བྱམས་པ་ལྷུན་གྲུབ།
ང་འབྲོག་ཁྱི་སྐྱེས་ས་ཤར་ཕྱོགས་ཀྱི།།
རི་མཐོན་པོ་གནམ་ལ་ཟུག་འདྲ་ཞིང་།།
སྤང་སྔོན་མོ་ཡངས་ཤིང་དཀྱེལ་ཆེ་བ།།
ཆུ་དྭངས་མ་དལ་བུར་ཤག་ཤག་རྒྱུག།
ཚོན་རྣམ་པར་བཀྲ་བའི་མེ་ཏོག་གིས།།
ལ་ལུང་པ་སྤང་ལྗོངས་རྒྱན་པ་སོགས།།
ཡིད་འཕྲོག་པའི་མཛེས་སྡུག་དེ་དག་གིས།།
སྟེང་དག་པའི་ལྷ་ཡི་ཡུལ་ལྗོངས་དང་།།
འགྲན་ནུས་པ་སུས་ཀྱང་བསྙོན་དུ་མེད།།
དེ་ལྟ་བུའི་ངོ་མཚར་རྒྱལ་ཁམས་དེར།།
གནའ་སྔ་མོ་སྔ་མོའི་དུས་ཤིག་ནས།།
བོད་ཆོས་ལྡན་ཞིང་ཞེས་མཚན་སྙན་གྱིས།།
ལྷོ་འཛམ་བུ་གླིང་གི་ཕྱོགས་བཞིར་གྲགས།།
དེའི་དུས་ཀྱི་བོད་མི་རྒན་གཞོན་ཀུན།།
མི་གཅིག་ལས་གཅིག་གི་བཟང་བ་ཡོད།།
བློ་གཅིག་ལས་གཅིག་གིས་དྲང་བ་ཡོད།།
དེའི་དུས་སུ་འབྲོག་པ་རྣམས་ཡིན་ཡང་།།
སེམས་གཅིག་ལས་གཅིག་གིས་བཟང་བ་དང་།།
བློ་གཅིག་ལས་གཅིག་གིས་བརྟན་ཞེས་པའི།།
གཏམ་སྙན་པོ་རྣ་བའི་བདུད་རྩི་དེ།།
ངའི་ཕ་མེས་འབྲོག་ཁྱི་རྣམས་ལས་ཐོས།།
གང་ལྟར་ཀྱང་དེ་ཀུན་འདས་ཟིན་པའི།།
ང་འབྲོག་ཁྱིས་གོ་བའི་ལོ་རྒྱུས་རེད།།
དུས་དེང་སང་བོད་ཀྱི་འབྲོག་པ་ཚོ།།
རྒྱུ་འབྱོར་བར་རྔམ་པ་ཆེ་དྲགས་པས།།
ཆེས་ཡ་ཐོག་དུས་ཀྱི་གནས་སྐབས་ནས།།
ཁོང་འབྲོག་པ་ཚོ་ལ་ཞབས་ཞུའི་ཆེད།།
ངའི་ཕ་མེས་འབྲོག་ཁྱི་རྣམ་པ་དང་།།
ང་རྩིས་པའི་འབྲོག་ཁྱི་སྟོང་ཕྲག་གིས།།
ནམ་ཉིན་མཚན་ངལ་གསོའི་དུས་མེད་པར།།
ཆུ་ཆར་པ་གཉིས་ཀྱིས་འཁྱག་རློན་དང་།།
གངས་གྲང་རླུང་གཉིས་ཀྱི་གྲང་གདུང་དེ།།
ཤ་རུས་པའི་གསེབ་ལ་ཟུག་ནས་ནི།།
ལུས་ཟུག་གཟེར་ལྡང་བར་མི་འཛེམ་པར།།
ནོར་འབྲི་གཡག་སྤྱང་ཀིས་ཟ་བ་བཀག།
ཕྱིའི་ཇག་རྐུན་སླེབས་ན་གསལ་བརྡ་བཏང་།།
ནང་མགྲོན་པོ་ཕེབས་དུས་བསུ་བ་ཞུ།།
ལྟོ་ཁྱི་ཕོར་ངན་ངོན་ཙམ་ལ་བརྟེན།།
དགྲ་ཇག་རྐུན་རྣམས་ལ་དོ་ཟླ་བྱེད།།
གཉེན་རྒན་གཞོན་ཀུན་ལ་དྲིན་གཟོ་སོཊ།།
ལོ་མང་པོར་འབྲོག་པའི་བདེ་སྡུག་ཆེད།།
ཆེས་དཀའ་སྡུག་དྲག་པོ་ཡུན་མྱོང་གིས།།
སྲོག་དམར་པོ་འབེན་དུ་བཙུགས་མོད་ཀྱང་།།
དུས་དེང་སང་འབྲོག་པ་རྣམ་པ་ཚོས།།
དྲིན་དེ་ཚོར་དྲིན་ལན་ལོག་མཇལ་གྱིས།།
ངེད་འབྲོག་ཁྱི་འབྲོག་སར་མི་ཉར་བ།།
ཕྱི་གླིང་གི་མགོ་སེར་འགའ་ཤས་དང་།།
རྒྱ་གུང་ཁྲན་ཏང་ཡོན་ཁ་གཅིག་ལ།།
སྒོར་ཤག་ཤག་དོན་དུ་བཙོང་པ་དེ།།
ང་འབྲོག་ཁྱི་སེམས་པ་གཏིང་ནས་སྐྱོ།།
ཚུར་གསོན་དང་འབྲོག་པ་ཕོ་མོ་རྣམས།།
ཁྱོད་རྣམ་པ་རང་ས་རང་ཡུལ་ལ།།
ཟས་ཤ་མར་ཕྱུར་བ་གསུམ་པོ་དང་།།
གོས་ཕྱུ་པ་པགས་ཚགས་ལས་མེད་ཀྱང་།།
ལུས་སེམས་པ་རང་སར་ཆགས་པ་དང་།།
སྐྱིད་སྡུག་ན་འབྲོག་སར་ཞེན་པ་ལྟར།།
ང་ཡིན་ཡང་རང་ས་རང་ཡུལ་དང་།།
ཁ་བྲལ་དུས་ཅིའི་ཕྱིར་སྐྱོ་བ་མེད།།
ང་འབྲོག་ཁྱི་ཕྱི་གླིང་ཡུལ་ལྗོངས་འདིར།།
ལས་དཀའ་མོད་ལྷོད་ལྷོད་སྡོད་མོད་ཀྱང་།།
ངའི་ཕ་མེས་ཡང་མེས་འཚོ་ས་དང་།།
ང་རང་ཉིད་ལྟེ་ཕྲག་འཕོས་ས་དེ།།
བོད་ཁ་བ་ཅན་དུ་ཡིན་པས་ན།།
ང་ནམ་ཡང་མི་ཡུལ་ས་མཐའ་འདིར།།
ཉིན་ཟས་ལ་བྲོ་བ་མེད་པ་དང་།།
མཚན་གཉིད་ལ་བདེ་བ་མི་འདུག་པས།།
ཡུལ་མཐའ་འཁོབ་མགོ་སེར་ལུང་པ་འདིར།།
ངས་ཉི་མ་ལོ་ལས་རིང་བར་སྣང་།།
མདོར་བསྡུས་ན་ངེད་ཅག་འབྲོག་ཁྱི་ཚོ།།
ནམ་ཉི་མཚན་རང་ཡུལ་དྲན་གདུང་གི།
སྡུག་མྱོང་ནས་སྡོད་བཟོད་མི་འདུག་པས།།
ངས་ཡུན་རིང་བསམ་གཞིགས་ཇི་བྱས་ཀྱང་།།
ད་མགྱོགས་མྱུར་ཕྱིེར་ལྡོག་བྱས་ནས་ནི།།
ང་རང་ཡུལ་བོད་ལ་མ་སླེབས་ན།།
གཞན་མགོ་སེར་ལུང་པར་མི་སྡོད་པར།།
མགྱོགས་མྱུར་དུ་རང་ཤི་རྒྱག་རྒྱུ་དེ།།
ཡུལ་ས་མཐར་བོར་བའི་འབྲོག་ཁྱི་ངས།།
ཆེས་མཐའ་མར་བདམས་ཀ་བྱེད་དགོས་བྱུང་།།
དེ་ལྟར་ན་སྒོར་དགའ་འབྲོག་པ་ཚོ།།
འདས་ཟིན་པའི་ལས་ཉེས་འགྱོད་བཤགས་དང་།།
ད་མ་འོངས་འབྲོག་ཁྱི་གཞན་རྣམས་ལ།།
འདི་ལྟ་བུར་སྒོར་དང་མ་བརྗེ་ཞེས།།
ང་འབྲོག་ཁྱི་སེམས་ཆུང་མིང་ཅན་གྱིས།།
བོད་ཕྱི་ནང་ཡོད་པའི་འབྲོག་ཁྱི་ཚོའི།།
ཚབ་བྱས་ཏེ་སྙིང་ནས་ཞུ་བ་འབུལ།།
ཐག་རིང་ས་མཐའ་འདི་ནས་ཕ་ཡུལ་ལ་ཕྱིར་དྲན་ཐེངས་ཤིག་བྱས་ན། འབྲོག་ཁྱི་ནི་དངོས་གནས་བཀའ་དྲིན་ཆེ་བོ་རེད། འབྲོག་པའི་སྒོ་ཕྱུག་སྲུང་སྐྱོབས་ལ་མི་སྡུག་པོ་ཞིག་དང་ཁྱི་བཟང་པོ་ཞིག་གཉིས་ཁྱི་དའི་བསམ་པ་བཟང་ངོ་།
ཁྱི་རྒན་མྱི་སྐད་ཅན་འདིས་ལྕགས་ཐག་དང་ལྕགས་རྡོ་བརྗེད་ཡོད་པ་འདྲ། ཧ་ཧ་ཧ།
ཁྱི་རྒན་མྱི་སྐད་ཅན་ཡ་མཚན་ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ
རི་མཐོན་པོ་སྨུག་པས་དཀྲིས་པའི་འདབས།
རྒྱ་ཆེ་བའི་གཡུ་འདོག་སྤང་གཞུང་དཀྱིལ།
སྦྲ་ནག་པོར་ཆགས་པའི་ཁྱི་རྒན་དེ།
ཚེ་སྔོན་མའི་ལས་ཀྱིས་ཕྱུགས་རྫི་རེད།
ཤ་དམར་པོར་གོམས་པའི་ཁྱི་རྒན་དེས།
འབྲས་ཁུ་བ་འཐུང་སའི་ཡུལ་ལ་བརྫངས།
ལས་དེ་འདྲ་འབྲོག་པའི་ཡིད་ལ་མེེད།
ཁྱི་ཁྱོད་ཀྱི་རིན་ཐང་བརྗེད་པ་འདྲ།
ཁྱི་ཁྱོད་ལ་སྡང་བའི་འབྲོག་པ་མེད།
དངུལ་སྒོར་མོར་དགའ་བའི་འབྲོག་རྒན་གྱིས།
མིག་ཆུ་མས་ཁེངས་བཞིན་གཞན་ལ་བསྟེར།
ཁྱི་ཁྱོད་ཀྱི་ཚེ་སྔོན་ལས་དབང་རེད།།
མེ་ཏོག་དཀར་པོ་འདབས་མ་སྟོང་ལྡན་་་་་་་་་་་་་དྲ་བརྒྱ་སྟེང་ལ་ཕེབས་རོག་གནང་དང་་་་་་་ཁ་བརྡར་ནང་གི་གཡང་དཀར་ལུག་ཁྱུ་་་་་་་་མེ་ཏོག་ཁྱེད་རང་སེམས་ལ་དྲན་ཡོད་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
གཉེན་རྒན་གཞོན་ཀུན་ལ་དྲིན་གཟོ་སོཊ།།
དུས་དེང་སང་བོད་ཀྱི་འབྲོག་པ་ཚོ།།
་ ་ ་
བོད་ཡི་གེ་དག་ལ་རྩིས་ཐང་ཆུང་།
གས་ཞེས་པར་ཊ་ཡིག་བཀོད་པ་དང་།
དིང་སང་ལ་དེང་སང་བྲིས་པ་སོགས།
ལུགས་འཆོལ་བར་བྱེད་པར་ཁྱིས་ཀྱང་ཁྲེལ།།