ལྷ་ཐོག་འཆི་པོ་རྒྱལ།
ང་རང་ཡིན་པ་འབྲོག་པའི་བུ་མོ་ཡིན།།
སྦྲ་ནག་གྲུ་བཞི་ང་ཡི་ཁྱིམ་གཞི་ཡིན།།
རྟ་ནོར་ལུག་གསུམ་ང་ཡི་གཅེས་ནོར་ཡིན།།
འབྲོག་པའི་འཚོ་བ་ང་ཡི་ཚེ་སྲོག་ཡིན།།
བྱིས་པའི་གཉོམ་ལག་ཨ་མའི་པང་ལ་རྒྱས།།
བརྒྱད་གཉིས་ལང་ཚོ་རྩྭ་ཐང་ཁྲོད་ལ་སོན།།
དར་མའི་འཚོ་བ་ཟོག་རྫིའི་དབྱངས་དང་འགྲོགས།།
འབྲོག་མོའི་ཞེ་སེམས་འབྲོག་ར་ཕྲ་མོར་ཆགས།།
དབྱར་ཁའི་ནམ་ཟླ་སྔོ་ལྗང་སྤང་ལ་རོལ།།
སྟོན་གྱི་ཟླ་བ་བུ་ཡུག་གྲང་མོས་བཅོམས།།
དགུན་ཁ་ཚེས་དུས་ཆུ་མོ་དར་གྱིས་བསྡམས།།
དཔྱིད་ཀའི་མེ་ཏོག་སེམས་ཀྱི་རེ་སྒུག་གྱུར།།
འདོ་བ་རྟ་ཕོ་མུ་མེད་སྤང་གི་རྒྱན།།
གཡང་དཀར་ལུག་ཁྱུ་ནགས་མེད་རི་ཡི་རྒྱན།།
གནག་ཟོག་འབྲི་གཡག་ལྷས་ར་ཕྲ་མོའི་རྒྱན།།
སྒོ་ཁྱི་གཏུམ་པོ་འབྲོག་ར་ཡོངས་ཀྱི་རྒྱན།།
འབྲོག་མོའི་སེམས་པ་ཕ་ཡུལ་འབྲོག་རར་འཁྲེན།།
འབྲོག་མོའི་ལུས་རྟེན་རྒྱང་རིང་མི་ཡུལ་ལྷག །
འབྲོག་མོ་ང་ཡི་སེམས་པའི་ཁུགས་སོ་ནས།།
འབྲོག་མོ་ང་རང་འབྲོག་སར་ཆས་ན་འདོད།།
ཧ་ཧ རྩོམ་ལུགས་ལ་བལྟས་ཡོང་ན་ སྐྱག་རྫུན་རྐྱང་རྐྱང་བཤད་མཁན་ཞིག་ཡིན་པ་ཐད་ཀར་གྱི་ཤེས་སོང་། ཡང་སྙིང་རྗེ་ ཁོ་ཆད་ནས་པུར་མིང་ཟིག་འདོག་ཁུལ་བྱས་མེད་འགྲོ
འབྲོག་མོའི་སྙིང་གི་ཁང་ཁྱིམ་དེ་ན།
ཕོ་རྒོད་ང་ལ་གནས་ཚང་ཨེ་གཡར།
ཁྱོད་ཀྱི་ནོར་དག་ང་ཡིས་སྲུང་པའི།
འགྱུར་མེད་དམ་བཅའ་བརྟན་པོ་འབུལ་ཆོག
ཁྱོད་ཀྱི་བཞིན་བཟང་མཇལ་བའི་ཉིན་ནས།
པདྨའི་མེ་ཏོག་མཛེས་པར་མི་སྣང་།
ལྷ་ཡི་བུ་མོའི་རྣམ་འགྱུར་ལ་ཡང་།
ཡིད་དབང་མི་འཕྲོག་དེ་འདྲ་ཡ་མཚན།
ཁྱོད་ཀྱི་སྐུ་གཟུགས་སྙན་ངག་རྒྱན་རྫས།
མིག་ཟུང་མཐིང་མཐིང་རྒྱ་མཚོ་ལྟར་ཟབ།
མཆུ་ནི་དམར་དམར་སོ་དཀར་གངས་རི།
ནུ་འབུར་ཟུང་གིས་འདོད་རླབས་ཆེས་རྒྱས།
སེམས་པ་བཟང་ལ་སྤྱོད་ལམ་འདུལ་བ།
སྙན་པའི་ཚིག་གིས་གཞན་དབང་འཕྲོག་བྱེད།
ཀུན་ལ་གུས་ཤིང་བརྩི་བཀུར་ལྡན་པ།
མཁའ་འགྲོའི་རྟགས་མཚན་ཅི་ལྡན་འདུག
དུས་རབས་གསར་པའི་གོས་ཀྱིས་བཀླུབས་པས།
མདུན་འབུར་རྒྱབ་འབུར་བརླ་ནུ་ཕྱེད་མངོན།
ཕོ་རྒོད་ང་ཡི་སྙིང་གི་ཚིལ་ལུ།
ཁ་ནས་འཐོན་གྲབས་འཐོན་གྲབས་བྱེད་ཀྱི།
ཕོ་རྒོད་ང་ཡི་སྙིང་བསྐུར་ལན་དུ།
སྙིང་ཞིག་ཐོབ་པའི་རེ་སྒུག་ཞུ་ཡིན།
འབྲོག་མོ་རང་ཡུལ་ཙམ་ལས་མ་མཐོང་དུས། །འབྲོག་མོ་སྣང་བ་མཐོ་བ་ལྷ་མོ་འདྲ། །འབྲོག་མོས་རྩ་ཐང་ཙམ་ལས་མ་རིག་དུས། །འབྲོག་ཐང་ལྷ་ཡུལ་གསོན་པོ་ཡིན་ནོ་དྲན། །འབྲོག་མོ་རྩྭ་ཐང་འགྲིམས་དུས་སྣང་བ་སྐྱིད། འབྲོག་ཐང་རྒྱ་མིས་ཁེངས་དུས་སྣང་བ་འཁྲུལ། །འབྲོག་མོས་ས་མཐའ་མ་འགྲིམས་སེམས་པ་སྐྱིད། །འབྲོག་མོས་ཕྱི་རྒྱལ་གོ་དུས་སེམས་པ་འཁྲུལ། །འབྲོག་མོའི་རྨི་ལམ་ལྷ་ཡུལ་གཞན་ཞིག་རྨིས། །འབྲོག་མོས་ཨ་རི་ཐོས་དུས་འབྲོག་ཐང་ཡང་། །འབྲོག་པའི་བཙོན་ར་ཨམ་དེ་ཡིན་ནམ་སྙམ། །འབྲོག་མོ་མཆོང་ཐེངས་གཅིག་ལ་རྒྱ་གར་འབྱོར། །འབྲོག་མོ་མཆོང་ཐེངས་གཉིས་པར་ཨ་རིར་འབྱོར། །ད་ནི་བྱ་རྒྱུ་ཟད་འདྲའི་འབྲོག་མོ་བདག །རྨི་ལམ་ཇི་བཞིན་སྐྱིད་སྡུག་སྣ་ཚོགས་མྱོང་། །ད་དུང་འབྲོག་མོའི་ལས་བསྐོས་སུ་ཡིས་ཤེས། །
ཨ་ཁུ་འབྲོག་པ་ཁྱེད་ཀྱི་རྩོམ་ཡག་པོ་ཞིག་འདུག དགའ་བསུ་ཞུ། འབྲོག་མོ་གཤོག་པ་རྒྱས་ནས་ལྷ་ཡུལ་སར་ཕབ་འདྲ་བའི་རང་གི་འབྲོག་ས་སྐྱིད་འདི་རྒྱབ་ཏུ་བཞག་ནས་མཚོ་བདུན་གྱི་ཕ་རོལ་ན་ཡོད་སྐྲ་སེར་སྤྲིའུ་རིགས་ཀྱི་ཡུལ་དུ་ཕུར། རང་འབྲོག་སའི་འབྲི་བཞོས་ནས་ཞོ་བསྙལ་གྱི་ལས་སྤངས་ཏེ་ཌོ་ལར་འཇོ་བཞིན་ཡོད་པར་ཡིད་རེ་སྐྱོ། ད་སྙིང་འཐོབ་པའི་རེ་སྒུག་བྱེད་མ་བྱེད་མིན་འདུག དེ་བས་ང་རང་འབྲུག་མོ་ཞིག་བཙལ་དུ་འགྲོ། སེང་ཕྲུག་ང་དེ་འདྲའི་སྐྱོ་བ་ལ་་་་་་ཧུ་ཧུ་ཧུ་་་་མིག་ཆུའི་རྒྱ་མཆོར་ལྷུང་།
ཡ་ཨ་ཁུ་ད་ང་འགྲོ་ཡི་ཡིན་ད།།།།།
ལྷན་རྒྱས་ནས་གུས་པའི་རྩོམ་ཐུང་འདི་ལ་བུང་བ་གསེར་གཟིགས་ཀྱི་ཚུལ་དུ་ཐུག་སྣང་གནང་བར་དགའ་མགུ་ཡིད་རངས་ཞུ་བཞིན་ཡོད།
གོང་ལ་སེང་ཕྲུག་བརྟན་པ་དང་ཨ་ཁུ་འབྲོག་པས་བྲིས་པའི་རྩམ་དེ་ཧ་ཅང་སྙན་པོ་བྱུང་། ཤིན་དུ་ནས་བཀའ་དྲིན་ཆེ།
ལྷོ་མཐའི་ཕུག་རོན་གྱིས་ཁོ་བོ་རྐྱག་རྫུན་རྐྱང་རྐྱང་བཤད་མཁན་ཞིག་ཡིན་པ་ངའི་རྩོམ་གྱི་ལུགས་ནས་ཤེས་སོང་ཞེས་བཀོད་འདུག་པར་ཤིན་དུ་ནས་ཡིད་རངས་ཞུ། གང་ལ་བརྗོད་ལ་ང་རང་རྐྱག་རྫུན་དང་བདེན་པ་ཅི་ཞིག་འཆད་ཀྱིན་ཡོད་རུང་། གོང་གི་རྩོམ་དེ་ས་མཐར་ཡོད་པའི་འབྲོག་མོ་རྣལ་མ་ཞིག་གི་འཚོར་བ་བཅོས་མ་ཞིག་ཡིན་པས་ཁྱེད་རང་མི་གཅིག་གི་བློ་ལ་མ་ཤོང་ན་དགོངས་དག་ཞུ་ཡ་མ་གཏོགས་མེད།