ཁྲོ་གཏུམ།
གཤོག་པ་ཆད་སོང་བའི་ཁྲག་ཐིགས
རེ་བ་ལྷག་པའི་རྩྭ་ཐང་གི་སྙིང་ཁམས་སུ་སིམ
ཁྱོད་རང་སྔར་བཞིན་གསོན་ཤུགས་ཀྱིས་བགྱིའོ
ལོ་ཟླས་གཙེས་པར་གྱུར་རུང་གཏོས་ཆེ་བའི་མངའ་ཐང་གི་ཚེ་སྲོག
ཤོག་སྨྱུག་གི་ཟས་སུ་གྱུར་བ་བདེན་དབང་དུ་བསམ་ན
དགུན་གཞུང་གི་དར་སྦུབས་སུ་ལྷུང་བའི་སྲོག་དེ་ཡང་འབོད་སྒྲ་ཞིག
སེམས་པ་ཆས་ས་ནས་ཤུགས་རྐྱེན་སྤྲད་ཅིང
བསམ་བློ་ཆས་ས་ནས་རང་རིགས་འཚོལ་ཞོར
སྦྲ་ནག་གི་སྒོ་འགྲམ་ན་ཕ་མེས་ཀྱི་གནའ་གཏམ་ཡོད་ལ
རྡོ་ཁང་གི་སྒོ་འགྲམ་ན་དེང་རབས་ཀྱི་སྒྲ་དབྱངས་བཞུར
མཐའ་མར་ལྷག་སྲིད་པ་ནི་དར་ལྕོག་གཅིག་པུ
དེ་ནི་རྒྱལ་ཁམས་སྐོར་ནས་རླུང་གིས་གཡོ་ཞིང་སྐྱོམ
མེས་པོ་ཚོའི་ཤུལ་བཞག་གི་རིག་གཞུང་ལས་འཚོལ
མི་རིགས་འདི་ཡུལ་སྲོལ་གྱི་གོམ་གཤིས་སུ་མངོན
ཐབས་ལམ་འདི་གཉིས་མ་ཡོད་པའི་བར་བརྒལ་དེ་ནི
བོད་ནི་ Tibet or 西藏 ཁྲོད་ནས་འཚོལ་བ་དེ
ཞིབ་འཇུག་གི་རྒྱུ་ཆ་འཆོལ་བ་དེའོ
ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༧ ཉིན།