ་སོའི་ངའི་སྐད་ཡག་ངའི་སྐད་བཟང་ཞེས་ཨུ་ཚུགས་བྱས་ནས་བསྡད་བསྡ་ན་བོད་སྤྱི་པའི་དོན་ལ་གནོད་ཀྱི་འདུག
ལྷག་པར་དུ་ད་ལྟ་བཙན་བྱོལ་བོད་གཞུང་གིས་ཤོད་བཞིན་པའི་སྐད་ཡིག་དེ་གང་རེད། ང་ཚོ་ཚང་མ་འདིའི་སྒང་ལ་ཤར་བསྐྱོད་བྱེད་ཐུབ་ན་འགྲིག་ཡོད་རེད། དེ་ལྟར་མིན་པར་ངའི་ལུང་པའི་སྐད་ཀྱི་ནང་བརྡ་རྙིང་མང་པོ་ཡོད་ཙང་རྩ་ཆེན་པོ་རེད་ཟེར་བ་དང་། རྟག་པར་ང་དང་ངའི་ཞེས་པའི་ཚིག་འདི་བེད་སྤྱོད་བྱེད་རྐྱང་བྱས་ན་འགྲིག་ས་དང་མི་འགྲིག་ས་གཉིས་ཡོད་རེད། བོད་ནང་ཁུལ་ལ་ང་དང་ངའི་ཞེས་པའི་ཚིག་འདི་བེད་སྤྱོད་བྱེད་ཀྱི་མང་ན་ཡག་པོ་མ་རེད། རྒྱ་ནག་ལ་ལྟོས་ཏེ་ང་བོད་པ་ཡིན་ཞེས་དང་ངའི་བོད་པ་ཟེར་བའི་ཚིག་དེ་མང་ན་ཡག་པོ་རེད་ལ་དོན་ལ་ཡང་ངར་འཛིན་དམ་ཧྲུག་གེ་བ་ཞིག་ཡོད་དགོས་པ་རེད་ལགས། ཡིན་ན་ཡང་ངས་རྩོམ་འདིར་བོད་སྐད་དབུས་གཙང་གི་སྐད་གཞིར་བཞག་བྱས་ནས་བཤད་པ་ཡིན།
པདྨས་བཤད་པའི་སྐད་ཡིག་གཅིག་གྱུར་ཡོང་ཐབས་ལ་བརྩོན་དགོས་པའི་བསམ་ཚུལ་བཏོན་པ་ལ་མོས་མཐུན་ཡོད། ཡིན་ན་ཡང་ཨམ་སྐད་བོད་སྐད་མ་རེད་ཟེར་བ་ལ་མོས་མཐུན་མེད།
ངས་ཨམ་སྐད་བོད་སྐད་རྩ་བ་མ་རེད་ཟེར་གྱི་མེད། ཡིན་ན་ཡང་ཨ་མདོ་དང་འབྲུག་པས་མཚོན་པའི་རྩ་བའི་ཆ་ནས་བོད་སྐད་ཡིན་པ་ལ་བོད་དབུས་གཙང་གི་སྐད་དང་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད་པ་རྣམས་རིམ་པས་རིམ་པས་བོད་དབུས་གཙང་གི་སྐད་ཐོག་ཏུ་གཅིག་གྱུར་ཡོང་ཐབས་ལ་བསམ་བློ་གཏོང་གིན་ཡོད།
ལོ་རྒྱུས་རྙིང་པ་རྣམས་སུ་བོད་དང་ཆེན་པོ་ཞེས་བྲིས་པའི་དོན་ལ་ཡང་དཔྱད་རྒྱུ་མང་ཙམ་འདུག
པདྨ་། ཁྱོད་ཡང་ཆང་འཐུང་གཅིན་ཤོར་ཞིག་ཡིན་ས་རེད་།
དོན་དངོས་སུ་ཁྱེད་ཀྱི་ཅི་ཞིག་བཤད་གི་ཡོད་། “ད་ལྟ་བཙན་བྱོལ་བོད་གཞུང་གིས་ཤོད་བཞིན་པའི་སྐད་འདིའི་སྒང་ལ་ཤར་བསྐྱོད་བྱེད་ཐུབ་ན་འགྲིག་ཡོད་རེད། “ཟེར་བ་དང་། “དབུས་གཙང་གི་སྐད་ཐོག་ཏུ་གཅིག་གྱུར་ཡོང་ཐབས་ལ་བསམ་བློ་གཏོང་གིན་ཡོད།”
ངའི་འདིར་ཁྱེད་ལ་བཙམ་བྱོ་བོད་པའི་ཚིགས་སྒྲུབ་གཅིག་གཉིས་ཞིག་བཀོད་།
འདིར་ཡོང་ན་སྐུ་མདུན་འཇལ་པའི་ཉན་ཁ་ཡོད་རེད་། གདོང་གཉེར་བོ་དེ་ལ་རྣམས་པ་ཞེ་པོ་ཡོད་པ་རེད་། པ་མགོ་དེ་ཉ་རྒན་ཉ་རྒན་རེད་། ཟེར་བའི་ཁ་ཆགས་སྣ་རལ་གྱི་སྐད་འདི་སྤྱི་སྐད་དུ་རེ་གི་ཡོད་དམ། དབུས་དང་གཙང་གི་སྐད་དེ་རིམ་པར་བོད་ས་ཡོང་རྗོགས་ལ་ཁྱབས་རྒྱུ་ཕར་ཞོག་མཐའ་ན་དབུས་བ་དང་གཙང་བའི་བར་དུ་བེད་སྤྱོད་མེད་གྱུར་འདུག་། དེང་སྐབས་དབུས་གཙང་ཁུལ་དུ་ཆེ་བེད་སྤྱོད་ཆེ་བ་ནི་རྒྱ་ནག་པེ་ཅིང་གི་སྐད་རེད་། ཁྱེད་ཅང་རྠེས་མར་ཕ་ཡུལ་དུསོང་ནས་བོད་རིགས་གཞིན་དག་ལ་སེམས་བསམ་པའི་སྟེང་ནས་ཁ་བརྡ་རེ་བྱེད་བསམ་ན་ད་ལྟ་ནས་པེ་ཅིང་སྐད་སྤྱོང་།
ནརོ་བཅོས་ བཙན་བྱོལ་
པདྨས་རང་གི་སྐྱག་དྲི་མ་ཚོར་བར་གཞན་གྱི་རྟུག་དྲིར་སྣ་སྙེར་བྱེད་ཀྱིན་འདུག ཁྱེད་རང་གིས་བྲིས་པའི་ཚིག་གྲུབ་རྐང་ཆག་དེ་ཚོ་བོད་དབུས་གཙང་གི་སྐད་ཡིན་ནམ། ལར་ནས་དབུས་གཙང་ལ་གཅིག་གྱུར་གྱི་སྐད་ཅིག་མི་འདུག བཙན་བྱོལ་ནང་གི་སྐད་དེ་དབུས་གཙང་གི་ཡིན་ཟེར་བ་ལས་སྟོད་པ་དང་ཁམས་པའི་སྐད་ཤུགས་ཆེ་བ་འདུག རང་གིས་བོད་ཡིག་དག་མོ་ཞིག་འབྲི་ཨེ་ཐུབ་ལ་ལྟོས། བོད་ལ་ཁ་སྐད་གཅིག་གྱུར་ཞིག་དགོས་མིན་དང་ཇི་ལྟར་བཟོ་མིན་དེ་ཁྱོད་བོང་བུར་འཚམས་པའི་ལས་ཤིག་རེད་མི་འདུག་ལོ།
འདྲེ་རིག་ལྡན་ལགས། བོད་པའི་སྐད་ཡིག་གཅིག་གྱུར་ཡོང་ཐབས་ལ་མི་སུས་ཀྱང་བསམ་བློ་གཏོང་ཆོག་པ་རེད། རྩོམ་ཡིག་འབྲི་ཆོག་པ་ཞིག་རེད། ད་ལྟ་བཙན་བྱོལ་བོད་གཞུང་གིས་ཤོད་བཞིན་པའི་སྐད་དེ་བོད་པའི་སྤྱི་སྐད་རེད་ཅེས་བཤད་ན་མི་འགྲིག་པ་ཅི་ཞིག་ཡོད། བཙན་བྱོལ་བོད་མི་ལ་མི་འབོར་ཉུང་རུང་བོད་ཆོལ་ཁ་གསུམ་ཁྱོན་ཡོངས་ཀྱི་མི་ཆ་ཚང་འཛོམ་ཡོད་པ་རེད། ཁྱད་པར་དུ་༸རྒྱལ་བ་རིན་པོ་ཆེའི་གསུང་སྐད་ནི་དབུས་སྐད་རེད། ༸རྒྱལ་བའི་བཀའ་སློབ་རྣམས་ཐད་ཀར་ཡིག་ཐོག་ཏུ་ཕབ་ཡོད་པ་དེ་ཚོ་ལ་ལྟོས་དང་མ་འགྲིག་པ་ཅི་ཞིག་འདུག ཁྱོད་དབུས་གཙང་གི་སྐད་ལ་དེ་ཙམ་སྡང་དོན་ཅི་ཞིག་ཡོད། བོད་སྤྱི་་པའི་དོན་ལ་མཁས་བླུན་ཚང་མས་བསམ་དགོས་པ་རེད་ལ་བསམ་ཚུལ་འབྲི་དགོས་པ་རེད། མ་བཤད་ན་མི་འདི་ནི་བོད་སྤྱི་པའི་དོན་ལ་བསམ་བློ་གཏོང་མཁན་ཞིག་དང་ཐ་ན་སྐད་ཆ་ཚིག་གཅིག་ཀྱང་བཤད་མཁན་ཞིག་མ་རེད་ཟེར་ནས་གཅིག་བཤད་ཀྱི་འདུག ཅུང་ཟད་ཅིག་བཤད་ན་མི་ཁྱོད་ལ་ཇུ་གཏོགས་མེད་ཟེར་ནས་གཅིག་བཤད་ཀྱི་འདུག ཞི་བ་ལྷས། སེམས་ཅན་མོས་པ་སྣ་ཚོགས་པ། །རྒྱལ་བས་ཀྱང་ནི་མི་མགུ་ན། །བདག་འདྲ་ངན་པས་སྨོས་ཅི་དགོས། །གསུང་པ་ལྟ་བུ་ཡིན་པས་ཁྱོད་ལ་ཐུགས་ཁག་མེད་ཀྱང་བསམ་ཚུལ་སུས་ཀྱང་འབྲི་དགོས་པ་རེད།
ཁྱོད་ཀྱིས་ཞི་བ་ལྷའི་ཚིག་ཅིག་འདྲེན་ཁུལ་བྱས་འདུག་ཀྱང་། དེས་མཁས་རྟགས་སྟོན་ཐུབ་མ་སོང་། ང་ལྷ་སའི་སྐད་ལ་སྡང་བ་མ་རེད། དོན་དངོས་སུ་ཁྱོས་ཨ་མདོའི་སྐད་དང་ཨ་མདོ་བ་གཉིས་བོད་ཟེར་བའི་དཀྱིལ་འཁོར་འདི་ཕུད་པར་བརྩོན་པ་དེ་རེད། རང་གིས་རང་ཉིད་ཀྱིས་བྲིས་པའི་གོང་རྩོམ་དེར་ཞིབ་ཀློག་ཅིག་བྱོས་དང་གོ་བ་ཡོད་མཁན་ཞིག་ཡིན་ན་གོ་ཚོད་རེད། ང་མར་མེ་རླུང་གིས་བསྐྱོད་ཀྱང་འཛུམ་མུལ་ལེར་སྡོད་པའི་འདམ་གཟུགས་ཤིག་མིན་པས། ཁྱི་སྐད་ལོག་ལ་རྡོ་ལོག་རེ་འཕེན་དགོས་སོང་བ་རེད།
རྒྱལ་བ་རིན་པོ་ཆེས་དབུས་སྐད་གསུང་གི་ཡོད་ན་དེ་ཡ་མཚན་དགོས་པའི་དོན་དག་ཅིག་རེད་དམ། རྒྱུ་མཚན་དེ་ལ་བརྟེན་ནས་དབུས་སྐད་བོད་སྐད་ཡང་དག་པ་ཆགས་སོང་བ་རེད་དམ། སྙིང་རྗེ། ཁྱོད་ལ་ཁག་འཇོག་ས་དེ་ཙམ་ལས་རྙེད་མི་འདུག
ཧ་ཧ་ཧ་ཧ་ཧཧ་ཧ་་་་་དྲྭ་གྲོགས་འདྲེ་རིག་ལྡན་ལགས་དགོངས་པ་མ་འཚོམས། ངས་སྐབས་འདིའི་དམིགས་ཡུལ་གཙོ་བོ་དྲྭ་གྲོགས་མང་པོ་ཞིག་གིས་ཁ་སྐད་དམ་ཡུལ་སྐད་མང་པོ་ཞིག་དྲྭ་ཐོག་ཏུ་བྲིས་ཡོང་གིན་འདུག་པས་དེ་ཡག་པོ་མི་བསམ་པ་ཡིན་མ་གཏོགས་གཞན་གང་ཡང་མིན། ས་ཁུག་ལུང་ཁུག་གི་སྐད་འདྲ་མིན་སྣ་ཚོགས་ཡིག་ཐོག་ཏུ་འབྲི་རྐྱང་བྱས་ན་བོད་སྤྱི་པའི་སྐད་ཡིག་གཅིག་གྱུར་ལ་གནོད་ཀྱི་འདུག་བསམ་ནས་ཀུན་སློང་རྣམ་དག་ཅིག་ཡིན།
གཙོ་བོ་ང་ཚོའི་གཞུང་གིས་སྐད་གང་བེད་སྤྱོད་གཏོང་གིན་དེ་ལ་བསམ་བློ་གཏོང་རྒྱུ་གནད་འགག་ཆེན་པོ་རེད།་གཞུང་སྐད་འདིའི་སྒང་ལ་ཚང་མ་གཅིག་གྱུར་ཡོང་ཐབས་ལ་བརྩོན་གྱི་གལ་ཆེན་པོ་རེད། འདི་ང་རང་གི་བསམ་ཚུལ་ཙམ་ཡིན་ནོར་བ་ཡོད་ན་དགོངས་དག་ཞུ།
གོང་ས་མཆོག་གི་བཀའ་སློབ་གང་འདྲ་ཞི་ཡིན་རུང་། མི་མཐོ་དམན་བར་གསུམ་གྱི་སེམས་ཁམས་ལ་གོ་དོན་ཟབས་མོ་རེ་སྟེར་ན་ཡང་པདྨར་འཚོན་ན། གཡག་ཞར་གྱི་རྩ་ཟ་སྟང་རེད་།
” ས་ཁུག་ལུང་ཁུག་གི་སྐད་འདྲ་མིན་སྣ་ཚོགས་ཡིག་ཐོག་ཏུ་འབྲི་རྐྱང་བྱས་ན་བོད་སྤྱི་པའི་སྐད་ཡིག་གཅིག་གྱུར་ལ་གནོད་ཀྱི་འདུག་བསམ” པའི་ཁྱོད་ཀྱི་ས་ཁུག་ལུང་ཁུག་དག་གང་དག་ཡིན་ནམ། ཁྱོད་ལ་ལྟོས་པའི་ས་ཁུག་ལུང་ཁུག་དག་གཞན་གྱི་སྣང་ངོར་ས་ཁུག་ལུང་ཁུག་ཨེ་ཡིན། ང་ལ་ལྟོས་པའི་ས་ཁུག་ལུང་ཁུག་དག་ཁྱོད་ཀྱི་སྣང་ངོར་གང་འདྲ་ཞིག་ཡིན་ནམ། ལར་ནས། ས་ཁུག་ལུང་ཁུག་དག་གི་ཁ་སྐད་ཕུད་པའི་ཤུལ་ན་བོད་སྤྱི་བའི་སྐད་ཟེར་བ་ཞིག་ཁྱོད་ལ་འཇོག་རྒྱུ་གང་ཡོད། སྐད་ཆ་སོམས་ལ་ཤོད། རྩམ་པ་ལྡོད་ལ་མུད། ཟེར་བ་ཞིག་གོ་མྱོང་ཡོད་དམ། གོང་གི་ཁྱོད་ཀྱི་སྐད་ཆ་དེ་ལས་ཁྱོད་ལ་སྐད་ཡིག་ཅེས་པའི་བརྡ་ཆད་པའི་གོ་དོན་སྤྱི་བམ་པ་ཙམ་ཞིག་ཀྱང་མེད་པ་གསལ་སྟོན་བྱས་འདུག་པ་མ་ཟད། མཐའ་ན་སྤྱི་ཚོགས་བརྟིང་བརླིང་དང་མཐུན་སྒྲིལ་ལ་བསམ་བཞིན་དུ་གནོད་སྐྱེལ་འདོད་པའི་ཀུན་སློང་ངན་པ་ཞིག་ཡོད་པའི་བདེན་དཔངས་བྱས་འདུག་པ་ཤེས་པར་གྱིས། མིང་རྫུན་འོག་གི་བྱབ་ཆུང་མང་པོས་དྲ་བའི་སྨྲ་བརྗོད་རང་དབང་གི་ཁོར་ཡུག་འདི་བེད་ལོག་བྱས་ནས་གླང་སྤྱོད་སྟོན་རྒྱུ་མང་དྲགས་མེད་ན་ཉུང་མི་འདུག
ད་དུང་གོ་མ་སོང་ན་ངས་གཅིག་གཅིག་གཉིས་གཉིས་བྱས་ནས་བཤད་ཆོག
གསལ་བཤད།
གོང་དུ་རྫོང་དཔོན་ཟེར་བ་ངའི་ལས་རོགས་ཉི་མ་རྒྱལ་མཚན་གྱི་མིང་འདིར་ལྷག་འདུག་པ་དེ་རེད། དོ་བདག་ང་འདྲེ་རིག་ལྡན་ཡིན་པའི་གསལ་བཤད་དུ།
ད་ལྟའི་དུས་འདིར། བོད་ལ་”ཁ་སྐད་གཅིག་གྱུར་”ཞིག་མེད་པ་ལས་ཡིག་སྐད་གཅིག་གྱུར་ཞིག་མི་འདུག་ཟེར་མཁན་མི་འདུག་ལ་ཡོད་ཀྱང་དེ་ནི་སྨྱོན་པ་ཞིག་ཡིན་ངེས་རེད། ཁ་སྐད་གཅིག་གྱུར་ཞིག་དགོས་ན་དེ་ལ་གཅིག་གྱུར་མ་ཡིན་པའི་ཁ་སྐད་མང་པོའི་ནང་ནས་གཅིག་བདམས་ནས་ཚང་མས་ཁ་སྐད་དེ་ཉིད་སྦྱངས་དགོས་པའམ། ཡང་ན། ཁ་སྐད་རེ་ཟུང་གི་ལེགས་ཆ་ལེན་པ་དང་ཞན་ཆ་དོར་ནས་འབབ་གཞི་ཐུན་མོང་བ་ཞིག་བཟོ་རྒྱུ་དེ་རེད།
དེས་ན། བོད་ཆོལ་ཁ་གསུམ་དང་། བཙན་བྱོལ་སྤྱི་ཚོགས་བཞི་བོ་མདུན་དུ་བཀྲམས་ནས་བསམ་བློ་ཞིག་བཏང་ན། བཙན་བྱོལ་དུ་བོད་མི་འབུམ་གཉིས་ལས་མེད། དབུས་གཙང་(ཁམས་ཀྱི་ས་ཁྱོན་གང་འཚམས་ཚུད་པའི་ད་ལྟའི་བོད་རང་སྐྱོང་ལྗོངས་)ཁྱོན་ཡོངས་སུ་མི་གྲངས་ས་ཡ་གཉིས་བརྒལ་ཙམ་ལས་མེད། འོན་ཀྱང་། ས་ཡ་གཉིས་འདི་ལ་གཅིག་གྱུར་གྱི་ཁ་སྐད་ཅིག་ཡོད་དམ། ལྷ་སའི་ཁ་སྐད་འདི་བཤད་མཁན་གྱི་མི་གྲངས་ཁྲི་གཉིས་ལས་མེད་ལ། མི་འབོར་འདིས་བཤད་ཀྱིན་པའི་སྐད་དེ་གཙང་གིས་ཕར་ཟད། འཕན་པོ་བས་ཀྱང་གོ་དཀའ་བ་རེད། སྟོད་དང་མངའ་རིས་བས་གོ་རྒྱུ་ནི་ཕ་རིའི་སྤང་རྒྱན་རེད།
མདོ་སྟོད་སྨད་གཉིས་ལས་མདོ་སྨད་ལ་ཆ་མཚོན་ན། རོང་འབྲོག་གཉིས་སུ་ཕྱེ་བའི་འབྲོག་སྐད་དེ་མདོ་སྨད་ཀྱི་ས་གང་དུ་སོང་ནས་བཤད་ཀྱང་གོ་ཐུབ་པ་ཙམ་དུ་མ་ཟད། དེ་ནི་ཨ་མདོའི་སྤྱི་སྐད་དུ་ཡོངས་གྲགས་སུ་ཁས་ལེན་བྱས་ཡོད་པ་རེད། མདོ་སྟོད་ལ་ཡང་གོང་མཚུངས་ལྟར་སྤྱི་སྐད་ཅིག་མེད་པ་མ་ཟད། ཨ་མདོའི་འབྲོག་སྐད་བཤད་མཁན་གྱིས་མདོ་སྟོད་ཡོངས་ཀྱི་བརྒྱ་ཆ་གང་འཚམས་ཟིན་ཡོད་པས་ན། བོད་ཆོལ་ཁ་གསུམ་གྱི་ཁ་སྐད་དག་ལས་ཁྱབ་ཆེ་ཤོས་དེ་ཨ་མདོའི་ཁ་སྐད་ཡིན་པ་ཙམ་དུ་མ་ཟད། བོད་ཀྱི་བརྡ་སྤྲོད་པའི་གཞུང་དག་ཐག་ཉེ་ཤོས་དང་། ཨ་མདོའི་འབྲོག་སྐད་བཤད་མཁན་གྱིས་བོད་མི་སྤྱིའི་གྲངས་འབོར་གྱི་བརྒྱ་ཆ་ལྔ་བཅུ་ལས་སླ་བོའི་ཐོག་ནས་བརྒལ་ཡོད་པ་ཚོད་དཔག་བྱེད་ཐུབ་པ་འདུག ད་དུང་། བོད་ཡིག་ཤེས་མཁན་གྱི་བརྒྱ་ཆ་བགར་ན། ཨ་མདོའི་འབྲོག་སྐད་བཤད་མཁན་གྱི་བོད་ཡིག་ཤེས་མཁན་གྱིས་བོད་ཡིག་ཤེས་མཁན་གྱི་སྤྱིའི་བརྒྱ་ཆ་ལྔ་བཅུ་དྲུག་བཅུ་བརྒལ་ཡོད་ངེས་རེད།
འདིས་ཐད་ཞིབ་འཇུག་རང་བཞིན་གྱི་གྲུབ་དོན་འཚོལ་ཆོག་ཆོག་རེད།
སྤྱི་སྐད་ཅེས་པ་དབུས་སྐད་ལ་གོ་དགོས་པ་རེད། བཚན་བྱོལ་བོད་གཞུང་གི་སྐད་གང་རེད་དེ་ལ་བསམ་བློ་ཐོངས་དང་། ད་ལྟའི་བོད་རང་སྐྱོང་ལྗོངས་སུ་བོད་མི་སུམ་ཁྲི་མ་ཟིན་ཙམ་ཞིག་ཡོད་པ་རེད། དེ་རྗེས་མི་འབོར་མང་ཤོས་ཁམས་པ་རེད། ཁམས་པ་མང་ཆེ་བའི་སྐད་དབུས་སྐད་ཧ་ཅང་ཐག་ཉེ་བོ་ཡིན་པས་ཕལ་ཆེར་གོ་བ་ལེན་ཐུབ་མིན་ལ་དཀའ་ངལ་མེད་པ་དེ་འདྲ་རེད། ཨ་མདོ་དང་ཁམས་ཁུལ་ཁ་ཤས་ཤིག་ལ་འབྲོག་སྐད་ཤོད་མཁན་དེ་ཁྱབ་ཅུང་ཆེ་བ་ཡོད་ཀྱང་གཞི་རྩའི་བོད་པ་ལྟོས་པའི་འཛམ་གླིང་སྤྱི་སྐད་དེ་དབུས་གཙང་གི་སྐད་འདི་ག་རང་རེད། མཛམ་གླིང་གི་མི་སུ་ཞིག་གིས་བོད་སྐད་སྦྱང་ན་དབུས་སྐད་སྦྱང་གི་རེད། ལྷག་པར་རྒྱལ་བ་རིན་་པོ་ཆེའི་གསུང་དེས་མཆོག་དམན་ཚང་མ་ལ་གོ་ཟབ་མོ་སྟེར་བའི་ཁྱད་ཆོས་ཡོད་པ་ཡང་དབུས་སྐད་ཀྱི་ཁྱག་ཆོས་རེད།
བོད་ཡིག་གཅིག་གྱུར་ཡོད་མེད་དེ་སྔོན་མའི་མཁས་པ་རྣམས་ཀྱི་གསུང་ལ་བལྟས་ན་བོད་ཡོངས་རྫོགས་ཡི་གེ་གཅིག་གྱུར་བྱུང་ཡོད་ན་ཡང་དེང་སང་གི་མཁས་བླུན་མང་པོ་ཞིག་གིས་རང་རང་གི་ལུང་པའི་སྐད་སྣ་ཚོགས་ཡིག་ཐོག་ཏུ་འབྲི་བཞིན་པ་དེསབོད་ཡིག་གཅིག་གྱུར་ཡོང་བ་ལ་གནོད་ཀྱི་འདུག དེར་བརྟེན་ཁ་སྐད་མང་པོ་ཡིག་ཐོག་ཏུ་མ་འབྲི་རོགས་སྔོན་གྱི་གསུང་རབས་རྣམས་ཀྱི་བརྡ་ཆད་གཞིར་བཟུང་བྱས་ཏེ་བྲིས་ན་ཡག་པོ་རེད་ཟེར་གྱི་ཡོད།
ཨ་མདོའི་འབྲོག་སྐད་ཤོད་མཁན་གྱིས་བོད་མིའི་བརྒྱ་ཆ་ཉི་ཤུ་ལྷག་ལས་སུམ་ཅུ་རྩ་བ་ཉིད་ནས་ཟིན་གྱི་མ་རེད་བྱས་ཙང་ཁྱོད་ཀྱིས་བཤད་པ་དེ་ལ་གནས་ལུགས་མིའདུག་ཟེར་གྱི་ཡིན། ཨ་མདོ་དང་ཁམས་ཁུལ་མང་ཆེ་བ་ལ་རུང་སྐད་ཟེར་བའི་ཧ་ཅང་འཁྲེགས་པོ་ཞིག་ཀྱང་ཡོད་པ་རེད་དཔེར་ན། རྒྱ་རོང་གི་མཐའ་མཚམས་དང་དཀར་མཛེས་རང་སྐྱོང་ཁུལ་གྱི་མཐའ་མཚམས་ཀྱི་རྫོང་ཁག་ཁ་ཤས་ཀྱི་རྒྱ་སྐད་མ་གཏོགས་བོད་སྐད་རྩ་བ་ཉིད་ནས་མི་ཤེས་པའི་གནས་སྟངས་ཤིག་ཆགས་ཡོང་གི་ཡོད་པ་རེད། རྒྱུ་མཚན་དེ་ལྟ་བུའི་གནས་སྟངས་འོག་ང་ཚོ་བོད་པ་ཡོངས་རྫོགས་སྐད་ཡིག་གཅིག་གྱུར་ཡོངས་ཐབས་ལ་ཐུགས་བསམ་བཞེས་དགོས་པ་རེད་ལགས།
སྐད་ཡིག་གཅིག་གྱུར་ཟེར་དུས། སྐད་དང་དེར་མཐུད་པའི་ཡི་གེ་རེད། ཁ་ནས་བཤད་ཀྱིན་པའི་སྐད་དང་ལག་ནས་འབྲི་བཞིན་པའི་ཡི་གེ་གཉིས་ལ་གཅིག་དོར་གཅིག་ལེན་བྱེད་རྒྱུ་ཞིག་མེད་པ་སྐད་ཡིག་གི་གྲུབ་ལུགས་ཤེས་མཁན་ཞིག་ཡིན་ན་ཧ་གོ་དོན་གསལ་རེད།
བཙན་བྱོལ་བོད་གཞུང་གི་སྐད་གང་ཡིན་པ་དེ་སྤྱི་སྐད་ཡིན་ཟེར་ན་དེ་བོད་དབུས་སུ་དར་ཆེ་བའི་ལྷ་སའི་སྐད་དེ་མ་རེད་ཟེར་རྒྱུ་ཡིན། གལ་སྲིད་ཁྱེད་རང་གིས་ལྷ་སའི་སྐད་ཀྱི་སྒྲ་འབྱིན་ལུགས་དང་བྱ་ཚིག་གི་ཚིག་གྲོགས་སྦྱོར་ལུགས་ལ་རྒྱུས་ལོན་ཏོག་ཙམ་བྱེད་ཐུབ་ན་ས་རྡོ་གཉིས་ཀྱི་རྣམ་དབྱེ་འབྱེད་ཐུབ་རྒྱུ་རེད།
ཁམས་སྐད་ལྷ་སའི་སྐད་དང་ཐག་ཉེ་བ་འདུག་ཟེར་བ་ལས་འབྲུག་སྐད་ལྷ་སའི་སྐད་དང་ཐག་ཉེ་བ་འདུག་ཟེར་ན་དེར་ད་དུང་རྒྱུ་མཚན་བཤད་རྒྱུ་མང་པོ་འདུག་བསམ། འདིའི་རིགས་ལ་ཉམས་ཞིབ་བྱེད་འདོད་ན། དངོས་པོ་རང་སྟེང་གི་གནས་ལུགས་ལ་དབྱེ་ཞིབ་བྱེད་དགོས་པ་ལས་རང་གི་ཞེན་འདོད་ལ་དབྱེ་ཞིབ་བྱེད་པ་ཡིན་ན་ཁྱོད་ལ་ཐོབ་པའི་གྲུབ་དོན་དེ་དེ་ཙམ་རེད།
ཕྱི་གླིང་བ་བོད་སྐད་སྦྱངས་མཁན་ཚང་མས་ལྷ་སའི་སྐད་ཁོ་ནས་སྦྱངས་ཀི་འདུག་ཟེར་བ་ཁྱོད་རང་གིས་གང་མཐོང་བ་དེ་རེད་མ་གཏོགས་ཨམ་སྐད་སྦྱངས་བརྒྱ་ཕྲག་ལྷག་ནུབ་བྱང་མི་རིགས་སློབ་གླིང་གཅིག་པུར་ཡང་འདུག་ཟེར། ལ་ལ་ཞིག་དང་མཉམ་དུ་ཁ་བརྡ་ཡང་བྱས་མྱོང་། གཅིག་གིས་ད་དུང་ཨ་མདོའི་སྒྲ་སྙན་རྡུང་ལེན་ཡང་ལེན་གིན་འདུག་པ་དེ་རེད།
བོད་ཀྱི་རིག་གནས་ཆེ་ཆུང་ཀུན་འདུས་པའི་གཞུང་ལུགས་ཀྱི་སྡེབ་སྦྱོར་དང་མཐུན་དགོས་པའི་བོད་ཡིག་འབྲི་དགོས་འདུག་ཟེར་བ་གལ་ཆེན་པོ་ཡིན་པ་ཀུན་མཐུན་གྱི་བསམ་ཚུལ་ཞིག་རེད། ཡིན་ན་ཡང་། བཙན་བྱོལ་དུ་བཤད་བཞིན་པའི་སྐད་འདི་དེ་དང་མཐུན་པ་འདུག་ཟེར་ན་དེ་གད་མོ་འཆོར་བའི་རྒྱུ་ལས་གཞན་མ་རེད། སྐད་ཡིག་ཟེར་བ་འདི་མདོར་བསྡུས་ནས་བཤད་ན་མིང་དང་ཚིག་གི་གྲུབ་ལུགས་ཀྱི་ཁྱད་པར་ལས་གཞན། མིང་ཚིག་གཉིས་འདུས་ཀྱི་བརྗོད་པ་དེ་ཉིད་སྤེལ་བའི་སྦྱོར་ལུགས་ཤིག་ལ་ཟེར་བ་རེད། བཙན་བྱོལ་ནང་གི་སྐད་འདི་བོད་ཀྱི་བརྡ་སྤྲོད་ལུགས་ཀྱི་ཚད་ཐིག་སྒང་ནས་བཤད་ན། ཤ་ཟའི་སྐད་ཀྱི་དོད་དུ་གསོན་པོར་བཞེངས་འདུག་པའི་དཔེར་མཚོན་ཞིག་རེད། གོང་གི་ཁྱོད་ཀྱི་བསམ་ཚུལ་དེ་ལས་ཤེས་ཐུབ་པ་ནི། ཁྱོད་ལ་བཙན་བྱོལ་ནང་གི་སྐད་ཀྱི་གཤིས་ལུགས་ལ་རྒྱུས་མངའ་མེད་པ་བསྟན་པ་རེད།
ཁྱེད་རང་གིས་་་་ རྒྱལ་བ་རིན་པོ་ཆེའི་་སྐད་་་་ཟེར་ནས་རང་ཉིད་ལ་རྒྱབ་བརྟེན་འཚོལ་གྱིན་འདུག་མོད། རྒྱལ་བ་རིན་པོ་ཆེས་དབུས་སྐད་གསུངས་པ་འདི་བཙན་བྱོལ་ནང་གི་སྐད་མ་རེད། འདི་ལྷ་སའི་སྐད་རེད། རྒྱུ་མཚན་ནང་འགལ་བྱུང་འདུག
དེ་ཙམ་དུ་མ་ཟད། རྒྱལ་བ་རིན་པོ་ཆེས་དབུས་སྐད་གསུངས་པའི་རྒྱུ་མཚན་གྱིས་བོད་ཀྱི་སྤྱི་སྐད་དེ་ཉིད་ཡིན་དགོས་ཟེར་ན། ངས་པན་ཆེན་སྐུ་གོང་མས་གཙང་སྐད་གསུངས་པའི་རྒྱུ་མཚན་གྱིས་བོད་སྤྱི་སྐད་གཙང་སྐད་ཡིན་དགོས་ཟེར་ཆོག་གི་འདུག
བོད་ཆོལ་ཁ་གསུམ་ལས་ཁམས་ཀྱི་མི་འབོར་མང་ཤོས་ཡིན་ཟེར་བ་འདི། སྔ་དུས་སུ་ཡིན་པ་ལས་ད་ལྟ་མ་རེད། མཚོ་སྔོན་དང་། ཟི་ཁྲོན། ཀན་སུའུ། བོད་ལྗོངས། ཡུན་ནན་བཅས་སུ་དབྱེ་འབྱེད་བྱས་པའི་ད་ལྟའི་བོད་ཡུལ་ཧྲིལ་པོའི་མི་འབོར་ལ་ལྟོས་དང་གསལ་བོ་ཤེས་ངེས་རེད།
བཙན་བྱོལ་ནང་གི་མི་འབོར་འབུམ་གཉིས་ལས་བོད་ཡིག་གི་ཡིག་རྨོངས་པའི་བརྒྱ་ཆ་ལྔ་བཅུ་བརྒལ་ཡོད་ཟེར་ན་ཆོག་ལ། བཙན་བྱོལ་སྤྱིའི་མི་འབོར་གྱིས་བོད་ས་ཡོངས་ཀྱི་མི་འབོར་གྱི་བརྒྱ་ཆའི་གསུམ་ལས་ཟིན་མེད།
ད་དུང་བཤད་རྒྱུ་ཞིག་ལ། ཁྱོད་རང་གི་གོང་རྩོམ་གི་ཞེན་འདོད་ལྟར་འགྲོ་དགོས་ན། ད་ལྟའི་བོད་ཡུལ་ཡོངས་སུ་དབུས་སྐད་བཤད་མཀན་དང་། གཙང་སྐད་། སྟོད་པའི་སྐད། མངའ་རིས་སྐད། ཨམ་སྐད། ཁམས་སྐད་བཅས་ལས་བོད་སྐད་བཤད་མཁན་ཞིག་རྩ་བ་ཉིད་ནས་མེད་པར་གྱུར་འདུག་པ་དགོངས་འཇགས་འཚལ།
སྤྱི་ལོ་ ༢༠༠༡ ལོར་ངའི་གྲོགས་མོའི་ཨ་མ་(གཉིས་ཀ་ས་སྐྱེས་རྡོ་སྐྱེས་ཀྱི་ལྷ་ས་བ་ཡིན) རྡ་སར་འབྱོར་ཞིང་། སློབ་གྲྭའི་ཟླ་གཉིས་ཀྱི་དགུན་ཁའི་གུང་གསེང་རིང་ལ་རྡ་སར་བསྡད། ཉིན་ཞིག་ལ་ང་ཚོ་མཉམ་དུ་གླིང་སྐོར་ལ་འགྲོ་དུས། སྐོར་ལམ་གྱི་རྨོ་མོ་དག་གིས་ཕན་ཚུན་ཅིག་བཤད་ཞོར་དང་འགྲོ་ཞོར་བྱེད་ཀྱིན་འདུག་པ་དང་། གྲོགས་མོའི་ཨ་མས་ང་ལ། “བུ། ཁྱེད་རང་གིས་རྨོ་མོ་དེ་ཚོའི་སྐད་གི་གི་འདུག་གམ” ཟེར། ངས་གོ་གི་འདུག་ཅེས་ལན་བཏབ་དུས། མོས་ ཨ་ལེ། ངས་ནི་རྐང་གཅིག་ཀྱང་གོ་གི་མི་འདུག་ཟེར།
ལྷ་ས་བ་ཞིག་གློ་བུར་ཏུ་རྡ་སར་འབྱོར་དུས། གཞིས་ཆགས་ཚོའི་སྐད་ཆ་ལམ་སེང་གི་དཀའ་སེ་ཡོད་པ་ཡང་དོན་དངོས་རེད།
ང་ཆུང་དུས་ལྷ་སར་ཐོན་དུས་ལྷ་སའི་སྐད་རྐང་གཅིག་གོ་གི་མི་འདུག་ལ། མཐའ་ན་རྒྱ་གར་ལ་འབྱོར་དུས་རྒྱ་སྐད་བཤད་ན་གོ་སླ་ཤོས་དེ་རེད་འདུག སྲིད་དོན་རྒྱལ་རབས་ཀྱི་ཤོག་ངོས་རེ་ཟུང་བཀླགས་རུང་། དོན་འདི་རེད་སྙམ་པ་ཞིག་ཡིད་ངོར་བབས་མྱོང་བ་དྲན་རྒྱུ་མི་འདུག
གོ་དཀའ་བ་རྒྱུ་མཚན་དུ་འགོད་པ་འདི་མཁས་པའི་དབྱེ་ཞིབ་བྱེད་ལུགས་ཤིག་མ་རེད།
སྐད་ཡིག་གཅིག་བསྒྱུར་ཟེར་དུས་ལུང་ཚན་ཞིག་གི་ཁ་སྐད་བོད་ཡིག་ནང་སྤྱོད་རྒྱུ་ཡང་དེ་བས་མ་རེད།
སྐད་ཡིག་གཅིག་བསྒྱུར་ཟེར་བ་དེ་ཕ་མེས་གདོད་ནས་བྱུང་བའི་ལོ་རྒྱུས་དག་ལ་བསམ་གྷགཞིག་བྱེད་རྒྱུ་གལ་ཆེན་པོ་རེད་ལ་།
ཆོས་རྒྱལ་མེས་འབོན་རྣམ་གསུམ་སྐུ་དྲིན་ལ་བསམ་གཞིག་ནན་མོ་བྱེད་བཞིན།
དེ་ལ་གཞན་སྐད་དང་ལུང་ཚན་ལ་ཞེན་ཁོག་གིས་སྲེས་ལྷད་མེད་པར་ཆོལ་གསུམ་ཚང་མའི་སྔོན་གྱི་སྐད་ཡིག་ཏེ་གཅིག་བསྒྱུར་མ་ཉམས་པར་སྤྱད་པ་ཡིན་ན་དེ་ག་རང་སྐད་ཡིག་གཅིག་བསྒྱུར་ཆགས་སྡད་ཡོད་རེད་།
ཤེས་པར་གྱིས་ྲ།
གཞན་ན་རྩོམ་ཡིག་འདི་ཧ་ཅང་གལ་ཆེན་ཡིན་པ་མཐོང་སོང་བ་མ་ཟད། ཞེན་ཁོག་ཅན་དག་གི་མགོ་ལ་སྤུས་གཙང་ཞིག་གཞིས་འདུག་བཀའ་དྲིན་ཆེ། ལྷག་དོན་དུ་སྨུག་གི་རེ་ཱའཛིན་ཤེས་ཚད་ཀྱིས་རང་རེ་བོད་བཙན་བྱོལ་བ་འདི་ཚོ་ཞེན་ཁོག་ཁོ་ནའི་རང་རྒྱུད་བཅངས་ནས་རང་ཕྱོགས་ཁོ་ན་གཞན་སྤྱི་དོན་སེམས་ཁུར་ཉིན་མོའི་སྐར་མ་གཅིག་པ་གཅིག་ྲརྐྱང་རེད།
གོ་རྒྱུ་ཅང་མི་འདུག
བོད་ཡིག་བྲིས་ན་བོད་སྐད་ཐོག་མ་བྲིས་ན་གོ་ཐུབ་པ་མི་འདུག་ལགས
གཞས་བཏང་། ཁ་ལག་བཏང་། མོ་ཊ(རླངས་འཁོར་)བཏང་། སྦག་སྦག་བཏང་། གླིང་བུ་བཏང་། སྒྲ་སྙན་བཏང་། ཡི་གེ་བཏང་། སྐད་བཏང་། ཞིང་ལ་ཆུ་བཏང་། ཁ་པར་བཏང་། རོལ་ཆ་བཏང་། རྟ་བཏང་། རླུང་རྟ་བཏང་། བསངས་བཏང་། འཕྲིན་བཅོལ་བཏང་། བཏང་བཏང་བཏང་བཏང་བཏང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
བྱ་ཚིག་དང་ཚིག་གྲོགས་ཀྱི་མུ་གེ་ཐེབས་པ་ནི་ཡིན་རྒྱུ་མ་རེད།
གི་གུ་དང་ཞབས་ཀྱུ་གཉིས་ཀྱི་ཁྱད་པར་མེད་པ་འདི་ཅི་ཞིག་རེད། མི་མུ། ཀི་ཀུ་་་་གི་གུ་་དབྱངས་ཡོད་པ་དང་མེད་པ་ལ་ཁྱད་པར་མེད་ཅི་ཞིག་རེད་་་་མིང་ལ་་་མང་། དབྱིངས་ལ་་་དབྱངས།
ཀ་དང་ག་་་་ཅ་དང་་་་་ཇ། ཏ་དང་་་་་་་་ད་འདི་ཚོས་ཁྱད་པར་ལ་ལྟོས།
དེ་ཁྱེད་རང་གིས་བཤད་པ་བདེན་པ་རེད་དོ།
ཡུན་རིང་བའི་ལོ་རྒྱུས་ཀྱིས་ཁྲོད་ཁ་འཐོར་དང་འབྲེལ་མེད་དུ་གནས་པའི་སྤྱི་ཚོགས་ཤིག་ལ་བརྒྱ་ཁ་གཅིག་གཅོད་ཀྱི་གསར་བརྗེ་འདི་འདྲ་ཞིག་བྱེད་དགོས་ཟེར་ན་དེ་ནི་དཀའ་བའི་ལས་ཤིག་ཡིན་པ་མ་ཟད། གོང་དུ་བྲིས་ཡོད་པ་ལྟ་བུའི་ཁ་ཕྱོགས་ཤིག་བཟུང་ན་སོང་ན་དེར་གྲུབ་འབྲས་སྐྱུགས་བྲོ་བ་ཞིག་ལས་ཡོང་རྒྱུ་མེད། དེ་བས། ང་ཚོས་དུས་ཚོད་ལ་ངང་སྒུག་གིས་འཕེལ་འགྱུར་རང་བཞིན་གྱི་འགྱུར་བ་ཞིག་ལ་བསྟུན་དགོས་རྒྱུ་རེད་འདོད། དེ་མིན། ར་མགོ ལ་མགོ ས་མགོ་དང་མིང་གཞི་རྐྱང་པའི་ཡི་གེ་གང་ལ་ཡང་སྒྲ་གདངས་གཅིག་མཚུངས་སུ་ཡོད་པ་ཞིག་འདོན་དགོས་ཟེར་ན་ཕྱོགས་གཅིག་གི་སྣང་ངོར་རྒྱུ་མཚན་མེད་པ་ཞིག་ཡིན་རྒྱུ་རེད་ལ། གི་གུ་དང་ཞབས་ཀྱུ་གང་ཡིན་ལ་སྒྲ་གདངས་གཅིག་མཚུངས་འདོན་པ་ཞིག་བྱེད་དགོས་ཟེར་ན་ཕྱོགས་གཞན་གྱི་སྣང་ངོར་བདེ་བོ་ཞིག་ཡིན་རྒྱུ་མ་རེད།
ལར་ནས། ཁ་སྐད་གཅིག་གྱུར་བྱེད་དགོས་ཟེར་ན། སྟོད་པ་དང་། མངའ་རིས། གཙང་པ། དབུས་པ་བཅས་པའི་དབུས་གཙང་ཁྱོན་ཡོངས་ལ་གཅིག་གྱུར་གྱི་ཁ་སྐད་ཅིག་བཟོ་དགོས་ན་ཡང་ལོ་ངོ་མང་པོ་མང་པོ་ཞིག་འགོར་རྒྱུ་རེད་ལ། མདོ་སྟོད་ལ་མཚོན་ན་ཡང་ཨམ་སྐད་བཤད་མཁན་སྐོར་གྱིས་ལམ་སེང་ཁ་སྐད་གཞན་ཞིག་ཤོད་དགོས་ཟེར་ན་ཁག་སེ་ཡོད་རྒྱུ་རེད།
ཨ་མདོ་ལ་གདོད་མ་ནས་སྤྱི་སྐད་ཅིག་གྲུབ་འདུག་པ་དེ་རེད།
འཆར་སྒོ་སྣ་ཚོགས་པ་སུ་ལ་ཡང་སྐྱེ་སླ་མོད། ལག་ལེན་དོན་ཐོག་ཏུ་འཁེལ་བ་ཞིག་སྐྱོང་རྒྱུ་དཀའ་ཙམ་ཡིན་པ་རེད།
དབུང་གཙང་ཡོངས་རྫོགས་སྐད་གཅིག་གྱུར་རེད་འདུག་པས་དོགས་པ་གང་ཡང་བྱེད་དགོས་མི་འདུག
ཧ ཧ ཧ བྱས་ན་ད་སྐད་གཅིག་གྱུར་བྱེད་དགོས་ས་ཕལ་ཆེར་མི་འདུག་པས་དེ་རིང་ནས་བཟུང་སྐུ་ངལ་གསོ་རོགས།
རིག་ལྡན་ལགས་་་
ངལ་བ་མ་བྱེད།
རྒྱུ་མཚན་འགྲོ་བའི་མི་ཅིག་རེད་མི་འདུག
ཁོང་དབུས་གཙང་བ་ཞིག་ཡིན་མིན་ཡང་ང་ལ་ཐེ་ཚོམ་ཡོད
དེ་ཕྱིར་་་བགྲོ་གླེང་འདི་ཕན་པ་ལས་གནོད་ཆེ་བར་མཐོང་།
དགོངས་དག་་་་ངའི་བསམ་ཚུལ་ཙམ་ཡིན་་་
ཨམ་སྐད་ནང་གི་གུ་དང་ཞབས་ཀྱུ་གཉིས་ལ་ཁྱད་པར་གཏན་ནས་མེད་པ་ཞིག་ཡང་མ་རེད། དཔེར་ན་། ཆིང་ཆིང་དང་ཆུང་ཆུང་། ཉིང་དང་ཉུང་། སྤིང་དང་སྤུང། ཐིང་དང་ཐུང་། གི་གུ་དང་གི་གི སྤྲེའི་དང་སྤྲེའུ།
འདྲེ་རིག་ལྡན་འདི་ཡང་དཔྱོད་ལྡན་ཞིག་རེད་འདུག་པས་བསམ་ཚུལ་བཏོན་པ་ལ་རྗེས་སུ་ཡི་རང་དང་ཐུགས་རྗེ་ཞུ་རྒྱུ་ཡིན།
དཔྱོད་ལྡན་པ་རྣམས་ཀྱིས་དགོངས་ཚུལ་འདྲ་མིན་མང་པོ་བཀོད་འདུག་པར་ཞིབ་ཏུ་བལྟས་རྗེས་ང་རང་གིས་ཀྱང་མཆན་བུ་ཐུང་ཐུང་ཞིག་འགོད་པར་སྤྲོ་སྣང་སླེབས།
བོད་ཀྱི་སྐད་ཡིག་ཟེར་བ་འདི་མཚམས་གང་འདྲ་ཞིག་ནས་ཐག་གཅོད་བྱ་དགོས་མིན་ཐད་བསམ་ཚུལ་འདི་ལྟར་བྱུང། དེང་སང་ང་ཚོ་བོད་ཁ་བ་གངས་ཅན་པ་རྣམས་ཀྱིས་ང་ཚོ་བོད་ཀྱི་སྐད་ཡིག་ཅིག་གླེང་བཞིན་པ་འདིས་བོད་ཆོལ་ཁ་གསུམ་པོའི་སྐད་ཡིག་མ་གཏོགས་གླེ་ལ་དྭགས་དང་འབྲུག་འབྲས་ལྗོངས་ཕྱོགས་ཀྱི་སྐད་ཡིག་ལ་ཁྱབ་མེད་པ་ལྟ་བུ་ཞིག་རང་བཞིན་དུ་ཚོར། འོན་ཀྱང་བོད་ཀྱི་སྐད་ཡིག་ཟེར་བ་དེ་ཙམ་དུ་བསམ་ན་ཁྱབ་ཆུང་བར་འདུག་སྙམ། གླེ་ལ་དྭགས་དང་འབྲུག་འབྲས་ལྗོངས་ཕྱོགས་ཀྱི་སྐད་ཡིག་དེ་བོད་ཀྱི་སྐད་ཡིག་ཅིའི་ཕྱིར་ན་མ་རེད། ཁོང་ཚོ་བོད་པ་མ་ཡིན་པའི་རྒྱུ་མཚན་གྱིས་ཁོང་ཚོའི་སྐད་ཡིག་དེ་བོད་ཀྱི་སྐད་ཡིག་མ་རེད་ཟེར་ན། སྐད་ཙམ་ལ་བསམ་བློ་གཏོང་རྒྱུ་འདུག་ཀྱང་ཡི་གེ་དེ་ཡི་གེའི་ཁུངས་རྙེད་པར་དཀའ་འོ།།
ད་ཡང་ང་རྗེས་སུ་ལྷག་འདུག་པས་དྲ་གྲོགས་ཚོས་བསམ་ཚུལ་ཧ་ཅང་མང་བཏོན་ཚར་འདུག་མོད་ཆང་མ་ཀློག་ཐུབ་ས་མ་རེད་འོན་ཀྱང་རང་ངོས་བོད་ཀྱི་སྐད་ཡིག་གཅིག་གྱུར་དེ་གལ་ཆེན་དུ་རྩིས་ནས་ཆ་ཤས་ཤིག་ལེན་འདོད་དྲ་གྲོགས་ཚོ་དང་མཉམ་དུ་སྐྱེས་སོང།
དང་པོ།་་སྐད་ཡིག་གཅིག་གྱུར་ཟེར་དུས་ག་འདྲ་ཞིག་ལ་གོ་རྒྱུ་ཡིན་མིན་དེ་ངོས་ཟིན་དགོས་ཀྱི་རེད།
དེས་ན་སྐད་ཟེར་དུས་ངག་ཐོག་ནས་བརྗོད་ལུགས་དང་ཡིག་ཟེར་དུས་དེ་གཟུགས་རིས་སུ་ཕབས་པ་ཤིག་ལ་གོ་རྒྱུ་ཡིན་ན་དེ་གཉིས་གཅིག་གྱུར་དེ་ཡང་བོད་ཙམ་མ་ཡིན་པར་ཕ་ལམ་སྐད་ཡིག་གྷགཞན་ལ་ཡང་ཡོད་པ་མ་རེད།
ཡིན་ན་ཡང་སྐད་ཡིག་གཉིས་རྣམ་པ་ཐམས་ཅད་ནས་གཅིག་མཚུངས་མ་ཡིན་ཀྱང་ཉེ་བོ་ཡོད་པ་རེད།
བོད་ལ་སྐད་ཡིག་གཉིས་ཀྱི་བར་ཐག་རྒྱང་ཆད་ཅིག་ཡོད་པ་ནི་སྐད་ཡིག་འཕེལ་ཕྱོགས་ལན་པ་རེད།་
དཔེར་ན་ཡི་གེ་ཟེར་དུས་སུམ་རྟགས་ལྟ་བུའི་གཞུང་ལུགས་ཤིག་གི་བཅད་རྒྱའི་འོག་འཚར་ལོངས་བྱུང་ཞིང་འཕེལ་ཕྱོགས་ཡན་གར་བ་ཞིག་བརྒྱུད་ནས་ལོ་ངོ་བརྒྱ་ཕྲག་མང་བོར་སྐྱེལ་བ་རེད།་དེ་ཡང་ཁྱབ་ཚད་ཁོང་ཡུག་ཆུང་ཆུང་ཞིག་ན་འཁོར་བ་རེད།་དེས་རྒྱུ་མཚན་གྱིས་སྐད་ལ་གཏང་འཛིན་བྱེད་ཐུབ་ཡོད་པ་མ་རེད།
སྐད་ནི་བོད་རིགས་ཡོད་དོ་ཅོག་གི་སར་ཁྱབ་ཡོད་མོད་འོན་ཀྱང་ཡུལ་ལུང་ཁ་ཐག་ཆད་པས་གདངས་དང་ཐ་སྙད་ལ་འགྱུར་བ་སྣ་ཚོགས་ཐེབས་ནས་བོད་ས་ཡོངས་ལ་འདྲ་མཚུངས་བྱུང་མེད་དེ་ནི་སྔ་ཡང་མ་བྱུང་ཕྱིས་སུ་ཡང་འབྱུང་མི་སྲིད་ཀྱང་སྐྱོན་མེད་དེ་ནི་སྐད་ཀྱི་ངོ་བོའི་ཆོས་ཉིད་ཅིག་རེད་ཡུལ་ཕྱོགས་གཞན་དང་གཞན་ལ་བསྟས་ན་ཤེས་རྒྱུ་རེད།་་་་་དེས་ན་ང་ཚོའི་བཤད་བཞིན་པ་དེ་སྐད་ཀྱི་ལག་ལེན་དང་སྐད་ཀྱི་གཞུང་ལུགས་གཉིས་གཅིག་གྱུར་རམ་ཉེ་བོ་ཞིག་བཟོ་རྒྱུ་དེ་ཡིན་ན་བོད་རིགས་བརྒྱ་ཆ་མང་ཤོས་ཡིག་རྨོངས་ལས་གྲོལ་དགོས་པ་དེ་ཐབས་མཆོག་རྨད་དུ་བྱུང་བ་རེད་སྙབྷན།།་་དེ་མ་བྱུང་བར་དུས་ཚོད་སྒུག་ནས་ཡོང་ཡ་ཡོད་པ་མ་རེད།
ཡང་སྐད་ཡིག་གཅིག་གྱུར་མིན་པ་དེ་ཆོལ་ཁ་གསུམ་གྱི་སྒྲ་གདངས་དང་ཐ་སྙད་གཅིག་གྱུར་མིན་པ་ལ་གོ་རྒྱུ་ཡིན་ན་དེ་ཡུལ་ལུང་ཕན་ཚུན་བར་འབྲེལ་འདྲིས་དགོས་ནི་རེད་དེ་ལས་གཞན་གྱི་ཐབས་ཤིག་ཡོད་རྒྱུ་མ་རེད་སྙམ།
ཡུལ་ལུང་ཕན་ཚུན་མིའི་བར་འབྲེལ་འདྲིས་གཏིང་ཟབ་བྱུང་ན་རང་བཞིན་གྱིས་གོ་བརྡ་མི་འཕྲོད་པ་དེ་སེལ་འགྲོ་ནི་རེད།་་་་
ངས་བལྟས་ན་བོད་སྐད་ཀྱི་གཞི་འཛིན་ས་དེ་ས་ཆ་བྱེ་བྲག་པ་ཞིག་གི་སྐད་ལ་ངོས་བཟུང་ན་ཐཤིན་ཏུ་ཁྱབ་ཆུང་དྲག་པ་རེད་སྙམ། དེས་ན་བོད་ཡིག་གཞིར་བཟུང་བའི་སྐད་རིགས་ཚང་མ་བོད་སྐད་རེད་ཟེར་ན་སྐྱོན་ཅི་ཡོད། དབུས་སྐད་གཅིག་བུ་ལས་གཞན་མདོ་ཁམས་དང་འབྲུག ལ་དྭགས་སོགས་ཀྱི་སྐད་བོད་སྐད་མ་རེད་ཅེས་བརྗོད་ན་ཅུང་ཨེ་འགྲིག་སྙམ་མཁས་དབང་་ཚོས་དཔྱད་རྒྱུ་གལ་ཆེ།