གཡང་འབུམ་རྒྱལ།
གྷལ་ཨུབ་སྒྲིག་འཛུགས་ Gallup ཀྱིས་ཕྱི་ལོ་ ༢༠༠༥ ནས་ ༢༠༠༩ བར་འཛམ་གླིང་གི་རྒྱལ་ཁབ་ ༡༥༥ ཡི་མི་གྲངས་སྟོང་ཕྲག་ལྷག་ལ་བདེ་ཐང་ངམ་བདེ་སྐྱིད་ཀྱི་སྐོར་བསམ་ཤོག་བསྡུ་ལེན་བྱས་པའི་འབྲས་བུ་དེ་འདི་ཟླའི་ཕྱི་ཚེས་ ༡༤ ཉིན་ཧྥོར་པི་ཛི་ Forbes ཟེར་བའི་དུས་དེབ་སྟེང་བཏོན་འདུག་པར། མི་ཡི་བདེ་སྐྱིད་ནི་ཉིན་རེའི་འཚོ་བའི་ནང་གི་གཞི་རྩའི་དགོས་མཁོ་དང་འབྲེལ་བ་དམ་ཟབ་ཡོད་པ་དང་། གཞི་རྩའི་དགོས་མཁོ་དེས་ཡོང་འབབ་དང་བདེ་ཐང་གཉིས་ཀྱི་འབྲེལ་བའི་སྐོར་འགྲེལ་བརྗོད་བྱེད་ཐུབ་ཀྱི་ཡོད་པ་གྷལ་ཨུབ་སྒྲིག་འཛུགས་ཀྱི་ཚན་རིག་པ་ཞིག་གིས་བརྗོད་འདུག
ཌན་མག་རྒྱལ་ཁབ།
སྒོར་མོས་བདེ་སྐྱིད་ཉོ་ཐུབ་ཅེས་བཤད་སྲོལ་ཡོད་པ་ལྟར། ཡོང་འབབ་ཀྱིས་བདེ་སྐྱིད་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད་པ་དངོས་ཡོད་གནས་ཚུལ་རེད། འཛམ་གླིང་སྟེང་གི་ཆེས་བདེ་སྐྱིད་ལྡན་པའི་རྒྱལ་ཁབ་ལྔ་ནི་ཌན་མག་དང་ཧྥིན་ལནཌི། ནོར་ཝེ། སྭི་ཊེན། ཧོ་ལནཌི་བཅས་ཡིན་ལ་དེ་ཚང་མ་ཡུ་རོབ་གླིང་ཆེན་དུ་ཡོད། ཌན་མག་ནི་འཛམ་གླིང་སྟེང་གི་བདེ་སྐྱིད་ཆེ་ཤོས་ཀྱི་རྒྱལ་ཁབ་རེད་ལ། ཕྱི་ལོ་ ༢༠༠༩ ལོར་མི་རེའི་ཆ་སྙོམས་ལོ་རེའི་ཡོང་འབབ་ཨ་སྒོར་ ༣༦།༠༠༠ རེད་འདུག ཡིན་ནའང་སྒོར་མོའི་བདེ་སྐྱིད་དེ་བདེ་སྐྱིད་ཀྱི་ཆ་ཤས་ཤིག་ཡིན་པ་མ་གཏོགས་བདེ་སྐྱིད་ཆ་ཚང་བ་ཞིག་མ་རེད། ཉི་མ་རེ་རེའི་བདེ་སྐྱིད་དེ་མི་ཞིག་གི་བསམ་བློའི་དགོས་མཁོ་དང་སྤྱི་ཚོགས་སྟེང་གི་འདོད་དོན་ཇི་བཞིན་སྐོང་ཐུབ་མིན་ལ་རག་ལས་ཡོད་པས། ཟླ་ཕོགས་ཁོ་ནས་དེ་དག་ཇི་བཞིན་སྐོང་མི་ཐུབ། དཔེར་ན་ཀོ་སི་ཐ་ རི་ཀ་ནི་འཛམ་གླིང་སྟེང་གི་བདེ་སྐྱིད་ཆེ་བའི་རྒྱལ་ཁབ་ཨང་དྲུག་པ་རེད་མོད་ཁོ་ཚོའི་དཔལ་འབྱོར་གནས་སྟངས་ཕྱུག་པོའི་རྒྱལ་ཁབ་ཨ་མེ་རི་ཀ་ལས་སྐྱོ་བ་ཡོད་ཅེས་གྷལ་ཨུབ་སྒྲིག་འཛུགས་ཀྱི་ཚན་རིག་པ་ཞིག་གིས་བརྗོད་འདུག
ཀོ་སི་ཐ་ རི་ཀ་རྒྱལ་ཁབ།
འཛམ་གླིང་གི་ཆེས་བདེ་སྐྱིད་ལྡན་པའི་རྒྱལ་ཁབ་ནི།
ཡུ་རོབ་གླིང་དུ།
༡། ཌན་མག ༢། ཧྥིན་ལནཌི། ༣། ནོར་ཝེ།
ཨ་མེ་རི་ཀ་གླིང་དུ།
༡། ཀོ་སི་ཐ་ རི་ཀ། ༢། ཀ་ཎ་སྒྲ། ༣། པ་ཎ་མ།
ཨ་ཤི་ཡ་གླིང་དུ།
༡། ནིག་ཛི་ལནཌི། ༢། ཨི་ཛི་རེལ། ༣། ཨོ་སི་ཊི་རི་ལིས་ཡ།
ཨ་ཧྥེ་རི་ཀ་གླིང་དུ།
༡། མ་ལ་ཝི། Malawi ༢། ལིས་པི་ཡ། Libya ༣། བྷོ་ཐི་སི་ཝ་ན། Botswana
འཛམ་གླིང་སྤྱི་ཡོངས་རང་བཞིན་གྱི་ཨང་རིམ་སྟེང་། སྭི་ཛི་ལནཌི་ནི་བདེ་སྐྱིད་ཆེ་བའི་རྒྱལ་ཁབ་ཨང་ ༨ ཡིན་པ་དང་ཨ་རི་ཨང་ ༡༤། བྷལ་ཇིམ་ཨང་ ༡༦། དབྱིན་ཇི་ཨང་ ༡༧། འཇར་མན་ཨང་ ༣༣། ཧྥ་རན་སི་ཨང་ ༤༤། འཇའ་པན་ཨང་ ༨༡། རྒྱ་གར་ཨང་ ༡༡༥། རྒྱ་ནག་ཨང་ ༡༢༥། བལ་ཡུལ་ཨང་ ༡༣༠ རེད་འདུག
གནས་ཚུལ་ཞིབ་ཕྲ་གཤམ་འོག་དྲ་ཐག་ལ་གཟིགས་རོགས།
http://www.forbes.com/2010/07/14/world-happiest-countries-lifestyle-realestate-gallup.html?feed=rss_europe
http://www.forbes.com/2010/07/14/world-happiest-countries-lifestyle-realestate-gallup-table.html
བོད་ཨང་༡༢༠ཡིན་དགོས་ཏེ་རྒྱ་ནག་དང་རྒྱ་གར་བར་ལ་ཡོད་པས་སོ། ཧཧཧཧཧཧ
རྒྱལ་ཁབ་ནང་ནས་སྐྱིད་ཤོས་ནི་ཤར་ཕྱོགས་ཀྱི་རྒྱལ་ཁབ་དག་རེད།
དེ་ཡི་ནང་ནས་བོད་དང་བལ་ཡུལ་རྒྱ་གར་བཅས་རེད།
ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ནི་སྐྱིད་པོ་ཞིག་ནམ་ཡང་མཐོང་མི་ཐུབ་འདི་དག་ནི་ཁོ་རང་ཚོའི་མི་ལ་སྐད་ཆ་བྲིས་པའམ་གཞོན་སྐྱེས་ཀླད་གསར་དེ་ཚོར་དྲིས་པའི་གྲུབ་འབྲས་རང་རེད།
རྒྱུ་མཚན་ནི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ཏུ་རང་སྲོག་གཅོད་མཁན་གྱི་གྲངས་འབོར་མང་བ་དང་སེམས་ཁམས་མི་བདེ་བའི་ནད་གཞིའམ་རྟག་ཏུ་ཁེར་རྐྱང་དུ་ལུས་པའི་སེམས་ཁམས་ཀྱིས་ཁོང་ཚོར་བདེ་སྐྱིད་ནམ་ཡང་ཡོད་པ་མ་རེད།
དེ་ནི་ང་ཡི་གྲོགས་པོ་ནུབ་ཕྱོགས་པ་ཁོང་རང་ཚོའི་སྐད་ཆ་བཤད་པར་ཆ་བཞག་དང་ངོས་རང་དགེ་རྒན་ཞིག་ཡིན་པའི་ཆ་ནས་དཔེ་ཁྲིད་ལ་ཡོང་མཁན་ཚོའི་གནས་སྟངས་ལ་གཞིགས་ཏེ་བཤད་པ་ཡིན།
དངུལ་དངོས་གཅིག་པོས་མི་ཚེའི་བདེ་སྐྱིད་བསྐྲུན་གྱི་མེད་པ་༧གོང་ས་མཆོག་གིས་ཡང་ཡང་གསུང་ཡོད།
འཇིག་རྟེན་ཕུན་སུམ་ཚོགས་པ་ནི།
སྙིང་རྗེའི་གནས་སུ་བལྟ་བར་བྱ།
ཞེས་པས་རྟོགས་ནུས་སོ།
ནུབ་ཕྱོགས་ན་བདེ་སྐྱིད་མི་འདུག་ཟེར་ན་ཤར་ཕྱོགས་པ་ཚང་མ་ནུབ་ཕྱོགས་སུ་བསྐྱོད་པར་ཚང་ཁ་རེད།
རང་ཤི་རྒྱག་མཁན་ཤར་ཕྱོགས་ན་ཡང་ཧ་ཅང་མང་པོ་རེད།
དངུལ་ཡོད་པ་ཙམ་གྱིས་བདེ་སྐྱིད་ཡོངས་རྫོགས་ལྡན་པ་ཞིག་མིན་ན་ཡང་། མེད་པ་ལས་ཡོད་པ་དྲག
གོ་ཐོས་ཁོ་ན་མ་ཡིན་པར་རང་གི་མྱོང་བ་དང་སྦྱར་ནས་ཀྱང་ཤོད་དགོས།
མདོ་ལྷ་ཁམས་པ་ལགས་ངོས་ནས་མྱོང་བའི་ཐོག་ནས་བཤད་ཡོད།
ནུབ་ཕྱོགས་པ་མང་པོ་ཞིག་ཤར་ཕྱོགས་སུ་བསྐྱོད་ནས་ཁོང་ཚོར་ཚོར་བ་ཟབ་མོ་རེ་སྐྱེས་ཡོད་འདུག
ང་ཡི་གྲོགས་པོ་ཞིག་ཁོ་རང་སེའུ་སེ་ལེནཏ་སོགས་མི་ཚང་ཕྱུག་པོ་སྡོད་སར་བསྐྱོད་སྐབས་མི་དེ་དག་སེམས་ཁམས་མི་སྐྱིད་ཅིང་སེམས་ཁོང་དོག་པ་དང་མི་གཞན་ཐུག་ཚེའང་སེམས་ལ་མཚེར་སྣང་བཟོ་འདྲ་བ་ཞིག་ཡོད་པ་དང་མི་གཞན་ལ་ཁ་ཡི་བཞད་མོ་ཡང་བཞེད་རྒྱུ་མི་འདུག་ཅེས་བཤད་བྱུང།
དེ་ནས་ཁོ་རང་ཝེད་ནམ་དང་རྒྱ་གར་སོགས་སུ་བསྐྱོད་སྐབས་མི་དེ་དག་རང་བཞིན་གྱིས་དགའ་སྐྱིད་ཀྱི་རྣམ་འགྱུར་བསྟན་ཡོང་གི་འདུག་ཅེས་བཤད་བྱུང།
མ་གཞི་ནས་གཞོན་སྐྱེས་ཚོ་ནུབ་ཕྱོགས་སུ་བསྐྱོད་རྒྱུ་དགའ་སྣང་ཆེ་བ་ངས་སྔོན་ནས་བཤད་ཡོད།
གཅིག་བྱས་ན་ཁྱེད་རང་ནུབ་ཕྱོགས་སུ་བསྐྱོད་མ་མྱོང་བའི་གཏམ་ཡིན་ས་རེད།
ཐུགས་ཁག་མེད་ཤར་ཕྱོགས་པའི་གཞོན་སྐྱེས་ཚོ་ནུབ་ཕྱོགས་སུ་བསྐྱོད་རྒྱུ་ཁུག་རྟ་གནམ་ཆུ་སྒུགས་པ་བཞིན་བསྡད་ཡོད།
རྗེས་སུ་ནུབ་ཕྱོགས་སུ་སླེབས་རྗེས་འདིར་ཕྱོགས་དྲན་ནས་མིག་ཆུ་དབང་མེད་དུ་ཤོར་བ་བོད་རིགས་དེ་དག་ལ་དྲིས་ན་མཁྱེན་ཐུབ།
བོད་ཀྱི་ཆོས་དང་རིག་གཞུང་དེ་འཛམ་གླིང་ནང་མཐོ་ཤོས་ཅིག་ཡིན་ན་དེ་དང་ལྡན་པའི་བོད་རིགས་རྣམས་མི་རིགས་སྐྱིད་ཤོས་ཅིག་ཡིན་དགོས་རེད། འདི་ཡང་བློ་ནང་དུ་བསྐོར་ནས་སོམས་ཤིག རྒྱུ་མཚན་མེད་པ་མིན།
དངུལ་དངོས་ཀྱི་བདེ་སྐྱིད་བསྐྲུན་ཐུབ་ན་འཛམ་གླིང་ཐོག་ཆེའི་སྙན་གྲགས་ཆེ་བའི་གླུ་བ་ཁོ་གྲོད་ཁོག་སྟོང་པར་ཤུ་དགོས་ཁག་གི་མ་རེད།
ཆོག་ཤེས་ནི་བདེ་སྐྱིད་ཀྱི་གཞི་རྩ་རེད། བོད་ཀྱི་གཏམ་དཔེར། མི་རྒྱུ་ཡོད་སྨྱོ། ཟོག་རྩྭ་ཡོད་སྨྱོ། འདོད་ཆུང་ཆོག་ཤེས་ནི་བདེ་སྐྱིད་ཀྱི་གཞི་རྩ་ཡིན།