Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འབྲུག་རྒྱལ་བོའི་འཁྲུངས་སའི་རྟེན་འབྲེལ།

Posted on 2011-10-132011-10-15 By ཁ་བརྡ་ 26 Comments on འབྲུག་རྒྱལ་བོའི་འཁྲུངས་སའི་རྟེན་འབྲེལ།

kingwed1
སངས་རྒྱས་རྒྱ་མཚོ།

འཛམ་གླིང་གི་ཆེས་ལོ་ན་གཞོན་ཞིང་དགུང་ལོ་༣༡་ཡིན་པའི་འབྲུག་གི་རྒྱལ་བོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་གིས་དེ་རིང་སྤྱི་ཟླ་བཅུ་བའི་ཚེས་༡༣་ཉིན་ཏེ་གཟའ་ཕུར་བུ་ལ་འབྲུག་གི་ཆུ་བོ་ཕོ་ཆུ་དང་མོ་ཆུ་ཟེར་བ་གཉིས་འཛོམས་སའི་གནས་ཏེ་པུ་ན་ཁ་རྫོང་དུ་མཛེས་སྡུག་གི་ཡོན་ཏན་ཡོངས་སུ་རྫོགས་ཤིང་ལོ་ན་ཉེར་གཅིག་ཡིན་པའི་རྒྱལ་བོའི་བག་མ་རྗེ་བཙུན་པད་མ་མཆོག་འབྲུག་ཡུལ་མི་དམངས་ཀྱིས་ཡིད་ཆེས་ལྡན་པའི་སྲོལ་རྒྱུན་ཆོས་ལུགས་ཀྱི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་རྒྱ་ཆེན་པོ་ཞིག་དང་མཉམ་དུ་རྒྱལ་བོའི་ཁབ་ཏུ་བཞེས་ཡོད་པ་རེད། དེ་རིང་བཀའ་བརྒྱུད་ཆོས་ལུགས་ཀྱི་འཁྲུངས་སའི་རྟེན་འབྲེལ་འདི་ནི་ཞོགས་པའི་ཉི་གཞོན་གྱི་འོད་དང་འགྲོགས་ནས་འགོ་བརྩམས་པ་དང་རྒྱལ་བོའི་བག་མ་རྗེ་བཙུན་པད་མ་མཆོག་གིས་འབྲུག་རྒྱལ་བོའི་བཙུན་མོའི་དབུ་རྒྱན་བསྣམས་ནས་ཁྲིའི་སྟེང་དུ་མངའ་གསོལ་བ་དང་། རྗེ་བཙུན་པད་མ་མཆོག་ནི་ཁ་སང་འབྲུག་གི་རྒྱལ་ས་ཐིམ་པུ་རུ་ཡོད་པའི་ཁོ་མོའི་ཁྱིམ་ནས་སྐྱེལ་མ་གནང་སྟེ་ལམ་བར་དུ་དགོན་པ་དང་ལྷ་ཁང་ཁག་ལ་མཆོད་མཇལ་ཞུས་ནས་དབང་འདུས་ཕོ་བྲང་ལ་འབྱོར་བ་རེད། རྒྱལ་བོས་པུ་ན་ཁ་རུ་དམིགས་བསལ་གྱི་མཛད་སྒོའི་ཁྲོད་དུ་བཙུན་མོ་རྗེ་བཙུན་པད་མ་མཆོག་དང་མཉམ་དུ་འཁྲུངས་སའི་རྟེན་འབྲེལ་གྱི་མདུད་པ་དེ་མཐུད་སྦྱོར་མཛད་པ་དང་དེ་དང་དུས་མཚུངས་རྒྱ་ཆེ་བའི་སྐུ་འགྲོན་རྣམ་པས་དུས་བཟང་འདིའི་ཐོག་ཏུ་རྒྱལ་བོ་དང་བཙུན་མོ་རྣམ་གཉིས་ལ་ཤིས་བརྗོད་ཀྱི་འཚམས་འདྲིའི་ལེགས་སྐྱེས་སུ་མན་དལ་དང་། སྐུ་དང་། གསུང་། ཐུགས། ཡོན་ཏན། འཕྲིན་ལས་ཀྱི་རྟེན་འགངས་ཆེན་དང་། བཀྲ་ཤིས་རྫས་བརྒྱད་དང་། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད་སོགས་ལེགས་པར་ཕུལ་ནས་རྗེས་སུ་ཡི་རང་གི་དགའ་སྤྲོའི་རྣམ་འགྱུར་ཡོངས་སུ་ངོམས་པ་རེད། བཙུན་མོ་རྗེ་བཙུན་པད་མ་མཆོག་ནི་དུས་རབས་ཉེར་གཅིག་པའི་འབྲུག་རྒྱལ་ཁབ་ཀྱི་དགོས་འདུན་དང་དུས་ཚོད་ཀྱི་འགྱུར་བ་དང་བསྟུན་ནས་མདུན་དུ་སྐྱོད་བཞིན་པའི་རྒྱལ་ཁབ་འདི་ལ་སྣེ་ཁྲིད་མཛད་པའི་རྒྱལ་བོའི་ལས་དོན་ལེགས་འགྲུབ་བྱེད་པའི་གཟི་བྱིན་དང་ཤེས་ཡོན་གཉིས་ལྡན་གྱི་དོན་དམ་པའི་བཙུན་མོ་ཞིག་ཆགས་ཀྱི་ཡོད་པ་རེད། ལོ་རྒྱུས་ཀྱི་དུས་ཚིགས་ཁྱད་པར་ཅན་འདི་ནི་འབྲུག་རྒྱལ་ཁབ་ཀྱི་ཡུལ་མི་ཡོངས་ཀྱིས་རང་དབང་དང་དམངས་གཙོ་ལྡན་པའི་སྒོ་ནས་དགའ་སྟོན་རྟེན་འབྲེལ་ཞུས་བའི་གཟི་བརྗིད་དང་སྤྲོ་སྣང་དང་མཆོར་སྒེག་གི་རྣམ་པ་ཡོངས་སུ་ངོམས་པའི་དུས་བཟང་ཞིག་ཏུ་གྱུར་ཡོད། འབྲུག་གི་ཡུལ་མི་རྣམས་ཀྱིས་རྒྱལ་བོ་དང་བཙུན་མོ་རྣམ་གཉིས་ལ་སྐུ་ཚེ་རིང་བ་དང་ཞི་བདེ་ཡོང་བ་དང་བཀྲ་ཤིས་བ་བཅས་ཀྱི་སྨོན་འདུན་དང་གུས་ཞབས་གནང་ནས་རྒྱལ་བོའི་དབང་བསྒྱུར་རྒྱུན་ཆད་མེད་པར་གནས་ཐུབ་པར་ཡིད་ཆེས་དང་སྨོན་འདུན་མཛད་ཡོད། རྒྱལ་བོ་དང་བཙུན་མོས་རང་གི་རྒྱལ་ཁབ་དང་ཁྱིམ་རྒྱུད་སྲུང་སྐྱོང་མཛད་རྒྱུ་ཡིན་པར་མ་ཟད་འབྲུག་གི་ཡུལ་མི་རྣམས་རང་གི་ཕ་མ་དང་སྤུན་མཆེད་དང་བུ་ཕྲུག་ལྟར་གཟིགས་སྐྱོང་མཛད་རྒྱུ་ཡིན་པའི་ཁས་ལེན་དང་དམ་བཅའ་ཕུལ་ཡོད།

གསར་འགྱུར།

Post navigation

Previous Post: ཡིད་སྐྱོ་བའི་འུ་ཚོའི་སྤྱི་ཚོགས།
Next Post: ང་ཚོ་ནམ་ཡང་ཁྱོད་ཚོའི་རྒྱབ་ན་ཡོད།

Comments (26) on “འབྲུག་རྒྱལ་བོའི་འཁྲུངས་སའི་རྟེན་འབྲེལ།”

  1. ཤཱཀྱ་མི་བོ། says:
    2011-10-13 at 3:51 pm

    ཆང་སའི་ཞེ་ས་ལ་འཁྲུང་ས་ཞེས་ཡང་འཇུག་ས་མེད་པར་འབྲི་དགོས། འཁྲུངས་ནི་སྐྱེ་བའི་ཞེ་ས་རེད། འཁྲུང་ནི་ཆང་གི་ཞེ་ཚིག་རེད། ངའི་ཕ་ཡུལ་དུ་ཆང་ལ་འཁྲུང་སྐྱེམས་ཞེས་འབོད།

  2. ཀརྡོ་རབ་འབྱམས་པ་ says:
    2011-10-13 at 4:36 pm

    ཆང་སའི་ ཆང་དེ་ ཆང་རག་གི་ ཆང་ལ་ གོ་བའི་ ངེས་པ་ མེད་ལ། ཆང་གི་ ཞེ་ས་ལ་ མཆོད་ཆང་ཞེས་ ཡོད། རྒྱ་པོ་དང་ བཙུན་མོའི་ གཉེན་སྒྲིག་ དེས། སྲས་ སྲས་མོ་ འཁྲུངས་བའི་ ཕྱིར་རམ་ འཁྲུངས་སའི་ གཞི་ལ་ འཁྲུངས་ས་ ཞེས་ ཐོགས་པ་ མིན་ནམ།

  3. ཀརྡོ་རབ་འབྱམས་པ་ says:
    2011-10-13 at 5:05 pm

    ཨ་ཁ་གཅིག་བརྗེད་འདུག འབྲུག་གི་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུ་མཆོག་དང་། བག་མ་བོད་མོ་རྗེ་བཙུན་པད་མ་མཆོག་གི་འཁྲུངས་སའི་རྟེན་འབྲེལ་ལ་བཀྲ་ཤིས་བདེ་ལེགས་ཡོད།

  4. མཆོད་མེ་རྐང་གཅིག says:
    2011-10-13 at 5:56 pm

    དེ་རིང་གི་འབྲུག་གི་རྒྱལ་མོ་འདི་བོད་པའི་བུ་མོ་ཞིག་རེད་ཟེར་ནས་གོ་སོང།
    སྔོན་མ་ཡང་འབྲུག་རྒྱལ་པོའི་བཙུན་མོ་བོད་པའི་བུམོ་ཨ་ཅག་ཆོས་སྐྱིད་ཟེར་བ་ཞིག་ཆགས་མྱོང་ཡོད།
    ཨ་ཅག་ཆོས་སྐྱིད་ཀྱི་བུ་དེ་འབྲུག་རྒྱལ་པོ་ལ་བཀོད་པའི་བྱུས་ངན་ཞིག་སྐུ་ངོ་རྒྱ་ལོ་དོན་གྲུབ་ཀྱི་བརྩམ་ནས་གནས་ཚུལ་དེ་འབྲུག་གཞུང་གིས་རྟོགས་དུ་འབྲུག་གི་བོད་པ་ཚོའི་རྒལ་ཚིག་ལ་མེ་གཏུགས་ནས་འབྲུག་ནས་ཕྱིར་འབུད་བྱས་པའི་དངོས་བྱུང་ལོ་རྒྱུ་ཡོད།
    མ་འོངས་པར་དེ་འདྲའི་སྐོར་ལ་གཟབ་གཟབ་བྱ་རྒྱུ་གལ་ཆེ།

  5. མཆོད་མེ་རྐང་གཅིག says:
    2011-10-13 at 6:47 pm

    ཤཀྱ་མི་བོ་ཟེར་བའི་མི་རྫུན་མ་དེས་དག་ཡིག་རྫུན་མ་དེ་འདྲ་མ་བརྩམས་ཨ།

  6. སྐྱུ་རྩི་ནས། says:
    2011-10-13 at 10:46 pm

    དེ་སྔོན་འབྲུག་གཞུང་ནས་བོད་པ་མང་པོ་གསད་པའི་གནས་ཚུལ་ངོ་མ་དེ་མིས་དབྱེན་སྦྱོར་བྱས་པ་ལས་བྱུང་བ་ཞིག་རེད། བོད་པས་འབྲུག་གཞུང་ལ་གནོད་པ་གང་ཡང་བྱས་ཡོག་མ་རེད། ང་ཚོའི་གནས་ཚང་གིས་འབྲུག་བཟའ་སེམས་བཅང་ནས་འབྲས་ལྗོངས་ཁུལ་ནས་བལ་པོའི་མི་རིགས་མང་པོ་ལུང་པ་དེར་བཏང་ནས་འབྲུག་མི་རྣམས་གྲངས་ཉུང་མི་རིགས་སུ་བཟོ་ཐབས་བྱས་པའི་ངན་བྱུས་དེ་མཐའ་མ་འབ་སུ་མ་བསྡུས་པར་རྫུན་རྐུབ་རྡོལ་ལ་ཉེ་སྐབས་བོད་པའི་སྟེང་ལ་མ་ཉེས་ཁ་གཡོག་བྱས་པ་རེད། དེའི་སྒང་ལ་འབྲུག་རྒྱལ་བཙུན་མོ་བོད་པ་དེར་མི་དགའ་བའི་ཕྱོགས་གཏོགས་རྣམས་ལ་གོ་སྐབས་རགས་ནས་དཔུང་སྒྲིག་པ་རེད། གང་ལྟར་ཡང་བོད་པ་ཚང་ལ་འགྱེལ་བའི་སྒང་ལ་རྡོག་བརྫིས་རང་རེད། མི་རབས་ནས་མི་རབས་བར་རྗེད་བར་དཀའ་བའི་གནས་ཚུལ་ཞིག་ཡིན། འབྲུག་རྒྱལ་པོ་འཆང་ས་རྒྱག་པར་དགའ་བསུ་ཞུ་དགོས་དོན་གང་ཡང་མེད།
    འབྱོར་ཚེ་ཉེ་བའི་དྲུང་དུ་ཞུམ་ཞུམ་དུ་བལྟ་ཞིང་།
    གུད་ཚེ་འགྱང་རིང་འགྱང་ནས་མཛུ་ཀེར་གྱི་འཕྱ་བ།
    དྲིན་བྱས་དྲིན་དུ་མི་བཟོ་གྲོགས་ངན་གྱི་བཤིས་ལ།
    བསམ་བཞིན་ངུ་དགོད་ཀྱི་སྣང་བ་ཞིག་ཤར་བྱུང་།
    གསུངས་པ་ལྟར་རེད།

  7. དར་ལྕེ་ཟད་པོ།། says:
    2011-10-14 at 2:09 am

    འཁྲུང་སའི་འཁྲུང་ལ་ཡང་འཇུག་ཡོད་ཟེར་ནས་འགྲེལ་བཤད་དགོད་བྲོ་བོ་ཞིག་བརྒྱབ་འདུག འཁྲུང་ཟེར་བ་ཆང་གི་མིང་རང་རེད། ཁ་ཅིག་གིས་གཙུག་ལག་གི་སྒྲ་བཤད་ལ། ལྷ་མོ་དབྱངས་ཅན་མའི་སྤྱི་གཙུག་ནས་བྱུང་བས་ན་གཙུག་རྗེ་བཙུན་འཇམ་དབྱངས་ཀྱི་ལག་ཏུ་བཏད་པས་ལག་ཟེར་བ་དང་མཚུངས་སོ།

  8. རུ་དམ་ལུང་གི་བུ། says:
    2011-10-14 at 3:01 am

    རྒྱལ་མོ་དེ་བོད་མོ་ཞིག་ཡིན་ན་དེའི་ལོ་རྒྱུས་རགས་བསྡུས་བཀོད་རོགས།

  9. གཡུ་འབྲུག་དཀར་པོ། says:
    2011-10-14 at 4:50 am

    Jetsun Pema was born in Thimphu on 4 June 1990 in the Thimphu Hospital. Her father is Dhondup Gyaltshen from Trashigang and is the grandson of the Trashigang Dzongpon (Governor of Trashigang) Thinley Tobgye (aka Dopola 1893-1952). Dhondup graduated from Sherubtse College, Kanglung and has been a commercial pilot for last 22 years, initially with Druk Air and now Bahrain Air). Her mother, Sonam Chuki, is from Bumthang Pangtey and is the god daughter of His Royal Highness Prince Namgyel Wangchuck (half-brother of Third King Jigme Dorji Wangchuck); but she considered herself as an ordinary Bhutanese subject although her father is the half brother of the queen of Second King Jigme Wangchuck—Ashi Phuntsho Choden and Ashi Pema Dechan.

    Jetsun is the second eldest among five children. Her four siblings are two brothers – Thinlay Norbu (19) and Jigme Namgyal (16)- and two sisters – eldest sister Yeatso Lhamo (25) and younger sister Serchen Doma (14) (also studying at Sanawar in India).[1][2][3][4]
    Jetsun Pema’s initial schooling started in Thimphu in the Little Dragon School, Sunshine School (1995–96) and Changangkha Lower Secondary School (1997–98). Then she had her convent education in St. Joseph’s Convent in Kalimpong, West Bengal, in India, during 1999–2000. She did her secondary school education at the Lungtenzampa Middle Secondary School in Thimphu from 2001 to 2005. She then moved to the Lawrence School, Sanawar in Himachal Pradesh in India during 2006–08 (joined as Class-XI student in April 2006) where the subjects of studies she chose were English, history, geography, economics and painting. She completed Higher Secondary education on 31 March 2008.[5] She is pursuing her college education at Regents College, London (UK).[1][6] where she is majoring in International Relations (IR) with Psychology and Art History as minor subjects of study.
    http://en.wikipedia.org/wiki/Jetsun_Pema

  10. གཡུ་འབྲུག་དཀར་པོ། says:
    2011-10-14 at 5:20 am

    རྗེ་བཙུན་པདྨོ་ནི་སྤྱི་ལོ་༡༩༩༠ ཟླ་༦ པའི་ཚེས་༤ ལ་ཐིམ་ཕུ་སྨན་ཁང་དུ་སྐུ་འཁྲུངས། ཁོ་མོའི་ཡབ་ནི་བཀྲ་ཤིས་སྒང་ནས་དོན་གྲུབ་རྒྱལ་མཚན་ཟེར་བ་དེ་ཡིན་ཞིང་། ཁོང་ནི་བཀྲ་ཤིས་སྒང་རྫོང་དཔོན་ཕྲིན་ལས་སྟོབས་རྒྱས་སམ་ཡོངས་གྲགས་སུ་རྡོ་པོ་ལ་(1893-1952)ཟེར་བ་དེའི་བུའི་བུ་རེད། དོན་གྲུབ་ཀྱིས་བཀང་ལུང་ཤེས་རབ་རྩེ་ནས་མཐོ་སློབ་མཐར་སོན་ཅིང་ད་ལྟ་གནམ་གྲུའི་དེད་དཔོན་གྱི་ལས་ཀ་ལེན་ཏེ་ལོ་༢༢ ཙམ་ཟིན་ཡོད་ལ། ཐོག་མར་འབྲུག་མཁའ་འགྲུལ་གྱི་གནམ་གྲུའི་དེད་དཔོན་བྱས་ཤིང་། ད་ལྟ་བྷ་རའིན་གྱི་དེད་དཔོན་བྱེད་བཞིན་ཡོད་པ་རེད།
    ཁོ་མོའི་ཡུམ་བསོད་ནམས་ཆོས་སྐྱིད་ནི་བུམ་ཐང་སྤང་སྟོད་ནས་ཡིན་ལ་འབྲུག་རྒྱལ་པོ་གསུམ་པ་འཇིགས་མེད་རྡོ་རྗེ་དབང་ཕྱུག་གི་སྐུ་མཆེད་རྒྱལ་སྲས་འཇིགས་མེད་རྣམ་རྒྱལ་དབང་ཕྱུག་གི་བཅོལ་བའི་སྲས་མོ་ཡིན། ཁོ་མོའི་ཡབ་དེ་འབྲུག་རྒྱལ་པོ་གཉིས་པ་འཇིགས་མེད་དབང་ཕྱུག་གི་བཙུན་མོ་རྒྱལ་ལྕམ་ཕུན་ཚོགས་ཆོས་སྒྲོན་དང་པདྨ་བདེ་ཆེན་གྱི་སྐུ་མཆེད་ཡིན་ཀྱང་། ཁོ་མོས་རང་ཉིད་འབྲུག་མི་ཡན་གར་བ་ཞིག་ཡིན་པར་ཡིད་ཆེས་བྱེད།
    རྗེ་བཙུན་ནི་ཕྲུ་གུ་ལྔའི་གྲལ་ནས་རྒན་པ་གཉིས་པ་ཡིན་པ་དང་། ཁོང་གི་སྐུ་མཆེད་བཞི་ཡང་ཕྲིན་ལས་ནོར་བུ་༼༡༩༽དང་འཇིགས་མེད་རྣམ་རྒྱལ་༼༡༦༽བཅས་བུ་སྤུན་གཉིས་དང་། ལྕམ་སྲིང་རྒན་པ་ཡར་མཚོ་ལྷ་མོ་༼༢༥༽དང་། ལྕམ་སྲིང་གཞོན་པ་གསེར་ཆེན་ལྷ་མོ་༼༡༤༽བཅས་མོ་སྤུན་གཉིས་ཡིན་པ་རེད། ཁོང་བཞི་ཀ་རྒྱ་གར་ལ་སློབ་སྦྱོང་གནང་གི་ཡོད་པ་རེད།

    ངས་དེ་ཙམ་ལས་བསྒྱུར་ཐུབ་མ་སོང་། དགོས་པ་ཡང་དེ་ཙམ་ཡིན་ལས་ཆེ། འགྱུར་ལ་ནོར་བ་ཡོད་ན་དགོངས་འགལ་མ་མཛོད་ཞུ།

  11. བགད་མོ་ལོས་ཤོར། says:
    2011-10-14 at 5:28 am

    ཁ་ས་གཉེན་སྒྲིག་བྱས་པའི་འབྲུག་རྒྱལ་བཙུན་མོ་རྗེ་བཙུན་པདྨ་བོད་མི་ཡིན་རབས་གླེང་འགོ་བྱས་འདུག་ཀྱང།་ཁོང་མོ་བོད་མི་ཞིག་ཡིན་པའི་གནས་ཚུལ་གང་ཡང་མི་འདུག་་ད་དུང་ཁོང་མོའི་ཕ་རྒྱུད་དང་མ་རྒྱུད་གང་རུང་ཞིག་འབྲུག་རྒྱལ་སྔ་མའི་གཉེན་ཉེ་འགྲོ་རབས་སྐད་ཆ་མང་དག་ཡོད་འདུག་་་་ཡིན་ཡང།་དོགས་པ་ནི་དོགས་པ་རང་རེད།་་ཐག་གཅོད་མ་སྔ་བར་ཞིབ་འཇུག་དགོས་གལ་མཐོང།
    དྲ་གྲོགས་མི་ཉུང་བ་ཞིག་ནས་རི་བོང་གནམ་བསྡིགས་ཀྱི་སྡུག་རང་འཁུར་བྱེད་དགོས་དོན་གང་ཡོད།་་ད་ལྟ་འབྲུག་ཡུལ་དུ་བོད་པ་མེད་པ་ཟེར་ཡང་ཆོག་པ་ཡོད།་་་་་་་་་་སྔ་མ་ནང་བཞིན་བོད་མིར་མནར་གཅོད་གཏོང་ས་ལྷག་མེད།་སྔ་མ་འབྲུག་ནང་ཡོད་པའི་བོད་མི་ཚང་མ་ད་ཆ་རྒྱ་གར་ལྷོ་ཕྱོགས་སྦེ་ཀོབ་དང་གཞིས་ཆགས་གཞན་ཁག་ཏུ་གཞིས་སྤོ་བྱས་ཟིན་པ་རེད།་རི་བོང་གིས་རང་གི་མགོ་ཐོག་ཏུ་ཡོད་པའི་ནམ་མཁའ་བསྡིགས་ནས་རང་ཉིད་བསད་ཡོང་བསམ་པའི་སེམས་ཁྲེལ་བྱེད་དགོས་མེད་པ་རེད།་

  12. མཆོད་མེ་རྐང་གཅིག says:
    2011-10-14 at 5:38 am

    དྲ་གྲོགས་ལགས་ལྷ་ལྕམ་པདྨའི་ཡབ་དེ་བོད་པ་རེད་དམ་གནས་ཚུལ་མདོར་བསྡུས་ཤིག་གསུངས་དང་ཁྱེད་རང་མོའི་ནང་མིའི་གནས་སྟངས་མཁྱེན་མཁན་ཞིག་རེད་འདུག

    ད་དུང་སྔོན་ལ་ཡབ་གཞིས་རྒྱལ་ལོ་དོན་གྲུབ་ཀྱིས་འབྲུག་ལ་བྱུས་ངན་ཞིག་བརྩམས་ནས་དེ་ནས་བཟུང་འབྲུག་པ་གཞུང་འདི་དགའ་དགའ་ལྡན་ཕོ་སྦྲང་འམ་བཙན་བྱོལ་གཞུང་ལ་མི་དགའ་མཁན་ཞིག་ཡིན་པའི་ལོ་རྒྱུས་མང་པོ་འདུག་དེ་ཚོའི་གནས་ཚུལ་ཞིབ་རྒྱས་ཤིག་གསུང་དང།
    ཡང་ན་འབྲུག་གཞུང་དེ་དགེ་ལུགས་པ་ལ་མི་དགའ་པའི་རྒྱུ་རྐྱེན་དེ་ཚོ་གང་ལ་ཐུག་ཡོད་ན།

  13. བགད་མོ་ལོས་ཤོར། says:
    2011-10-14 at 5:52 am

    ང་ཚོ་དེ་རིང་གི་གནས་ཚུལ་འདི་དང་འབྲེལ་ནས་འདས་ཟིན་པའི་བྱུང་རབས་ལ་བསྐྱར་ཞིབ་ཅིག་གནང་དགོས་པ་གལ་ཆེར་མཐོང་བཞིན་འདུག་་་དེ་ཡང་གནས་ཚུལ་འདི་དང་འབྲེལ་ཆགས་ཆེ་བས་ཡིན།་་་ཐོག་མར་འབྲུག་རྒྱལ་ཁབ་དང་འབྲུག་རྒྱལ་གྱི་ལམ་ལུགས་ཚུགས་སྟངས་དང་ཚུགས་ལོ།་་་་་ཡུལ་དེར་ནང་ཆོས་དར་སྟངས།་་་དེ་སྔ་བོད་བཙན་པའི་དུས་རབས་སུ་འབྲུག་ཡུལ་གྱི་གནས་བབས།་བོད་འབྲུག་དབར་འབྲེལ་ལམ་གྱི་བར་ཐག་སོགས་གླེང་སློང་བྱེད་རྒྱུ་སྣ་ཚོགས་འདུག་སྙམ།་་་་་་་་ལྷག་དོན་ལོ་རབས་བདུན་ཅུ་བརྒྱད་ཅུའི་ཡས་མས་སུ་འབྲུག་ནང་བོད་མི་བཙན་བྱོལ་བའི་གནས་བབས་དང་དེ་འབྲེལ་འབྲུག་བོད་དབར་མི་གསོད་དོན་རྐྱེན་གྱིས་བོད་མི་མི་ཉུང་བ་ཞིག་གི་གཅེས་སྲོག་ཤོར་བའི་ཡ་ང་བའི་ལོ་རྒྱུས་ཇི་ལྟར་བྱུང་མིན་སོགས་དཔྱད་རྒྱུ་མེད་པ་ཕལ་ཆེར་མ་རེད།་་་་་་དེ་དག་སྐོར་མཐིལ་ཕྱིན་པ་ཤོད་རྒྱུ་ཡོད་མཁན་དགའ་བསུ་བྱེད་རྒྱུ་ཡིན།

  14. གཡུ་འབྲུག་དཀར་པོ། says:
    2011-10-14 at 6:08 am

    མཆོད་མེ་རྐང་གཅིག་ལགས། ཁྱོད་ཀྱིས་དྲི་བ་དེ་སུ་ལ་དྲིས་པ་ཡིན་ན་ཡང་ལན་མདོར་བསྡུས་ཤིག་ངས་འདེབས་ཆོག་པའི་གནང་བ་གནང་རོགས་ཞུ། རྗེ་བཙུན་པདྨོའི་ཕ་བོད་རིགས་ཡིན་མིན་ནི་ངས་གོང་དུ་ཝི་ཀི་པི་ཌི་ཡར་དབྱིན་ཡིག་ཐོག་ཏུ་ཡོད་པ་འདིར་དྲངས་པ་ལས་གསལ། རིགས་རུས་ཡར་དེད་ན་བོད་རིགས་ཡིན་པ་ཡང་ཡོད་སྲིད། གང་ལྟར་མི་ཁུངས་ནི་འབྲུག་པའི་མི་ཁུངས་ཤིག་རང་རེད་འདུག
    རྒྱལ་ལོ་དོན་གྲུབ་ཀྱིས་བྱུས་ངན་བརྩམས་པའི་སྐོར་ནི་ངག་རྒྱུན་གྱི་སྐད་ཆ་མ་གཏོགས་ར་སྤྲོད་ཐུབ་པའི་ཁུངས་ཤིག་ཡོད་མེད་མི་ཤེས། གང་ལྟར་སྔོན་གྱི་འགལ་ཚབས་དེ་རྒྱལ་ལོ་དོན་གྲུབ་ཀྱི་བྱུས་ངན་ལ་བརྟེན་ནས་ཡིན་ཁུལ་བཤད་མཁན་འབྲུག་མི་དང་བོད་མི་གཉིས་ཀའི་གྲལ་དུ་ཡོད་འདུག
    གོང་དུ་ཁ་ཤས་ཤིག་གིས་འབྲུག་པས་བོད་མིར་སྡུག་སྐྱག་བྱས་རབས་བཤད་འདུག སྤྱིར་ཆོས་ཐམས་ཅད་རྟེན་འབྱུང་ཡིན་པས་སྡུག་སྐྱག་བྱས་པ་དེ་ཡང་རྒྱུ་རྐྱེན་ཞིག་ལ་བརྟེན་ནས་བྱུང་ཡོད་པ་ཤེས་དགོས་ལ་རྒྱུ་རྐྱེན་དེ་གང་ཡིན་དཔྱད་ནས་རྗེས་སུ་རྒྱུ་རྐྱེན་དེ་དག་འགོག་ཐབས་བསྟེན་འོས། མ་གཞི་འབྲུག་པས་བོད་མིར་སྡུག་སྐྱག་རྐྱང་མ་ཡིན་པར་ཡག་པོ་ཡང་བྱས་ཡོད་ཚོད་རེད། དཔེར་ན་བོད་རིགས་ཚོ་བཙན་བྱོལ་དུ་ཐོག་མར་སླེབས་དུས་འབྲུག་ནས་བཟའ་འཐུང་གི་རིགས་རིན་མེད་དུ་སྤྲོད་ནས་རྒྱ་གར་ལ་བཏང་བ་དང་། ཁ་ཤས་འབྲུག་ལ་ས་ཆ་སྤྲོད་ནས་གཞིས་ཆགས་སུ་བཅུག་པས་ད་ལྟའང་ས་ཆ་དེའི་མིང་དུ་བོད་སྒར་ནང་ཞེས་ཐོགས་པ་འདུག དེ་བཞིན་རྒྱལ་དབང་ཀརྨ་པ་བཅུ་དྲུག་པ་ཡང་འབྲུག་བརྒྱུད་དེ་བཙན་བྱོལ་དུ་ཕེབས་པ་རེད།
    ད་ལྟ་ཡང་འབྲུག་ལ་བོད་རིགས་མང་དག་ཅིག་ཡོད། ཁོང་ཚོ་གཞན་དང་མཉམ་དུ་རྫོང་ཁ་རྒྱག་གི་ཡོད་ཀྱང་ནང་འཁུལ་ནི་བོད་སྐད་རང་རྒྱག་གི་ཡོད་ལ་བོད་ཆས་གྱོན་བཞིན་སྡོད་ཀྱི་ཡོད། དེ་ཡིན་དུས་འབྲུག་ལ་བོད་པ་མེད་རབས་བཤད་ཀྱང་མ་ཆོག་པ་ཞིག་ཆགས་སྡོད་ཡོད།
    འབྲུག་པས་དགེ་ལུགས་པ་ལ་མི་དགའ་ཞེས་པ་ཡང་ཁུངས་མེད་ཀྱི་སྐད་ཆ་རེད། འོན་ཀྱང་དགེ་ལུགས་པའི་མིང་འཛིན་གྱི་གྲྭ་པ་ཁ་ཤས་ཀྱིས་འབྲུག་ཡུལ་གྱི་དགོན་སྡེ་ཁག་ཏུ་ཕྱིན་ནས་བྱུས་ངན་བརྩམ་མཁན་ཡང་བྱུང་དང་འབྱུང་བཞིན་པ་རེད། དེར་བརྟེན་འབྲུག་པ་ཚོས་དེ་ལ་གཟབ་ནན་བྱས་པ་ཙམ་ལས་མི་དགའ་བ་གང་ཡང་བྱས་མྱོང་མེད།

  15. དཀར་མཚོ་སྐྱིད། says:
    2011-10-14 at 7:08 am

    རྗེ་བཙུན་པདྨ་དབང་ཕྱུག་ནི་སྤྱི་ལོ་༡༩༩༠་ལོའི་ཟླ་༦་ཚེས་༤་ཉིན་ལ་རྒྱལ་ས་ཐིམ་བུ་རུ་ཡབ་དོན་གྲུབ་རྒྱལ་མཚན་དང་ཡུམ་བསོད་ནམས་ཆོས་སྐྱིད་གཉིས་ཀྱི་སྲས་མོར་སྐུ་འཁྲུངས་པ་རེད། ཁོ་མོའི་ཡབ་ནི་འབྲུག་མཁའ་སྐྱོད་ལས་ཁུངས་ཀྱི་གནམ་གྲུ་ཁ་ལོ་བ་ཞིག་ཡིན་པ་དང་། ཡུམ་བསོད་ནམས་ཆོས་སྐྱིད་ནི་འབྲུག་གི་རྒྱལ་་བོ་གཉིས་པའི་བཙུན་མོ་ཨ་ཞེ་ཕུན་ཚོགས་ཆོས་སྒྲོན་གྱི་སྤུན་མཆེད་ཀྱི་བུ་མོ་ཡིན། རྗེ་བཙུན་པདྨ་ལ་བུ་གཉིས་དང་བུ་མོ་གཉིས་བཅས་སྤུན་མཆེད་ལྔ་ཡོད་པའི་ནང་གི་ཨང་གཉིས་པ་ནི་ཁོ་མོ་ཡིན། ཁོ་མོ་ཆུང་དུས་རྒྱལ་ས་ཐིམ་བུ་རུ་ཉི་འོད་སློབ་ཆུང་དུ་༡༩༩༥་ནས་༡༩༩༦་བར་དང་ཆན་གང་ཁ་སློབ་གྲྭ་རུ་༡༩༩༧་ནས་༡༩༩༨་བར་སློབ་སྦྱོང་བྱས། དེ་ནས་རྒྱ་གར་ཀ་ལོན་སྦུག་གི་ཁོན་བན་ཏྲི་སློབ་གྲྭ་རུ་༡༩༩༩་ནས་༢༠༠༠་བར་སློབ་སྦྱོང་བྱས། དེ་ནས་ཐིམ་བུ་རུ་ལུང་བསྟན་ཛམ་པ་འབྲིང་རིམ་སློབ་གྲྭ་རུ་༢༠༠༡་ནས་༢༠༠༥་བར་སློབ་སྦྱོང་བྱས། དེའི་རྗེས་རྒྱ་གར་གྱི་ཧེ་མ་ཅལ་མངའ་སྡེའི་ས་ན་ཝར་རུ་ལོ་རན་སི་འབྲིང་རིམ་སློབ་གྲྭ་རུ་༢༠༠༦་ནས་༢༠༠༨་བར་འཛིན་རིམ་བཅུ་གཉིས་ཀྱི་སློབ་སྦྱོང་བྱས་པ་དང་དེ་རུ་ཁོ་མོས་འདེམས་གསེས་བྱས་པའི་སློབ་སྦྱོང་གི་བརྗོད་གཞི་ནི་ཨིན་ཇི་སྐད་ཡིག་དང་། ལོ་རྒྱུས་རིག་པ། ས་ཁམས་རིག་པ། དཔལ་འབྱོར་རིག་པ། མཛེས་རྩལ་བཅས་ཡིན་པ་རེད། ད་ལྟ་ཁོ་མོས་ཨིན་ཡུལ་དུ་རེ་གན་ཏྲི་མཐོ་སློབ་དུ་རྒྱལ་སྤྱིའི་འབྲེལ་ལམ་དང་། བསམ་བློའི་རིག་པ། མཛེས་རྩལ་ལོ་རྒྱུས་བཅས་ལ་སློབ་སྦྱོང་བྱེད་བཞིན་པ་རེད། ༢༠༡༡་ལོའི་ཟླ་༥་བའི་ཚེས་༢༠་ཉིན་གྱི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་དུས་བདུན་པའི་སྒོ་འབྱེད་མཛད་སྒོའི་སྐབས་སུ་རྒྱལ་བོ་འཇིགས་མེད་གེ་སར་གྱིས་གསལ་བསྒྲགས་མཛད་དེ་ཁོང་༢༠༡༡་ལོའི་ཟླ་༡༠་བའི་ཚེས་༡༣་ཉིན་ལ་རྗེ་བཙུན་པད་མ་ལགས་ལ་འཁྲུངས་ས་བསྐྱོན་རྒྱུ་ཡིན་པར་གསུངས་བ་རེད།

  16. དཀར་མཚོ་སྐྱིད། says:
    2011-10-14 at 10:31 am

    དུང་དཀར་ཚིག་མཛོད་དུ། འཁྲུངས་ནད་ནི་ཆང་ནད་དང་འཁྲུངས་བཞེས་ནི་ཆང་འཐུང་བའི་ཞེ་ཚིག་ཡིན་ཟེར་བ་ལ་བལྟས་ན། འཁྲུངས་ས་དང་ཆང་ས་གཉིས་ཀྱི་དོན་དག་གཅིག་པ་ཡིན་པར་འདོད་པས་འཁྲུངས་ས་ཞེས་པ་དག་པར་ངེས་སོ། །

  17. བཙན་སྨྱོན་ནས་་ནས་།། says:
    2011-10-14 at 3:07 pm

    བཀྲིས་བདེ་ལེགས་ཞུ་།

  18. ཀརྡོ་རབ་འབྱམས་པ་ says:
    2011-10-14 at 4:02 pm

    གཉེན་སྒྲིག་ཁྱབ་བསྒྲགས་སྐབས་སུ་རྗེ་བཙུན་པདྨ་མཆོག་བོད་མོ་ཡིན་རབས་བཤད་བྱུང་ཡང་། ད་ཡང་ཡིན་བཟོ་མིན་རབས་འདུག ཡང་ཡུམ་དེ་འབྲུག་རྒྱལ་གསུམ་པའི་སྲས་ཀྱི་བཅོལ་བའི་སྲས་མོ་ཡིན་རབས་དག་པ་ཡིན་པར་ཆ་བཞག་ནས་གང་ལྟར་སྲས་མོ་ཡིན་ན་ཡང་། ནང་ཆོས་ལྟར་དོན་བརྒྱུད་བརྒལ་ཟིན་པའི་གཉེན་སྒྲིག་ཡིན་པའི་རེ་བ་དང་སྨོན་འདུན་བཅས་ཞུ།

  19. ཀརྡོ་རབ་འབྱམས་པ་ says:
    2011-10-14 at 4:15 pm

    དོན་དེ་བདུན་བཅོས།

  20. དཀར་མཚོ་སྐྱིད། says:
    2011-10-14 at 11:11 pm

    འབྲུག་རྒྱལ་དང་པོ། ཨོ་རྒྱན་དབང་ཕྱུག སྲིད་ལོ། ༡༩༠༧་ནས་༡༩༢༦།
    འབྲུག་རྒྱལ་གཉིས་པ། འཇིགས་མེད་དབང་ཕྱུག སྲིད་ལོ། ༡༩༢༦་ནས་༡༩༥༢།
    འབྲུག་རྒྱལ་གསུམ་པ། འཇིགས་མེད་རྡོ་རྗེ་དབང་ཕྱུག སྲིད་ལོ། ༡༩༥༢་ནས་༡༩༧༢།
    འབྲུག་རྒྱལ་བཞི་བ། འཇིགས་མེད་སེང་གེ་དབང་ཕྱུག སྲིད་ལོ། ༡༩༧༢་ནས་༢༠༠༦།
    འབྲུག་རྒྱལ་ལྔ་བ། འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག སྲིད་ལོ། ༢༠༠༦་ནས་་་།
    དུས་རབས་དགུ་བའི་ནང་ལ་བོད་དུ་དྲག་པོའི་ཟིང་ཆ་བྱུང་བའི་རྗེས་སུ་བོད་ཀྱི་གྲྭ་བ་མང་བོ་འབྲུག་ཡུལ་ལ་བྲོལ་བྱོལ་དུ་ཡོང་ནས་གཞིས་ཆགས་པ་ཞིག་ཡིན། དུས་རབས་༡༢་བའི་ནང་དུ་འབྲུག་པ་བཀའ་བརྒྱུད་པའི་ཆོས་རྒྱུན་འབྲུག་ཡུལ་དུ་དར་སྤེལ་བྱུང་ནས་ད་ལྟའི་བར་དུ་དེ་ནི་ནང་ཆོས་ཀྱི་རྨང་གཞི་རུ་གྱུར་ཡོད། རྒྱལ་ཁབ་འདིའི་ཆབ་སྲིད་ཀྱི་ལོ་རྒྱུས་ནི་ནང་ཆོས་ཀྱི་ལོ་རྒྱུས་དང་དགོན་པ་སྣ་མང་གི་འབྲེལ་བ་ལ་བརྟེན་ནས་གནས་ཡོད་པ་ཞིག་རེད།

  21. ཤཱཀྱ་མི་བོ། says:
    2011-10-14 at 11:13 pm

    ཡ་ཡ། ཕྱོགས་གཅིག་ཤེས་ནས་གཉིས་མ་མཐོང་། །གཡག་ཞར་རྩྭ་ཟན་འདི་རས་སྡུག །ཅེས་པ་ལྟར། གོང་དུ་གཅིག་གིས་དུང་དཀར་ངོམ་པ་ནི་དུང་དཀར་གྱི་ཚིག་མཛོད་དེ་པར་སྐྲུན་བྱེད་སྐབས་ཁོང་གིས་ཞུ་དག་བྱས་ཡོད་མེད་ནི་ད་དུང་དཔྱད་བྱ་རེད་ཞུ་རྒྱུ་ཡིན། རྒྱུས་ཡོད་ཅིག་གིས་བཤད་ན། སྒྲིག་པ་པོའི་ལྷད་རབས་མང་། འཁྲུངས་ས་ཞེས་སྐྱེ་བ་དང་འབྲེལ་ཚུལ་བཤད་པ་ནི་རྟོག་བཟོ་རང་དུ་བཞག ངས་བཤད་པ་ནི་ཡིག་རྙིང་དུ་ཡོད་པའི་དག་ཆ་རང་གི་ཕ་ཡུལ་དུ་ཇི་ལྟར་འབོད་ཚུལ་གཉིས་ཡིན། འོན་ཀྱང་། ཡིག་རྙིང་རྣམས་སྔོན་འཇུག་འ་ཡོད་པར་སྣང་བས་དེ་ལྟར་བྲིས་ཡོད། ད་འོ་ན། འཁྲུང་སའི་འཁྲུང་ནི་ཆང་ལ་གོ་བར་བཤད་པས། དག་ཡིག་གསར་རྩོམ་བྱེད་ཀྱི་འདུག་ཅེ་ན། འཁྲུང་ས་ནི་ཆང་ས་སྟེ་ཆང་རང་ལ་གོ་བ་མཐའ་གཅིག་ཏུ་བཤད་ཀྱི་ཡོད། དེ་ལྟར་ཡིན་པའང་ངས་དགོངས་པ་བླངས་པ་ཞིག་མིན་པར་དག་ཡིག་རྣམས་སུ་(དག་ཡིག་གསར་པའི་རིགས་སུ་འ་སྔོན་འཇུག་མེད་)ཡང་བཤད་པ་ཁྱེད་ཚོས་མ་གཟིགས་པ་དགོད་བྲོ། དེང་དུས་ཀྱི་དག་ཡིག་གྲགས་ཆེ་ཤོས་ཏེ་བོད་རྒྱ་ཚིག་མཛོད་ཆེན་མོ་ལས་ཀྱང་། ཁྲུང་བན། ཆང་སྣོད། ཁྲུང་མ། ཆང་མ། ཁྲུང་ས། ཆང་ས་སྟེ་གཉེན་སྒྲིག་བྱེད་སྒོ། ཞེས་ཀྱང་གསལ་བས་འདི་འཁྲུངས་མ་འཁྲུངས་དང་འབྲེལ་བ་མེད་བདག་གིས་བཤད་པ་ལྟར་འཐུང་རྒྱུའི་ཆང་དང་འབྲེལ་བ་ཡོད་པ་གཅིག་པའི་ཕྱིར། ངའི་ཕ་ཡུལ་ན་ཆང་ལ་འཁྲུང་སྐྱེམས་ཟེར་བ་ལབ་དོན་དེ་ཡིན་ལ། གཉིས་སུ་གཉེན་སྒྲིག་གི་ཆེད་མནའ་མ་སློང་དུས་སློང་ཆང་སོགས་ནས་བཟུང་སྟེ་ཆང་གི་རྟེན་འབྲེལ་རབས་དང་རིམ་པ་མང་པོ་བྱ་དགོས་ཡོད་པས་ཆང་ས་ཞེས་ཆང་དང་འབྲེལ་བ་ལོས་ཡོད་སྙམ།

  22. ཤཱཀྱ་མི་བོ། says:
    2011-10-14 at 11:27 pm

    གང་ལྟར་འབྲུག་རྒྱལ་པོས་ཁབ་བཞེས་པར་རྟེན་འབྲེལ་ཞུ། ཞེ་ས་མཁས་པ་དེ་ཚོར་གཅིག་དྲིས་དང་། རྒྱལ་པོས་བཙུན་མོ་བཞེས་པའི་རྟེན་འབྲེལ་དེ་ལ་འཁྲུང་ས་ཞེས་འབོད་མིན་ད་དུང་དོགས་པ་ཡོད། ཞེ་ས་ལ་རབ་འབྲིང་ཐ་གསུམ་ཡོད། དེ་ནི་དབུས་གཙང་ལ་ཁ་ངན་རྒྱག་མི་དགོས་པར་བོད་པའི་དཔེ་ཚོགས་སུ་གསལ། གཉིས་སུ་འབྲུག་གླེང་བ་དང་ཆབས་ཅིག འབྲུག་མོ་མཁའ་འགྲོར་བཞེས་མཁན་སློབ་དཔོན་འཇིགས་མེད་ཀྱིས་བྲིས་པའི་གླེང་བརྗོད་དེའི་འོག་ཏུ་མཆན་རྒྱག་ས་མི་འདུག་མ་གཏོགས། ཁོང་གི་གླེང་བརྗོད་དེ་སྙན་ཙམ་བྱུང་ཞུ་རྒྱུ་དང་ཁོ་ལ་སྐུ་ཡོན་དང་བློ་སྤོབས་འདུག་ཞུ་འདོད་བྱུང་།

  23. སྐྱུ་རྩི་ནས། says:
    2011-10-15 at 12:33 am

    རྒྱལ་ལོ་དོན་གྲུབ་ཀྱི་འབྲུག་བཙན་བཟུང་བྱ་ངན་བརྩམས་པ་ཟེར་བ་ནི་བདེན་པ་ཞིག་མིན། དེ་ནི་རྒྱ་གར་གསང་བའི་ལས་ཁུངས་དང་། འབྲུག་རྒྱལ་བཙུན་མོ་བོད་མོ་དེར་མི་དགའ་བའི་ཕྱོགས་ཁག་གིས་བཟོས་པ་རེད། བོད་པར་དཀའ་ངལ་ཕྲད་དུས་འབྲུག་པ་ཡང་བོད་པའི་དགྲ་རུ་ལངས་ནས་འགྱེལ་བའི་སྒང་ལ་རྡོག་པས་བརྫིས་སོང་། བོད་རང་བཙན་ཡིན་པའི་སྐབས་སུ་བོད་དང་། དེང་སྐབས་རྒྱ་གར་གྱི་བོད་པའི་གདན་ས་ཁག་ཏུ་འབྲུག་པའི་དགེ་འདུན་པ་ག་ཚོད་ཡོད། ཁོ་ཚོ་སྐྱབས་བཅོལ་བ་ལ་སྐྱབས་བཅོལ་ནས་ཁེ་བཟང་བཟའ་ཡི་ཡོད་རེད། ཕྱི་རྒྱལ་ཁག་ཏུ་ཡང་བོད་པའི་མིང་ཁྱེར་ནས་སྐྱབས་བཅོལ་ཞུ་བ་སོགས་བོད་པའི་སྟེང་ནས་ཐོབ་བཏང་ཚང་མ་ལེན་གྱི་ཡོད་ཀྱང་། ཁོ་ཚོས་བོད་པར་ག་རེ་བྱས་ཡོད་རེད། ཨུར་ཏི་བརྒྱབས་ནས་བཀའ་དྲིན་ལེགས་གསོ་ཞུས་ཡོད།

  24. སྤོབས་པ་མཐའ་ཡས། says:
    2011-10-15 at 12:48 am

    འབྲུག་ཏུ་སྡོད་མཁན་གྱི་བོད་མི་ཁ་ཤས་ལ་དཀའ་ངལ་འཕྲད་པའི་འབྱུང་རྩ་དེར་གསལ་ཁ་མི་འདུག འབྲུག་གཞུང་གིས་རྒྱ་ལོ་དོན་གྲུབ་ཁྲིམས་སར་བཅར་དགོས་ཟེར་བ་ཙམ་ལས་རྒྱལ་ལོ་དོན་གྲུབ་ཀྱིས་འདི་བྱས་སོང་ཟེར་ནས་བཤད་མི་འདུག རྒྱལ་ལོ་དོན་གྲུབ་ཀྱིས་ཀྱང་འདི་ཡིན་དེ་མིན་སྐད་ཆ་གང་ཡང་བཤད་མི་འདུག དེ་འདྲ་ཞིག་གི་ངང་ནས་མི་ཁ་ཤས་ཤིག་གི་སྲོག་ཤོར་བ་སོགས་ཉེས་ཆད་ཕོག་འདུག འདིའི་སྐོར་ལ་རྩད་ཞིབ་བྱ་དགོས་ངེས་རེད། འདི་ལོ་རྒྱུས་ཀྱི་སྟེང་དུ་བརྗེད་ཆོག་ཆོག་ཅིག་མིན།

  25. བཟོད་པ། says:
    2011-10-15 at 4:18 am

    བན་དེ་བ་ཟེར་བ་འདི་ཡང་སྙིང་ལ་གདོན་ཞུགས་ཡོད་མཁན་ཞིག་ཡིན་པ་འདྲ།   མཆན་༢༧པ་ལ་བལྟས་ན་སྙིང་ལ་གདོན་ཞུགས་ཡོད་པ་ཞིག་ཡིན་པ་ཤེས་འདུག་གི   མི་འདི་ཅན་པོ་ས་གང་ན་སོང་ན་དཀྲུགས་ཤིང་བཟོ་རྒྱུའི་རྒྱུན་ཆད་ཀྱི་མ་རེད།    

  26. མིག་བརྒྱད་པ། says:
    2011-10-15 at 5:10 am

    བཟོད་པ་ལགས། བན་དེ་བས་ཟེར་བ་དཀྲུག་ཤིང་མ་རེད། དངོས་པོའི་གནས་ཚུལ་ཤེས་འདོད་ན་འབྲུག་ལ་སྡོད་མྱོང་མཁན་ཚོར་སྐད་ཆ་དྲིས་ན་གསལ་བོར་ཤེས་ངེས་རེད། འབྲུག་རྒྱལ་རྒྱུད་ཚང་དེ་འདྲའི་བོད་པ་ལ་མི་དགའ་མཁན་ཞིག་མ་རེད། ཁོང་ཚོ་དེང་དུས་ཀྱི་སློབ་སྦྱོང་ཐོན་པའི་ཤེས་ཡོན་པ་དང་སྤྱི་ཚོགས་ཀྱི་གནས་བབས་ལ་རྒྱུས་མངའ་ཡོད་པའི་མི་བསམ་ཤེས་ཅན་རེད། གཙོ་བོ་ཞེན་ཁོག་གི་མཐའ་ལ་ལྷུང་བའི་བླ་སྤྲུལ་ཁ་ཤས་དང་དེའི་རྗེས་འབྲངས་བ་སྐོར་ཞིག་གིས་རྒྱལ་པོའི་སྲིད་ལ་ཐེ་གཏོགས་ངན་ཇུས་རབས་དང་རིམ་པ་བཤམས་ནས། དེང་སང་འབྲུག་ཤར་ཕྱོགས་པའི་གྲྭ་རྒྱུན་མང་པོ་ཞིག་གདན་ས་ཁག་ཏུ་སློབ་གཉེར་ལ་ཡོང་པར་བརྟེན། ཁོ་ཚོས་དགེ་ལུགས་པ་འབྲུག་པའི་ནང་ཀུན་འགོག་མ་བྱེད་ན་རྒྱལ་སྲིད་འཆོར་ཉེན་ཡོང་བའི་ཉེན་བརྡ་བཏང་ཡོད་པ་རེད། ཉེ་བའི་ལོ་འགའི་སྔོན་རྡོར་གདན་དགེ་ལུགས་སྨོན་ལམ་སྐབས་གང་ནས་ཡོང་མིན་མི་ཤེས་པའི་ཡིག་ཆ་མང་པོ་ཞིག་བཀྲམས་འདུག །ངའི་ལག་ཏུ་གཅིག་འབྱོར་སོང་། རྗེ་ཙོང་ཁ་བ་དང་དགེ་ལུགས་པ་ལ་དམའ་འབེབས། བོད་ཀྱི་སྲིད་དབང་དགེ་ལུགས་པའི་སྐབས་ཤོར་ཡོད་པ་དང་མང་ཚོགས་ལ་གོང་ས་མཆོག་གི་སྐུ་པར་བཤམ་ན་རྟེན་འབྲེལ་འཆུག་པའི་ཉེན་བརྡ་དང་དཀྲོག་གཏམ་སྣ་ཚོགས་བཟོས་ནས་བཀྲམ་འདུག །ངའི་ངོ་ཤེས་འབྲུག་པའི་གྲྭ་བ་ཞིག་གིས་བརྗོད་གསལ་ལ། འབྲུག་གཞུང་གིས་གདན་སའི་ཁག་ཏུ་སློབ་གཉེར་ལ་ཕེབས་པ་ཚོ་ལ་ཀུན་འགོག་གང་ཡང་བྱེད་གི་མེད་ཚུལ་དང་ད་དུང་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཟེར། བུད་མེད་ཀྱི་སྐྲ་གཏུབ་པ་དང་ཕོ་རྣམས་ཀྱི་དོར་མ་མི་གྱོན་པ་འབྲུག་པའི་ཡུལ་སྲོལ་རེད།

Comments are closed.

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (66)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (34)
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (29)
  • ཨེ་ལི་སི། (27)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (3)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme