འབྲུག་ལས་ཐར་པ། ཨ་ཀྱཱ་ཚང་དང་ཀུན་གླེང་། Posted on 2010-03-13 By དགེ་རབ་ 19 Comments on འབྲུག་ལས་ཐར་པ། ཨ་ཀྱཱ་ཚང་དང་ཀུན་གླེང་། གསར་འགྱུར།
སྐབས་དེར་བོད་མི་མང་པོ་བཟུང་སྟེ་ཀ་མདོ་དང་ཟི་ལིང་། ན་གོར་མོ་སོགས་གང་སར་བཙན་ཁྲིད་ཀྱིས་ངལ་རྩོལ་འདྲ་མིན་བྱས་མཏར་ཕྱིར་འོང་མེད་པའི་དཀའ་སྡུག་གི་ནང་ནས་འདས་ཟིན་པ་སོགས་ཚེ་རིང་དོན་གྲུབ་ཀྱི་སྒྲུང་རིང་། རླུང་དམར་འུར་འུར་ཟེར་བའི་ནང་དུ་ཡང་ཁ་གསལ་གཏིང་བྲིས་འདུག་གམ། ད་དུང་མགོ་ལོག་གཙོ་བྱས་པའི་བོད་ས་གང་སའི་བོད་མི་སྟོང་ཕྲག་ན་གོར་མོ་ཕྱོགས་སུ་ལམ་བཟོ་བར་ཁྲིད་དེ་ལྟོགས་ལྐོམ་གྱིས་ཤི་ཟིན་པས་མི་གཅིག་གཉིས་ཤིག་ལས་ཕྱིར་འོང་མེད་སོང་བའི་སྐོར་མགོ་ལོག་རང་གི་མིའི་ཁ་ནས་གོ་མྱོང་། ཨ་ཀྱཱ་རིན་པོ་ཆེའི་ཕ་རྒན་ཡང་དེ་འདྲ་ཞིག་ནས་འདས་སོང་བ་ལོས་ཡིན། སྐབས་དེའི་བོད་མི་མང་ཆེ་བ་གང་ཁྲིད་དང་གར་འདས་ཤེས་ཡོད་མཁན་མང་པོ་ཡོད་རྒྱུ་མ་རེད་བསམ་གི མགོ་ལོག་ཕྱོགས་ཀྱི་བོད་མི་ན་གོར་མོ་ནས་འདས་པ་ཚོ་བརྒྱ་ཆའི་མང་ཆ་བ་འཐུང་ཆུ་མ་རག་པར་འདས་སོང་བ་རེད་ཟེར། ཆུ་མེད་པས་ཆར་བ་ཅུང་ཙམ་རེ་དང་། ནམ་རྒྱུན་དགོང་མོ་ཉལ་ཁར་སློག་པ་ཕུད་ནས་སར་བཀབ་ནས་བཞག་པ་དང་། ཞོགས་པ་སྔ་མོ་སློག་པའི་སྤུའི་ཐོག་གི་བ་མོའམ་ཆུའི་བསིལ་བ་འདྲ་རེ་ཡོད་པ་དེས་སྐོམ་སེལ་བྱས་རྗེས། ན་གོར་མོའི་བྱེ་ཐང་ཆེན་མོར་ལམ་བཟོ་བར་སོང་བའི་རྟོག་སྒྲུང་འདྲ་བ་དེ་ཚོ་གོ་ཡོང་དུས། ཚོར་བ་དེ་བཤད་མི་ཤེས་པ་ཞིག་འདུག
ཐེངས་འདིའི་ཀུན་གླེང་ལ་བལྟས་པ་ཡིན། ཐོག་མར་ཨ་ཀྱཱ་ཧོ་ཐོག་ཐུ་སྐུ་ཕྲེང་བརྒྱད་པ་ཞེས་པའི་ཧོ་ཐོག་ཐུ་འདི་ངའི་མིག་ལ་བདེ་མ་བྱུང་། མིང་འདི་ལའང་དུས་རབས་དང་སྤྱི་ཚོགས། དེ་དང་འབྲེལ་བའི་རྒྱབ་ལྗོངས་སོགས་ཡོད་པ་ངས་ཤེས་ཡོད། ད་དུང་ཡང་ངའི་སེམས་ན་ཨ་ཀྱཱ་ཚང་རྒྱུ་རྐྱེན་གང་ཞིག་གི་འོག་ནས་བཙན་བྱོལ་དུ་ཕེབས་མིན་སྐོར་ལ་སྨུག་པ་འཁྱིལ་བསྡད་ཡོད། དེབ་དེའི་ནང་དུ་བཙན་བྱོལ་དུ་ཕེབས་དགོས་པའི་སྐོར་ལ་གསལ་པོར་བྲིས་ཡོད་སྟབས། ཅིས་ཀྱང་བྐླག་ངེས་ཡིན། དེ་ནས་ཨ་ཀྱཱ་ཚང་ལྟ་བུ་ཡིན་ན་རྒྱ་གཞུང་གིས་དམིགས་བསལ་གྱིས་གོ་གནས་ཕུལ་བའི་བླ་ཆེན་ཞིག་ཡིན་སྟབས། ཕྱི་རྒྱལ་ལས་བོད་དུ་བཞུགས་ཡོད་ཚེ། ཁོང་གིས་བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་དོན་དུ་ཕྱག་ལས་མང་པོ་གནང་ཐུབ་པ་རེད་དྲན(ཚོད་དཔག་ཡིན།)།
དཔེར་ན་སྐབས་དེར་དཀར་མཛེས་ཁུལ་གྱི་ངལ་རྩོལ་བསྒྱུར་བཀོད་ར་བ་རྣམས་དར་མདོ་རྫོང་སོགས་སུ་ཡོད་ལ། སྐབས་དེར་ངལ་རྩོལ་བསྒྱུར་བཀོད་ར་བ་ཞིག་གི་ནང་དུ་ཕར་མི་ཁྲི་གཉིས་དེད་པ་རེད་ཟེར། ཚུར་གསོན་པོར་ལྷག་ཡོད་པ་ནི་མི་གྲངས་སྟོང་ཕྲག་གཉིས་ཙམ་མ་གཏོགས་མི་འདུག་ཟེར། དེ་འདྲ་བའི་ངལ་རྩོལ་བསྒྱུར་བཀོད་ར་བ་བཅུ་ཕྲག་ལྷག་དཀར་མཛེས་ཁུལ་ལ་ཡོད་ཟེར། དེ་ལྟར་ན་ཨ་ཀྱཱ་ཚང་གི་ཕ་ལགས་ནང་བཞིན་བོད་མི་སྤྱི་མཐུན་ལ་འདི་འདྲའི་གོད་ཆག་འབྱུང་འདུག དེ་དང་འདྲ་བ་ནགས་ཚང་ཞི་ལུའི་སྐྱིད་སྡུག་ནའང་ཟུར་ཙམ་གསལ་གི་མི་འདུག་གམ།
སྙན་བཟང་ཟེར་བ་ལགས། ཨ་ཀྱྰ་རིན་པོ་ཆེ་ཚང་བཙན་བྱོལ་ལ་ཕེབས་དགོས་པའི་རྒྱུ་མཚན། ཁོང་གིས་ཀུན་གླེང་སོགས་སུ་ཐེངས་ཁ་ཤས་སུ་གསུངས་ཡོད་པས། ཁྱེད་ཀྱི་སེམས་ནང་གི་སྨུག་པ་ད་དུང་དྭངས་མེད་པ་ཨ་ཡ་མཚན་རེ་ཡ
བོད་ཀྱི་སུམ་ཅུ་དུས་དྲན་ཉིན་དེའི་གནས་ཚུལ་མ་བཤད་པ་ཨ་ཅ་ཚང་གི་ལོ་རྒྱུས་བཤད་པ་དེ་སེམས་ཕམ་ཡོད། ཨ་ཅ་ཚང་ནི་ཨ་རི་ན་བཞུགས་བཞུགས་པ་རེད། བོད་ཀྱི་སུམ་ཅུ་དུས་དྲན་ནི་ལོ་གཅིག་ལ་ཐེངས་གཅིག་ལས་མེད། དེ་འདྲའི་སྐབས་སྐད་རྒྱག་མཁན་གྱིས་བརྒྱག གསར་འགྱུར་ཚང་མས་དུས་ཅིག་ལ་བཤད་ནས་གནད་དོན་དེ་ཆེན་པོ་འུར་ཁྱི་ལེ་བ་ཞིག་བཟོ་དགོས་པ་རེད། རྡོ་རྗེ་ཚེ་རིང་ཁོང་རང་ལ་བསམ་ཚུལ་གང་ཡང་མེད། གང་ནས་བཀོད་སྒྲིག་བྱེད་མཁན་ཚོེས་མ་འགྲིག་པ་རེད། སེམས་ཕམ་ཡོད།
ངས་ཨ་ཀྱཱ་ཚང་རྐྱེན་གང་ཞིག་ལ་བརྟེན་ནས་ཕྱི་རྒྱལ་དུ་ཕེབས་མིན་སྐོར་གསལ་པོ་ཞིག་མི་ཤེས། ཡིན་ན་ཡང་། དེ་ལ་རྒྱུ་མཚན་འགའ་ཡོད། འདིར་མདོར་བསྡུས་ཤིག་ཞུ་འདོད་བྱུང་། ཨ་ཀྱཱ་ཚང་བཙན་བྱོལ་དུ་ཐོག་མར་ཕེབས་དུས། གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཨ་ཀྱཱས་རྒྱ་དམར་གྱི་སྡུག་རྩུབ་ལ་མ་བཟོད་པར་བཙན་བྱོལ་གྱི་ལམ་བུ་བདམས་པ་རེད་ཅེས་གླེང་བྱུང་བ་དྲན། ཡིན་ན་ཡང་། འདི་དྲན་སྣང་ཙམ་ཡིན། སྐབས་དེའི་གསར་འགྱུར་ཐོ་འགོད་ལྟ་བུ་བྱས་མེད་སྟབས། སྐབས་དེའི་གནས་ཚུལ་ཏག་ཏག་ཅིག་ང་ལའང་བཤད་རྒྱུ་མེད། འདི་གཅིག་རེད། གཉིས་པ་ནི། གླེང་ཕྱོགས་གཞན་པ་ཞིག་སྟེ། ཨ་ཀྱཱས་རྒྱ་མིའི་པཎ་ཆེན་ལ་ངོས་ལེན་བྱེད་མ་འདོད་པར་སྐྱབས་བཅོལ་ལ་ཡོང་བ་རེད་ཅེས་པའི་སྐད་ཆ་ཞིག་ཁྱབ་ཡོད་ནའང་། པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གནང་སྐབས་ཨ་ཀྱཱ་རིན་པོ་ཆེས་རྒྱལ་བ་རིན་པོ་ཆེས་ངོས་འཛིན་གནང་བའི་པཎ་ཆེན་ཁྱེའུ་དེར་ངོས་ལེན་གནང་ཡོད་པ་མ་རེད་ཅེས་པའི་སྐད་ཆ་ཞིག་ཀྱང་གོ་བྱུང་བས། ང་རྦད་དེ་འཐོམ་པར་གྱུར། དེ་ནས། གསར་འགྱུར་གཞན་པ་ཞིག་ནི། ལྟག་འཚེར་རིན་པོ་ཆེ་སྐུ་འཚོ་བཞུགས་རིང་། ཁོང་གི་སྐུ་བདེ་ཐང་མིན་པར་གཞིགས་ཏེ་ཨ་ཀྱཱ་ཚང་ལ་འབྲེལ་བ་བྱས་པ་འདྲ། ལྟག་འཚེར་རིན་པོ་ཆེའི་རེ་བ་ལྟར་ཁོང་ཨ་རིར་ཡོང་བ་དང་། ཨ་རི་ནས་རྒྱལ་བ་རིན་པོ་ཆེར་མཇལ་བ་དང་། རྒྱལ་བ་རིན་པོ་ཆེའི་དགོངས་བཞེད་ལྟར། ད་ལྟ་སྐུ་འབུམ་བྱམས་བརྩེའི་གླིང་དུ་རྒྱུན་བཞུགས་སུ་གནང་བཞིན་པ་ཡོད་པ་རེད་ཅེས་ཐོས། རྗེས་ཕྱོགས་གོང་གི་དོགས་པ་ཡོང་སྟངས་ཀྱི་སྐོར་ལ་རྒྱུས་ལོན་དང་ཉམས་ཞིབ་ཕྲན་བུ་ཞིག་བྱེད་འདོད། ཁོམ་པ་རེ་ཡོད་དུས། ཀུན་གླེང་ལའང་བསྐྱར་དུ་བལྟ་འདོད་ཡོད། ཁ་སང་བྲེལ་གསེང་གི་བར་གསེང་ཞིག་ནས་བལྟས་པ་ཡིན་སྟབས། གསལ་པོ་ཞིག་བྱུང་མ་སོང་། འདི་ཐུགས་ལ་བརྣག་པར་མཛོད་ཅིག
སྙན་བཟང་གཡུང་དྲུང་ཚེ་རིང་ལགས་། དེའི་སྐོར་ཤེས་འདོད་ན་།ཐོག་མར་རིན་པོ་ཆེའི་རང་རྣམ་དེ་ཆ་ཚང་ཤིག་ཀློག་།དབྱིན་ཇིའི་ཀློག་མི་ཤེས་བ་བོད་ཡིག་མ་ལ་སྒུག་།་ཁྱེད་ཀྱི་གནད་དོན་གཉིས་ཀ་དོན་གྱིས་རིན་པོ་ཆེས་ལན་གསལ་བོ་ཤིག་གནང་འདུག།
ངས་ཀྱང་གསལ་བཤད་ཅིག་ཞུ་འདོད་བྱུང་། གང་ཡིན་ཟེར་ན། ང་ས་གནས་ཀྱི་མི་རེད། ངའི་གསལ་བཤད་འདི་སྙན་བཟང་གི་དྲི་བ་གསུམ་པའི་ལན་ཡིན། འདི་ལ་ཡང་བསམ་ཚུལ་གཞན་པའང་ཡོད་སྲིད། དེ་ནི་ངས་མི་ཤེས། ལྟག་མཚེར་རིན་པོ་ཆེས་ཨ་ཀྱཱ་རིན་པོ་ཆེ་ཨ་རིར་གདན་འདྲེན་ཞུས་པ་མ་རེད། ཨ་ཀྱཱ་རིན་པོ་ཆེ་ཆབ་སྲིད་ཀྱི་སྐྱབས་བཅོལ་ཞུས་པ་རེད། སྐྱབས་བཅོལ་ཞུ་དགོས་པའི་རྒྱུ་མཚན་རྣམས་ཀྱི་གཙོ་བོ་དེ་རྒྱ་གཞུང་གིས་པཎ་ཆེན་རྫུན་མར་བདག་པོ་རྒྱག་དགོས་པའི་གནོན་ཤུགས་ལས་གཡོལ་ཆེད་ཡིན་པ་ཡོད། འདི་ཡང་ཁོང་གི་ཞལ་ལས་ཐོས་བྱུང་། ད་འདི་གའི་ཆོས་ཚོགས་སུ་ཕེབས་ལུགས་འདི་ལྟར་རེད། ལྟག་མཚེར་རིན་པོ་ཆེ་སྐུ་བདེ་ཐང་གི་སྐབས་སུ་ཆོས་ཚོགས་སུ་འདུ་ཁང་གསར་པ་ཞིག་བཞེངས་པ་དང་། སྐུ་བསྙུང་བའི་སྐབས་སུ་སྦྱིན་བདག་རྣམས་བློ་འགྱུར་བ་ལྟ་བུའི་ཐོག་ནས་སྔོན་གྱི་བུ་ལོན་ཆེན་པོ་ཞིག་ཆགས། དེ་ནས་ཆོས་ཚོགས་འདི་ཧ་ལམ་དངུལ་ཁང་གིས་བླངས་ནས་འཚོང་བསྒྱུར་བྱེད་ཉེར་ཐུག་སྐབས། ༧གོང་ས་མཆོག་གིས་བཀའ་གནང་ནས་ཨ་ཀྱཱ་རིན་པོ་ཆེ་ཆོས་ཚོགས་ཀྱི་འགན་འཛིན་གསར་པོར་བསྐོ་གཞག་བྱས་པ་རེད། ཆོས་ཚོགས་ཀྱི་བུ་ལོན་ལ་ཡང་ཨ་སྒོར་ས་ཡ་གཅིག་དང་འབུམ་བདུན་ཙམ་སྐུ་མདུན་རང་ནས་གསོལ་རས་གནང་དགོས་བྱུང་ཡོད་པ་རེད། ཨ་ཀྱཱ་རིན་པོ་ཆེ་ཆོས་ཚོགས་འདིའི་འགན་འཛིན་ཆགས་པ་ནས་ད་བར་ལོ་བཞི་ལྔ་ཙམ་འགྲོ་གི་ཡོད་པ་རེད། འདི་གསལ་བཤད་ཡིན།
ཨ་ཀྱཱ་རིན་པོ་ཆེ་ལ་བཅར་འདྲི་བྱས་པའི་ལན་དེའི་ནང་དུའང་པཎ་ཆེན་ཡང་སྲིད་སྐོར་གང་འཚམ་ཞིག་གསུངས་སོང་། སྙན་བཟང་ལགས། ཁྱོད་ཀྱིས་བཤད་པ་བཞིན་གོང་ན་རྡོ་རྗེ་ཚེ་བརྟན་གྱིས་གཙོ་སྐྱོང་བྱས་པའི་ཀུན་གླེང་འདི་དང་། དཔལ་ལྡན་རྒྱལ་གྱིས་ཀྱང་ཁ་ཉིན་ཨ་ཀྱཱ་རིན་པོ་ཆེར་འདིའི་སྐོས་ནས་བཅར་འདྲི་ཞིག་བྱས་སོས་། དེ་གཉིས་ནས་ཅུང་ཙམ་གསལ་པོ་ཆགས་ཐུབ་པའི་རེ་བ་ཆེ། གཞན་དེ་བས་ཞིབ་ཚགས་སུ་རྗེས་ནས་དཔེ་དེབ་ལ་བལྟས་ན་ཤེས་ཀི་རེད་བསམ།
དགེ་རབ་ལགས། སྐད་ཆ་དྲང་མོར་གསུངས་པ་ཐུགས་རྗེ་ཆེ། ངས་ཀྱང་འདིའི་སྐོར་ནས་འདྲི་འདོད་པ་རེ་ཟུང་འདུག་ཀྱང་དེ་རིང་གླེང་གི་མིན་ལགས།
རིན་པོ་ཆེས་བཀའ་སློབ་གནང་སྟངས་ཡིད་ཆེས་པ་ཞིག་འདུག འོན་ཀྱང་ཧ་ལས་པ་ཞིག་བྱུང་སོང་། དེ་ནི་རྒྱ་གར་རྡ་ས་ནས་ཁ་པར་གཏོང་མི་ཞིག་གིས་ཁོང་ལ། གོང་ཐང་རིན་པོ་ཆེས་པཎ་ཆེན་ཡང་སྲིད་སྐོར་གྱི་ཚོགས་འདུའི་ཐོག་ག་རེ་གསུངས་རྒྱུས་ཡོད་དམ་ཞེས་དྲིས་པར། ཁོང་གིས་གོ་མ་སོང་གསུངས་སོང་། འདི་ནི་བློ་ཡུལ་ལ་མ་ཤོངས་པ་ཞིག་ཆགས་སོང་། གོང་ཐང་རིན་པོ་ཆེས་སྐད་གྲགས་ཆེ་བའི་གསུངས་བཤད་གནང་མྱོང་བ་བོད་ཕྱི་ནང་གཉིས་ཀར་ས་ཁྱབ་རྡོ་ཁྱབ་རེད། དེའི་ཕྱིར་གནས་ཚུལ་དེར་འབྲེལ་བ་ཧ་ཅང་ཆེ་བ་ཁོང་གིས་ཚོགས་ཐོགས་དེར་བླ་མ་སོ་སོས་ལངས་ཕྱོགས་ག་འདྲ་བསྟན་མིན་དང་། བླ་མ་རེ་རེས་གསུངས་བཤད་གེ་ར་གནང་གི་ཡོད་མེད་མ་གོ་བའམ་ཡང་ན་དོ་སྣང་མ་སྤྲད་པ་དེ་ཡ་མཚན་བྱུང་། ངས་བཀའ་འདྲི་ལ་ཐེངས་གཅིག་ལས་མ་ཉན་པས་གོ་ནོར་ཡིན་ན་དགོངས་སེལ་ཞུ།
http://translate.google.com/ འདི་ན་ཡིག་རིགས་སྣ་མང་ལོ་ཙཱ་བྱེད་ཀྱི་འདུག འོན་ཀྱང་བོད་ཡིག་མི་འདུག དགོས་མཁོ་ཅན་ཚོས་བེད་སྤྱོད་གནོངས་ཡ།
ཙན་དན་ལོ་མ་། རྣ་བའི་གོ་བའི་ལྡིར་སྒྲ་དང་།མིག་གི་མཐོང་བའི་འབྲུག་གཉིས་དོ་མ་མཉམ་པ་ཡོང་དུས་།ང་ཚོས་སེམས་སུ་མི་བདེ་བ་ཆགས་ཡོད་སྲིད་ཀྱང་།སྐབས་འདིར་ང་ཚོར་ཨ་ཀྱཱ་རིན་པོ་ཆེ་ལས་ལྷག་པའི་སྐད་ཆ་གསལ་བ་ཞིག་མ་མཐོང་བས་།རིན་པོ་ཆེའི་གསུང་ལ་ཡིད་ཆེས་རྒྱུ་ལས་ཐབས་ཤེས་གཞན་ཅི་ཡང་མི་འདུག་།རྗེས་སུ་དེ་ལས་ལྷག་པའི་ཁུངས་མང་པོ་ཤིག་ཡོད་ནས་ཁྱེར་ཤོག་། ཕྲན་རང་ནས་གུང་ཐང་རིན་པོ་ཆེ་བླ་མ་བསྟེན་མྱོང་།དད་པ་བླ་ལྷག་ཏུ་ཡོད་།དེ་བཞིན་༡༩༩༦་ལ་གུང་ཐུང་རིན་པོ་ཆེས་རྒྱལ་མཚན་ནོར་བུས་ཕྱག་ནས་འཇུས་ཏེ་ཁྲི་ཐོག་ལ་བཏོན་གནང་གིན་ཡོད་པའི་པར་ཡང་མཐོང་མྱོང་།་ཨ་ཀྱཱ་རིན་པོ་ཆེས་གསུང་བ་ལྟར་།དེ་དག་བཙན་ཤེད་ཀྱི་བྱས་པ་ལྟར་བྱུང་བ་ལས་།་རང་ངོས་ནས་མིན་པོ་གསལ་བོ་རེད་།དཔེར་ན་གུང་ཐང་རིན་པོ་ཆེས་ཐོག་དང་པོ་རྡ་ས་ལ་འགྲོ་རྒྱུའི་ཁས་ལེན་བྱས་པ་སོགས་ཀྱིན་མཚོན་གྱིན་རེད་།གྲོགས་པོ་ཚོ་།ལོ་རྒྱུས་དྲང་མོ་ཞིག་བཤད་རྒྱུ་གལ་ཆེན་རེད་།
ཨ་ལགས་གུང་ཚང་གི་གསུང་བཤད་སྐད་གྲགས་ཅན་དེ་ངས་གོ་ཚོད་ལ་འདི་འདྲ་ཞིག་རེད། དེ་ནི་༡༩༩༥་ལོ་རེད། སྐབས་དེར་ང་བླ་བྲང་ན་ཡོད། པཎ་ཆེན་རིན་པོ་ཆེའི་ཡང་སྲིད་འཚོལ་དགོས་པས་བོད་ས་ཁྱོད་ཡོངས་ཀྱི་བླ་དཔོན་ཆེ་གྲོས་རྣམས་པེ་ཅིན་དུ་སོང་བ་དང་། སྐབས་དེར་བླ་བྲང་ནས་ཨ་ལགས་གུང་ཐང་ཚང་དང་ཀུན་མཁྱེན་ཚང་། དགེ་བའི་བཤེས་གཉེན་ཆེན་མོ་རྒན་ཞིང་གཤེགས་ཨ་ཁུ་དགེ་འདུན་རྒྱུ་མཚོ་ཚང་གསུམ་ཕེབས་པ་དང་། སྐབས་དེར་ལན་ཀྲུའུ་ནས་འགྲོ་ཁར་ཨ་ལགས་གུང་ཐང་ཚང་གིས་རྒྱ་ལྭ་མནབས་རྒྱུའི་དགོངས་ཚུལ་བཞེས་པར། ཀུན་མཁྱེན་ཚང་དང་རྒན་དམ་པ་ཨ་ཁུ་དགེ་འདུན་རྒྱ་མཚོ་ཚང་གཉིས་ཀྱིས་ཨུ་ཚུགས་ཀྱིས་མནབས་མ་བཅུག་པ་༼འདི་ལ་ཁོང་རྣམ་པས་གསུང་གླེང་ཡ་མཚན་པ་མང་༽སོགས་དང་། དེ་ནས་པེ་ཅིན་དུ་ཕེབས་ཏེ་ཚོགས་འདུ་ཚོགས་སྐབས། ཡང་སྲིད་འཚོལ་བའི་སྐོར་གྱི་འགན་དང་དབང་ཆ་ཚང་མ་རྒྱ་གཞུང་ལ་ཡོད་ཚུལ་དང་། རྒྱ་གཞུང་གིས་འགན་འདི་ངེས་པར་དུ་འཁུར་དགོས་སྐོར་བཤད་པའི་ཁར། ༡༩༩༥ལོའི་བོད་ཚེས་དགུ་བའི་ཉེར་གཉིས་ཉིན་གསེར་བུམ་དཀྲིགས་འདོན་བྱེད་རྒྱུའི་གྲོས་ཐག་བཅད་པར། ཨ་ལགས་ཚང་གིས་ཐུགས་སྟོབས་ཆེན་པོས། ཡར་བཞེངས་ནས། ༸རྒྱལ་བ་པན་ཆེན་གྱི་ཡང་སྲིད་ནི་ད་བར་དུ་རྣམ་པ་གཉིས་ཕན་ཚུན་ཐུགས་ཐག་གཅོད་རེས་ཀྱིས་ཡོང་བ་དང་། ལྷག་པར་དུ་ཐེངས་འདིའི་ཡང་སྲིད་ནི་༸རྒྱལ་དབང་མཆོག་གིས་སྔ་ན་ཐུགས་ཐག་བཅད་ཟིན་པས་ང་ཚོས་འདི་ནས་བསམ་གཟས་ནས་ཡང་སྲིད་གཉིས་པ་ཞིག་འཚོལ་དགོས་དོན་མེད་སྐོར་གསུངས་པར། རྒྱ་དཔོན་ཚོས། ཁྱོད་ནི་ཁ་བྲལ་བར་འབྲེལ་བ་ཡོད་ཚུལ་དང་། ཏཱ་ལའི་རུ་ཚོགས་ལ་ངན་འབྲེལ་བྱས་དང་བྱེད་བཞིན་ཡོད་པ་ཚང་མ་ང་ཚོས་ཤེས་ཡོད་སོགས་ཨ་ལགས་ཚང་ལ་ཁ་རྡུང་དྲག་པོ་བཏང་བར། ཁོང་གིས་སླར་ཡང་། རེད། ང་བླ་རྒན་འཆི་ཁ་རྒས་ཁ་ཞིག་ལ་རང་གི་རྩ་བའི་བླ་མ་དང་འགལ་མི་ཐུབ། འབྲེལ་བ་ཡོད་པའང་བདེན་པ་ཡིན། ཡང་སྲིད་ནི་ཁོང་གིས་ཐུགས་ཏག་བཅད་ཟིན་པའི་ང་བོད་མི་ཚོ་ལ་ཡང་སྲིད་གཉིས་པ་ཞིག་ནམ་ཡང་དགོས་དོན་མེད་ལ། བོད་མི་རིགས་ལའང་དགོས་ཀྱི་མ་རེད་སོགས་གསུང་ལན་དྲག་པོ་གནང་བས། སྐབས་དེའི་ཚོགས་འདུ་ལེགས་མ་བྱུང་བ་དང་། ཡང་སྲིད་བཙལ་འཚོལ་གྱི་མཛད་སྒོ་དེའང་ཟླ་བཅུ་བའི་ཚེས་ཉེར་ལྔ་ཉིན་ཚོགས་པ་རེད་ཟེར། འདི་ཙམ་ཡིན། ཨོ་རེད། ང་བསོད་ནམས་ཆེན་པོ་འདྲ་ཞིག་འདུག ༸གོང་ས་མཆོག་གི་ཐུགས་ཐག་བཅད་པའི་པཎ་ཆེན་ཡང་སྲིད་དེ་༼༡༩༩༤དང་ཡང་ན་༡༩༩༥་གང་ཡིན་གསལ་པོ་མི་དྲན་མོད་གང་ལྟར་༽ཁོང་གི་ཡུལ་འཁོར་ཉུང་ཤོས་དང་ལྷན་དུ་བླ་བྲང་དུ་གནས་མཇལ་སྐབས་ང་དང་གྲོགས་པོ་རེ་འགས་མཇལ་མྱོང་། དེ་དུས་པཎ་ཆེན་ཡང་སྲིད་ཅིག་ཡིན་པ་སུས་ཤེས་ཏེ་མ་ཤེས་མོད། ད་དུང་བླ་བྲང་གི་སྤྲུལ་སྐུ་༼མིང་མི་འདོན༽ཞིག་གིས་ཡང་སྲིད་ཁོང་པང་ནས་པར་བརྒྱབས་པའང་ཡོད། ལོ་དེའི་རྗེས་ལོ༡༩༩༦ལོའི་དབྱར་མགོ་ཚེས་མ་ཐག་གི་བླ་བྱང་དགོན་པའི་དཔྱིད་ཆོས་སྐབས། ༼འདི་བཙུགས་ཤིང་ནང་དུ་ཚོགས་དགོས་ཏེ་འཛིན་གྲྭ་གཏུགས་རེས་ཀྱང་བྱེད་དགོས།༽དབུས་ནས་ཡིན་པའི་ཕོ་གསར་གཉིས་ཀྱིས་རྒྱལ་བ་རིན་པོ་ཆེ་དང་ཁོང་གིས་ཐུགས་ཐག་བཅད་པའི་པཎ་ཆེན་ཡང་སྲིད་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མའི་སྐུ་པར་སྟོང་ཕྲག་ཁྱེཏ་ཏེ་བླ་བྲང་དུ་སླེབས་པ་རེད། སྐབས་དེར་ང་དང་གྲོགས་༼མིང་མི་འདོན༽འགས་པར་དེ་མཐོང་སྐབས། གཞི་ནས་སྔ་ལོ་ཡོང་བའི་བྱིས་པ་དེ་༸གོང་ས་མཆོག་གིས་ཐུགས་ཐག་བཅད་པའི་པཎ་ཆེན་ཡང་སྲིད་ཡིན་པ་ཤེས། སྐབས་ང་ཚོས་༸རྒྱལ་པཎ་རྣམ་གཉིས་ཀྱི་སྐུ་པར་རེ་རྒྱའི་མོ་ཙི་གཉིས་རེར་བརྩིས་ཏེ་པར་སྟོང་ཕྲག་བླུས་ཏེ་ཚོགས་མང་ཡོད་སར་གསང་བས་འགྲེམས་བཀྲམས་བྱས་པ་ཡིན། ད་དུང་བླ་བྲང་ཐ་བ་༼རྫོང་གི་ཁྲོམ་ལམ་༽ན་རྒྱ་ནག་མི་རིགས་པར་རྒྱག་མཁན་རྒན་པོ་ཞིག་ཡོད་པ་དེའི་སར་ཁྱེར་སོང་སྟེ། འདི་ནི་པཎ་ཆེན་དངོས་གནས་དང་ངོ་མ་བོ་དེ་རེད། ཁྱོད་ཀྱིས་པར་འདི་ཆེ་ཆུང་འདྲ་མིན་དང་གྲངས་ཀ་མང་པོ་བཀྲུས་ཏེ་བཙོང་ན་ཁེ་བཟང་ཆེ་གི་རེད་ལ། བོད་མི་ཚོས་ཀྱང་འདི་ཉོ་གི་རེད་ཅེས་བཤད་པ་ཡིན། སྐབས་དེར་ཁོའི་པར་ཁང་དུ་རྒྱ་ནག་གིས་ཡང་སྲིད་རྫུས་མའི་པར་༼པར་གྱི་ཟུར་ཞིག་ན་བོད་ལྗོངས་བརྙན་འཕྲིན་གྱི་རྟགས་དེའང་ཡོད་པ་གསལ་བོར་དྲན༽ཆེ་ཆུང་འདྲ་མིན་མང་པོ་འདུག འོན་ཀྱང་ཁོས་ང་ཚོའི་ལག་ནས་པར་དེ་བླངས་མ་སོང་ལ། ཁོང་སྣང་མེད་ངང་། ངས་ཁྱོད་ཚོ་ལ་པར་དེ་འགྲེམས་རོགས་བྱེད་ནུས་་མ་རེད་ཟེར། ངས་རང་གི་ཕ་ཡུལ་མཚོ་སྔོན་ཕྱོགས་སུའང་པར་མང་པོ་བསྐུར་བ་ཡིན། ཨོ་ད་མང་པོ་བཤད་མི་ཉན་ནའང་ཐང་། དེ་ཙམ་བྱོས་ཡ། ཡིག་གཏགས་ནོར་འཕྱུགས་ཡོད་ན་བཟོད་པར་གསོལ་ལོ།།
ཕ་བཙོན་དུ་གྲོངས་ཀྱང་དེའི་གནས་ཚུལ་ད་ལྟ་ཡང་མི་ཤེས་པ། ཆག་སྒོ་འདི་འདྲ། སེམས་ནས་བཟོད་དཀའ་བ་འདུག
སྐབས་དེར་བོད་མི་མང་པོ་བཟུང་སྟེ་ཀ་མདོ་དང་ཟི་ལིང་། ན་གོར་མོ་སོགས་གང་སར་བཙན་ཁྲིད་ཀྱིས་ངལ་རྩོལ་འདྲ་མིན་བྱས་མཏར་ཕྱིར་འོང་མེད་པའི་དཀའ་སྡུག་གི་ནང་ནས་འདས་ཟིན་པ་སོགས་ཚེ་རིང་དོན་གྲུབ་ཀྱི་སྒྲུང་རིང་། རླུང་དམར་འུར་འུར་ཟེར་བའི་ནང་དུ་ཡང་ཁ་གསལ་གཏིང་བྲིས་འདུག་གམ། ད་དུང་མགོ་ལོག་གཙོ་བྱས་པའི་བོད་ས་གང་སའི་བོད་མི་སྟོང་ཕྲག་ན་གོར་མོ་ཕྱོགས་སུ་ལམ་བཟོ་བར་ཁྲིད་དེ་ལྟོགས་ལྐོམ་གྱིས་ཤི་ཟིན་པས་མི་གཅིག་གཉིས་ཤིག་ལས་ཕྱིར་འོང་མེད་སོང་བའི་སྐོར་མགོ་ལོག་རང་གི་མིའི་ཁ་ནས་གོ་མྱོང་། ཨ་ཀྱཱ་རིན་པོ་ཆེའི་ཕ་རྒན་ཡང་དེ་འདྲ་ཞིག་ནས་འདས་སོང་བ་ལོས་ཡིན། སྐབས་དེའི་བོད་མི་མང་ཆེ་བ་གང་ཁྲིད་དང་གར་འདས་ཤེས་ཡོད་མཁན་མང་པོ་ཡོད་རྒྱུ་མ་རེད་བསམ་གི མགོ་ལོག་ཕྱོགས་ཀྱི་བོད་མི་ན་གོར་མོ་ནས་འདས་པ་ཚོ་བརྒྱ་ཆའི་མང་ཆ་བ་འཐུང་ཆུ་མ་རག་པར་འདས་སོང་བ་རེད་ཟེར། ཆུ་མེད་པས་ཆར་བ་ཅུང་ཙམ་རེ་དང་། ནམ་རྒྱུན་དགོང་མོ་ཉལ་ཁར་སློག་པ་ཕུད་ནས་སར་བཀབ་ནས་བཞག་པ་དང་། ཞོགས་པ་སྔ་མོ་སློག་པའི་སྤུའི་ཐོག་གི་བ་མོའམ་ཆུའི་བསིལ་བ་འདྲ་རེ་ཡོད་པ་དེས་སྐོམ་སེལ་བྱས་རྗེས། ན་གོར་མོའི་བྱེ་ཐང་ཆེན་མོར་ལམ་བཟོ་བར་སོང་བའི་རྟོག་སྒྲུང་འདྲ་བ་དེ་ཚོ་གོ་ཡོང་དུས། ཚོར་བ་དེ་བཤད་མི་ཤེས་པ་ཞིག་འདུག
ཤེས་དགོས་པའི་གནས་ཚུལ་མང་པོ་གསལ་བཤད་བྱས་ཡོད་ན་ཡག་པོ་རེད།
ཐེངས་འདིའི་ཀུན་གླེང་ལ་བལྟས་པ་ཡིན། ཐོག་མར་ཨ་ཀྱཱ་ཧོ་ཐོག་ཐུ་སྐུ་ཕྲེང་བརྒྱད་པ་ཞེས་པའི་ཧོ་ཐོག་ཐུ་འདི་ངའི་མིག་ལ་བདེ་མ་བྱུང་། མིང་འདི་ལའང་དུས་རབས་དང་སྤྱི་ཚོགས། དེ་དང་འབྲེལ་བའི་རྒྱབ་ལྗོངས་སོགས་ཡོད་པ་ངས་ཤེས་ཡོད།
ད་དུང་ཡང་ངའི་སེམས་ན་ཨ་ཀྱཱ་ཚང་རྒྱུ་རྐྱེན་གང་ཞིག་གི་འོག་ནས་བཙན་བྱོལ་དུ་ཕེབས་མིན་སྐོར་ལ་སྨུག་པ་འཁྱིལ་བསྡད་ཡོད། དེབ་དེའི་ནང་དུ་བཙན་བྱོལ་དུ་ཕེབས་དགོས་པའི་སྐོར་ལ་གསལ་པོར་བྲིས་ཡོད་སྟབས། ཅིས་ཀྱང་བྐླག་ངེས་ཡིན།
དེ་ནས་ཨ་ཀྱཱ་ཚང་ལྟ་བུ་ཡིན་ན་རྒྱ་གཞུང་གིས་དམིགས་བསལ་གྱིས་གོ་གནས་ཕུལ་བའི་བླ་ཆེན་ཞིག་ཡིན་སྟབས། ཕྱི་རྒྱལ་ལས་བོད་དུ་བཞུགས་ཡོད་ཚེ། ཁོང་གིས་བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་དོན་དུ་ཕྱག་ལས་མང་པོ་གནང་ཐུབ་པ་རེད་དྲན(ཚོད་དཔག་ཡིན།)།
དཔེར་ན་སྐབས་དེར་དཀར་མཛེས་ཁུལ་གྱི་ངལ་རྩོལ་བསྒྱུར་བཀོད་ར་བ་རྣམས་དར་མདོ་རྫོང་སོགས་སུ་ཡོད་ལ། སྐབས་དེར་ངལ་རྩོལ་བསྒྱུར་བཀོད་ར་བ་ཞིག་གི་ནང་དུ་ཕར་མི་ཁྲི་གཉིས་དེད་པ་རེད་ཟེར། ཚུར་གསོན་པོར་ལྷག་ཡོད་པ་ནི་མི་གྲངས་སྟོང་ཕྲག་གཉིས་ཙམ་མ་གཏོགས་མི་འདུག་ཟེར། དེ་འདྲ་བའི་ངལ་རྩོལ་བསྒྱུར་བཀོད་ར་བ་བཅུ་ཕྲག་ལྷག་དཀར་མཛེས་ཁུལ་ལ་ཡོད་ཟེར། དེ་ལྟར་ན་ཨ་ཀྱཱ་ཚང་གི་ཕ་ལགས་ནང་བཞིན་བོད་མི་སྤྱི་མཐུན་ལ་འདི་འདྲའི་གོད་ཆག་འབྱུང་འདུག དེ་དང་འདྲ་བ་ནགས་ཚང་ཞི་ལུའི་སྐྱིད་སྡུག་ནའང་ཟུར་ཙམ་གསལ་གི་མི་འདུག་གམ།
སྙན་བཟང་ཟེར་བ་ལགས། ཨ་ཀྱྰ་རིན་པོ་ཆེ་ཚང་བཙན་བྱོལ་ལ་ཕེབས་དགོས་པའི་རྒྱུ་མཚན། ཁོང་གིས་ཀུན་གླེང་སོགས་སུ་ཐེངས་ཁ་ཤས་སུ་གསུངས་ཡོད་པས། ཁྱེད་ཀྱི་སེམས་ནང་གི་སྨུག་པ་ད་དུང་དྭངས་མེད་པ་ཨ་ཡ་མཚན་རེ་ཡ
ཨཀྱཱ་རིན་པོ་ཆེ་བཙན་བྱོལ་དུ་ཕེབས་དགོས་པའི་སྐོར་མ་ཤེས་ན་ད་་་་་་
བོད་ཀྱི་སུམ་ཅུ་དུས་དྲན་ཉིན་དེའི་གནས་ཚུལ་མ་བཤད་པ་ཨ་ཅ་ཚང་གི་ལོ་རྒྱུས་བཤད་པ་དེ་སེམས་ཕམ་ཡོད། ཨ་ཅ་ཚང་ནི་ཨ་རི་ན་བཞུགས་བཞུགས་པ་རེད། བོད་ཀྱི་སུམ་ཅུ་དུས་དྲན་ནི་ལོ་གཅིག་ལ་ཐེངས་གཅིག་ལས་མེད། དེ་འདྲའི་སྐབས་སྐད་རྒྱག་མཁན་གྱིས་བརྒྱག གསར་འགྱུར་ཚང་མས་དུས་ཅིག་ལ་བཤད་ནས་གནད་དོན་དེ་ཆེན་པོ་འུར་ཁྱི་ལེ་བ་ཞིག་བཟོ་དགོས་པ་རེད། རྡོ་རྗེ་ཚེ་རིང་ཁོང་རང་ལ་བསམ་ཚུལ་གང་ཡང་མེད། གང་ནས་བཀོད་སྒྲིག་བྱེད་མཁན་ཚོེས་མ་འགྲིག་པ་རེད། སེམས་ཕམ་ཡོད།
ངས་ཨ་ཀྱཱ་ཚང་རྐྱེན་གང་ཞིག་ལ་བརྟེན་ནས་ཕྱི་རྒྱལ་དུ་ཕེབས་མིན་སྐོར་གསལ་པོ་ཞིག་མི་ཤེས། ཡིན་ན་ཡང་། དེ་ལ་རྒྱུ་མཚན་འགའ་ཡོད། འདིར་མདོར་བསྡུས་ཤིག་ཞུ་འདོད་བྱུང་།
ཨ་ཀྱཱ་ཚང་བཙན་བྱོལ་དུ་ཐོག་མར་ཕེབས་དུས། གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཨ་ཀྱཱས་རྒྱ་དམར་གྱི་སྡུག་རྩུབ་ལ་མ་བཟོད་པར་བཙན་བྱོལ་གྱི་ལམ་བུ་བདམས་པ་རེད་ཅེས་གླེང་བྱུང་བ་དྲན། ཡིན་ན་ཡང་། འདི་དྲན་སྣང་ཙམ་ཡིན། སྐབས་དེའི་གསར་འགྱུར་ཐོ་འགོད་ལྟ་བུ་བྱས་མེད་སྟབས། སྐབས་དེའི་གནས་ཚུལ་ཏག་ཏག་ཅིག་ང་ལའང་བཤད་རྒྱུ་མེད། འདི་གཅིག་རེད།
གཉིས་པ་ནི། གླེང་ཕྱོགས་གཞན་པ་ཞིག་སྟེ། ཨ་ཀྱཱས་རྒྱ་མིའི་པཎ་ཆེན་ལ་ངོས་ལེན་བྱེད་མ་འདོད་པར་སྐྱབས་བཅོལ་ལ་ཡོང་བ་རེད་ཅེས་པའི་སྐད་ཆ་ཞིག་ཁྱབ་ཡོད་ནའང་། པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གནང་སྐབས་ཨ་ཀྱཱ་རིན་པོ་ཆེས་རྒྱལ་བ་རིན་པོ་ཆེས་ངོས་འཛིན་གནང་བའི་པཎ་ཆེན་ཁྱེའུ་དེར་ངོས་ལེན་གནང་ཡོད་པ་མ་རེད་ཅེས་པའི་སྐད་ཆ་ཞིག་ཀྱང་གོ་བྱུང་བས། ང་རྦད་དེ་འཐོམ་པར་གྱུར།
དེ་ནས། གསར་འགྱུར་གཞན་པ་ཞིག་ནི། ལྟག་འཚེར་རིན་པོ་ཆེ་སྐུ་འཚོ་བཞུགས་རིང་། ཁོང་གི་སྐུ་བདེ་ཐང་མིན་པར་གཞིགས་ཏེ་ཨ་ཀྱཱ་ཚང་ལ་འབྲེལ་བ་བྱས་པ་འདྲ། ལྟག་འཚེར་རིན་པོ་ཆེའི་རེ་བ་ལྟར་ཁོང་ཨ་རིར་ཡོང་བ་དང་། ཨ་རི་ནས་རྒྱལ་བ་རིན་པོ་ཆེར་མཇལ་བ་དང་། རྒྱལ་བ་རིན་པོ་ཆེའི་དགོངས་བཞེད་ལྟར། ད་ལྟ་སྐུ་འབུམ་བྱམས་བརྩེའི་གླིང་དུ་རྒྱུན་བཞུགས་སུ་གནང་བཞིན་པ་ཡོད་པ་རེད་ཅེས་ཐོས།
རྗེས་ཕྱོགས་གོང་གི་དོགས་པ་ཡོང་སྟངས་ཀྱི་སྐོར་ལ་རྒྱུས་ལོན་དང་ཉམས་ཞིབ་ཕྲན་བུ་ཞིག་བྱེད་འདོད། ཁོམ་པ་རེ་ཡོད་དུས། ཀུན་གླེང་ལའང་བསྐྱར་དུ་བལྟ་འདོད་ཡོད། ཁ་སང་བྲེལ་གསེང་གི་བར་གསེང་ཞིག་ནས་བལྟས་པ་ཡིན་སྟབས། གསལ་པོ་ཞིག་བྱུང་མ་སོང་། འདི་ཐུགས་ལ་བརྣག་པར་མཛོད་ཅིག
སྙན་བཟང་གཡུང་དྲུང་ཚེ་རིང་ལགས་།
དེའི་སྐོར་ཤེས་འདོད་ན་།ཐོག་མར་རིན་པོ་ཆེའི་རང་རྣམ་དེ་ཆ་ཚང་ཤིག་ཀློག་།དབྱིན་ཇིའི་ཀློག་མི་ཤེས་བ་བོད་ཡིག་མ་ལ་སྒུག་།་ཁྱེད་ཀྱི་གནད་དོན་གཉིས་ཀ་དོན་གྱིས་རིན་པོ་ཆེས་ལན་གསལ་བོ་ཤིག་གནང་འདུག།
ངས་ཀྱང་གསལ་བཤད་ཅིག་ཞུ་འདོད་བྱུང་། གང་ཡིན་ཟེར་ན། ང་ས་གནས་ཀྱི་མི་རེད། ངའི་གསལ་བཤད་འདི་སྙན་བཟང་གི་དྲི་བ་གསུམ་པའི་ལན་ཡིན། འདི་ལ་ཡང་བསམ་ཚུལ་གཞན་པའང་ཡོད་སྲིད། དེ་ནི་ངས་མི་ཤེས། ལྟག་མཚེར་རིན་པོ་ཆེས་ཨ་ཀྱཱ་རིན་པོ་ཆེ་ཨ་རིར་གདན་འདྲེན་ཞུས་པ་མ་རེད། ཨ་ཀྱཱ་རིན་པོ་ཆེ་ཆབ་སྲིད་ཀྱི་སྐྱབས་བཅོལ་ཞུས་པ་རེད། སྐྱབས་བཅོལ་ཞུ་དགོས་པའི་རྒྱུ་མཚན་རྣམས་ཀྱི་གཙོ་བོ་དེ་རྒྱ་གཞུང་གིས་པཎ་ཆེན་རྫུན་མར་བདག་པོ་རྒྱག་དགོས་པའི་གནོན་ཤུགས་ལས་གཡོལ་ཆེད་ཡིན་པ་ཡོད། འདི་ཡང་ཁོང་གི་ཞལ་ལས་ཐོས་བྱུང་།
ད་འདི་གའི་ཆོས་ཚོགས་སུ་ཕེབས་ལུགས་འདི་ལྟར་རེད། ལྟག་མཚེར་རིན་པོ་ཆེ་སྐུ་བདེ་ཐང་གི་སྐབས་སུ་ཆོས་ཚོགས་སུ་འདུ་ཁང་གསར་པ་ཞིག་བཞེངས་པ་དང་། སྐུ་བསྙུང་བའི་སྐབས་སུ་སྦྱིན་བདག་རྣམས་བློ་འགྱུར་བ་ལྟ་བུའི་ཐོག་ནས་སྔོན་གྱི་བུ་ལོན་ཆེན་པོ་ཞིག་ཆགས། དེ་ནས་ཆོས་ཚོགས་འདི་ཧ་ལམ་དངུལ་ཁང་གིས་བླངས་ནས་འཚོང་བསྒྱུར་བྱེད་ཉེར་ཐུག་སྐབས། ༧གོང་ས་མཆོག་གིས་བཀའ་གནང་ནས་ཨ་ཀྱཱ་རིན་པོ་ཆེ་ཆོས་ཚོགས་ཀྱི་འགན་འཛིན་གསར་པོར་བསྐོ་གཞག་བྱས་པ་རེད། ཆོས་ཚོགས་ཀྱི་བུ་ལོན་ལ་ཡང་ཨ་སྒོར་ས་ཡ་གཅིག་དང་འབུམ་བདུན་ཙམ་སྐུ་མདུན་རང་ནས་གསོལ་རས་གནང་དགོས་བྱུང་ཡོད་པ་རེད། ཨ་ཀྱཱ་རིན་པོ་ཆེ་ཆོས་ཚོགས་འདིའི་འགན་འཛིན་ཆགས་པ་ནས་ད་བར་ལོ་བཞི་ལྔ་ཙམ་འགྲོ་གི་ཡོད་པ་རེད། འདི་གསལ་བཤད་ཡིན།
ཨ་ཀྱཱ་རིན་པོ་ཆེ་ལ་བཅར་འདྲི་བྱས་པའི་ལན་དེའི་ནང་དུའང་པཎ་ཆེན་ཡང་སྲིད་སྐོར་གང་འཚམ་ཞིག་གསུངས་སོང་། སྙན་བཟང་ལགས། ཁྱོད་ཀྱིས་བཤད་པ་བཞིན་གོང་ན་རྡོ་རྗེ་ཚེ་བརྟན་གྱིས་གཙོ་སྐྱོང་བྱས་པའི་ཀུན་གླེང་འདི་དང་། དཔལ་ལྡན་རྒྱལ་གྱིས་ཀྱང་ཁ་ཉིན་ཨ་ཀྱཱ་རིན་པོ་ཆེར་འདིའི་སྐོས་ནས་བཅར་འདྲི་ཞིག་བྱས་སོས་། དེ་གཉིས་ནས་ཅུང་ཙམ་གསལ་པོ་ཆགས་ཐུབ་པའི་རེ་བ་ཆེ། གཞན་དེ་བས་ཞིབ་ཚགས་སུ་རྗེས་ནས་དཔེ་དེབ་ལ་བལྟས་ན་ཤེས་ཀི་རེད་བསམ།
ད་ཡང་དགེ་རབ་ཀྱིས་གསར་པ་ཞིག་གི་མགོ་གླེང་སོང་། རྩོད་རྙོག་མི་འབྱུར་བར་ཤོག
དགེ་རབ་ལགས། སྐད་ཆ་དྲང་མོར་གསུངས་པ་ཐུགས་རྗེ་ཆེ། ངས་ཀྱང་འདིའི་སྐོར་ནས་འདྲི་འདོད་པ་རེ་ཟུང་འདུག་ཀྱང་དེ་རིང་གླེང་གི་མིན་ལགས།
རིན་པོ་ཆེས་བཀའ་སློབ་གནང་སྟངས་ཡིད་ཆེས་པ་ཞིག་འདུག འོན་ཀྱང་ཧ་ལས་པ་ཞིག་བྱུང་སོང་། དེ་ནི་རྒྱ་གར་རྡ་ས་ནས་ཁ་པར་གཏོང་མི་ཞིག་གིས་ཁོང་ལ། གོང་ཐང་རིན་པོ་ཆེས་པཎ་ཆེན་ཡང་སྲིད་སྐོར་གྱི་ཚོགས་འདུའི་ཐོག་ག་རེ་གསུངས་རྒྱུས་ཡོད་དམ་ཞེས་དྲིས་པར། ཁོང་གིས་གོ་མ་སོང་གསུངས་སོང་། འདི་ནི་བློ་ཡུལ་ལ་མ་ཤོངས་པ་ཞིག་ཆགས་སོང་། གོང་ཐང་རིན་པོ་ཆེས་སྐད་གྲགས་ཆེ་བའི་གསུངས་བཤད་གནང་མྱོང་བ་བོད་ཕྱི་ནང་གཉིས་ཀར་ས་ཁྱབ་རྡོ་ཁྱབ་རེད། དེའི་ཕྱིར་གནས་ཚུལ་དེར་འབྲེལ་བ་ཧ་ཅང་ཆེ་བ་ཁོང་གིས་ཚོགས་ཐོགས་དེར་བླ་མ་སོ་སོས་ལངས་ཕྱོགས་ག་འདྲ་བསྟན་མིན་དང་། བླ་མ་རེ་རེས་གསུངས་བཤད་གེ་ར་གནང་གི་ཡོད་མེད་མ་གོ་བའམ་ཡང་ན་དོ་སྣང་མ་སྤྲད་པ་དེ་ཡ་མཚན་བྱུང་། ངས་བཀའ་འདྲི་ལ་ཐེངས་གཅིག་ལས་མ་ཉན་པས་གོ་ནོར་ཡིན་ན་དགོངས་སེལ་ཞུ།
http://translate.google.com/
འདི་ན་ཡིག་རིགས་སྣ་མང་ལོ་ཙཱ་བྱེད་ཀྱི་འདུག འོན་ཀྱང་བོད་ཡིག་མི་འདུག དགོས་མཁོ་ཅན་ཚོས་བེད་སྤྱོད་གནོངས་ཡ།
ཙན་དན་ལོ་མ་།
རྣ་བའི་གོ་བའི་ལྡིར་སྒྲ་དང་།མིག་གི་མཐོང་བའི་འབྲུག་གཉིས་དོ་མ་མཉམ་པ་ཡོང་དུས་།ང་ཚོས་སེམས་སུ་མི་བདེ་བ་ཆགས་ཡོད་སྲིད་ཀྱང་།སྐབས་འདིར་ང་ཚོར་ཨ་ཀྱཱ་རིན་པོ་ཆེ་ལས་ལྷག་པའི་སྐད་ཆ་གསལ་བ་ཞིག་མ་མཐོང་བས་།རིན་པོ་ཆེའི་གསུང་ལ་ཡིད་ཆེས་རྒྱུ་ལས་ཐབས་ཤེས་གཞན་ཅི་ཡང་མི་འདུག་།རྗེས་སུ་དེ་ལས་ལྷག་པའི་ཁུངས་མང་པོ་ཤིག་ཡོད་ནས་ཁྱེར་ཤོག་།
ཕྲན་རང་ནས་གུང་ཐང་རིན་པོ་ཆེ་བླ་མ་བསྟེན་མྱོང་།དད་པ་བླ་ལྷག་ཏུ་ཡོད་།དེ་བཞིན་༡༩༩༦་ལ་གུང་ཐུང་རིན་པོ་ཆེས་རྒྱལ་མཚན་ནོར་བུས་ཕྱག་ནས་འཇུས་ཏེ་ཁྲི་ཐོག་ལ་བཏོན་གནང་གིན་ཡོད་པའི་པར་ཡང་མཐོང་མྱོང་།་ཨ་ཀྱཱ་རིན་པོ་ཆེས་གསུང་བ་ལྟར་།དེ་དག་བཙན་ཤེད་ཀྱི་བྱས་པ་ལྟར་བྱུང་བ་ལས་།་རང་ངོས་ནས་མིན་པོ་གསལ་བོ་རེད་།དཔེར་ན་གུང་ཐང་རིན་པོ་ཆེས་ཐོག་དང་པོ་རྡ་ས་ལ་འགྲོ་རྒྱུའི་ཁས་ལེན་བྱས་པ་སོགས་ཀྱིན་མཚོན་གྱིན་རེད་།གྲོགས་པོ་ཚོ་།ལོ་རྒྱུས་དྲང་མོ་ཞིག་བཤད་རྒྱུ་གལ་ཆེན་རེད་།
ཨ་ལགས་གུང་ཚང་གི་གསུང་བཤད་སྐད་གྲགས་ཅན་དེ་ངས་གོ་ཚོད་ལ་འདི་འདྲ་ཞིག་རེད། དེ་ནི་༡༩༩༥་ལོ་རེད། སྐབས་དེར་ང་བླ་བྲང་ན་ཡོད།
པཎ་ཆེན་རིན་པོ་ཆེའི་ཡང་སྲིད་འཚོལ་དགོས་པས་བོད་ས་ཁྱོད་ཡོངས་ཀྱི་བླ་དཔོན་ཆེ་གྲོས་རྣམས་པེ་ཅིན་དུ་སོང་བ་དང་། སྐབས་དེར་བླ་བྲང་ནས་ཨ་ལགས་གུང་ཐང་ཚང་དང་ཀུན་མཁྱེན་ཚང་། དགེ་བའི་བཤེས་གཉེན་ཆེན་མོ་རྒན་ཞིང་གཤེགས་ཨ་ཁུ་དགེ་འདུན་རྒྱུ་མཚོ་ཚང་གསུམ་ཕེབས་པ་དང་། སྐབས་དེར་ལན་ཀྲུའུ་ནས་འགྲོ་ཁར་ཨ་ལགས་གུང་ཐང་ཚང་གིས་རྒྱ་ལྭ་མནབས་རྒྱུའི་དགོངས་ཚུལ་བཞེས་པར། ཀུན་མཁྱེན་ཚང་དང་རྒན་དམ་པ་ཨ་ཁུ་དགེ་འདུན་རྒྱ་མཚོ་ཚང་གཉིས་ཀྱིས་ཨུ་ཚུགས་ཀྱིས་མནབས་མ་བཅུག་པ་༼འདི་ལ་ཁོང་རྣམ་པས་གསུང་གླེང་ཡ་མཚན་པ་མང་༽སོགས་དང་། དེ་ནས་པེ་ཅིན་དུ་ཕེབས་ཏེ་ཚོགས་འདུ་ཚོགས་སྐབས། ཡང་སྲིད་འཚོལ་བའི་སྐོར་གྱི་འགན་དང་དབང་ཆ་ཚང་མ་རྒྱ་གཞུང་ལ་ཡོད་ཚུལ་དང་། རྒྱ་གཞུང་གིས་འགན་འདི་ངེས་པར་དུ་འཁུར་དགོས་སྐོར་བཤད་པའི་ཁར། ༡༩༩༥ལོའི་བོད་ཚེས་དགུ་བའི་ཉེར་གཉིས་ཉིན་གསེར་བུམ་དཀྲིགས་འདོན་བྱེད་རྒྱུའི་གྲོས་ཐག་བཅད་པར། ཨ་ལགས་ཚང་གིས་ཐུགས་སྟོབས་ཆེན་པོས། ཡར་བཞེངས་ནས། ༸རྒྱལ་བ་པན་ཆེན་གྱི་ཡང་སྲིད་ནི་ད་བར་དུ་རྣམ་པ་གཉིས་ཕན་ཚུན་ཐུགས་ཐག་གཅོད་རེས་ཀྱིས་ཡོང་བ་དང་། ལྷག་པར་དུ་ཐེངས་འདིའི་ཡང་སྲིད་ནི་༸རྒྱལ་དབང་མཆོག་གིས་སྔ་ན་ཐུགས་ཐག་བཅད་ཟིན་པས་ང་ཚོས་འདི་ནས་བསམ་གཟས་ནས་ཡང་སྲིད་གཉིས་པ་ཞིག་འཚོལ་དགོས་དོན་མེད་སྐོར་གསུངས་པར། རྒྱ་དཔོན་ཚོས། ཁྱོད་ནི་ཁ་བྲལ་བར་འབྲེལ་བ་ཡོད་ཚུལ་དང་། ཏཱ་ལའི་རུ་ཚོགས་ལ་ངན་འབྲེལ་བྱས་དང་བྱེད་བཞིན་ཡོད་པ་ཚང་མ་ང་ཚོས་ཤེས་ཡོད་སོགས་ཨ་ལགས་ཚང་ལ་ཁ་རྡུང་དྲག་པོ་བཏང་བར། ཁོང་གིས་སླར་ཡང་། རེད། ང་བླ་རྒན་འཆི་ཁ་རྒས་ཁ་ཞིག་ལ་རང་གི་རྩ་བའི་བླ་མ་དང་འགལ་མི་ཐུབ། འབྲེལ་བ་ཡོད་པའང་བདེན་པ་ཡིན། ཡང་སྲིད་ནི་ཁོང་གིས་ཐུགས་ཏག་བཅད་ཟིན་པའི་ང་བོད་མི་ཚོ་ལ་ཡང་སྲིད་གཉིས་པ་ཞིག་ནམ་ཡང་དགོས་དོན་མེད་ལ། བོད་མི་རིགས་ལའང་དགོས་ཀྱི་མ་རེད་སོགས་གསུང་ལན་དྲག་པོ་གནང་བས། སྐབས་དེའི་ཚོགས་འདུ་ལེགས་མ་བྱུང་བ་དང་། ཡང་སྲིད་བཙལ་འཚོལ་གྱི་མཛད་སྒོ་དེའང་ཟླ་བཅུ་བའི་ཚེས་ཉེར་ལྔ་ཉིན་ཚོགས་པ་རེད་ཟེར། འདི་ཙམ་ཡིན།
ཨོ་རེད། ང་བསོད་ནམས་ཆེན་པོ་འདྲ་ཞིག་འདུག ༸གོང་ས་མཆོག་གི་ཐུགས་ཐག་བཅད་པའི་པཎ་ཆེན་ཡང་སྲིད་དེ་༼༡༩༩༤དང་ཡང་ན་༡༩༩༥་གང་ཡིན་གསལ་པོ་མི་དྲན་མོད་གང་ལྟར་༽ཁོང་གི་ཡུལ་འཁོར་ཉུང་ཤོས་དང་ལྷན་དུ་བླ་བྲང་དུ་གནས་མཇལ་སྐབས་ང་དང་གྲོགས་པོ་རེ་འགས་མཇལ་མྱོང་། དེ་དུས་པཎ་ཆེན་ཡང་སྲིད་ཅིག་ཡིན་པ་སུས་ཤེས་ཏེ་མ་ཤེས་མོད། ད་དུང་བླ་བྲང་གི་སྤྲུལ་སྐུ་༼མིང་མི་འདོན༽ཞིག་གིས་ཡང་སྲིད་ཁོང་པང་ནས་པར་བརྒྱབས་པའང་ཡོད། ལོ་དེའི་རྗེས་ལོ༡༩༩༦ལོའི་དབྱར་མགོ་ཚེས་མ་ཐག་གི་བླ་བྱང་དགོན་པའི་དཔྱིད་ཆོས་སྐབས། ༼འདི་བཙུགས་ཤིང་ནང་དུ་ཚོགས་དགོས་ཏེ་འཛིན་གྲྭ་གཏུགས་རེས་ཀྱང་བྱེད་དགོས།༽དབུས་ནས་ཡིན་པའི་ཕོ་གསར་གཉིས་ཀྱིས་རྒྱལ་བ་རིན་པོ་ཆེ་དང་ཁོང་གིས་ཐུགས་ཐག་བཅད་པའི་པཎ་ཆེན་ཡང་སྲིད་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མའི་སྐུ་པར་སྟོང་ཕྲག་ཁྱེཏ་ཏེ་བླ་བྲང་དུ་སླེབས་པ་རེད། སྐབས་དེར་ང་དང་གྲོགས་༼མིང་མི་འདོན༽འགས་པར་དེ་མཐོང་སྐབས། གཞི་ནས་སྔ་ལོ་ཡོང་བའི་བྱིས་པ་དེ་༸གོང་ས་མཆོག་གིས་ཐུགས་ཐག་བཅད་པའི་པཎ་ཆེན་ཡང་སྲིད་ཡིན་པ་ཤེས། སྐབས་ང་ཚོས་༸རྒྱལ་པཎ་རྣམ་གཉིས་ཀྱི་སྐུ་པར་རེ་རྒྱའི་མོ་ཙི་གཉིས་རེར་བརྩིས་ཏེ་པར་སྟོང་ཕྲག་བླུས་ཏེ་ཚོགས་མང་ཡོད་སར་གསང་བས་འགྲེམས་བཀྲམས་བྱས་པ་ཡིན། ད་དུང་བླ་བྲང་ཐ་བ་༼རྫོང་གི་ཁྲོམ་ལམ་༽ན་རྒྱ་ནག་མི་རིགས་པར་རྒྱག་མཁན་རྒན་པོ་ཞིག་ཡོད་པ་དེའི་སར་ཁྱེར་སོང་སྟེ། འདི་ནི་པཎ་ཆེན་དངོས་གནས་དང་ངོ་མ་བོ་དེ་རེད། ཁྱོད་ཀྱིས་པར་འདི་ཆེ་ཆུང་འདྲ་མིན་དང་གྲངས་ཀ་མང་པོ་བཀྲུས་ཏེ་བཙོང་ན་ཁེ་བཟང་ཆེ་གི་རེད་ལ། བོད་མི་ཚོས་ཀྱང་འདི་ཉོ་གི་རེད་ཅེས་བཤད་པ་ཡིན། སྐབས་དེར་ཁོའི་པར་ཁང་དུ་རྒྱ་ནག་གིས་ཡང་སྲིད་རྫུས་མའི་པར་༼པར་གྱི་ཟུར་ཞིག་ན་བོད་ལྗོངས་བརྙན་འཕྲིན་གྱི་རྟགས་དེའང་ཡོད་པ་གསལ་བོར་དྲན༽ཆེ་ཆུང་འདྲ་མིན་མང་པོ་འདུག འོན་ཀྱང་ཁོས་ང་ཚོའི་ལག་ནས་པར་དེ་བླངས་མ་སོང་ལ། ཁོང་སྣང་མེད་ངང་། ངས་ཁྱོད་ཚོ་ལ་པར་དེ་འགྲེམས་རོགས་བྱེད་ནུས་་མ་རེད་ཟེར། ངས་རང་གི་ཕ་ཡུལ་མཚོ་སྔོན་ཕྱོགས་སུའང་པར་མང་པོ་བསྐུར་བ་ཡིན། ཨོ་ད་མང་པོ་བཤད་མི་ཉན་ནའང་ཐང་། དེ་ཙམ་བྱོས་ཡ།
ཡིག་གཏགས་ནོར་འཕྱུགས་ཡོད་ན་བཟོད་པར་གསོལ་ལོ།།
༟། ལང ྒད྄ག་འག྄གལཚའ྄གད་ྒལའཚ྄གལཚས྄ག