འབའ་སྲས།
མི་རིགས་སྣ་མང་འཛོམས་སའི་གྲོང་ཁྱེར་ནས།།
བུ་མོ་མཛེས་མ་མང་བའི་ཉེ་འགྲམ་ནས།།
ཆགས་སྤྱོད་ངོ་གནོངས་མེད་པའི་ཁོར་ཡུག་ནས།།
འབྲོག་མོ་ངོ་མ་ཞིག་ལ་ཡིད་སེམས་འཁྲེང་།།
ཁ་མིག་འགྲམ་པ་ཚོན་གྱིས་བྱུག་པ་དང་།།
ནུ་མ་ཨོང་ཤ་འགྱིག་གིས་བཟོས་ན་ཡང་།།
འབྲོག་མོ་ངོ་མ་ཞིག་གི་ལང་ཚོ་ལ།།
བསྡུར་ན་ཕམ་པའི་བུད་མེད་མང་ཞིག་མཐོང་།།
དྭངས་གཙང་ཆུ་ལ་ཁྲུད་བྱས་སྨན་གྱིས་བྱུག །
མདོག་མཛེས་ལྭ་བ་གྱོན་ཞིང་དྲི་ཞིམ་གཏོར།།
རང་ལུས་དུང་དཀར་ཕྱིས་ཕྱིས་བྱས་ན་ཡང་།།
འབྲོག་མོ་ངོ་མ་ཞིག་གི་དམའ་སར་ལྷུང་།།
གདོང་ལ་ཅེར་ནས་སྒང་ལ་ཞོན་པ་དང་།།
ལག་པས་བཟུང་ནས་ཁ་ཡིས་འཇིབ་ན་ཡང་།།
མིག་གཉིས་བཙུམ་ནས་བྲང་ལ་བརླན་པ་ཡི།།
འབྲོག་མོ་ངོ་མ་ཞིག་གི་དོ་ཟླ་མིན།།
མདུན་གྱི་མེ་ལོང་ངོས་ལ་ལྟ་ཞོར་དུ།།
གོས་མེད་གཅེར་བུ་འདོམ་སྦྱར་བྱས་ན་ཡང་།།
རྩག་པ་དྲོན་པོ་ཞིག་གིས་ཐུ་འོག་ནས།།
འགུལ་ཙམ་གཡོ་ཙམ་བྱེད་པའི་དོ་ཟླ་མིན།།
དབང་བོ་གཉིས་སྦྱོར་བྱེད་ལུགས་འདི་ཡིན་ཞེས།།
ཆགས་སྐད་སྣ་ཚོགས་ངག་ནས་འདོན་ན་ཡང་།།
འདོད་པའི་གཞུང་ལུགས་མི་ཤེས་འབྲོག་མོ་ཡི།།
སྣ་དབུགས་འཚང་བའི་ཁུན་སྒྲ་ཅི་འདྲའི་སྙན།།
གཉའ་ཁ་ཁྲུད་སྲོལ་མེད་པའི་འབྲོག་མོ་དང་།།
སྟུ་སྤུ་ཡང་ཡང་གཞར་བའི་དེང་རབས་མ།།
གཙང་སྦྲ་ཡོད་མདོག་ཅིག་གི་ཁྱད་པར་ལས།།
འདོད་པའི་ཡང་སྙིང་དངོས་ལུགས་སུ་ཡིས་སྟེར།།
འདོད་པ་ཡོད་ཀྱང་ཡོད་ཅེས་བཤད་མི་ཕོད།།
འདོད་པ་མེད་ཀྱང་སྤྱད་ཀྱང་ཆོག་པ་ཡི།།
ཨ་ཅེ་འབྲོག་མོ་ཚོ་ཡི་བཀའ་དྲིན་འདི།།
ཕྱི་གླིང་མགོ་སེར་མ་ལ་ཇི་ལྟར་འགྲེལ།།
སྦྲ་ནག་ཐབ་ཁ་ཞིག་གི་གཡོན་འགྲམ་ནས།།
བུད་ཤིང་དུ་བ་ཅན་གྱི་ཉེ་འགྲམ་ནས།།
རྩག་པ་འབྲོག་མོ་གཉིས་ཀྱི་དྲོད་ཁོལ་འདི།།
དེང་རབས་བུད་མེད་རྣམས་ལ་སྦྱར་ན་ཤེས།།
ལོ་གཅིག་ཁ་ངོ་མ་ཁྲུད་དཀར་སང་སང་།།
ཚོན་གྱིས་མ་བྱུག་ཁུར་ཚོས་དམར་ལྷེམ་ལྷེམ།།
ཁ་ཡག་ངོ་དགའ་མི་དགོས་དགའ་ལྷིང་ལྷིང་།།
ཨ་ཅེ་འབྲོག་མོ་གཞན་ལ་ངོམས་ཆོག་ཆོག །
དེང་རབས་ཤེས་བྱའི་ཡོན་ཏན་མཐོ་བ་དང་།།
སྤྱི་ཚོགས་ཁོར་ཡུག་རྒྱུས་མངའ་མང་ན་ཡང་།།
གངས་དཀར་སེམས་ན་ལྡིང་བའི་དམར་བོའི་སྙིང་།།
ཚོན་མདོག་འགྱུར་མེད་འབྲོག་མོ་ངོ་མ་ཉིད།།
ཕྱི་གླིང་མགོ་སེར་དེང་རབས་གཞོན་ནུ་མ།།
མིག་གིས་མཐོང་ཟིན་མང་པས་ཡིད་ཀ་ལོག །
ཡུན་རིང་མ་མཐོང་སྦྲ་ནག་འདབ་རོལ་ན།།
འབྲོག་མོ་ངོ་མ་ཞིག་གི་ཡོན་ཏན་དྲན།།
ལག་པའི་ངོས་ལ་མར་གྱི་སྣུམ་ཞག་ཅན།།
བརླ་གཉིས་བར་ན་རྫིང་གི་དྲི་མ་ཅན།།
ཐུ་བའི་འོག་ན་ཚིལ་དྲེག་བྲོ་བ་ཅན།།
འབྲོག་མོ་ངོ་མ་དེང་སང་ཤིན་ཏུ་དཀོན།།
ལུས་དང་ལྭ་བར་ཚིལ་དྲི་གྱི་ལི་ལི།།
ཕྱུག་གི་རྗེས་ན་རྫི་གླུ་སིང་སིང་སིང་།།
མགོ་གཡོག་མགོ་བསྐོར་མི་ཤེས་བདེན་དྲང་དྲང་།།
འབྲོག་མོ་ངོ་མ་ཡོད་ན་ང་ལ་ཤོད།།
ཨ་ཆེ་འབྲོག་མོར་བསྔགས་པའི་བཙོག་གཏམ་རྩེ་ཕུད་མ་འདི།
ཁ་ལག་གཉིས་ཀ་སྨྱོས་བཞག།
འབྲོག་མོས་སེམས་པ་འཕྲོག་བཞག།
བྲིས་བས་མ་ཚད་མགུར་བཞག།
སྙན་དང་མ་སྙན་སྙན་སོང་།།
རྩོག་གཏམ་སྙན་ངག་འབྲི་ལ་དབང་འབྱོར་བའི། །
འབའ་སྲས་འབུ་ལུ་དར་གྱིས་ལྕིབས་བྱས་ཏེ། །
ཨ་ཅེ་འབྲོག་མོ་སྟོང་གི་མཆོད་གནས་སུ། །
ཡང་ཡང་གདན་འདྲེན་ཞུས་ན་ཅིས་ཀྱང་ལེགས། །
ཕ་ཡུལ་ནས་དབར་ལ་སོང་བ་དེ་དྲན་དུ་བྱས་སོ། སྙན་ཡང་སྙན་དོན་ཡང་ལྡན།
ཆགས་གཏམ་བསྟན་བཅོས་འབྲི་ལ་མངའ་བརྙེས་པའི།
ཨ་ཁུ་ཀླུ་རྒྱལ་དར་གྱིས་ལྕིབས་བྱས་ཏེ།
ཨ་རིའི་བུ་མོ་སྟོང་གི་མཆོད་གནས་སུ།
འབའ་སྲས་གྲོགས་སུ་བྱོན་ན་ཅི་མ་ལེགས།
བོད་ཀྱི་འབྲོག་མོར་སེམས་འཕྲེང་འདི་ལྟ་ན། །
འབྲོག་མོ་ངོ་མའི་མཛེས་སྡུག་འདི་འདྲ་བས། །
ཨ་ཁུ་དགེ་ཆོས་ལགས་ཀྱི་རྣམ་ཐར་ལས། །
འགྱིག་མོ་ཉར་བ་འབྲོག་མོའི་གདོང་རིས་བྲིས། །
བོད་ནང་ཆགས་སྲེད་ཚོང་ཁང་འོངས་བའི་རྟགས། །
དེ་རིང་འབའ་སྲས་བཙོག་གཏམ་ཉིད་ལས་ཤེས། །
འབའ་སྲས་ངག་རིག་སྒྱུ་འཕྲུལ་འཁོར་ལོ་ལས། །
དྲང་པོར་བརྗོད་པ་བཙོག་གཏམ་གཡུས་བླུག་མ། །
ལྟོགས་པའི་མེ་ལྕེས་བཟི་བའི་འདོད་ཁམས་དག །
བདེ་ཆེན་ཞིང་དུ་འཁྲིད་ཐབས་དངོས་གྲུབ་ཅིག ། ཧཧཧ།
བཅུ་ཕྲག་རིང་ལ་མ་དཀྲུས་པའི།
གཡང་དཀར་ལུག་གི་པགས་རུམ་ན།
འབྲོག་མོའི་ཤ་དྲོད་ཆེ་ན་ཡང།
དཀར་ནག་ཤིག་གིས་གཉིད་ཐབས་བཅག
གཡང་དཀར་འབའ་སྒྲའི་ཁྲོད་ནས།
སྨན་ཆུང་འབྲོག་མོའི་རྫི་གླུ་འཐེན།
མར་ཕྱུར་ཟས་པའི་སྐྱུར་གྱི་དྲིས།
དྲི་འཛིན་དབང་པོ་འགག་པར་བྱས།
ཆུང་འདྲིས་འབྲོག་མོ་སྐྱུར་དྲི་ཐུལ་ལེ་བ། ཡང་ཡང་དྲན་སོས་བྱེད་པ་ཅི་ལ་ཕན། མིག་སྣ་བརྒྱ་སྟོང་རྫུས་སྟེ་སྤྱོད་ན་ཡང། ཚིམ་པ་ཟློག་པའི་དེང་རབས་འབྲོག་མོ་སྟེ།
ཡག་པོ་འདུག་
འབྲོག་མོར་འགྲོགས་འདོད་ཆེ་ཡང་རྒྱང་ན་ཡོད།།
མགོ་སེར་སྒོ་ཁར་མང་ཡང་ཡི་ག་ལོག །
འདོད་པ་མི་འགྲུབ་མི་དགོས་རང་འགྲུབ་འདི།།
འཇིག་རྟེན་འདི་ཡི་དངོས་གཟུགས་མ་ཡིན་ནམ།།
ཧ་ཧ་ཧ་། དངོས་ནས་སྙན་མོ་ཞིག་བྲིས་ཡོད་ཀི། དེ་རིང་ཁ་སང་ད་འབྲོག་མོ་དེ་འདྲ་རེག་རྒྱུ་དཀའ་མོ་ཡིན་ཁུལ་ཞིག་རེད། འབའ་སྲས་ལགས།
མེ་ཡི་བརྔམས་ཀྱིས་མནན་པའི་སེམས་པ་ལ།།
མཛེས་མོའི་དྲང་གཤིས་འདྲེན་པའི་སྙན་ངག་འདིས།།
རེ་ཞིག་གདོད་མའི་འབྲོག་མོའི་ཆགས་སྲེད་དང་།།
དེང་རབས་མཛེས་མའི་འབྲེལ་འདྲིར་ཡིད་རེ་སོང་།།
འབབ་སྲས་ཀྱིས་འབྲོག་མོའི་ཡོན་ཏན་དྲན་པའི་སྙན་ངག་འདི་ཧ་ཅང་སྙན་མོ་བྱུང་། ཡིག་ནོར་ཁ་ཤས་བཅོས་པ་གཤམ་གསལ་ལྟར། རྫིང་མ་རེདརྫང་རེད། མང་པས་མ་རེད་མང་བས་རེད། གཞར་མ་རེད་བཞར་རེད། ཐུགས་རྗེ་ཆེ་བཅོས་ཡོད། ཕྱུག་གི་མ་རེད་ཕྱུགས་ཀྱི་རེད།
བཅོས་པ་ཁ་ཤས་ངོས་ལེན་ཡོད། འགའ་ཤས་བཅོས་པ་ཡང་ནོར་འདུག གང་ལྟར་བཀའ་དྲིན་ཚེ།