—–མི་ཉག་སྐལ་བཟང་།
ཡིད་བཞིན་ནོར་བུ། ཁྱོད་ནི་འགྲོ་བ་ཀུན་གྱི་རང་རང་གི་ཚེ་སྲོག་རིན་པོ་ཆེ་དང་འདྲ་བས་ན་ཁྱོད་ལ་ཡིད་བཞིན་ནོར་བུ་ཟེར། ང་ཚོར་རུས་པ་ཡོད། རྐང་པ་ཡོད། ལག་པ་ཡོད། གློ་བ་དང་མཆིན་པ་སོགས་ཀྱང་ཡོད་ན་ཡང་སྲོག་གི་ཀ་བ་དེ་མེད་ན་ང་ཚོ་ནི་བེད་སྤྱོད་མེད་པའི་ཁང་པ་སྟོང་པ་ལྟ་བུ་ཞིག་རེད། ང་ལ་ཚེ་སྲོག་ཡོད་དགོས། ང་ཚོ་ལ་ཚེ་སྲོག་ཡོད་དགོས། ང་དང་ང་ཚོ་ལ་ཚེ་སྲོག་གི་ཀ་བ་ལྟ་བུའི་ཡིད་བཞིན་ནོར་བུ་དགོས། ཁྱོད་ནི་ང་དང་ང་ཚོའི་ཚེ་སྲོག་གི་ཀ་བ་དང་འདྲ་བའི་ཡིད་བཞིན་ནོར་བུ་དེ་ཁོ་ན་ཡིན།
རྒྱལ་བ་རིན་པོ་ཆེ། ཁྱོད་ནི་ཕྱོགས་ཀུན་ལས་རྣམ་པར་རྒྱལ་བའི་རིན་པོ་ཆེ་དང་འདྲ་བས་ན་རྒྱལ་བ་རིན་པོ་ཆེ་ཟེར། རྒྱལ་ཕམ་དང་ཐོབ་ཤོར་སྣ་མང་འདྲེན་པའི་ལྷ་འདྲེ་དང་གདོན་འདྲེ་མང་བའི་འཇིག་རྟེན་འདིར་ཁྱེད་རང་ནམ་ཡང་ཕམ་པ་དང་ཤོར་མྱོང་བའི་ལོ་རྒྱུས་ཤིག་ང་ཡི་མིག་ཟུར་ནས་མཐོང་མ་མྱོང་། ཁྱོད་ཀྱི་མི་འཇིགས་པའི་སྤོབས་པ་དང་གདེང་ཚོད་ནི་རི་བོ་ཧི་མ་ལའི་མཐོ་ཚད་ལས་ཀྱང་བརྒལ་ཡོད། གཡང་གཟར་དང་ཚང་ཚིང་མང་བའི་ལམ་ཁ་དུ་མ་ཞིག་བརྒྱུད་དེ་རྟ་དང་གཡག་ལ་བཞོན་ནི་རི་ཀླུང་དང་གཙང་པོ་ཁྲི་ཕྲག་མང་པོ་བརྒལ་མྱོང་བ་ནི་ཁྱོད་དང་ང་ཚོའི་རྒྱལ་ཁ་རེད་ལ།
སྐྱབས་མགོན་རིན་པོ་ཆེ། ཁྱོད་ནི་བོད་ཁ་བ་རི་པ་དང་། འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་སྐྱབས་རྗེ་རིན་པོ་ཆེ་དང་འདྲ་བས་ན་སྐྱབས་མགོན་རིན་པོ་ཆེ་ཟེར། ཁྱོད་ཀྱི་སེམས་ལ་འཇའ་ཚོན་ལྟ་བུའི་རི་མོ་མེད་ལ། ནག་ནོག་གི་དྲི་མ་ཡང་མེད། རང་རྒྱལ་གཞན་ཕམ་གྱི་ཕྱོགས་ལྷུང་མེད་ལ། མི་རིགས་དཀར་ནག་གི་དབྱེ་འབྱེད་ཀྱང་ཁྱོད་ལ་མེད། ཁྱོད་ནི་ང་དང་ང་ཚོའི་ཁ་སང་གི་སྐྱབས་མགོན་རིན་པོ་ཆེ་དེ་ཡིན་ལ། དེ་རིང་དང་སང་ཉིན་གྱི་སྐྱབས་མགོན་རིན་པོ་ཆེ་ཡང་ཁྱོད་ཡིན།
ཏཱ་ལའི་བླ་མ། ཁྱོད་ནི་བསྟན་པ་དང་འགྲོ་བའི་དོན་དུ་བྱོན་ཞིང་། སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་འཕྲིན་ལས་ནི་གཏིང་ཟབ་ལ་རྒྱ་ཆེ་བའི་རྒྱ་མཚོ་དང་འདྲ་བས་ན་རྒྱ་མཚོའི་བླ་མ་ཟེར། ཁྱོད་ནི་ཞི་བདེ་དང་མང་གཙོ་ལ་དགའ་ཞིང་། ཁྱོད་དང་ང་ཚོ་ལ་མཁོ་བ་ནི་ཞི་བདེ་དང་མང་གཙོ་ཡིན། འོན་ཀྱང་རི་བོའི་ཕ་རོལ་ན་གཙང་པོའི་ཁ་ཕྱོགས་བསྒྱུར་ཞིང་གངས་རིའི་རང་མདངས་ཁྲག་ལ་བསྒྱུར་སོང་། དགྲ་བོ་ལ་ངོ་ཚ་མེད་ཅིང་ཀླ་ཀློ་ལ་སྙིང་རྗེ་མེད་ཀྱང་། ཁྱོད་ནི་དུས་ནམ་ཡང་འོད་འཚེར་འཚེར་བའི་འཛམ་གླིང་གི་ཉི་མ་སེར་པོ་དེ་ཡིན་ལ། ས་ཡི་མཛེས་རྒྱན་དེ་ཡང་ཁྱོད་ཡིན། ཏཱ་ལའི་བླ་མ། ཁྱོད་ཀྱི་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག།
དེ་དེ་བཞིན་ནོ། །
རྒྱ་ནག་གི་དུམ་བུ་བདུན་པོ།
HomeExpertsNewsWorld Defence News
China faces split into seven parts
http://www.defencenewsindia.com/china-faces-split-into-seven-parts/
༄༅། མི་ཉག་སྐལ་བཟང་ལགས་ནས་་་ཁ་བ་གངས་ཅན་རྣམས་ཀྱི་འདི་དང་ཕྱི་མའི་སྐྱབས་མགོན་། ཞི་བདེའི་དེད་དཔོན་། བྱམས་དང་སྙིང་རྗེའི་བདག་ཉིད་མཆོག་ལ་ཆེ་བསྟོད་ཀྱི་རྩོམ་ཡིག་དེ་ནི་ཧ་ཅང་ལེགས་པོ་བྲིས་འདུག་པ་ཐུགས་རྗེ་ཆེ་།
བཀྲིས་བདེ་ལེགས་ཡོད།
ངས་ཀྱང་དི་བཞིན་དུ་ཞུ། ཞུ་བ་ཙམ་གྱིས་སྐྱབས་མགོན་ཆེན་པོ། ཐུགས་མི་དགྱེས། ཐུགས་དགྱེས་པའི་རྩ་བ་ནི། བོད་རིང་ལུགས་མི་ཉམས་པ་དང་།་མི་སྟོར་བའི་་ཐབས་ལ་གང་ལྕོགས་བྱེད་དགོས་པར་མཐོང་ངོ་།
བོད་མི་ཡོད་ཚད་ཀྱི་སེམས་ནང་གི་རྒྱལ་བ་རིན་པོ་ཆེ་དང་། དོན་གྱི་བདག་པོ་རང་གི་ཐུགས་ཀྱི་གཅེས་ནོར་གཉིས་ལ་ཁྱད་ཅུང་ཙམ་ཡོད་པ་འདྲ་བོ་མཐོང་སོང་། ནོར་སོང་བ་ཡིན་ན་དགོངས་འགལ་མེད་པར་ཞུ། ང་ནི་ཁྱེད་ཀྱི་སློབ་མ་ཡིན།
#5 ཨོ་རྒྱན་ཉི་མ། ་ལགས།
བོད་མི་མངས་ཀྱིས། ཡར་དོན་གྱི་བདག་པོར་བརྩིས་པ་དང་། ༸ཁོང་གིས་མར་ལའམ། མི་མང་ནང་ལ་གཅེས་ནོར་བྱ་ས་གཉིས་ལ་ཁྱད་པར་ཡོད་པ་ལ་འགལ་བ་ཅི་འདུག ཁྱོད་ཀྱི་མཆན་དོན་ངས་བློ་ངོར་ཆུབ་མ་སོང་།
ཡར་མི་གཅིག་ལ། དང་། མར་བླ་སྤྲུལ་དགེ་བཤེས་དགེ་འདུན་སློབ་གཉེ་བྱེད་མཁན། ཆོས་སྒྲུབ་པ་ཉམས་ལེན་པ་ཚོ་ཁོང་གི་གཅེས་ཉར་ཡིན་དགོས་པས་་་་
དེ་དེ་བཞིན་ཞུས
ཛམ་གླིང་གི
ཛམ་གླིང་གི་ཉི་མ་སེར་པོ།
ཛམ་གླིང་གི་རྐང་གཉིས་དེད་དཔོན།
ཛམ་གླིང་གི་ཞི་བདེའི་མཚོན་རྟགས།
ཛམ་གླིང་གི་འགྲོ་བ་འདྲེན་མཆོག
རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་ཐུགས་གཤིས་དང་སྐུ་གཟུགས་ཞལ་རས་སོགས་གླེང་བ།
ཨ་ཚོགས་མཁས་བཙུན་གྱིས།
http://tibettimes.net/2017/08/28/162374/